གནས་ཚུལ་མཁོ་སྤྲོད་གནང་མཁན་ཐུབ་བསྟན་བསོད་ནམས།
ཟླ་འདིའི་ཚེས་ ༡༤ ཉིན། རེས་གཟའ་ཉི་མ་ལ་རྒྱ་གར་ལྷོ་ཕྱོགས་མེ་སོར་སྦེ་ལ་ཀོ་པེ་གཞིས་ཆགས་ཀྱི་ས་གནས་ཆུ་བཞི་སྒང་དྲུག་གི་གསོལ་བ་བཏབ་ནས། བོད་ཀྱི་རང་དབང་སླར་གསོ་བྱ་བའི་ཆེད་དུ་སྐུ་ལུས་མཆོད་མེར་སྒྲོན་མཁན་རྣམ་ཀྱི་ཆེད་དུ་། བཟང་སྤྲོད་སྨོན་ལམ་སོགས་འཚོགས་ཡོད་པ་རེད། སྨོན་ལམ་ཚོགས་འདུ་དེ་ལ་རྣམ་གྲོལ་གླིང་གི་བཤད་གྲྭའི་དགེ་འདུན་པ་ཆིག་སྟོང་བརྒལ་བ་འདུག
ཚོགས་ཐོག་ཏུ་དགེ་བསྐོས་ཤིག་གིས་སྨོན་ལམ་སྐྱབས་ཞུ་འགྲེལ་བཤད་བྱས་ནས། ད་ལྟར་ སྤེ་ལ་ཀོ་པེ་ས་གནས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཁོ་རང་ཚོ་འདིར་སླེབས་ནས། ཕྱི་ལོ་ ༡༩༩༨ ལོ་ནས་ད་ལྟའི་བར་དུ་མི་གྲངས་ ༣༨ ཐམ་པས་བོད་བསྟན་པ་ཆབ་སྲིད་ཀྱི་རང་དབང་བསྐྱར་གསོ་བྱ་བར། རང་ལུས་མེ་རུ་སྤར་ནས་འཐབ་རྩོད་བྱེད་མཁན་རྣམ་ཀྱི་ཆེད་དུ་སྔོ་བ་སྨོན་སྐྱབས་འཇུག་ཞུས་པ་རེད། དེ་ལ་བཟང་སྤྱོད་སྨོན་ལམ་སོགས་གསུང་བ་ཞུ། སྐྱབས་ཐོའི་ནང་དཔའ་བོ་དེ་དག་གི་མིང་དང་། ལོ། མེ་བསྲེག་གཏོང་བའི་ལོ་ཟླ་ཚེས་གྲངས། ས་གནས་བཅས་གསལ་པོ་འཁོད་འདུག རང་ལུས་བསྲེག་མཁན་དེ་དག་གི་ནང་ལ་འདས་གྲོངས་སོང་པ་དང་། གར་སོང་ཆེད་མེད་དུ་གྱུར། བོད་ནང་སྡུག་བསྔལ་དཔག་མེད་མྱང་བཞིན་པ། སོགས་མང་པོ་ཡོད་རེད། ཅེས་སོགས་གསུང་སོང་།
ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཁྲི་འདུ་ཐོས་པ་ལགས་ཀྱིས་གསར་འགོད་པ་ཚོར་སྔོ་སྨོན་དེ་འདྲ་བྱེད་གོས་དོན་དོན་འདི་འདྲ་ཞིག་གསུང་འདུག “འདས་པའི་མི་མི་ལོ་དྲུག་བཅུ་ལྷག་གི་རིང་ལ་བོད་བསྟན་སྲིད་རང་དབང་གི་ཆེད་དུ་བོད་མི་རྣམས་ཀྱི་ལས་འགུལ་རིགས་སྣ་ཚོགས་པ་ཞིག་སྤེལ་ཡོད་པ་རེད། བོད་བསྟན་སྲིད་རང་དབང་གི་ཆེད་དུ་སྐུ་སྲོག་དོར་མཁན་ཡང་གྲངས་མེད་པ་ཞིག་བྱུང་ཡོད་པ་རེད། དེ་ཚོའི་ཆེད་དུ་སྔོ་སྨོན་འདོན་རྒྱུ་ནི་ང་ཚོ་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་གལ་ཆེན་པོ་རེད། ལྷག་པར་དུ་ཕྱི་ལོ་ ༡༩༩༨ ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེ་རུ་སྤར་ནས་རང་བཙན་འཐབ་རྩོད་བྱས་པ་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་མི་གྲངས་ ༣༨ ཙམ་གྱིས་རླབས་ཆེ་བའི་སྐུ་སྲོག་མེ་རུ་སྤར་བའི་ལས་འགུལ་བརྩམ་པ་རེད། ལྷག་པར་དུ་ཉེ་བའི་ལོ་གཉིས་གསུམ་གྱི་ནང་ལ་བོད་མདོ་ཁམས་ཁུལ་གྱི་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་གཅིག་འཕྲོ་གཉིས་འཕྲོ་བྱས་ནས་སྐུ་སྲོག་མེ་རུ་སྤར་མཁན་བྱུང་སོང་བ་རེད། ང་ཚོས་ཁོང་ཚོའི་ཆེད་དུ་འདས་པོ་ཚོར་སྐྱབས་འཇུག་སྔོ་སྨོན་དང་། གར་སོང་ཆ་མེད་དུ་གྱུར་མཁན་ཚོར་ཡང་སྐྱབས་འཇུག་གསོལ་འདེབས་བྱ་རྒྱུ་དང་། ལྷག་པར་དུ་དཔའ་བོ་དེ་དག་གི་བསམ་དོན་ཡོངས་སུ་རྫོགས་པ་ཞིག་འགྲུབ་པའི་ཕྱིར་དུ་རིམ་འགྲོ་སྔོ་སྨོན་བྱེད་རྒྱུ་ནི་ཆོས་ཕྱོགས་ཀྱི་གལ་ཆེན་ཞིག་ཡིན་པར་བརྟེན། གསལ་སྒྲགས་ཙམ་གྱི་ཆེད་དུ་མིན་པའི་ལས་འགུལ་འདི་སྤེལ་བ་ཡིན་ཅེས་བརྗོད་འདུག ཁོང་ཚོའི་སྐྱབས་ཐོའི་ནང་ ༡༩༩༨ ལོི་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་སྐུ་སྲོག་མེ་རུ་སྤར་མཁན་འདས་གྲོངས་སོང་བ་དང་། གར་སོང་ཆ་མེད་དུ་གྱུར་པ། གསོན་པོར་ཡོད་པ་བཅས་མི་གྲངས་ ༣༨ དེ་དག་རེ་རེའི་སྐུ་སྲོག་མེ་རུ་སྤར་པའི་ལོ་ཟླ་ཚེས་གྲངས་དང་། མིང་། ལོ། ས་གནས་བཅས་བཀོད་འདུག
ཤིན་ཏུ་ལེགས།
ས་གནས་ཆུ་སྒང་འདིས་ལྟར་མཆོད་འབུལ་གནང་བར་དགའ་བསུ་ཞུ། དེ་མིན་ང་ཚོའི་ཚོགས་པ་སྐྱིད་སྡུག་ཟེར་བ་འདི་ཚོ་མང་ཚོགས་ཀྱི་གཉའ་རྡོ་ལས་ཅང་མེད་ནི་རེད།
དགེ་འདུན་པ་རྣམས་ཐུགས་རྗེ་ཆེ། །
གཙུག་ལག་ཁང་རྣམས་ཀློག་པ་དང་།།
ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །
རྟག་ཏུ་དགེ་འདུན་མཐུན་པ་དང་། །
དགེ་འདུན་དོན་ཡང་འགྲུབ་པར་ཤོག །
ཨ་ཙི་ལས་འདི་འདྲ་ལེགས། ཆོས་འདི་འདྲ་ཡག ཕོ་རྒོད་པོ་ལ་དཔུང་གྲོགས་བཟང་པེ།
ལེགས་པའི་བྱ་བ་འཇིག་རྟེན་ཀུན་ལ་ཁྱབ་པར་ཤོག།
ཉེས་བའི་སྡུག་བསྔལ་ཅིག་ཀྱང་མ་ལུས་ཟད་པར་ཤོག།
དབུགས་ཅན་ཀུན་གྱི་འདོད་པའི་བདེ་བ་གོང་ནས་གོང་དུ་ཕེལ།
ཕ་རོལ་དགྲ་བོའི་རྒྱུད་ལ་བྱམས་སེམས་སྐྱེ་བར་ཤོག།
རྒྱལ་ཁམས་པའི་ཚིགས་བཅད་འདི་སྙན་ངག་གི་སྐྱོན་སེལ་བཅུ་ནང་གི་གཅིག་གི་དཔེར་བརྗོད་ཁྲིང་ཁྲིག་རེད།
ཚོགས་པ་གཞན་རྣམས་ཀྱིས་ཀྱང་བསྔོ་སྨོན་གསུངས་འདུག ཚང་མར་ལེགས་སོ་ཞུ།
གསལ་སྒྲགས་ཙམ་མ་ཡིན་པ་འདི་འདྲའི་ཆོས་ཀྱི་མཛད་སྒོ་སྤེལ་ལ་ལེགས་སོ་གྲངས་མེད་ཡོད།
དགོངས་དག་སྤེལ་ལ་སྤེལ་བ་ལ་བཅོས་རོགས།
བསྔོ་སྨོན་འཚོགས་གནང་བ་དགའ་བསུ་ཡོད། ཡིན་ན་ཡང་ད་ལྟའི་ཚོགས་པ་འདིའི་ངོ་བོ་དང་གྲུབ་ཆ། དེ་བཞིན་རྒྱུན་གཏན་གྱི་བྱ་སྤྱོད་ཁག་ནི་སྤྱི་ཚོགས་ནང་བརྡབ་བསིག་འགྲོ་གཞི་རུ་ཤ་སྟག་ཡིན་པས་དེ་ལ་ངོས་ལེན་མེད། བྱུང་ན། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གོ་སྐབས་ནམ་རག་ལ་ཁ་གཏད་གཅོག་མ་སྡད་པར་གུས་བཀུར་ཞུ་ན་འདི་ནི་བསྔོ་སྨོན་ལས་ལྷག་པའི་བྱ་སྤྱོད་ཞིག་ཏུ་མཐོང་།