ད་ལྟ་ཁ་བརྡ་ལ་འགྱུར་བ་གཏོང་བཞིན་པའི་སྐབས་འདིར་སླར་ཡང་ཁ་བརྡའི་པར་སྒྲོམ་རྙིང་པ་ལ་ཕྱིར་ལོག་བྱས་ཡོད། འདིའི་རྒྱུ་མཚན་གཅིག་ནི་ཀློག་མཁན་མང་པོས་དེ་ལྟར་གནང་རོགས་ཞེས་སྐུལ་མ་བཏབ་པ་དེ་ཡིན། རྒྱུ་མཚན་གཞན་ཞིག་ནི་ཁ་བརྡའི་པར་སྒྲོམ་མམ་པར་རྩ་གསར་པ་ལ་བཟོ་བཅོས་ཆ་ཚང་བར་མ་གྲུབ་པར་ཚོད་ལྟའི་ཚུལ་དུ་གཟིགས་མཁན་རྣམས་ཀྱི་སྤྱན་སྔར་བསྟར་སྐབས། གློ་བུར་དུ་འགྱུར་བ་སྣ་ཚོགས་ཤིག་ཡོང་བཞིན་འདུག་ན། དེ་དག་མི་འོང་བའི་ཆེད་དུ་ཡིན། འདིར་ཁ་བརྡའི་ལས་བྱ་བ་ཡོངས་ཀྱིས་ཁྱེད་རྣམས་ལ་དགོངས་པ་མ་ཚོམས་ཞེས་ཞུ་བ་དང་ཆབས་གཅིག གནས་སྐབས་རིང་པར་སྒྲོམ་རྙིང་པ་འདི་མུ་མཐུད་ནས་ཉར་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་ཡིན། ཁ་བརྡའི་འཛིན་སྐྱོང་གིས་ཕུལ།
ཁ་བརྡའི་དྲ་བདག་ལས་བྱེད་པ་ཡོངས་ནས་དྲ་རྒྱ་འདི་སྔར་བཞིན་རང་འཇགས་བཞག་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ཡག་པོ་འདུག ཁྱེད་ཚང་གིས་སྔར་ལྟར་བཞག་ན་ཡག་པོ་འདུག
ཁ་བརྡ་ཚང་གི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ།ཡིག་གཟུགས་ཅུང་ཆེ་རུ་བཏང་འདུག་པས་དེ་བས་ཀྱང་བཀའ་དྲིན་ཆེ།
ཁ་བརྡ་ཚང་གི་དྲ་ཚིགས་སྔར་སོར་བཞག་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
སྲ་འི་ཡ་སྲ་འི་མོ།
ལེགས་སོ། དེ་ལྟར་ལེགས་སོ། ཁ་བརྡ་མུ་འཐུད་དུ་བྱེད་ཡ།
ཐུགས་རྗེ་ཆེ་འདི་རང་ཡག་པ་འདུག། ཐོད་དུ་མཛེས་ཆོས་རྫོགས་ལ། ཟུར་གཉིས་ནས་དཀར་ཆག་དག་ཁྲ་ལམ་མེ་ཡོད་པ་དེས། སྡེ་ཚན་ཁག་དང་རྩོམ་གསར་མཆན་གསར་སོགས་དྲྭ་བ་ལ་ཞུག་མ་ཐག་དུ་བདེ་བླག་ཏུ་རྟོགས་ཐུབ་པ་དེས་དྲྭ་བ་ལ་འཇུག་སྐབས་སྤྲོ་བ་སྟེར་བ་བྱེད་ཅིང་།
རྩོམ་གྱི་ཐོད་དུ་རྩོམ་པ་པོ་སུ་ཡིན་གྱི་མིང་གསལ་ལ། མཇུག་ཏུ་ཕ་སྐད་ཐོག་མཆན་གྲངས་སོགས་ཀྱང་གསལ་བ་སྟེ།
མདོར་ན་ཁྱད་ཆོས་དུ་མས་ཕྱུག་འདུག།
ལྷག་པར་དུ་དྲྭ་བ་གཞན་ལ་མེད་པའི་ཁྱད་ཆོས་ཏེ་་ཟླ་དུས་ཚེས་གྲངས་ཀྱི་འོག་ཏུ་དུས་དེར་སྤེལ་བའི་རྩོམ་ཡིག་རྣམས་གསལ་ཞིང་འཚོལ་བདེ་ཡོད་པ
སོགས་གང་ལྟར་ལེགས་སོ། ད་གཅིག་དགོས་པ་དེ་ཡིག་གཟུགས་ཅུང་ཟད་ཆེ་རུ་གཏོང་ཐུབ་པ་དང་རྩོམ་ཡིག་བཀླགས་གྲངས་དེ་ཡོད་ན་ཕུན་སུམ་ཚོགས་སུ་ཕྱིན་པར་ངོས་འཛིན་དགོས་སོ་སྙམ་་མ་ཐུབ་ནའང་གལ་མི་ཆེ། གང་ལྟར་ཁ་བརྡའི་ལས་མི་ཚོས་བསམ་ཤེས་དང་དཀའ་ལས་སྐྱོན་ནས་བརྟག་དཔྱད་ཀྱི་ལེགས་འདེམས་ལ་དགའ་བོ་བྱུང་་ཐུགས་རྗེ་ཆེ།་་་ཐུགས་རྗེ་ཆེ།
ཁ་བརྡ་ཚང་གི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་གཅིག ད་ལྟ་འདི་རང་འཇགས་བཞག་ན་ལེགས་པར་འདུག སྔར་གྱི་བཟོ་བཀོད་ཚང་མའི་ནང་ནས་ད་ལྟ་འདི་ལེགས་ཤོས་མཐོང་གི་འདུག དེ་མིན་ཀློག་མཁན་གྱི་གྲངས་ཀ་འགོད་ཐུབ་ན་རྩོམ་པ་པོར་སྤྲོ་སྣང་སྟེར་ངེས་རེད་འདུག་པས། དེ་ལུགས་ཐུགས་ལ་འཇགས་པར་འཚལ་ལགས། །
ཁ་བརྡའི་དྲ་བདག་ལས་བྱེད་པས་དྲ་རྒྱ་འདི་སྔར་བཞིན་རང་འཇགས་བཞག་པ་ལ་ཐུགས་བཀའ་དྲིན་ཆེ། ཁ་དྲོ། བཀྲ་ཤིས།
ཉིན་ཤས་སྔོན་ཁ་བརྡའི་པར་སྒྲོམ་བརྗེ་ལོག་ཐེངས་འགའ་བརྒྱབས་ནས་དྲ་ཀློག་བྱེད་པར་བདེ་བོ་རང་མ་བྱུང་། དེ་རིང་ཡང་བསྐྱར་པར་སྒྲོམ་རྙིང་བ་རང་སོར་བཞག་པས་དྲ་བདག་ཚོ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དྲ་བདག་ཚོའི་འདོད་མོས་ལྟར་བྱས་ནས་དྲ་སྒྲོམ་ལ་བསྒྱུར་བཅོས་བཏང་ན་ཡག་པོ་ཡོད་པ་རེད་་་་་དྲ་འབུ་ཚོའི་ཁར་ཉན་ན་ཡོང་རྒྱུ་ཞིག་ཡོད་པ་མ་རེད་་་་་འདིའི་ཐོག་ཏུ་བསམ་ཚུལ་དང་རེ་བ་འདོན་མཁན་ཚོའི་ནང་དུ་དྲ་བཤེར་ཡག་པོ་ཞིག་ཀྱང་རྒྱག་ཤེས་མཁན་ཁག་པོ་འདུག་་་་་དེའི་སྟབས་ཀྱིས་སྔ་མའི་གོམ་ལོབས་སུ་ཡོད་པར་རེ་བ་བརྒྱབས་ནས་བསྡད་ཡོད་པ་རེད་་་་་གཙོ་བོ་དྲ་བདག་ཚོའི་འདོད་མོས་ལྟར་བྱས་ན་ཡག་པོ་རེད་་་་གང་ལྟར་ཁྱོད་ཚོའི་ཕུགས་བསམ་དང་བློ་སྟོབས་ལ་ཡི་རང་ཞུ་བཞིན་ཡོད་་་་ཐུགས་རྗེ་ཆེ
ཁ་བརྡ་ཚང་རང་གནས་སུ་ཕྱིར་ལོག་ཕེབས་པར་དགའ་བསུ་ཡོད། ཐུགས་རྗེ་ཆེ། ཕྱོགས་གང་སྤྱིར་དྲ་ངོས་རྙིང་པ་འདི་རང་ལེགས་པར་འདུག།
ཁ་བརྡའི་པར་སྒྲོམ་རྙིང་པ་དེ་རང་འཇགས་བཟོས་པར་བཀྲིན་ཆེ། འོན་ཀྱང་ཡི་གེའི་ཆེ་ཆུང་གི་ཚད་དེ་ཏོག་ཙམ་ཆེ་དྲགས་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་དེ་ལ་ཐུགས་བསམ་ཞིག་བཞེས་རོགས་གནང་ཞུ་རྒྱུ་ཡིན། །
གནས་ཚང་རྙིང་པར་རང་འཇགས་ལོག་པ་ཡག་བྱུང་། བཟོ་བཀོད་འདི་རང་གི་སྟེང་ནས་རིམ་པས་ལེགས་བཅོས་ཐུབ་པ་ཞིག་བྱུང་ན་དངོས་གནས་རང་དྲ་དམངས་ཚང་མའི་བློར་བབ་པ་འདུག་སྙམ། གང་ལྟར་ཡང་ལས་བྱེད་ཡོངས་ལ་བཀྲིན་ཆེ་ཞུ།
བཀའ་དྲིན་ཆེ། བལྟ་བདེ་འཚོལ་བདེ་འདི་ཡག་པོ་འདུག།
བཀའ་དྲིན་ཆེ་བལྟ་བདེ་འཚོལ་བདེ་འདི་འདྲེན་ཟླ་དང་བྲལ་བ་རེད་འདུག།
གུས་པ་འཆན་པ་རྙིང་པ་ཡིན། དག་འཆན་ལ་སྒུག་དགོས་པའི་རྒྱུ་མཚན་དེ་ངས་ཡག་པོ་མགོ་ཚོས་མ་སོང་། ཕལ་ཆེར་ངས་མིང་གི་མཐའ་ལ་ཤད་མ་བརྒྱབ་དེས་བྱས་པ་ནི་ཨེ་ཡིན།? དེའི་དགོས་པ་ཡང་ཁྱེད་རྣམ་པའི་ཚེག་དེ་ངའི་ཤད་ཀྱི་རྗེས་སུ་ཡོང་ཐབས་མེད་པས་ངས་ང་རང་གི་ཤད་དེ་བསྡུས་པ་ཡིན། གསལ་བཤད་ཅིག་གནང་རོགས།
ཁ་བརྡ་དྲ་བའི་ལེགས་གཟུགས་སྔར་བཞིན་གནས་པར་བཟང་མོད། བྱ་བ་གང་བརྩམས་ནས་མཐར་ལེགས་གྲུབ་བྱུང་ན་བཟང་བཟང་རེད། སྔར་དེ་མིག་སྔར་ལ་འདྲིས་ཀྱང་། གསར་བ་དེ་འཆར་འགོད་དང་མིག་ལ་མི་གནོད་པར་བཀླག་སྤྲོ་དགའ་བའི་དེང་རབས་ཀུན་དང་མཐུན་པའི་རྣམ་པ་གསར་བ་ཞིག་མཐོང་བས་དུང་ཟབ་བྱུང་། གང་ལྟར་བསམ་འཆར་ཡིན། གཙོ་བོ་སྔར་རྩོམ་དང་བརྙན་དཔར་དག་མ་བརླགས་པ་དེ་གལ་ཆེའོ། ། ཞལ་བྲོ།
བཀའ་དྲིན་ཐུགས་རྗེ་ཆེཞུ།
བཟོ་བཀོད་འདི་རང་ཡག་པར་སེམས། མང་པོ་སྤྲུགས་ན་ཁ་བརྡ་དྲ་བའི་རིན་ཐང་རྦད་དེ་རླག་ས་རེད། ཁ་ཕྱེས་དུས་སྔར་གྱི་བྲོ་བ་དེ་མི་འདུག ཡིན་ནས་འགྱུར་བ་འགྲོ་བའང་དངོས་པོའི་ཆོས་ཉིད་ཡིན་པར་སོང་ཡིན་དང་ཡིན།
སྔ་བཞིན་ཡག་པོ་འདུག་གོ།
འདི་ཡང་ཡག་པོ་འདུག འོན་ཀྱང་ཡིག་གཟུགས་ད་དུང་ཅུང་ཆེ་རུ་གཏོང་ཐུབ་ན་ང་དང་ང་ལྟ་བུའི་ལག་ཐོག་ཁ་པར་རྒྱུད་ནས་ལྟ་ཀློག་བྱེད་མཁན་རྣམས་ལ་ཕན་ཐོག་ཆེན་པོ་ཡོང་བ་འདུག དེ་ལུགས་ཐུགས་འཇག་འཚལ།
བེད་སྤྱད་བཏང་མཁན་ལ་
འདི་རང་སྟབས་བདེ་བ་འདུག
ཁ་བརྡའི་དྲ་བདག་ལགས་ནས་ཁ་བརྡའི་རང་གཟུགས་སྔར་བཞིན་རང་འཇག་ལོག་པར་བཀའ་དྲིན་ཆེ། འདི་རང་ལེགས་ཤོས་འདུག་
གཤམ་གྱི་མཆན་ཡར་སྤྲོད་ཟེར་སར་ས་མིག་སྟོང་པ་ལུས་འདུག་པས་དེར་མཆན་ཡར་སྤྲོད་ཟེར་བ་ཞིག་བྱུང་ན་ལེགས།
ང་ཚོ་འདི་ལ་གོམ་ལོབས་སུ་སོང་ཡོད་པས་ཡིན་ནམ་གང་ལྟར་འདི་བདེ་པོ་ཞིག་འདུག རང་འཇགས་བཞག་ན་ཡག་ས་རེད།
མཆན་བུ་འདེབས་མཁན་གྱི་མིང་གི་མདུན་དུ་ཡི་གེ་འདི་ # 24 འདྲ་ཞིག་ཡོད་པ་འདི་མེད་པ་བཟོ་ས་ན་གང་འདྲ། ཡང་24 Comments to འདི་འདྲ་ཞིག་ཀྱང་འདུག་པ་བོད་ཡིག་ནང་འབྲི་ཐབས་ཡོད་ན་བཟང་།
གཞན་རྩོམ་ཡིག་གསར་པ་ལམ་སང་དྲ་ཐོག་ཏུ་འགོད་པ་མཆན་བུ་ཐད་ཀར་འགོད་ཐུབ་པ། རྩོམ་ཡིག་རྙིང་པ་ཕྱིར་འཚོལ་དགོས་བྱུང་ན་རྙེད་ནི་ཞིག་ཡོད་ན་དེ་གས་འགྲིག་པ།
བཀའ་དྲིན།
དེ་རིང་ཁ་བརྡ་དྲ་ཚིགས་ཀྱི་ཡིག་གཟུགས་ཆེ་དྲགས་འདུག
དྲ་ཚིགས་རང་འཇགས་བཞག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁ་བརྡ་དྲ་བའི་རྩོམ་སྒྲིག་པ་ཡོངས་ལ་བོད་ཀྱི་སྐད་ཡིག་གི་ཆག་འཇིགས་ལ་བསམ་ནས་ཕྱག་ལས་གནང་བཞིན་པར་དགའ་བསུ་ཞུ། དེ་ནས་བསམ་ཚུལ་ཞིག་ཡོད་ནོ། དྲ་ཚིགས་ཀྱི་བཟོ་བཀོད་གསར་བ་དེ་ཡག་པོར་མཐོང་སོང་མོད། ཕར་ཆེར་མ་འོངས་པར་བཟོ་ཚར་རྗེས་དེ་ལྟར་བཞག་རྒྱུ་ཡིན་པ་འདྲ་བས་དེ་ལ་དགའ་བསུ་ཞུ་བཞིན་ཡོད། དེ་ནས་བཟོ་བཀོད་རྙིང་བའི་ནང་སྔོན་མ་ཡིན་ན་ཨང་གྲངས་སོགས་མདོར་ན་དྲ་ངོས་ཡོང་རྫོགས་བོད་ཡིག་ཡིན་པ་དེ་ཁ་བརྡའི་ཁྱད་ཆོས་ཡོད་ན་མེད་ན་དེ་ཡིན་ཀྱང། ད་སྐབས་འགྱུར་འདུག་པས་སྔོན་ལྟར་བཞག་ཐུབ་ན་དགེ་མཚན་ཆེ་བར་མཐོང་། བཀའ་དྲིན་ཆེ། དེ་མིན་བོད་ཡིག་ཀྱི་དྲ་ཚིགས་ཞིག་གི་ངོ་གདོང་ན་ཡིག་རིགས་གཞན་གྱི་ལྷད་ཞུགས་ཡོད་ཚེ་དེ་ནི་མི་མཛེས་པ་ཞིག་ཏུ་སྣང་བཞིན་ཡོད།
གང་ལྟར་ཀྱང་ཡར་རྒྱས་གཏོང་མོས་ཡོད་ཚེ་དྲ་བདག་ཚོས་གང་འདོད་གནང་རོགས་་་་གང་ལྟར་བཀའ་དྲིནན་ཆེ།
རྒྱབ་ལྗོངས་ལྗང་ཁུ་ལ་ཡིག་འབྲུ་དཀར་པོ་འདྲ་ཞིག་བཟོས་ན་ཀློག་པོ་པོའི་མིག་ལ་ཕན་ཐོགས་ཆེ། དེའི་ཐོག་བཟོ་བཀོད་ཇི་ལྟར་མཛེས་པ་དང་སྟབས་བདེ་བར་བསྒྱུར་ཐུབ་ན་དགོངས་པ་བཞེས་རོགས།
ཁ་བརྡ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཡི་གེ་ཆེ་རུ་སོང་ཡོད་པས་ཡག་པོ་འདུག
ཁ་བརྡའི་ཞིང་ཁམས་ངོ་མར་ལོག་པ་དགའ་ནས་ཡོད། བཀའ་དྲིན་ཆེ། འོན་ཀྱང་ཡི་གེ་ཅུང་ཆེ་དྲགས་པའི་ཚོར་བ་བྱུང་། ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
རྙིང་པ་འདི་རང་ལེགས་པ་འདུག མི་མང་ཆེ་བས་འདི་རང་ལ་མོས་པ་ཆེ་བ་འདུག ཁ་བརྡའི་འཛིན་སྐྱོང་བ་ཚོ་ཡང་གཞན་གྱི་བསམ་ཚུལ་ལ་བརྩི་འཇོག་དང་ལེགས་ཉེས་ཀྱི་རྣམ་དཔྱོད་ལེགས་པར་རྒྱན་པའི་ཤེས་ཡོན་ཅན་པ་འབའ་ཞིག་ཡིན་པ་དང་། ད་རེས་དམངས་ཀྱི་བསམ་ཚུལ་ལ་གཞི་བྱས་ནས་དྲ་རྒྱ་རྙིང་པར་ལོག་པ་དེ་ངོ་མ་ཁྱོད་ཚོའི་བསམ་པའི་གུ་ཡངས་དང་རིག་པའི་དཔྱོད་ཤེས་ཟབ་པའི་རྟགས་ཅིག་བསྟན་སོང་། དེར་གུས་སྤོབས་པ་དང་དགའ་པ་ཆེས་འཕེལ།
དམངས་གཙོ་དང་གཏམ་བརྗོད་རང་དབང་གིས་ཕོངས་པའི་ང་ཚོའི་སྤྱི་ཚོགས་འདིར་མཚོན་ན། ཁ་བརྡའི་འཛིན་སྐྱོང་བ་ཚོ་ཇི་ལྟར་མིག་དཔེ་ལེགས་པོ་ཞིག་མ་རེད་པས། ཁྱེད་ཚོས་ད་རེས་གུང་ཁྲན་དང་ཡོངས་སུ་ཐ་དད་པའི་སྤྱོད་པ་ཞིག་དང་གུ་དོག་པའི་བོད་གཞུང་གི་འགོ་པ་ཚོ་དང་ཡོངས་སུ་ཐ་དད་པའི་སྤྱོད་པ་འདིས་ང་ཚོར་མིག་དཔེ་བཟང་པོ་ཞིག་བསྟན་སོང་།
ཐུགས་རྗེ་ཆེ།
བཟང་གི
ཨ་ཨ་བསམ་མི་ཤེས་པའི་མི་རྩ་མེད་འདི་ཚོ། ཁ་ཡར་གྲགས་ལ་སྤྱི་ཚོགས་མར་གྲགས་ལ་སྤྱི་ཚོགས།
འདི་ཚོ་ཟླ་བའི་གྲོང་ཁྱེར་ནས་ཡོང་བཞག་པ་འདྲ་མོ། མྱི་རྒྱུད་ངན་པ་བོ། ཕ་མས་གཡུག་བཞོག་པ་འདྲ་མོ། དགེ་རྒན་གྱིས་བཙོང་བཞོག་པ་འདྲ་མོ། ཁྱེད་མཁས་པ་རེད་ཅན་པོ་བཤད་ནས་གཟའ་པ་སངས་ཐོགས་ལ་ཕར་བཏང་ཞོག་ན་ཡག་ས་རེད། བོད་མི་རིགས་ཀྱི་གླུད་རེད་ཅན་པོ་བརྗོད་པ་ཡིན།
ཁ་བརྡ་ཕྱིར་ལོག་པ་ཡག་པོ་རེད་ལ་བཟོ་བཀོད་གསར་པ་དེ་བས་ཀྱང་ཡག་པོ་རེད།
གོང་དུ་འགའ་ཞིག་གིས་བཤད་པ་ལྟར་ཀློག་མཁན་གྱི་གྲངས་ཡོད་ན་ཡོད་པོར་མཐོང་།
ཐུགས་རྗེ་ཆེ།
རྙིང་པ་འདི་རང་ལེགས་པ་འདུག འོས་ཤིག་བླུག་ཡག་ཡོད་ན། ངས་རྙིང་པ་འདི་རང་འཇག་འཇོག་རྒྱུ་ལ་འོས་བླུག་རྒྱུ་ཡིན། མི་མང་ཆེ་བས་འདི་རང་ལ་མོས་པ་ཆེ་བ་འདུག་པས་ཁ་བརྡ་ཚང་དྲ་ངོས་རང་གནས་སུ་ཕེབས་པ་སྙིང་དབུས་ནས་ཐུགས་རྗེ་ཆེ།
ཡིག་གཟུགས་ཅུང་ཆུང་འདུག་པ་འདྲ་ཞིག་འདུག ངའི་མིག་གི་སྐྱོན་ཡིན་ནམ། གལ་སྲིད་ཡིག་གཟུགས་འདིའི་ཆེ་ཆུང་ཨང་གྲངས་༡༤ ཡིན་པའི་དབང་དུ་བཏང་ན། ༡༦ བཟོས་ན་ཏག་ཏག་ཡིན་ནམ་སྙམ།
དེ་མིན་ང་ལྟ་བུས་པར་བཤུས་ཀྱིས་ཡིག་གཟུགས་ཆེ་རུ་བཏང་ན་མ་གཏོགས་ཀློག་པར་ཅུང་དཀའ་ངལ་འདུག མཆན་བུ་ཏག་ཀྱང་པར་བཤུས་ཀྱིས་ཆེ་རུ་བཏང་ནས་ཀློག་དགོས་ན་ངའི་དཀའ་དེ་གང་ལ་འཇོག་ག
དུས་བབ་ཚང་གི་ཡིག་གཟུགས་དེ་ཡང་ཆེ་དྲག་པ་འདྲ་བོ་འདུག དུས་བབ་ཚང་གི་ཡིག་གཟུགས་དེ་ལས་ཅུང་ཙམ་ཆུང་དུ་བཏང་ན་དགའ་བ་ལ་དང་སྐྱིད་པ་ལ།
ཡག་པོ་འདུག་ཡག་པོ་འདུག་ཐུགས་རྗེ་ཆེ།།།།