རྔ་བ་ཀུན་བཟང་ནས།
ང་ནི་ཆུང་དུས་ནས་བཟུང་བའི་ཕ་མ་དང་ཁ་བྲལ་ནས་ས་མཐའི་འཁྱམ་པོ་ཞིག་ཡིན། མ་ཟད། རང་གཤིས་ཡང་བྱིས་པ་ལྟར་ཧ་ཅང་སེམས་ཆུང་ཞིག་ཡིན། རང་ཉིད་ལ་དགའ་མཁན་དང་གཅེས་མཁན་རྣམས་ཀྱི་ཚིག་ངན་རེ་བཤད་དུས་མིག་ཆུ་རང་དབང་མེད་པར་ལམ་སང་ཤོར་མཁན་ཞིག་ཡིན།ལོ་ན་ཕྲ་དུས་ནས་བོད་ཁྱིམ་སློབ་གླིང་ནས་འཚར་ལོང་བྱུང་བས་ཕ་མའི་བརྩེ་སེམས་དང་ནང་མིའི་བྱམས་སྐྱོང་དེ་ཙམ་ཐོབ་མ་མྱོང་། ད་ལྟ་བསམ་ན། དེ་ནི་བྱིས་པ་ཞིག་ལ་ཆེས་དཀའ་ངལ་འཕྲད་པའི་ཛ་དྲག་གི་གནས་སྐབས་ཤིག་ཡིན་ན་ཡང་སྐབས་དེར་སུ་ཡང་རང་ཉིད་ཀྱི་གཡས་གཡོན་ན་མེད། དེ་ལྟ་ནའང། ལས་དབང་ཞིག་གམ། བརྩེ་སེམས་ཤིག། དུས་ཚོད་ཅིག་གི་བར་ཐག་ནས་ང་དང་ཨ་མ། ད་དུང་རྒན་ལགས་ང་ཚོ་གསུམ་ངོས་ཤེས་གྱུར། དྲང་མོར་བཤད་ན་མི་རེ་རེར་འཚར་ལོངས་ཀྱི་བརྒྱུད་རིམ་རེ་ཡོད་པས། མི་ཚེ་གང་བོར་ཅི་བསམ་དོན་དུ་འགྲུབ་པ་ཞིག་མེད་པས་སྐྱིད་རེས་སྡུག་རེས་ཀྱི་ངང་དུ་འཚོ་བ་བསྐྱལ་དགོས་མོད། འོན་ཀྱང་འདི་ནི་འཆི་བ་སྟེ། དེ་རིང་མེད། སང་ཉིད་མེད། གནངས་ཉིད་མེད། ནམ་ཡང་མཐོང་གནས་སུ་མེད། དེ་ལས་ཡིད་སྐྱོང་བ་ཞིག་ལ། དགུང་ལོ་གོ་ལྔ་ཅན་གྱི་ཨ་མའི་ཁ་ནས་སྐད་ཆ་གང་ཡང་བཤད་མ་ཐུབ་པར་མིག་གཉིས་ནས་མཆི་མ་བཏང་བཞིན། ལག་གི་ཕྲེང་ཐོག་ལ་མོ་འདེབས་ཞིང་རེ་བ་ཟད་སོང་བའི་སྐྱོ་ཉམས་རེ་མཐོང་དུས། ང་ལྷག་ཏུ་སྐྱོ་ནས་ཁ་ནས་“ ཨ་མ་རྒན་ལགས་བདེ་མོ་རེད་སྐྱོན་མི་འདུག”ཟེར་ནས་སེམས་གསོ་རེ་བཏང་ནས་བསྡད་དུས། གློ་བུར་དུ་སྨན་ཁང་ནས་ཁ་པར་ཐོན་ཐལ། སྐབས་དེ་དུས་ང་ཧ་ཅང་འཇིགས་དྲགས་པས་ཁ་པར་ལ་ལན་འདེབས་པའི་བློ་ཁོག་མི་འདུག། རེད་དེ། གནས་ཚུལ་གང་ཡིན་མིན་ལ་ཤེས་འདོད་ཆེས་བས།
མྱུར་མོ་བྱས་ཏེ་ནས་ཁ་པར་ཡར་ལངས་མ་ཐག“སྒྲོལ་མ་རྒན་ལགས་སྙིང་གི་འབར་མཚམས་ཆད་སོང་། ད་རེ་བ་མི་འདུག” ཟེར་བའི་གཏམ་དེ་གོ་དུས་རང་ཉིད་ཀྱིས་རང་ཉིད་ལ་ཁོང་ཁྲོ་འདྲ་ཞིག་ལངས་ཤིང་དགེ་རྒན་གྱི་གཟུགས་རིས་ཡོད་ཚད་མི་མདུན་ནས་ཤར་ཡོང་བ་དང་། ད་དུང་རང་ཉིད་ཀྱི་འགྲམ་ན་ཡོད་པའི་ཨ་མ་འདི་མཐོང་དུས་ལྷག་ཏུ་སྡུག་བྱུང་། རྒྱུ་མཚན། ངའི་ཨ་མ་དང་དགེ་རྒན་གཉིས་ཀྱི་བར་བརྩེ་སེམས་དེ་ནམ་ཡང་འགྱུར་མེད་དང་བཅོས་མིན་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོ་གསུམ་ངོ་འདྲིས་བྱུང་ནས་མི་ལོ་བརྒྱད་ཙམ་སོང་ཡང་ངས་ཉིན་གཅིག་ལ་ཁོང་གཉིས་བར་ཁ་ངན་ཚིག་ཙམ་སྤུ་ཙམ་ཞིག་བཤད་པ་གོ་མ་མྱོང་། ད་དུང་། ཨ་མའི་ནམ་ཡིན་ན་ཡང་“ངའི་བུ་ནོར་བུ” ཟེར་ནས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ཀྱི་རྒན་ལགས་ལ་བྱམས་སྐྱོང་གནང་བཞིན། ཐ་ན་མཚན་མོ་དུས་ཚོད་དང་པོ་གཉིས་པ་ལ་ཡང་སྐབས་རེ་རྒན་ལགས་ཀྱི་མལ་ས་ན་འགྲོ་ན་གཉིད་ཡག་པོ་ཉལ་ཡོད་མེད་ལ་ལྟ་ཞིབ་བྱེད་ཀྱི་རེད། མ་བུ་གཉིས་ནམ་ཡང་གཅིག་སེམས་གཅིག་ལ་གཏན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡོད་བཞིན་དུ། གློ་བུར་ཏུ་ཨ་མ་གཅིག་པོ་ལྷག་པ་མཐོང་དུས་ངོ་མ་སེམས་སྡུག་གིན།
བོད་ཀྱི་ལོ་ཙཱ་བ་ཆེན་མོ་མཁས་དབང་བློ་བཟང་ནོར་བུ་ལགས་དྲན་སྟངས་དེ་ཡག་བྱུང་། མཁས་དབང་ལགས་ཀྱི་ཨ་མ་རྒན་མོ་གཉོར་སྟངས་དེ་དེ་བས་ཡག་བྱུང་། ཚེ་རིང་རྔ་བ་ཀུན་བཟང་། ཁྱོད་དངོས་གནས་བུ་མོ་ཡ་རབས་ཤིག་རེད། སེམས་བཟང་ཞིག་རེད།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > དགེ་བཤེས་བློ་བཟང་སེང་གེ་ཐུགས་དམ་དུ་བཞུགས།
དགེ་བཤེས་བློ་བཟང་སེང་གེ་ཐུགས་དམ་དུ་བཞུགས།
http://tibettimes.net/2018/10/23/172859/