ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།
སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བླ་མ་རྗེ།།
འདི་ཕྱི་བར་དོར་མི་ཕྱེད་དད་གུས་བཅས།།
སྙིང་ནས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས།།
གདམས་པའི་གཏམ་འདི་གཞན་ལ་སྨིན་གྱུར་ཅིག།
དལ་འབྱོར་མི་ལུས་རིན་ཆེན་ཐོབ་པའི་ཚེ།།
འཇིག་རྟེན་འཁོར་བ་མི་རྟག་ལེགས་ཤེས་ནས།།
དམ་ཆོས་རྣལ་མ་སྒྲུབ་པའི་བློ་བརྩོན་གྱིས།།
རང་མགོ་ཉི་མ་ཆོས་ཀྱིས་འཚོ་བར་མཛོད།།
དམུ་རྒོད་སེམས་འདི་ཤིན་ཏུ་འདུལ་དཀའ་བས།།
ཟབ་ལམ་སྙིང་པོའི་གདམས་ངག་མ་བརྗེད་པར།།
ཐབས་ཤེས་རྒྱ་མཚོའི་དྲན་ཤེས་བག་ཡོད་ཀྱིས།།
གཏན་གྱི་མདུན་མ་སྒྲུབ་པའི་དུས་ལ་བབ།།
ངོས་ལ་དད་པ་ཡོད་ན་དག་སྣང་རེད།།
མཆེད་ལ་བརྩེ་དུང་མཆིས་ན་དམ་ཚིག་ལགས།།
མི་ཚེའི་སྙིང་པོ་དམ་ཆོས་ལེགས་འབོད་དང་།།
ང་དང་སངས་རྒྱས་མ་འདས་གམ་ན་ཡོད།།
ཚིག་རྩོད་ཚད་མ་སྨྲ་ན་རྟོག་གེ་ཡིན།།
ལྷག་བསམ་ཁ་ལ་ཁྱེར་ན་གཡོ་སྒྱུ་ཡིན།།
དད་གུས་སྙིང་ན་མེད་པར་ལྟ་ལོག་ཡིན།།
རང་མགོ་རང་གིས་མ་བསྐོར་ཕ་བཟང་བུ།།
གཞན་གྱིས་བསྟོད་བཀུར་བསྔགས་པ་གཞན་གྱིས་དཔལ།།
དཔལ་དང་འབྱོར་བས་ཕྱུག་ན་སྔོན་གྱི་ལས།།
ཉམས་རྟོགས་ཡོན་ཏན་མཆིས་ན་རང་གི་དཔལ།།
རང་གཞན་ཡོན་ཏན་གོ་མ་ནོར་བ་མཛོད།།
བླ་མ་མི་རུ་མཐོང་ན་དད་གུས་དབེན།།
གདམས་རྒྱུད་ལ་མ་འབྱོར་དམ་ཚིག་དབེན།།
བྱམས་དང་སྙིང་རྗེ་རུལ་ན་རྩ་བ་དབེན།།
དབེན་གསུམ་རྣལ་འབྱོར་བསྙེགས་ན་འཁྲུལ་བར་ངེས།།
འཁོར་བའི་གནས་འདིར་ངེས་འབྱུང་སྐྱེ་བ་དང་།།
བསགས་པའི་དགེ་བ་བྱང་སེམས་ཟིན་པ་ན།།
སྣང་སྲིད་དག་པ་རབ་འབྱམས་ལོག་ན་མེད།།
ལྷུན་གྱིས་གྲུབ་པར་གདོད་མའི་གཏན་སྲིད་ཟིན།།
བླ་མ་ཨོ་རྒྱན་རྗེ་ལ་རྣལ་འབྱོར་གྱིས།།
ཡི་དམ་རྫོགས་ཆེན་དུས་འཁོར་ཐུགས་དམ་ངང་།།
མཁའ་འགྲོ་སྒྲོལ་མ་ཆོས་སྐྱོང་གེ་སར་འབོད།།
ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་མཛོད།།
རབ་གནས་ས་ཁྱིའི་སྤྲེལ་ཟླའི་གནམ་གང་ལ་ཕྲན་གྱི་དངོས་སློབ་རིན་ཆེན་དཔལ་རིའི་མཁན་པོ་དགེ་སློང་བསམ་གཏན་ལ་ཀུན་བཟང་ཆོས་གླིང་ནས་ཤྲཱིཿཨེ་མ་ཧོས་གདམས་ངག་གླུ་རུ་བླངས་པར་དགེའོ།།
དེང་སང་ཟོག་པོ་ཚོས་མཛེས་མ་མགོ་སྐོར་བྱེད་ཀྱི་གདམས་་པའི་བཟོ་ལྟ་བུ་ཞིག་ལས་མཁན་པོ་ཞིག་ལ་གདམས་པའི་བཟོ་མ་མཐོང་། གལ་ཏེ་མཁན་པོར་གདམས་པ་དངོས་ཡིན་ན་ནི། མཁན་པོའི་རྒྱུད་ཚོད་བྱིས་ཆུང་ཞིག་གི་ཚོད་དུ་བརྩིས་ཏེ་གདམས་པ་སྩལ་འདུག་བསམ་ཆིག་དགོད་ཤོར་བཞིན་བྲིས་ཐལ།
བོད་ཀྱི་གྲོཊ་པོ་རླབས་ཆེན་ཞིག་སྐུ་གྲོངས།
http://tibettimes.net/2018/08/17/171386/
་
རྒྱ་གར་ཆབ་སྲིད་མཁན་ཅན་ཁོང་། །
བོད་ཀྱི་རྒྱབ་སྐྱོར་བརྩེ་སེམས་ཅན། །
རྒྱ་གར་སློབ་དཔོན་པདྨ་ཡི། །
ཞབས་དྲུང་པདྨོར་སྐྱེ་བར་ཤོག །
United Nations For a Free Tibet
Page Liked · 15 hrs ·
Today Ex Prime Minister of India Atal Bihari Vajpayee ji Passed away….Pay Tribute to greatest soul of India……ओम मणि पदमे हूँ
https://www.facebook.com/100005062331146/videos/619232421588830/UzpfSTEwMDAwNTA2MjMzMTE0Njo2MTkyMzQyMTQ5MjE5ODQ/
རྒྱ་གར་སྲིད་ཟུར་ཤྲི་ཨ་ཊལ་མཆོག་འདས་པར། བོད་མིས་མཆོད་འབུལ་གནང་བ།
https://www.facebook.com/photo.php?fbid=10217370554764279&set=pcb.10217370573444746&type=3&theater