བཀྲ་ཤིས་རྡོ་རྗེ།
“བསོད་ནམས་ཅན་གྱི་རྒྱན་ཤོག”གོ་སྒྲིག་ཚོགས་པའི་ངོས་ནས་དགོངས་སེལ་དང་སྦྲགས་གསལ་བྱེད་ཞུ་རྒྱུར།
ད་ལོ་སྤྱི་ཟླ་༡༡ པའི་ཚེས་འགོ་ཙམ་ནས་ངེད་སློབ་མ་ཁག་ཅིག་གི་སློབ་ཡོན་དང་འཚོ་བའི་མཐུན་འགྱུར་གྱི་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ཡོངས་ལ་བཀྲམ་ཐུབ་པའི་རྒྱན་ཤོག་ཅིག་གོ་སྒྲིག་བྱས་ཏེ། ཞི་བདེ་གཟེངས་རྟགས་ཉིན་འགྲེམས་སྤེལ་བྱ་འཆར་བྱས་ནས་ལས་གཞི་ཞིག་སྤེལ་འགོ་ཚུགས་ནའང། སྟབས་མ་ལེགས་པ་ཞིག་ལ། ལས་གཞི་དེ་ནི་གཅིག་ནས་དུས་ཡུན་ཐུང་དྲག་པས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུའི་ཆུ་ཚོད་ཀྱིས་མ་འདང་བ།
གཉིས་ནས་སྤྱི་ཟླ་༡༡ པའི་ཚེས་༨ཉིན་ནས་བཟུང་རྒྱ་གར་གྱི་དངུལ་ལོའི་གསར་བརྗེ་ཆེན་མོ་འགོ་བཙུགས་པའི་རྐྱེན་གྱིས་སྤྱི་ཚོགས་ཁྱོན་ཡོངས་སུ་དངུལ་ལོའི་དཀའ་ངལ་གྱི་རྐྱེན་པས་རྒྱན་ཤོག་ཉོ་མཁན་མ་བྱུང་བ།
གསུམ་ནས་ང་ཚོའི་སློབ་ཁྲིད་ཀྱི་བར་གསེང་སོགས་ཐུང་དྲག་པའི་སྟབས་ཀྱིས་བཙོང་ཐབས་མ་འགྲིག་པ་བཅས་རྒྱུ་རྐྱེན་དུ་མའི་དབང་གིས། རྒྱན་ཤོག་དཔར་སྐྲུན་གྱི་མ་དངུལ་དང་འགྲོ་གྲོན་ཙམ་ཡང་ཁ་གསབ་ཐབས་མ་བྱུང་པ་ལགས་ན། བསོད་ནམས་ཅན་གྱི་རྒྱན་ཤོག་ཉོས་ཟིན་པའི་ལྷག་བསམ་ཅན་གྱི་སེར་སྐྱ་རྣམས་ལ་དགོངས་སེལ་གྲངས་མེད་དང་སྦྲགས་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
སྤྱི་ལོ་2016ལོའི་ཟླ་12པའི་ཚེས་10ཉིན་ལ།
དུས་ཡུན་ཐུང་དྲག་པས
འདི།
དུས་ཡུན་ཐུང་དྲགས་པས
ཡང་།
ཆུ་ཚོད་ཀྱིས་མ་འདང་བ།
འདི།
ཆུ་ཚོད་ཀྱིས་མ་ལྡང་བ།
ཡིན་དགོས།