ནམ་མཁའ་བསྟན་འཛིན།
བོད་བརྒྱུད་ནང་བསྟན་ཆེན་མོ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་དར་ནས་དུས་རབས་ཕྱེད་ཀ་ལྷག་ལས་འགོར་མེད་ནའང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་པའི་ཆོས་ཚོགས་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད་གྲབས་འདུག་ལ། འཇིག་རྟེན་གྱི་བྱ་བཞག་ཅི་ཞིག་ཡིན་ཀྱང་དགོས་སྐྱོན་གཉིས་ཀ་ཡོད་སྲིད་པ་ཆོས་ཉིད་ཡིན་མོད། དེང་སང་ཆོས་ཚོགས་འགའ་ཤས་བོད་པའི་སྤྲུལ་སྐུ་དང་གྲ་བའི་མིང་འཁྱེར་མཁན་འགས་ཁྱིམ་པ་སུན་འབྱིན་དང་བོད་པའི་ངོ་དགོང་བཤུ་བཞིན་འདུག ངོ་དེབ་སྟེང་གི་འབྲེལ་ཐག་འདི་བརྒྱུད་། ཀ་ལུ་རིན་པོ་ཆེའི་ཡང་སྲིད་ཀྱི་སྐད་ཆར་ཉོན།
http://www.facebook.com/photo.php?v=235712606496305&set=vb.100001727022809&type=2&theater
དྲ་ཐག་འདིའི་སྟེང་གི་མི་འདིས་ཁོ་བོ་སྔོན་ཆད་དགོན་པར་སྡོད་སྐབས་ཁོ་བོར་བཙན་གཡེམ་དང་མནར་གཅོད་བཏང་རབས། ཁོ་བོའི་མཐོང་ལམ་ལ་བོད་པའི་དགོན་སྡེ་དང་གྲ་བཙུན་མང་པོ་ཞིག་ནང་པ་མ་རེད་ཅེས་ངོ་དེབ་སྟེང་བཀོད་དེ་ཁྱབ་བསྒྲགས་བྱེད་བཞིན་འདུག སྤྱིར་བྱ་དངོས་གང་ཞིག་དངོས་ཡོད་དང་མཐུན་པའི་སྒོ་ནས་འབྲེལ་བཤད་བྱེད་པར་དགག་བྱ་ཅི་ཡོད་ཀྱང་། མི་འདིས་ཁོ་བོར་ལྡོག་ཕྱོགས་ནས་སྐད་ཆ་བཤད་མཁན་གྱི་མཆན་ཚང་མ་བསུབ་ཏེ་རྒྱབ་སྐྱོར་བྱེད་མཁན་འཚོལ་བཞིན་འདུག
ཡོ་རུབ་ཁུལ་དུ་ལོ་ཤས་ནས་་ཡུ་ཤུའི་ཁ་ཐོ་ལི་ཁི་གྲུབ་མཐའ་འཛིན་པའི་དགོན་པ་ཁག་ཏུ་ཡུ་ཤུའི་བླ་རྒན་ནས་གྲ་ཕྲུག་ཚོར་བཙན་གཡེམ་བྱས་པའི་གནས་ཚུལ་འགའ་ཐོན་རྗེས་དེ་ལ་གླེང་ཕྱོགས་བཟོ་མཁན་དང་ཁ་མཆུ་རྒྱག་མཁན་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་གཏུག་བཤེར་བྱེད་མཁན་ཇེ་མང་དུ་སོང་ནས་གསར་ལམ་ཁག་ཚ་ཚ་འུར་འུར་བཟོས་སོང་། ད་གཟབ་གཟབ་མ་བྱས་ན་སྤྲུལ་སྐུ་དང་བླ་མ་བཟོ་རྒྱུ་མང་དྲག་ན་ཉིན་ཞིག་ཁ་མཆུ་འདི་བོད་པའི་དགོན་པ་ཞིག་གི་མགོར་སླེབས་གྲབས་འདུག
ངོ་ཤེས་བླ་རྒན་ཞིག་གི་མདུན་གདན་སའི་སློབ་གཉེར་བ་ལོ་གཞོན་ཞིག་བསླེབས་ཏེ། འུ་ཐུག་གི་ཉམས་ཀྱིས་ངའི་སྡོམ་པ་བཞེས་རོགས། གདན་ས་ན་སློབ་གཉེར་བྱས་ཏེ་སྡོད་བཟོད་པ་མི་འདུག བཙན་གཡེམ་བྱས་ནས་ལུས་སེམས་གཉིས་ཀར་དཀའ་ངལ་སྤྲོད་ཀྱི་འདུག་ཅེས་བཤད་འདུག
འུད་སྒྲོག་དང་རྫུན་གཏམ་མིན།
ད་གཟབ་གཟབ་མ་བྱས་ན། ནང་ཆ་ལྷང་ལ་བུད་གྲབས་འདུག
མོ་ཁྲིམས་སྡོམ་རྒྱུ་མང་དྲགས་སོང་ན་དེ་ལས་ཡོད་པ་མ་རེད། གང་ན་མོ་ཁྲིམས་དམ་ས་དེ་ན་སྐྱེས་པས་སྐྱེས་པར་བཙན་གཡེམ་གྱི་དོན་རྐྱེན་དེ་ལྷགས་གིན་ཡོད། སྤྱིར་ན་འདུལ་བའི་ནང་གི་མོ་ཁྲིམས་སྡོམ་པ་དེ་བྲམ་ཟེ་མུ་སྟེགས་པའི་ཚངས་སྤྱོད་བསླབ་ཁྲིམས་ལ་དཔེ་བླངས་པ་ཞིག་ཡིན་སྟབས་ད་ནང་པའི་དགོན་པ་ཚོས་མོ་ཁྲིམས་འདི་ཕྱིར་འཐེན་བྱེད་པའི་དུས་ལ་བབ་འདུག ང་ཚོ་ཚང་མས་སྐད་འདོད་ཁྲོམ་སྐོར་བྱས་ན་ག་འདྲ་འདུག
འདས་པའི་ལོ་སྟོང་ཕྲག་གི་རིང་ལ་བོད་ཀྱི་དགོན་སྡེའི་སྒྲིག་འཛུགས་ཚོས་ཆབ་སྲིད་དབང་ཆ་བཟུང་བ་ཡིན་སྟབས་གྲྭ་བར་མིང་བཏགས་པའི་ཕོ་གཞོན་བུད་མེད་ལེན་མི་ཆོག་མཁན་མང་པོ་དགོན་པར་བསྡུ་སྲོལ་འདི་གྲྭ་དམག་རྒྱག་པའི་དམིགས་ཡུལ་ཡིན་ས་རེད་སྙམ།
དེ་ངའི་བསམ་ཚུལཙམ་ཡིན་སྟབས་གྱོད་ཁ་ཁ་མཆུ་མང་པོ་ཞིག་ངའི་མགོ་ལ་བཙུགས་མ་ཡོང་རོགས།
ཤོག་ཡ།་་་ད་ཤོག་ཡ།་་་་དྲ་འབུ་དང།་་་མཆན་བུ་ཚོ་་་་་ཤོག་ཡ།་་་་གྲ་པ་དང་གདན་ས་ལ་མི་དགའ་མཁན་ཚང་མ་ཤོག་ཡ།་་་་་སྤྱི་ཚོགས་གཏོར་ཤོག་ཡ།་་་་་་དཀྲོག་གཏམ་སྤེལ་ཤོག་ཡ།་་་་་
ད་ཡིན་ན་ཚང་མ་ཤོག་ཡ།་་་་་་་གཅིག་རྗེས་གཉིས་མཐུད་བྱས་ནས་ཤོག་ཡ།་་་་ངོ་མ་ཤོག་ཡ།
ཡོད་ཀི་མེད་ཀི་ཟེར་མཁན་ཚོ་ཤོག་་་་་་ཨ་ཁོ་རེ་ཚོ་ཟེར་མཁན་ཚོ་ཤོག་ཡ།་་་་་ལགས་སོ་ལེགས་སོ་ཟེར་མཁན་ཚོ་ཤོག་ཡ།་་་་་་་་་་་་་
སྤོབས་པ་མཐའ་ཡས་ཀྱིས་གསུང་པ་ལྟར་བྱེད་དགོས་ཚེ་དང་ཐོག་འདུལ་བའི་སྡེ་སྣོད་ཀྱི་རྣམ་གཞག་ཆ་ཚང་བསྡུ་གསོག་རྒྱག་རོགས། དེ་ནས་ངེད་ཚོ་ལས་འགུལ་ཇི་ལྟ་སྤེལ་དགོས་ལྟ་ཆོག
གོང་གི་དྲྭ་ཐག་འདིར་གནོན་ཡང་ཉན་རྒྱུ་ཅི་ཡང་མི་འདུག གློག་བརྙན་སོགས་དེས་ཀྱང་མི་འདུག
སྤང་མདའ་དཔོན་ཡིན་ནམ་དེ་ལ་ཞུ་རྒྱུ། འདུལ་བའི་སྡེ་སྣོད་སྔས་མགོར་ཡར་བརྩིགས་བསྡད་ན་ཡང་མཇེ་ཀོག་འདུལ་མ་ཐུབ་ནས་བཙུན་ཆུང་ཚོར་བཙན་འཛག་བྱས་བསྡད་ན་འདུལ་བའི་སྡེ་སྣོད་དེ་ཚོ་བསྡུ་བསོག་བརྒྱབ་མ་བརྒྱབ་ལ་ཡང་ཁྱད་པར་འདྲ་འདུག་གམ།
གངས་རིའི་ལས་དབང་ཡིན་ནམ་དེ་ལ་ཞུ་རྒྱུར། འདི་ན་གྲྭ་བ་དང་གདན་ས་ལ་མི་དགའ་མཁན་གཅིག་ཀྱང་མི་འདུག མི་གསོན་པོ་ཞིག་གིས་ཉམས་མྱོང་གསོན་པོ་ཞིག་གཞིར་བཞག་ནས་སྐད་ཆ་གསོན་པོ་ཞིག་ཤོད་ཀྱིན་འདུག
ནམ་མཁའ་བསྟན་འཛིན་ལགས་ནས་དྲ་ཚིགས་ཀྱི་ཁ་བྱང་དེ་བཤུས་འགོད་བྱེད་སྟངས་ནོར་འདུག དྲ་ཚིགས་ཁ་བྱང་ཐོག་བསྣན་ནས་ཅི་ཡང་ཐོན་རྒྱུ་མི་འདུག་ལ། དྲ་བརྙན་དེ་ཡང་མཐོང་རྒྱུ་མི་འདུག དེ་བས་དྲ་བརྙན་དེའི་ Youtube ཀྱི་ཁ་བྱང་གསལ་བོར་བྲིས་ན་ཤར་རྒྱག་བལྟ་ཐུབ་རྒྱུ་རེད།
སྐད་ཆ་དེ་འདྲ་ཞིག་གོ་ཡོང་དུས་ལམ་སང་གདན་ས་ཁག་ལ་ཁ་གཡར་ནས་བཤད་ཡོང་གི་འདུག །སྤོབས་མཐའ་ལགས་ཀྱིས་བཤད་པ་བདེན་པའི་ཆ་འགའ་འདུག ༼ མོ་ཁྲིམས་སྡོམ་རྒྱུ་མང་དྲགས་སོང་ན་དེ་ལས་ཡོད་པ་མ་རེད། གང་ན་མོ་ཁྲིམས་དམ་ས་དེ་ན་སྐྱེས་པས་སྐྱེས་པར་བཙན་གཡེམ་གྱི་དོན་རྐྱེན་དེ་ལྷགས་གིན་ཡོད།༽ གདན་ས་ཁག་ལ་མོ་ཁྲིམས་སྡོམ་རྒྱུ་མང་དྲགས་ནས་རྩ་འཕར་ཤུགས་ཀྱི་དཀའ་ངལ་དེ་བསླེབས་པ་རེད། གཞན་འབྲུག་པ་ཀུན་ལེགས་ཀྱིས་གསུངས་པ་ལྟར། དགོན་པར་བུད་མེད་འདུག་ན་བཀའ་བརྒྱུད་པ་ཡིན་པའི་རྟགས།།ཞེས་པ་ལྟར་བཀའ་བརྒྱུད་པ་དང་རྙིང་མ་བ་ཡིན་ཟེར་མཁན་རེ་ཟུང་གིས་ལུས་ལ་ཆོས་གོས་གྱོན་ནས་བུད་མེད་གཉེར་བ་ཡིན་སྟབས་དཀའ་ངལ་དེ་ཚོ་འབྱུང་མི་དགོས་བ་རེད། ཡིན་ཡང་དགོན་པའི་བཙན་གཡེམ་གྱི་བྱ་སྤྱོད་དེ་ཚོ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། བྱ་སྤྱོད་དེ་ལ་དགོན་པ་ནས་དོ་དམ་ནན་མོ་བྱ་དགོས་པ་གལ་ཆེན་པོ་རེད། དེའི་སྐོར་ལ་གདན་ས་ཁག་ཏུ་དམ་དྲག་བྱེད་མུས་རེད། ཤེས་སོང་ན་དགོན་པའི་སྐྱིད་སྡུག་ནས་འགྲོ་ཡ་རེད་ད། །
སྐད་ཆ་དྲང་པོ་བཤད་ན་གདན་ས་ཁག་ལ་བཙན་གཡེམ་གྱི་གནས་ཚུལ་ཡོད་པ་སྔར་ནས་གོ་མྱོང་ན་ཡང་འདི་འདྲའི་ཚབ་ཆེན་ཞིག་ཡིན་ད་བར་ཤེས་མ་སོང་། ད་ཇི་ལྟར་བྱེད་དགོས། ཡང་ན་ནི་སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་ལྟར་མོ་ཁྲིམས་ཕྱིར་འཐེན་བྱེད་དགོས་སམ། དེ་མིན་གྲྭ་པ་ཚོའི་འདོད་ཆགས་འཇོམ་པའི་ཐབས་ཤེས་ཇི་ལྟར་བྱེད་དགོས།
འོ་མ་ཇི་ཙམ་མང་ན་མར་དེ་ཚོད་ཀྱིས་མང་བ་རེད། གྲྭ་སའི་ཤུགས་རྐྱེན་བོད་ཆོལ་ཁ་གསུམ་ལ་ཁྱབ་ཡོད་པར་མ་ཟད། མགོ་སྲིད་གཞུང་དང་མཇུག་མི་དམངས་ཀྱི་བར་ཟུངས་ཁྲག་གི་རྒྱུ་བ་ཇི་བཞིན་ཁྱབ་འདུག །དམ་ཆོས་འདུལ་བ་ནས་བཤད་པའི་བསླབ་པ་གསུམ་གྱིས་ཐུགས་རྒྱུད་གཏམས་ཤིང་ལུང་སྡེ་སྣོད་གསུམ་ལ་མཁས་པའི་འདུལ་བ་འཛིན་པ་མང་དུ་ཡོད་པ་དང་བསྡུར་ན་ཞབས་འདྲེན་ཞུས་མཁན་ཧ་ཅང་ཉུང་ཉུང་རེད། འཛམ་གླིང་ནང་བསྟན་ཆེས་མཐོ་སློབ་གཉེར་ཁང་གི་ཚད་མཐོ་ཤོས་ནི་གདན་ས་གསུམ་ཡིན་པར་ཚན་རིག་པ་དང་ཕྱི་རྒྱལ་མཁས་དབང་དུ་མས་རྩོམ་བྲིས་བ་ལས་ཤེས།
ལུང་རྟོགས་ལགས། གྲྭ་པ་ཚོའི་འདོད་ཆགས་འཇོམ་པའི་ཐབས་ཤེས་ཡག་ཤོས་ནི་བདག་མེད་གཏན་ལ་འབེབས་དགོས། མི་སྡུག་པ་སྒོམ་དགོས། དེ་མིན་གཞན་ཐབས་ཤེས་ཅི་ཡོད།
ད་ཆ་གདན་ས་ཁག་ཙམ་རེད་མི་འདུག།བོད་པའི་དགོན་སྡེ་མང་པོའི་ནང་གྲྭ་པ་ནང་ཕན་ཚུན་འཁྲུག་སྤྱོད་དེ་དར་ཁྱབ་ཆེན་པོ་དང་དེ་འདྲ་མི་གནང་མཁན་རེ་ཟུང་ཁོ་ན་ཙམ་རེད་འདུག
གཞན་ངོ་ལ་ཁས་མི་ལེན་མཁན་མང་ཕྱོགས་ཡིན་རྒྱུ་རེད་མོད་དོན་དངོས་གང་འདྲ་ཡིན་གྲྭ་པ་དང་གྲྭ་ཟུར་ཚོའི་སེམས་ནང་ཁྲ་ལམ་མེར་ཡོད་རེད།དེ་ཡང་དགེ་ལུགས་པའི་གདན་ས་ཁོ་ན་ཙམ་མིན་པར་དགོན་ཆུང་ཁག་ནང་དུའང་དར་སོ་ཆེན་པོ་འདུག
ཡིན་ནའང་།དེ་ལ་བཅོས་བསྒྱུར་གཏོང་དགོས་ན་ལམ་གཉིས་མ་གཏོགས་མེད་རེད་སྙམ།གཅིག་བོད་པའི་དགེ་འདུན་པ་ཁ་ཚོ་ཞེ་གཉིས་མེད་ཀི་ནང་པའི་ཆོས་པ་གཙང་མ་ཅིག་གནང་རྒྱུ་དང་།ཡང་ན་ཆོས་པ་ཡ་མ་གཟུགས་སྐྱ་མིན་སེར་མིན་རྗེས་མ་བོད་ཀྱི་ཆོས་པ་ལབ་དུས་མི་ཚོས་འཕྱ་དམོད་བརྒྱབ་ས་འདྲ་པོ་ཅིག་གནང་བཅུག་དེ་རེད་ལགས།
སྤོབས’པ’མཐའ’ཡས’ལགས།ཁྱོད’ཀྱིས’བོད’ཀིྱ’དགོན’སྡེའི’སྒྲིག’འཛུགས’ཚོས’ཞེས’དམའ’
འབེབ’ཀྱི’ཚུལ’དུ’བཤད’འདུག’གྱང’སྡོམ’ཁྲིམས’སྲུང’དགོས’པ’སངས’རྒྱས’ཀྱི’བསྟན’པའི’
མཛེས’རྒྱན’རེད’མ’གཏོགས’སྐྱོན’གང’མ’རེད།ཁྱེད’རང’སྤྱིར’ནང’བསྟན’ལ’སྐོྱན’དུ’
ལྟ’མཁན’ཞིག’ཡིན’ན’དམིགས’བསལ’རེད’དེ’མིན’སངས’རྒྱས’བསྟན’པ’གནས’མི’
གནས’མཐར’གཏུགས’ན’ཆོས’འདུལ’བའི’བསླབ’པ’དང’དེ’ནས’ཀྱང’ལྷག’པ’ཚུལ’
ཁྲིམས’ཀྱི’བསླབ’པ’ཇི’ལྟ’བ’བཞིན’ཉམས’སུ’ལེན’པ’ལ’ཐུག’ཡོད’རེད།སྡོམ’ཁྲིམས’
སྲུང’དགོས’པ’འཛམ’གླིང’གི’ནང’བའི”གྲ’བ’ཆ’ཚང’གཅིག’པ’རེད།ཡིན’ན’ཡང’སྡོམ
པའི’གྲངས’མང’ཉུང’དང’དུས’ཡུན’སོགས’ལག’ལེན’མི’འདྲ’བ’ཅུང’ཙམ’ཡོད’རེད’
ཁྱོད’ཀྱིས’ངོ’རྒོལ”བྱས’ན’འཛམ’གླིང’གི’ནང’བའི’གྲ’བ’ཆ’ཚང’ལ’ངོ’རྒོལ’བྱས’དགོ
བ’རེད།ཧ’མ’གོ’ན’འགྲོ’སྟངས’དེ’འདྲ’རེད།ཧ’གོ’བཞིན’དུ’བོད’ཀྱི’དགོན’སྡེ’ཁག’ལ’
ངོ’རྒོལ’བྱས’འདོད’ན’དེ’འདྲ’འདོད’མཁན’ཁོྱད’དང’གོང’ཁྲན’གཉིས’མ’གཏོགས’
‘ཡོད’ཀྱི’མ’རེད’བསམ’གྱིན’ཡོད།བོད’མིའི’ཆིག’སྒྲིལ’དང’རྒྱལ’སྤྱིའི’རོགས’སྐྱོརསོགས’མཐར’གཏུགས’ན’བོད’བརྒྱུད’ནང’བསྟན’ལ’ཐུགས’པ’དང
བོད’བསྟན’པ’ཆབ’སྲིད’ཀྱི’དོན’དུ’ངོ’རྒོལ’བྱས’མཁན’ཕལ’ཆེ’བ’གྲྭབཙུན’ཡིན’པ’མ’
བརྗེད’ཅིག ཆོས’འདུལ’བའི’ཁྲིམས’མི’སྟེགས’པའི’བསླབ’ཁྲིམས’ལ’དཔེ’བླངས’པའི’ཁུངས’དང’།སྡོམ’ཁྲིམས’
སྲུང’མཁན’གྱི’གྲྭ’བ’མང’བོ’དགོན’པར’བསྡུ’སྲོལ’འདི’དམག’རྒྱག’རྒྱུའི’དམིགས’
ཡུལ’ཡིན’པའི’བསམ’ཚུལ’རྣམས’གསལ’བོ’ཞིག’བཤད’རྒྱུ’མཁྱེན།
བཀའ་ཁྲིར་སྐྱོན་བརྗོད་ཚད་ལས་འདས་པ་བྱོས་དང་བཙན་བྱོལ་གཞུང་ལ་ཡིད་ཆེས་བརླག་པ་ཞིག་ཆགས་ཡོང་། ཆོས་བྱེད་དགེ་འདུན་སྡེ་ལ་སྐྱོན་བརྗོད་ཚད་འགལ་བྱོས་དང་ནང་ཆོས་ལ་ཞེན་པ་ལོག་པ་ཞིག་ཆགས་ཡོང་། དེ་ནས་ཁྱེད་ཚོའི་བསམ་དོན་ངོ་མ་མངོན་དུ་འགྱུར་ཡོང་། ཤུགས་རྒྱོབ། བརྩོན་འགྲུས་བྱོས། གཞན་རྒྱ་དམར་དང་དོལ་རྒྱལ་ཚོགས་པར་སྐྱོན་བརྗོད་བྱས་ན་ཁྱེད་ཚོའི་དངུལ་དངོས་ཉམས་ཟད་དུ་སོང་ནས་ཁྱེད་ཚོ་སྤྲང་པོ་ཆགས་ཡོང་ཟབ་ཟབ་བྱོས་ཤེས་སོང་ངམ། ད་དུང་༧གོང་ས་མཆོག་ལ་འཛམ་གླིང་ནང་ཆེས་མཐོང་ཆེན་པོ་ཞུ་བཞིན་འདུག་སྐྱོན་བརྗོད་དང་སྒྲོ་བསྐུར་ག་རེ་བཞུ་རྒྱུ་ཡོད་བཞུས་ཤིག བོད་མིའི་ཆེས་མཐོང་རྒྱས་ན་ཁྱེད་ཚོ་ནད་མནར་གྱི་གང་འགྱོགས་སྡུག་ཤི་རྒྱབ་ཡོང་།། །།
ད་ངོ་གདོང་ངོ་མ་དེ་བཤུས་ནས་གཙང་སེལ་ཡང་དག་པ་ཞིག་བཟོ་ཐུབ་ན།
བསྟན་པ་དག་ཐེར་ལ་ཕན་ཞིང་མི་རིགས་འཕེལ་རྒྱས་ལ་ཕན་པ་ངེས།
དེ་མིན་ཆོས་གཟུགས་འཛིན་པ་འགས་ལྐོག་ཏུ་མཚན་མཐུན་ཆགས་སྤྱོད་ལ་རོལ་བཞིན་པ་འདིས།
གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་འགལ་རྐྱེན་དང་། ནང་བསྟན་ནང་ནས་རུལ་བའི་རྒྱུ་རྐྱེན་ངོ་མ་འདི་དག་ཡིན་པ་སེམས།
མཚན་མཐུན་ཆགས་སྤྱོད་འདི་གནའ་སྔ་མོ་ཞིག་ནས་དར་བ་རེད། འདི་དགོན་སྡེ་གཅིག་པོ་ཡང་མ་རེད། དམག་སྒར་དང་བཙོན་ཁང་སོགས་ནའང་ཡོད་ཚོད་རེད། ཐབས་སྐྱོ་ནི་ཟིག་ག་ལོ་ཆུང་ཆུང་ཚོར་བཙན་གཡེམ་བྱེད་པ་འདི་རེད། ད་བར་དེའི་ཐོག་ནས་རྙོག་དྲ་ཆེན་པོ་འདྲ་མ་ཡོང་ནོ་བཙན་གཡེམ་བྱེད་ས་དེ་ཚོ་ལོ་ཆུང་ཆུང་ཡིན་པས་ཁ་ཡ་བྱེད་མཁན་མེད་སོང་ནི་རེད། འདི་ལ་ཁྲིམས་ཐོག་ནས་འགན་ལེན་ཡོད་ནི་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། དེ་མིན་ཕན་ཚུན་འདོད་པ་ཡོད་ན་གཉེན་སྒྲིག་དང་ཆགས་སྤྱོད་ག་རེ་བྱས་ན་བྱས། སྐྱོན་མེད་ཀ དེང་སང་མཚན་མཐུན་གཉེན་སྒྲིག་ག་ས་གང་ང་དར་ཀོ་ཀི་མོ།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
ལུང་དང་རྟོགས་པའི་བདག་ཉིད་དོ།།
དེ་འཛིན་བྱེད་པ་སྨྲ་བྱེད་པ།།
བཤད་དང་སྒྲུབ་པ་ཁོ་ནའོ།།གསུངས་ཡོད་པས་སངས་རྒྱས་ཀི་རྗེས་འཇུག་པ་ངོ་མ་ཅིག་ཡིན་ན་ལུང་ཆོས་སྡེ་སྣོད་གསུམ་ལ་ཉམས་ལེན་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ཏེ།ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན་པ་ཅིག་གནང་དགོས་མ་གཏོགས་དེང་གི་ཁ་སྟབས་འདི་དངོས་གནས་སེམས་སྐྱོ་བ་ཅིག་རེད།
དགོན་ཆུང་ཁག་ཏུ་ནི་ནེ་པ་ལེ་སོགས་ཆོས་ལ་དད་པ་ཁོ་རང་མེད་མཁན་ཕྲུ་གུ་བསམ་མེད་མང་པོ་བསྡུས་ཏེ་སྦྱིན་བདག་དང་བོད་གཞུང་༧རྒྱལ་དབང་མཆོག་བཅས་ལ་དབུ་བསྐོར་ཞུས་ནས་མི་རེ་ཟུང་གི་སྒོར་མོ་འཚོལ་ས་དང་།དགོན་ཆེན་ཁག་ནང་ཆབ་སྲིད་ཕྱོགས་ལྷུང་དང་ཆགས་སྡང་གིས་མཐའ་ན་དྲག་ལས་ཚུན་ཆད་བྱེད་ཀི་འདུག་པ་དང་།ལྷག་པར་དགེ་བཤེས་གཏོང་སྒོ་སོགས་ཕྱི་རྒྱལ་མྱུལ་བྱེད་པ་སེ་ཙམ་དུ་བསམ་པ།
འཁྲུག་སྤྱོད་དགའ་རོགས་སྒྲིག་ཆེད་གྲྭ་པ་ཕན་ཚུན་བརྔན་པ་སྤྲད་རེས་དང་རྒྱག་རེས་ཤོར་པ་སོགས་དགོད་བྲོ་བོ་སྣ་ཚོགས་ཤིག་འདུག་ཅིང་།
རྡ་ས་སོགས་སུ་གྲྭ་པ་དང་བཙུན་མ་ཚོས་དགོས་རྒྱུ་ནང་ཆོས་མི་སྦྱང་པར་དབྱིན་ཇི་ན་ཅིག་སྦྱང་ཤོར་ཕྱི་རྒྱལ་པ་དང་རྒྱ་གར་གླ་འཁོར་པ་ཚུན་ལ་དགའ་རོགས་སྒྲིག་ནས་འཁྲུག་སྤྱོད་བྱས་བཞིན་དུ།ད་དུང་ཧམ་ཤེད་ཀྱིས་གྲྭ་ཆས་གོན་ནས་འགྲོ་མཁན་རང་གི་ཁྱིམ་མཚེས་ཚུན་ཆད་ན་མང་པོ་ཡོད།
ཡང་ཁ་ཤས་ནས་ལམ་འགྲམ་སོགས་སུ་ཕྱི་རྒྱལ་མི་ལ་དགོན་པ་ཅིག་ཅིག་ནས་ཅིག་བྱེད་ཆེད་སོགས་རྫུན་དང་ཁ་བསླུས་བརྒྱབ་ཏེ་དངུལ་ལེན་པ་དང་སློང་བརྒྱབ་མཁན་ཚུན་ཆད་ཡོད་ལ།
ཕྱི་རྒྱལ་ཁག་དང་ཐེ་ཝན་སོགས་སུ་བོད་ཀི་བླ་སྤྲུལ་གྲ་པ་ཚོས་ག་རེ་གནང་གི་ཡོད་མེད་ཁོ་ཚོའི་གསར་ཤོག་དང་དྲ་བརྙན་ཁག་ནང་ལྟོས་དང་ཞབས་འདྲེན་རྫོགས་མེད་འདུག
དངོས་གནས་༧རྒྱལ་དབང་མཆོག་གི་སྙན་གྲགས་བག་ཆགས་ཡག་པོ་དེ་འཛམ་གླིང་ནང་མེད་ན་ཧ་ལམ་བོད་པའི་ཆོས་ཟེར་དུས་མི་ཚོས་མགོ་གཡོག་བྱེད་ཅིག་ལ་ངོས་འཛིན་གྱི་ཚད་ལ་བསྐྱལ་འདུག་གོ
དེ་འདྲ་ཡིན་ཙང་།༧རྗེ་ཙོང་ཁ་པས་དེ་སྔ་བོད་ཀྱི་ནང་ཆོས་ལ་དག་ཐེར་མཛད་དེ་ཉི་མ་ཤར་འདྲ་ཅིག་གནང་ནང་བཞིན།ད་ཆའང་བོད་ཀི་བླ་གྲ་ནང་པའི་རྗེས་འཇུག་པ་ཚོར་ཆོས་མཐུན་གྱི་དག་ཐེར་ཅིག་གནང་རྒྱུ་དུས་ལ་བབ་ཡོད།
དུས་བབ་དྲ་ཐོག་ཏུ་ཕྱིན་སྐབས་་་ལ་དྭགས་ཀྱི་ཨ་ནེ་ཞིག་གིས་བཙན་གཡེམ་བྱས་སོང་ཟེར་ནས་གྲྭ་བ་ཞིག་རྒྱ་གར་གཉེན་རྟོགས་པ་ལ་བརྩིས་སྤྲད་བྱས་འདུག
ཁ་བརྡ་ཐོག་ཏུ་བསླེབས་དུས་སུ་འདི་ལ་གྲྭ་པས་བཙན་གཡེམ་བྱས་རབས་བཤད་སྡོད་བཞིན་འདུག་་་་ངོ་མ་ཡ་མཚན་འདྲ་པོ་རེད།
བོད་ཀྱི་གྲྭ་བ་ཚོས་ཆགས་པ་སྤྱོད་ན་སྡུག་སྐྱ་ཡིན་དགོས་པའི་རྒྱུ་མཚན་གང་ཡང་མེད་པར་བཅུག་བཤད་བསྡད་པ་འདི་ཚོ་གནད་འགག་མ་རེད་འདོད།
གནད་འགག་ཆེ་ཤོས།
༡་་བོད་ཀྱི་གྲྭ་པ་ཚོའི་ཆགས་སྤྱོད་དང་བོད་མི་རིགས་གྲངས་ཉུང་ཆགས་པར་གཉིས་སུ་འབྲེལ་དངོས་གནས་ཡོད།
༢་་གྲྭ་བས་འདོད་ཆགས་བྱས་པར་སངས་རྒྱས་བསྟན་པའི་ཞབས་འདྲེན་ཡིན་པའི་འགྲེལ་བཤད་ཡང་དག་སུ་ལ་མེད།
༣་་ཕོ་རྒྱོ་ཡིན་ནའང་འདྲ་མོ་རྒྱོ་ཡིན་ནའང་འདྲ། འཛམ་གླིང་གི་མི་དམངས་རྒྱོ་ལ་དགའ། མི་ཚང་མ་དགའ་ས་དེར་གྲྭ་བས་བྱས་ན་སྡུག་སྐྱ་ཡིན་པའི་གནད་ལུགས་མེད་དོ།
༤་་རྒྱོ་ཟེར་དུས་སྡུག་སྐྱ་བརྩི་མཁན་རང་ཉིད་ཆགས་བྲལ་ཡིན་མདོག་གིས་མི་སེར་མགོ་སྐོར་བཏང་མཁན་གྱི་ཀླད་རྙིང་པ་ཚོ་རེད།
འཛམ་གླིང་མི་དམངས་དང་ལྷག་པ་ཏུ་ནུབ་ཕྱོགས་པའི་མི་རྣམས་ཀྱིས་རྒྱོ་མི་བརྒྱབས་མཁན་ཞིག་ཡིན་ན་ཡག་བ་ཞིག་ཅང་བརྩིས་ཀྱི་མ་རེད། བོད་ཀྱི་ནང་བསྟན་རྩ་བ་ཆེན་པོར་བརྩི་བསྡད་པ་འདི་ཡང་གྲྭ་བས་རྒྱོ་མ་བརྒྱབས་ནས་རིན་ཐང་བསླེབས་པ་ག་ལ་ཡིན།
གོང་གི་སྤྲང་ཕྲུག་དེ་ཁོ་རང་ངོ་མ་ཚ་ན་་་བཤད་བཅུག་་་་མཚན་མཐུན་དགོས་ན་ངའི་མཇེ་འཇུབ་བཅུག་ཆོག ཧ་སང་མདོག ནུབ་ཕྱོགས་པའི་མི་ཡི་སྤྱོད་པ་ཡག་ཐག་ཆད་ཧ་གོ་གི་ཡོད།
འདོད་ཆགས་ཟེར་དུས་་་་་ཧཧཧཧཧཧཧཧཧཧཧཧཧཧ
གྲྭ་རྐྱང་ཚོ་་་་ཐུགས་འཁྲུལ་གནང་དགོས་དོན་མེད།
མཚན་མཐུན་གྱི་འཁྲིག་ཐབས་དེ་ནི་གནས་ཚུལ་གསར་པ་དང་ལྐུགས་པས་ལྷ་མཐོང་བ་ལྟ་བུ་གང་ཡང་མ་ཡིན་པར་སྟོན་པ་སངས་རྒྱས་སྐུ་འཚོ་བཞུགས་སྐབས་ནས་ཁྲིམས་
འགལ་གྱི་བྱ་སྤྱོད་སྤེལ་མཁན་རེ་ཟུང་བྱུང་མྱོང་ཡོད་སྟབས་སྡོམ་ཁྲིམས་དེ་དག་བསྣན་པ་
དང་། དེ་ལ་ཡང་ཚད་གཞི་དང་ཉེན་ཚབ་ཆེ་ཆུང་གི་དབང་གིས་ཚབ་ཆེ་བ་རྣམས་སྐྱིད་སྡུས་ལས་གནས་དབྱུང་གཏོང་བ་དང་ཉེས་ཆད་དམིགས་གསལ་ཅན་གཏོང་སྲོལ་ཡོད་པ་དང་།
དེ་ནི་གདན་ས་ཁག་གཅིག་པུ་མ་རེད་དགོན་པའི་ནང་དགེ་འདུན་གྱི་ནང་ཁྲིམས་དམ་
པོ་ཡོད་པའི་ས་དགེ་བཀའ་རྙིང་གྱི་ཆོས་སྡེ་འམ་དགོན་སྡེ་ཚང་མའི་ནང་ཡོད་ཡོད་པ་
རེད། ཡིན་ནའང་དེ་དག་གྲཱ་བཙུན་སྤྱི་ཡོངས་ཀྱི་གྲངས་འབོར་དང་བསྡུར་ན་ཤིན་ཏུ་ཉུང་ཉུང་
རེད། ཁྱིམ་པའི་འཇིག་རྟེན་ནམ་མི་སྐྱའི་ཁྲོད་དུ་ཡང་གནས་ཚུལ་དེ་རིགས་ཡང་ཡང་ཐོན་
བཞིན་ཡོད་ལ་དེ་དག་ལ་རྒྱལ་ཁབ་འགའ་ཞིག་གིས་ཁྲིམས་འགལ་དུ་བརྩི་ཡི་མེད་པ་མ་ཟད་ཁྲིམས་མཐུན་གྱི་མཚན་མཐུན་ཁེ་དབང་ཡང་སྤྲོད་བཞིན་ཡོད་པ་དང་། དེ་དག་མཐའ་གཅིག་ཏུ་བཙན་གཡེམ་རེད་ཅེས་ཁ་མཚོན་གཅོད་དཀའ་བ་ཡིན་གང་ཡིན་ཞེ་ན་དེ་ལ་གཞི་དང་།བསམ་པ། སྦྱོར་བ། མཐར་ཐུག་བཅས་གང་ས་ནས་མི་འདྲ་བ་རེ་ཟུང་ཡོད་པས་ཧང་སང་ཡས་གང་ཡང་ཡོད་པ་
མ་རེད། རྩ་བའི་ཆ་ནས་གདན་ས་ཁག་དང་འདུས་སྡེ་ཚང་མའི་ལུང་ཆོས་སྡེ་སྣོད་གསུམ་གྱི་
འཆད་ཉན་གནང་ཡས་དང་། ལམ་བསླབ་པ་གསུམ་ལ་ཉམས་བཞེས་གནང་ཡས་ཚང་མར་བསམ་ཡུལ་ལས་འདས་པའི་
གྲུབ་འབྲས་ཐོན་བཞིན་པ་དང་བོད་ཀྱི་རྩ་དོན་ཐོག་ལེགས་སྐྱེས་འབུར་དུ་ཐོན་བཞིན་ཡོད་པ་དཔེར་མཚོན་ཙམ་ཞུས་ན། ཟས་བཅད་ངོ་རྒོལ་དང་། གོམ་བགྲོད་ལས་འགུལ་།། གཞུང་དམངས་ཚོགས་ཆེན་སོགས་ཀྱི་སྐབས་མཐུན་རྐྱེན་སྦྱོར་ཚུལ་སོགས་གང་ཅིའི་ཐད་ལེགས་
སྐྱེས་ཆེ་ཤོས་འཇོག་མཁན་དགོན་སྡེ་ཁག་ཡིན་པ་མངོན་གསལ་དོད་པོ་ཡིན་པ་དང་།། ལྷག་པར་སྐུ་ལུས་མེར་བསྲེགས་གནང་མཁན་བརྒྱ་ཆ་དགུ་བཅུ་བརྒལ་བ་གྲཱ་བཙུན་ཡིན་པས་ཕྱོགས་ཅིའི་ཐད་ནས་གཟིགས་རོགས་གནང་། བོད་ཀྱི་གཏམ་དཔེར།། ཧོར་ལ་རྒྱབ་པའི་དཀའ་ངལ་མ་མཐོང་། ཐུད་ཟ་བའི་སྐྱིད་ཉམས་མཐོང་། ཞེས་པ་ལས་མ་འདས་པས་གཞན་གྱིས་སྡོམ་པ་ག་ཚོད་མང་པོ་བསྲུུངས་གནང་གི་ཡོད་མེད་ཀྱི་ཕྱོགས་ནས་གཟིགས་ཏེ་དག་སྣང་སྦྱོང་བ་གལ་ཆེ་ལ། ངན་པ་རྒྱ་ཡན་དུ་མ་བཏང་བར་ཚར་གཅོད་རྒྱུ་ནི་དེ་བས་དལ་ཆེན་པོ་ཆགས་ཡོད་པས་དེ་
དོན་དགོངས་འཇགས་གནང་སྟེ་རང་ཐོག་ཏུ་མདངས་རྒྱག་རྒྱུ་ཤིན་ཏུ་གལ་ཆེ་འོ།།
བོད་མི་རིགས་སྤེལ་རྒྱས་བྱུང་ན་ཆོས་སྲིད་གང་ལའང་ཕན་པ་ལས་གནོད་པ་ནམ་ཡང་མ་མཐོང་། བཙན་གཡེམ་ལབ་ཡག་གི་སྐད་ཆ་དེ་ཚོ་དངོས་གནས་མ་རེད། ཆགས་པའི་དགོས་འཁོ་གང་ཡང་རུང་ན་དེ་ཡང་སྤྱོད་ན་གནས་སྐབས་ཕན་པ་ལས་གནོད་པ་ཅི་ཡང་མེད་པ་སོ་སོས་ཧ་གོ་བཞིན་ཡོད། ང་ཚོས་མཐོང་ཆོས་སུ། འཇིག་རྟེན་འདི་ཚང་མར་མིས་བདག་དབང་དང་མིས་བྱ་སྤྱོད་ཤ་སྟག་ལས་བྱུང་བ་རང་རེད། དེ་ལ་ཡང་དགེ་སྐྱོན་མང་པོ་ཡོད་པ་ཚང་མར་གནས་སྐབས་ཙམ་རེད། དེ་དག་ཧང་སང་དགོས་དོན་མི་འདུག དོན་ངོ་མ་མི་རིགས་འདི་ནམ་ཡང་མི་སྟོང་བའི་ཆེད་དུ་མི་རེད་ཕྲུ་གུ་རེ་བསྐྲུན་མ་ཐུབ་ན་མི་རིགས་འདི་སྟོང་བའི་གོ་ཆགས་ཤིག་ཡོང་བར་རྣམ་པ་ཚོས་ད་ལྟ་ནས་མཁྱེན་དགོས།
གནད་དོན་འདིའི་འབྱུང་ཁུངས་གཙོ་བོ་འདུལ་བའི་བཅས་མཚམས་ལ་སྣང་འཇོག་མ་བྱས་པར་གྲྭ་བ་བྱེད་འདོད་པ་གང་ཞིག་ཡིན་རུང་སྡོམ་པ་འབོག་རྐྱང་བྱས་པའི་སྐྱོན་རེད། ལྷག་པར་དུའང་དགོན་པ་ཚོས་གྲྭ་གྲངས་མང་ཉུང་ལ་འགྲན་བསྡུར་བྱས་པ་ལས་སྤུས་ཀ་ལ་དོ་སྣང་མ་བྱས་པས་ལན་པ་རེད། གནད་དོན་འདི་ཐག་ཆོད་དགོས་ན་ཐོག་མར་མཁན་རིན་པོ་ཆེ་རྣམ་པ་ཚོ་ནས་འགོ་འཛུགས་དགོས་པ་ཡིན་ཏེ། སྡོམ་པ་གནང་སྐབས་འདུལ་བའི་ལས་ཆོག་ལས་གསུངས་པ་ལྟར་སྣོད་དང་ལྡན་མིན་ལ་བརྟགས་ཏེ་ལག་ལེན་དུ་འདེབས་དགོས། དེ་ལྟར་བྱས་ན་གྲྭ་གྲངས་ཅི་ཙམ་ཉུང་ནའང་ཉུང་བ་དེ་སྤུས་ཀ་དག་པོ་ཞིག་ཡོང་བ་གདོན་མི་ཟ། དེང་སང་གི་གནས་སྟངས་འདི་ནི་མྱི་རྒོད་བཙོན་དུ་བཅུག་པ་ལྟ་བུ་དང་། སྤྱང་ལྟོགས་གཟེབ་ཏུ་བཙུད་པ་ལྟ་བུ་ཞིག་རེད། ངེས་འབྱུང་གི་གཞི་ཙམ་ཡང་མེད་པར་སྡོམ་པ་ཆགས་པའི་རྟེན་དུ་ག་ལ་རུང་།
བོད་མི་རིགས་འཕེལ་རྒྱས་བྱུང་ན་ཆོས་སྲིད་གང་ལའང་ཕན་པ་ལས་གནོད་པ་ནམ་ཡང་མ་མཐོང་། བཙན་གཡེམ་ལབ་ཡག་གི་སྐད་ཆ་དེ་ཚོ་དངོས་གནས་མ་རེད། ཆགས་པའི་དགོས་འཁོ་གང་ཡང་རུང་ན་དེ་ཡང་སྤྱོད་ན་གནས་སྐབས་ཕན་པ་ལས་གནོད་པ་ཅི་ཡང་མེད་པ་སོ་སོས་ཧ་གོ་བཞིན་ཡོད། ང་ཚོའི་མཐོང་ཆོས་སུ། འཇིག་རྟེན་འདི་ཚང་མར་མིས་བདག་དབང་དང་མིས་བྱ་སྤྱོད་ཤ་སྟག་ལས་བྱུང་བ་རང་རེད། དེ་ལ་ཡང་དགེ་སྐྱོན་མང་པོ་ཡོད་པ་ཚང་མར་གནས་སྐབས་ཙམ་རེད། དེ་དག་ཧང་སང་དགོས་དོན་མི་འདུག དོན་ངོ་མ་མི་རིགས་འདི་ནམ་ཡང་མི་སྟོང་བའི་ཆེད་དུ་མི་རེད་ཕྲུ་གུ་རེ་བསྐྲུན་མ་ཐུབ་ན་མི་རིགས་འདི་སྟོང་བའི་གོ་ཆགས་ཤིག་ཡོང་བར་རྣམ་པ་ཚོས་ད་ལྟ་ནས་མཁྱེན་དགོས།
བོད་ཀྱི་གྲྭ་བ་ཚོས་མི་ཚེ་སྐྱེལ་སྟངས་ཀྱི་གློག་བརྙན་ཞིག་བཟོ་འདོད་ཀྱི་འདུན་པ་ཤུགས་དྲགས་ཡོད། འོན་ཀྱང་གནས་སྐབས་སུ་ཆ་རྐྱེན་གྱི་དབང་གིས་འཆར་གཞི་ཙམ་དུ་ལུས་སོང་། མཐུན་རྐྱེན་སྦྱོར་མཁན་འདྲ་བྱུང་ན་རྣམ་པ་ཚོའི་སྤྱན་ལམ་དུ་གློག་བརྙན་དམར་པོ་ཞིག་འབུལ་ངེས་ཡིན།
སྨུ་ཐག་གི་བུ་རྒྱུད་ལགས།
གློག་བརྙན་དམར་པོ་ཟེར་བ་ཅི་ཡིན། གྲ་བའི་ཆགས་སྤྱོད་སྐོར་གྱི་གློག་བརྙན་འདྲ་ཟེར་བ་མིན་ནམ། མཐུན་རྐྱེན་བྱུང་ན་གློག་བརྙན་གྱི་རྒྱུ་ཆ་ཚང་ཡོད་དམ། གསུང་སྟངས་ལ་དཔག་ན་ཁྱོད་ཁྱོད་ཀྱིས་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་ཡོད་པ་འདྲ།
དོན་དག་འདི་ལ་གནད་འགག་ཆེན་པོ་འདུག་ཟེར་ན་གནད་འགག་ཆེན་པོ་མི་འདུག ཡང་ གནད་འགག་མི་འདུག་ཟེར་ན་གནད་འགག་འདུག
སྤྱིར་འདོད་ཁམས་ནས་སྐྱེས་པའི་མི་ཞིག་ཡིན་ན་འདོད་ཆགས་ཀྱི་ཉོན་མོངས་ཤུགས་ཆེ་ཕྱིར་སྟོན་པ་ཤཀྱ་ཐུབ་པས་དེ་འགོག་པའི་ཐབས་འདུལ་བ་གསུང་པ་ལ་ཁས་ལེན་དམ་བཅས་པ་ཚོས་ཚུལ་བཞིན་སྲུང་མ་ཐུབ་ན་རང་ངང་གིས་དགོངས་པ་ཞུས་ན་འགྲིག་གི་ཡོད་ས་རེད།
དེ་མ་ཡིན་ན། རང་སྐྱོན་རང་གིས་ངོས་ལེན་བྱེད་ན་གནད་འགག་ཆུང་དུ་འགྲོ་བ་དང་། རང་སྐྱོན་གཞན་གྱིས་འཚོལ་དུས་གནད་འགག་ཆེན་པོ་ཆགས་ངེས་རེད། རང་ཟེར་ན་ཕྱི་ཚུལ་དུ་འདོད་ཆགས་སྤངས་པའི་མི་ཚོ་ལ་ཟེར་གི་ཡོད། གཞན་ཟེར་ན་མི་རིགས་གཞན་དང་ཡང་ན་འདོད་ཆགས་སྤང་རྒྱུ་ཁས་ལེན་དམ་བཅའ་མེད་མཁན་ཚོར་ཟེར།
སྐད་ཆ་ཤོད་དུས་ནང་ཆོས་སྤྱི་དང་་དགོན་སྡེ་སྤྱི་ལ་ཤོད་ན་ཤོད་མཁན་གིས་རང་ཚོད་མ་ཐུབ་པ་རེད།
ཉོར་བཅོས་ཕྱོགས་གང་ཅིའི་ཐད་
ཅེས་དང་།
ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་སུ་བཅོས་གནང་རོགས་ཞུ།།
དབྱངས་ཨ་ངེས་པའི་ཀ་ཕྲེང་མུ་མཐུད་འགོད་ཡས་ནི།།
ཞཱ་བཟང་པཎ་ཞཱ་མནབ་ནས་མཚན་སྙན་མཁའ་ལ་རབ་འབར་ས་དགའ་བཀའ་དང་བཅས།།
ཟ་མ་ཕལ་པ་སྤྱད་ནས་སངས་རྒྱས་བསྟན་པ་བསྐྱངས་མཛད་རབ་མང་གངས་ཅན་སྐྱབས།། འ་ཅག་ཐ་མལ་གནས་ངན་དག་ལས་དྲངས་མཛད་དམ་པ་རབ་མང་གནས་ས་ལ།།
ཡ་མཚན་ངན་སྨྲས་ནམ་ཡང་མ་མཛད་རང་ལ་དཔགས་ནས་རབ་འབྱམས་བསྔགས་ན་
རང་གཞན་ཕན།།
ཞེས་བྱ་བ་ནི་བར་སྐབས་ཀྱི་བྱ་དཀའ་བའི་ཚིགས་བཅད་དོ།།
འདུལ་བའི་སྡེ་སྣོད་དེ། ཁྱིམ་པའི་ཀློག་མི་འོས་པའི་དགག་དགོས་མཁྱེན་བགྱིད་ཡོད་དམ། མཁྱེན་ན་་་་
རྨུ་ཐག་ལགས་ཀྱིས་གསུལ་ཚུལ་རྟགས་ན་གྲྭ་པར་སྐྱོན་བརྗོད་བྱེད་ཡག་གིས་གློག་བརྙན་ཞིག་བཟོ་བསམ་ཡོད་པར་ངར་ངར་ཤུར་ཤུར་ཡིན་པར་གསལ་བོ་རེད། ཡག་པོ་འདུག་གཅིག་བཟོས་དང་དང་པོ། དེ་ནས་རྔ་ལ་དཔགས་པའི་འཆམ་ཞིག་གྲྭ་པ་དེ་ཚོས་རྒྱག་གི་རེད། ཁྱེད་སྒུགས་ཤོག
ཕན་གནོད་ཀྱི་ཆ་མང་བ་ལ་འཛིན་དགོས་པ་ལས་དོན་ཆུང་འགའ་ལ་ཡ་མཚན་པ་ཀླད་མེད་ཚོ། དེ་ལྟར་བྱས་ན་མཐའ་ཨེ་ཡོད།།
དགོན་པ་ཁག་གི་ནང་དུ་བྱུང་བའི་བཙན་གཡེམ་གྱི་གནས་ཚུལ་འདི་གསར་པ་ཞིག་གཏན་ནས་མིན་ལ་མཇུག་ཀྱང་རྫོགས་མེད། འགའ་ཞིག་གིས་མངོན་གསལ་དོད་པོས་མངོན་གྱུར་གྱིས་བཙན་གཡེམ་བྱེད་བཞིན་པ་དང་། ཡང་འགའ་ཞིག་གིས་གཞན་ལ་སྡིགས་ར་བསྐུལ་ནས་གཞན་དེ་དགོན་པ་ནང་གནས་བཟོད་མི་བདེ་བ་བཟོ་བཞིན་པ་འདི་ཡིན། སྐྱོན་དེ་འགབ་ནས་ཕན་ཐོགས་མེད། འོན་ཀྱང་། བློ་ཕམ་པ་ཞིག་ལ་ནག་ཉེས་ཅན་འདི་དག་གིས་གསར་འགྱུར་དང་མཆན་འདི་དག་ཀློག་གིན་མེད་ལ། དྲ་ཚིགས་ཀྱི་གསར་འགྱུར་རིགས་ལ་དོ་སྣང་ཡང་གཏན་ནས་མེད་པ་འདི་ཡིན། ད་ནི་དཀོན་མཆོག་རང་ལ་སྐྱབས་བཅོལ་རྒྱུ་རང་རེད། དཀོན་མཆོག་གིས་བྱུང་བ་འདི་རིགས་གཏན་དུ་འགོག་རྒྱུར་རམ་འདེགས་སྨོན་འདུན་ཞུ་རྒྱུ་རང་རེད་སྙམ། གྲ་བ་ཉམས་ཆུང་དེ་ཚོ་ཨ་ཁ། ཅི་དྲག ཐོག་མར་གྲ་བ་བཟོ་འདོད་ཀུན་སློང་གཙང་མ་ཡོད་པ་ཞིག་ལ་ཕྱིས་སུ་མི་འདོད་བཞིན་དུ་གྲ་ས་ནས་དོན་དགོས་ཐུག་པ་ནི་ཇི་འདྲའི་ལས་ངན་ཞིག་རེད་ཨང་།
སྤྱིར་མཚན་མཐུན་ཆགས་སྤྱོད་ཟེར་བ་དེར་ཧང་སང་དགོས་གང་ཡང་མི་འདུག རང་ལ་འདོད་པ་ཡོད་ན་གཞན་ལ་མ་གནོད་པའི་ཐོག་ནས་རང་ལུས་འདོམ་གང་འདི་བེད་སྤྱོད་གང་འདྲ་བཏང་བཏང་རེད། འོན་ཀྱང་མཚན་མཐུན་ཡིན་ཀྱང་བཙན་གཡེམ་ནི་བཙན་གཡེམ་རང་རེད། ཁྲིམས་འགལ་རེད། བུ་མོ་ན་ཆུང་ཞིག་ལ་བཙན་གཡེམ་བྱས་ཚེ་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་མི་དེ་ལ་ཁྲིམས་ཆད་ཕོག་ངེས། འདི་ང་ཚོ་བོད་པའི་གྲ་བའི་སྤྱི་ཚོགས་ཡིན་ནའང་ཆ་རེད། བཙན་གཡེམ་ཟེར་བ་འདི་དངོས་གནས་ཁྲིམས་མེད་ལུགས་མེད་རེད། འདི་ལ་ཁྲིམས་ཀྱི་སྟངས་འཛིན་ངེས་པར་དུ་ཡོད་དགོས།
རྒྱ་མཚོ་དང་ཉེ་བའི་འདི་གའི་ཤིང་ནགས་གནས་སྡོད་བྱེད་མཁན་ཨ་ཕི་རི་ཀའི་མི་རིགས་ནག་པོ་དེ་ཚོ་ལོ་བརྒྱ་ཡི་སྔོན་ལ་འདིར་སྐྱབས་བཅོལ་དུ་ཡོང་བ་ཡིན་ཞིང་། ཁོ་ཚོ་ལ་ཁྱད་རྟགས་ཤིག་ཡོད་པ་ནི་མགོའི་སྐྲ་འཁྱིལ་ནས་ཉལ་བ་དེ་ཡིན་པས་ན་ཁོ་ཚོ་རྒྱ་གར་གྱི་མི་རིགས་ཤིག་མིན་པར་ཐག་ཆོད་པ་རེད། ཡིན་ཡང་ཁོ་ཚོའི་དུག་ལོག་དང་གོམས་གཤིས་རྣམས་རྦད་དེ་འགྱུར་ཚར་བ་རེད། ང་ཚོའི་བོད་པའི་ཁྱད་རྟགས་གྲྭ་བས་བཟུང་ཡོད་པ་རེད། དེ་མིན་ལུས་ཀྱི་སྟེང་ནས་རྒྱ་མི་རིགས་དང་ཐ་དད་དུ་འབྱེད་དགོས་ན་ཁག་པོ་རེད། གལ་ཏེ་བོད་པ་རྒྱ་ཁོངས་མ་ཡིན་པའི་སྒྲུབ་བྱེད་འགོད་དགོས་ན་དཀའ་ངལ་དེ་བས་ཀྱང་འཕྲད་སྲིད། མ་འོངས་བར་ཡང་དེ་དེ་བཞིན་དུ་བོད་པའི་གྲྭ་བ་ཡོད་པ་དེ་སྲིད་དུ་བོད་པ་ཡོད་ལ། ནམ་ཞིག་ན་བོད་པའི་གྲྭ་བ་མེད་སོང་ན་དེ་ནས་བོད་པ་ཡང་མེད་སོང་བ་རེད། བོད་པ་ཡོད་མེད་ཀྱི་འགག་རྩ་བོད་པའི་གྲྭ་བ་ལ་ཐུག །མ་འོངས་བའི་བོད་མི་རིགས་འདིའི་འཆི་གསོན་བོད་པའི་ནང་ཆོས་ལ་ཐུག །བོད་པའི་ནང་ཆོས་ཚུལ་བཞིན་སྐྱོང་མཁན་བོད་པའི་གྲྭ་བ་ལ་ཐུག །གྲྭ་བ་མེད་སོང་ན་ནང་ཆོས་མེད་འགྲོ །ནང་ཆོས་མེད་སོང་བ་ཡིན་ན་བོད་པའི་སྐད་ཡིག་མེད་འགྲོ །བོད་པའི་སྐད་ཡིག་མེད་སོང་ན་བོད་པ་མེད་འགྲོ ། དཔེར་གཅིག་བཞག་ན་ང་དགུ་ལོ་ནས་བཟུང་བོད་པ་མང་པོ་ཞིག་གིས་གོང་ས་མཆོག་ལ་བརྟེན་ནས་སྐྱབས་བཅོལ་དུ་ཡོང་བ་རེད། གལ་ཏེ་བོད་པས་གོང་ས་མཆོག་ལ་དེ་ཙམ་གྱིས་དད་གུས་མེད་རྒྱུ་ན་བོད་པ་སྐྱབས་བཅོལ་བ་སྔར་ནས་འཐོར་ཚར་བ་རེད། གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་སོང་ཚར་བ་རེད། །དེང་སང་འཛམ་གླིང་དུ་བོད་པ་ཟེར་དུས་སྐད་གྲགས་ཡོད་པ་དང་ཚང་མས་ཆ་འཇོག་བྱེད་པའི་དུས་འདིར་བླ་མ་དང་གྲྭ་བ་ལ་མཐོང་ཆེན་སྤྲད་ན་རང་གི་མི་རིགས་སྲུང་སྐྱོབ་དང་རིག་གཞུང་སྲུང་སྐྱོབ། གང་ཅིའི་ཐད་ནས་ཕན་པ་མ་གཏོགས་གནོད་པ་ཞིག་གང་ནས་ཡོད། །བོད་པ་ཞེས་འབོད་དུས་ལམ་སང་གོང་ས་མཆོག་མིག་ལམ་དུ་ཤར་འོང་བ་དང་བོད་པའི་གྲྭ་བ་ཚོ་སེམས་ནང་དུ་ཤར་འོང་བ་འདུག་ཅེས་ཕྱི་རྒྱལ་གྱི་མི་ཞིག་གིས་འདི་ལྟར་བརྗོད། བོད་པའི་ཆོས་དང་རིག་གཞུང་གི་འགན་གཙོ་བོ་བོད་པའི་བླ་མ་དང་གྲྭ་བས་ཁུར་ཡོད་པའི་རྐྱེན་གྱིས་རེད། བོད་པའི་དགེ་འདུན་པའི་སྡེ་ལ་རྒྱབ་སྐྱོར་བྱེད་ན་བོད་པའི་ཆོས་དང་རིག་གཞུང་ལ་རྒྱབ་སྐྱོར་བྱེད་པ་རེད། སྤུས་དག་པོ་ཞིག་ཡོང་མ་ཡོང་གནས་སྐབས་ཙམ་རེད།
གོང་གི་མི་དེ་བླ་མ་ལོག་འདོད་ཀྱིས་ཐབས་ལམ་བཙལ་བ་ཞིག་ཡིན་པ་གོར་མ་ཆགས། དེང་སྐབས་མི་མང་ཆེ་བས་སོ་སོའི་ནོར་འཁྲུལ་གཞན་གྱི་སྟེང་དུ་གཡོག་པ་ནི་རྒྱུན་གཏན་ཞིག་ཡིན། མ་གཞི་དགོན་པའི་ནང་མཚན་མཐུན་གྱི་འདོད་བདེ་ཉུང་ཙམ་སྤྱད་པའམ་དངོས་གསལ་མེད་པ་གནང་ན་བསྟན་པའི་མཛེས་རྒྱན་དུ་གྱུར་ངེས།
ང་ལ་འདིར་མི་རིང་བར་འགྲུབ་ལ་ཉེ་བའི་གློག་བརྙན་ཞིག་ཡོད། ལེའུ་ཉེར་ལྔ་པ་དེ་༼དགོན་པ། ཇག་ཚོགས་དམར་པོའི་མཚན་ཐུན།༽ཞེས་པ་དེ་ཡིན། དེའི་ནང་དུ་བོད་དུ་རྡོབ་རྡོབ་ཅེས་འབོད་ལ། མདོར་ན་གྲྭ་ཆུང་ཚོའི་ཆེད་དུ་རང་སྲོག་བློས་གཏོང་མྱོང་བའི་སེ་རའི་རྡོབ་རྡོབ་མིང་འདོག་ཏུ་རྡོབ་རྡོབ་ཁྲ་དཔོན་དང་གྲྭ་ཆུང་གསེར་ཉ་གཉིས་ཀྱི་སྐོར་ཡིན། ཁྲ་དཔོན་གྱིས་གསེར་ཉ་ཇི་ལྟར་རེག་ཚུལ་དང་། དེའི་ཆེད་དུ་དཀའ་ངལ་ཇི་རྒྱབ། རེག་རྗེས་ཁོང་གཉིས་ཀྱིས་འཁྲིག་སྤྱོད་སྤེལ་སྟངས། མདོར་ན་གློག་བརྙན་འདི་ནི་བོད་ཀྱི་དགོན་སྡེ་མང་པོའི་ནང་ཕོ་རྒྱོ་རྒྱག་ཚུལ་དངོས་དུ་གློག་བརྙན་དུ་བཟོས་ནས་བསྒྲིག་བཞིན་ཡོད། གློག་བརྙན་ནང་གི་འཁྲབ་སྟོན་པ་རྣམས་ཀྱིས་ཕྱི་གླིང་ནས་ཐོན་པའི་མི་སྤགས་གྱོན་ཏེ་འཁྲབ་ཡོད། དངོས་སུ་འཁྲབ་མཁན་རེ་ཡོང་བར་རེ་བ་ཆེན་པོ་བྱས་ན་ཡང་། ད་ལྟ་བར་རེག་མེད། ཁོ་བོར་ཡོད་པའི་བརྙན་པར་འཕྲུལ་ཆས་སྤུས་ལེགས་ཡག་པོ་དེ་ཙམ་མེད་ན་ཡང་། བོད་གྲྭ་བའི་སྤྱི་ཚོགས་ཀྱི་གསང་བ་ཕྱི་རུ་སྟོན་པ་ལ་འཛམ་གླིང་ཐོག་ཁྱབ་བསྒྲགས་ཡག་པོ་ཞིག་བྱ་ཐུབ་པར་གདོན་མི་ཟ། ལྷན་རྒྱས་ཚོས་དེའི་སྒང་དུ་བསམ་ཚུལ་སྤེལ་བ་དང་། ཕྱོགས་གང་ཐད་ནས་དངོས་ཡོད་ལ་རྒྱབ་སྐྱོར་དང་ལོག་བཤད་ལ་ཡོ་བསྲང་གནང་རྒྱུ་ངའི་རེ་བ་ཡིན། །
གོང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས། རྡོ་དམྱལ་མེ་ནང་ལ་དགའ་ན།།བཙུན་ཆུང་རུམ་བསྡོང་ལ་རེམ་ཞིག །ཅེས་གསུངས་སོ།
ཧ་ལས་ཧང་སངས་དགོས་དོན་གང་ཡང་མེད། རྒྱ་མཚོའི་ནང་ལ་ཆོས་སྲིང་རེ་གཉིས་ཡོང་སྲིད་པ་རེད། གཅིག་གིས་འབུམ་ནག་པོ་བཟོ་མི་ཐུབ།
མིག་བརྒྱད་པ་ལ་ཞུ་རྒྱུ་་་་་ཆོས་བརྒྱུད་ཁག་གི་ཕྱོགས་རུས་མ་གླེང་ཡག
བཀའ་བརྒྱུད་དང་རྙིང་མ་ཟེར་ན་ཧ་ཅང་ཡག་པོ་མེད། ཡིན་ནཡང་དགེ་ལུགས་ལ་གཙང་མ་ཞིག་ག་ལ་ཡིན་་་སྔོན་ཆད་དཔའ་རིས་རབ་གསལ་དང་འཇུ་མི་ཕམ་གཉིས་ཀྱི་རྩོད་པའི་སྐབས་ལ་དཔའ་རི་རབ་གསལ་གྱི་དགེ་ལུགས་གཙང་རབ་བཤད་དུས་མི་ཕམ་པས་་་་་་་ཡབ་གྱི་ཡུམ་ལ་སྤྱད་པ་སངས་རྒྱས་ལུགས། ཡབ་གྱི་ཡབ་ལ་སྤྱད་པ་གང་གི་ལུགས།། ཅེས་གསུངས་ཡོད།
ནང་ཆོས་ཀྱི་ལྟ་བ་ཟེར་ན། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་པའི་ལྟ་བ་ཞིག་རེད། ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། ལྟ་ལོག་ཅེས་པའི་ལྟ་བ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། དཀོན་མཆོག་གསུམ་མེད་པར་ལྟ་མཁན་གྱི་གང་ཟག་དེ་ལ་ལྟ་ལོག་ཞེས་བརྗོད་ཀྱི་ཡོད།
སངས་རྒྱས་ཀྱི་ཆོས་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་གཙོ་སེམས་ཀྱི་དགེ་བ་གཙོ། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་བཤད་ན། ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་གྱིས་གནོན་པ་ལྟ་བུ། དགེ་སློང་ལེགས་སྐར་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོས་སྟོན་པའི་སྐུ་ལུས་ཀྱི་འོད་ཟེར་འདོམ་གང་བོ་དེ་མ་གཏོགས་སངས་རྒྱས་ཀྱི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་ནི་ཁོང་རྟེན་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
དེར་བརྟེན་རང་ཉིད་འཇིག་རྟེན་འདི་ན་བསླུ་བ་མེད་པའི་བློ་འཁེལ་སའམ་བློ་བརྟེན་ས་ཞིག་ངེས་བར་ཡོད་དགོས་ཏེ། དེ་མིན་གང་ཡང་མ་ཡིན་ཅི་ཡང་མི་ནུས་པ་ཞིག་ལ་བློ་གཏད་པ་ཡིན་ན་འགྱེལ་བ་འགྱེལ་བ་ལ་བརྟེན་པ་ལྟར་ཕན་ཐོགས་དཀའ་བས་ན། སྐྱབས་འགྲོ་དགོས་པའི་རྒྱུ་མཚན་དེ་རེད། བསླབ་པ་གསུམ། ཐོས་བསམ་སྒོམ། ལྟ་སྒོམ་སྤྱོད་གསུམ། འཆད་རྩོད་རྩོམ་གསུམ་གྱི་རིམ་པ་མཐའ་ལས་འདས་པ་ཞིག་ཡོད་ཀྱང་བསླབ་པ་གསུམ་གྱི་ཡོན་ཏན་ནང་དུ་མ་འདུས་པ་མེད། དེང་སང་གི་བརྗོད་སྟངས་ལྟར་བྱས་ན་ལྷག་པ་ཚུལ་ཁྲིམས་ནི་རང་ཚུགས་ཅན་དང་ལྷག་བསམ། ཚུལ་ལྡན། ཡ་རབས་ལ་གོ། ལྷག་པ་ཤེས་རབ་ནི་ཤེས་ཡོན་དང་དཔྱོད་ཤེས་ཀྱི་ནུས་པ། མང་དུ་ཐོས་བ། བསམ་བློ་ཕུལ་དུ་བྱུང་བ་ལ་གོ། ལྷག་པ་ཏིང་ངེ་འཛིན་ནི་སེམས་བརྟན་པོ་དང་རྕེ་གཅིག་པ། རྣམ་གཡེང་མེད་པ་ལ་གོ་སྟེ་འདིའི་ལྷག་པ་ཞེས་པའི་ལྷག་རྒྱུའི་དོན་ནི་འཇིག་རྟེན་ཕལ་བ་དང་མུ་སྟེགས་ཅན་ལས་ལྷག་པས་ན་དེ་ལྟར་བརྗོད། མདོར་ན་ལྟ་སྒོམ་སྤྱོད་གསུམ་མ་ཚང་བ་མེད་པར་སྟོན་པའི་རིག་པའི་གཞུང་ལུགས་ལ་སྡེ་སྣོད་གསུམ་ཞེས་ཡོངས་སུ་གྲགས་པ་ལྟར་རེད།
བསྟན་དགྲ་ཚར་མ་བཅད་ན་བསྟན་འཛིན་སངས་རྒྱས་མི་ཐུབ་ཟེར་བ་ལྟར་ཁྱོད་ཚོའི་དམིགས་འབེན་གཙོ་བོ་དགོན་སྡེ་གྲྭ་ཚང་ཡིན་པ་འདྲ། དགོན་པ་དང་མི་དམངས་ཀྱི་བར་དཀྲུགས་ཤིང་བྱས་ནས་ཁྱོད་ཚོའི་བསམ་དོན་ནམ་ཡང་འགྲུབ་སྲིད་ཀྱི་མ་རེད། ཐན་ལྟོས་ཁྱོད་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་དགོན་པ་གྲྭ་ཚང་གི་ཡོན་ཏན་མ་ཤེས་བར་སྐྱོན་རེ་ཟུང་གི་སྣེ་མོ་འཇུས་ནས་ག་དུས་ཡིན་ཡང་གདན་ས་ཁག་ལ་སྙོན་འཛུགས་དང་སྒྲོ་འདོགས། གཏོར་ཅི་ཐུབ་བྱོས།
གྲོགས་པོ་ཚོ། ང་ཚོའི་དགོན་སྡེ་ཚོར་ཕོས་ཕོ་ལ་གཡེམ་པ་མང་བ་འདི་ང་ཚོའི་སུམ་རྟགས་རྩ་བ་རྩོམ་པའི་དུས་ནས་བོད་ལ་ཁྱབ་བརྡལ་དར་སྲོལ་ཆེན་པོ་ཡོད་ས་རེད་གོ། རྟགས་འཇུག་གི་ནང་ན་ཡི་གེའི་འཇུག་ཚུལ་བཤད་དུས་ཕོ་ཕོ་ལ་འཇུག་པ་དང་མོ་མོ་ལ་འཇུག་པ་ཕོ་མ་ནིང་ལ་འཇུག་པ་སོགས་ཐ་སྙད་ཁྱད་མཚར་འཛམ་གླིང་གི་བརྡ་སྤྲོད་པ་གང་གི་ལུགས་ལ་ཡང་མེད་པ་དེ་འདྲ་མང་པོ་སྦྱར་མི་འདུག་གམ།
མཁྱེན་ལྡན་སྐུ་ཞབས་མིག་བརྒྱད་པས་རབ་བྱུང་དང་ཁྱིམ་པའི་དགེ་བ་བསྒྲུབ་པའི་ཕན་ཡོན་ཆེ་ཆུང་ཡོད་སྐོར་སྤྱོད་འཇུག་གི་ལུང་། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་པ་ཞིག་དྲངས་པ་དེ་བུ་གུའི་སྟེང་ལ་ལྷན་པ་འབྱོར་མ་སོང་། སྤྱོད་འཇུག་ལས་གསུངས་པའི་རྒྱལ་བའི་སྲས་ཞེས་པ་དེ་མཐའ་གཅིག་ཏུ་མོ་ཁྲིམས་སྲུང་བའི་གྲྭ་བ་ཙམ་ལ་ཟེར་གྱིན་ཡོད་པ་མ་རེད། རྒྱལ་བའི་སྲས་ཀྱི་ནང་ན་སྐྱ་སེར་གཉིས་ཀ་ཡོད་ཆོག་པ་རེད། ལྷག་པར་བྱམ་པ་དང་འཇམ་དཔལ་སོགས་ཐེག་ཆེན་པའི་བཀའ་བསྡུ་མཛད་མཁན་ནས་མི་སྐྱ་དེ་ཚོ་རེད། འཇམ་དབྱངས་ལྟ་བུ་ཡིན་ན་རྒྱལ་པོ་མ་སྐྱེས་དགྲ་ཚང་གི་བཙུན་མོ་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད།
མོ་ཁྲིམས་སྡོམ་སྲོལ་འདི་སངས་རྒྱས་རང་གིས་གསར་བཏོད་བྱས་པ་ཞིག་མ་རེད། འཛམ་གླིང་སྟེང་གི་མོ་ཁྲིམས་སྡོམ་མཁན་སྔ་ཤོས་དེ་རྒྱ་གར་གྱི་བྲམ་ཟེ་མུ་སྟེགས་པའི་ལུགས་རེད། སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེའི་ལམ་ལུགས་མང་པོ་ཞིག་སངས་རྒྱས་རང་ཉིད་ཀྱི་མི་འདོད་བཞིན་དུ་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་བྲམ་ཟེ་མུ་སྟེགས་པའི་བསླབ་ཁྲིམས་དང་ཕྱོགས་མཚུངས་བཟོ་དགོས་བྱུང་བ་རེད། ལྷག་པར་ཡང་འདུལ་བའི་ལུགས་མང་པོ་ཞིག་རེད། དཔེར་ན་དབྱར་གནས་པ་ལྟ་བུ་ཡིན་ན་ཡང་མུ་སྟེགས་པ་ལ་ཐོག་མ་ནས་ཡོད། སངས་རྒྱས་པ་ལ་མེད་དུས་མང་ཚོགས་ཀྱིས་སངས་རྒྱས་ལ་དབྱར་གནས་ཙམ་ཡང་མི་འདུག་ཟེར་ནས་ཁ་བཏང་བས་སངས་རྒྱས་ཀྱིས་དབྱར་གནས་འཛུགས་དགོས་བྱུང་བ་རེད།
ཨ་རོགས་ཚོ། གྲྭ་པའི་སྐྱོན་ཐེར་འདོན་བྱེད་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་ནས་སྡང་བ་ཞིག་ཡིན་མིན་གཉིས་ཡོད་ཀྱི་རེད། དེ་མེད་ན། སྟོན་པས་ཆོས་ཀྱི་ཚིགས་སུ་བཅད་པ་ལས། ངུར་སྨྲིག་སྐེད་ལ་དཀྲིས་གྱུར་ནས། །སྡིག་པའི་ཆོས་ཅན་མ་བསྡམས་པ། །སྡིག་ཅན་དེ་དག་ཕལ་མོ་ཆེ། །སྡིག་པའི་ལས་ཀྱིས་དམྱལ་བར་སྐྱེ། །ཞེས་གསུངས་པ་འདི་ལ་ཡང་དོགས་པ་སྐྱེ་དགོས་པའི་ཚོད་དུ་སྣང་། བླ་མ་ཀ་ལུའི་ཡང་སྲིད་འདིས་བདེན་པའི་སྐད་ཆ་ཞིག་ལབ་འདུག་པས། གྲུབ་མཐའ་སྨྲ་བ་ཞིག་ཡིན་ན་སྐད་ཆ་བདེན་པར་ཉན་དགོས་པ་རེད། སྔོན་ཆད་བླ་མ་ཡེ་ཤེས་ཀྱི་ཡང་སྲིད་གྲྭ་པ་ལོག་པའི་གཞུག་ནས་དགོན་པའི་ནང་དུ་སྡོད་པ་དེ་ནི་རྫུན་གྱི་ཁྲོད་དུ་འཚོ་བ་དང་གཅིག་པ་རེད་ཅེས་བཤད་པ་དེ་ཡང་ཁོ་རང་ཉིད་གྲྭ་པ་བྱས་ནས་སྡོད་འདོད་མེད་པའི་མི་ཚེ་དང་སྦྱར་བ་ཡིན་ན་སྐད་ཆ་བདེན་པ་བདེན་རྐྱང་ཞིག་མ་རེད་དམ། གྲྭ་པ་བྱེད་མཁན་ཚང་མ་ཐར་པ་དོན་གཉིས་ཀྱིས་བསྐུལ་བ་ཞིག་མིན་པར། ཕ་མས་ཕྲུ་གུ་གསོ་འདོད་མེད་པར་གྲྭ་སར་བརྫངས་བཞག་པ་ཧ་ཅང་མང་བས། དེ་ཚོ་མང་པོ་ཞིག་ལ་དགེ་ཚུལ་སློང་གི་སྡོམ་པ་ཅི་ཡང་མེད་པ་དང་། ཡང་དགེ་ཚུལ་སློང་གི་སྡོམ་པ་རེ་རང་འདོད་དང་ཡང་ན་སྤྱི་ཚོགས་ཀྱི་འགྲོ་སྟངས་བཞིན་ཁས་ལེན་བྱས་ཡོད་ཀྱང་། ཉོན་མོངས་ཤུགས་དྲག་པས་སྙིགས་དུས་སུ་དམ་སྡོམ་སྲུང་རྒྱུ་ཧ་ཅང་ཁག་པོ་ཡིན་པས། ལྷག་མ་བཅུ་གསུམ་དང་འགལ་མཁན་ཡོད་པ་ལ་ཧང་སངས་མི་དགོས་པ་དང་། དེང་སྐབས་གསང་སྔགས་ཀྱི་དཀྱིལ་འཁོར་གཉན་པོ་ཕྱི་གླིང་པ་ཆོས་སྒྲ་རྣ་བས་ཐོས་མ་མྱོང་བ་དག་གི་མདུན་སར་ཁྲོམ་སྟོན་གྱིས་དགོན་པའི་ཡོང་སྒོ་འཚོལ་བ་སོགས་ལ་དཔགས་ན། ཕོ་རྒྱོ་འདི་ཡང་མདོ་ཕྱོགས་ནས་དེ་འདྲའི་ཉེས་པ་ཚབས་ཆེན་རང་དུ་མི་འགྲོ་ཡང་། འཛམ་གླིང་སྤྱི་སྲོལ་གྱི་དབང་དུ་བྱས་ན་ལོ་ཆུང་དག་ལ་འདོད་པ་ཡོད་བཞིན་དང་མེད་བཞིན་གཉིས་ཀར་ཕོ་རྒྱོ་བརྒྱབ་ན་ནག་ཉེས་ཆེ་བར་རྩི་བཞིན་འདུག་པས། ཕོ་རྒྱོ་རྒྱག་མཁན་ཐམས་ཅད་དགོན་པ་གྲྭ་ཚང་ནས་གནས་དབྱུང་གཏོང་དགོས་སམ། ཡང་ན་ཕོ་རྒྱོ་རྒྱག་ས་དེའི་ལོ་ཚོད་ལོ་བཅོ་བརྒྱད་ཡན་ཆད་ཡིན་ན་ཆོག་པའི་གཏན་འབེབ་ཅིག་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཕྲུ་གུ་ལོ་ཆུང་ལ་ཕོ་རྒྱོ་རྒྱག་པ་འདིས་ཡེ་ཤུའི་བླ་ཆེན་མང་པོ་ཞིག་ཁྲིམས་སར་བསྐྱལ་དང་སྐྱེལ་བཞིན་པ་ལྟར། རང་རེའི་བླ་སྤྲུལ་དང་མཁན་པོ་དགེ་བཤེས་ཆེ་ཆེ་རྫིག་རྫིག་མང་པོ་ཞིག་ཀྱང་ཉི་མ་གཅིག་བཞུགས་བཟོད་མི་བདེ་བའི་ཚད་དུ་སྐྱེལ་ཉེན་འདུག་ན། ད་ལྟ་ནས་ཆོས་འདུལ་བ་ལ་ས་བཅད་གསར་པ་ཞིག་བཟོས་ཏེ་ཕོ་རྒྱོའི་ལོ་ཚོད་གཏན་འབེབ་བྱེད་དགོས་གལ་ཆེ་བར་མཐོང་། དེ་མ་གཏོགས་ཉི་མ་གཅིག་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་སྦེ་སྦེ་སི་དང་སེ་ཨེན་ཨེན་ལྟ་བུ་ཞིག་ནས་བོད་ཀྱི་ཕོ་རྒྱོ་འདི་ཕྱིར་བསྒྲགས་ལན་གཅིག་བྱས་ཚེ། བོད་ཀྱི་སེར་མོ་བ་དག་གི་སྦྱིན་བདག་དད་པ་ཅན་དང་སློབ་མ་རིགས་པ་ཅན་འདི་དག་ཀྱང་ཉི་མ་འགའ་ཤས་ནང་གྲངས་འབོར་ཉུང་དུ་དགའ་རབ་ཅིག་མི་འགྲོ་བའི་ངེས་པ་མི་འདུག
ང་ཚོས་ཐོག་མར་མོ་ཁྲིམས་སྡོམ་པའི་དཔེ་ལྟ་ས་བྲམ་ཟེ་མུ་སྟེགས་པ་མོ་ཁྲིམས་སྡོམ་མཁན་ཚོའི་གྲས་ན་་ཕོ་མཚན་ལྕགས་དྲྭའི་ནང་དུ་བཅུག་ནས་སྒོ་ལྕགས་རྒྱག་དགོས་བྱུང་བ་རེད། དེ་བཞིན་དུ་འཛམ་གླིང་སྤྱི་ཚོགས་ལོ་རྒྱུས་སུ་ཁྱོ་ག་ཕྱི་ལོགས་སུ་འགྲོ་སྐབས་བཟའ་ཟླའི་མོ་མཚན་ལྕགས་དྲས་བསྡམས་ནས་སྒོ་ལྕགས་བརྒྱབ་པའི་གནས་ཚུལ་བྱུང་འདུག ད་ང་ཚོའི་དགོན་སྡེ་ཚོས་ཀྱང་ལག་ལེན་དེ་བཏབ་ན་མ་གཏོགས་མཇེ་ངན་འདི་ཚོ་ལས་སླ་པོ་ཡོད་པ་མ་རེད། འདི་ཚོ་ལ་མོ་ཁྲིམས་བསྡམས་པ་ཙམ་བྱས་རུང་རང་གར་འདུག་གི་མ་རེད།
ངས་བོད་ཀྱི་དགོན་པའི་ནང་དུ་བུ་ཆུང་བཙན་གཡེམ་གྱི་སྲོལ་རྒྱུན་གདུག་པ་ཅན་ཡོད་སྐོར་མཐོང་ཐོས་ཡོང་དུས་མཁས་དབང་དགེ་ཆོས་ཀྱི་གསུངས་པའི། འོས་ལས་རྣམས་དངོས་སུ་བཀག་ན་ཡང་༎མི་འོས་ལས་རྣམས་ལྐོག་ཏུ་བྱེད་ངེས་པས༎ ཡིན་ནམ་ཞིག་གསུངས་ཡོད་པ་ལོས་བདེན་བསམ་ཡོང་གིན་འདུག
སྐད་ཆ་དྲང་པོར་བཤད་ན་ངས་ནི་མཚམས་ལ་བལྟས་ན་བོད་ཀྱི་དགོན་སྡེ་འདི་ཚོ་ཡོད་མེད་ལ་ཁྱད་པར་ཅང་མེད་པ་ལྟ་བུ་མཐོང་གིན་འདུག དགོན་སྡེ་འདི་ཚོས་གནའ་ནས་ད་བར་དུ་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་གནོན་ཤུགས་སྤྲོད་པ་གཉིས་བསྡུར་ཡོང་ན་དཀའ་ངལ་སྤྲད་པ་མང་བ་ལྟ་བུ་འདུག ང་ཚོའི་དགོན་སྡེའི་སྒྲིག་འཛུགས་ལམ་ལུགས་འདི་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་རེད་ཟེར་དགོས་ན་ཁག་པོ་རེད་འདུག དགོན་སྡེའི་སྒྲིག་འཛུགས་ལམ་ལུགས་འདི་ཆབ་སྲིད་དང་དཔལ་འབྱོར་འཚོལ་སྡུད་པའི་སྒྲིག་འཛུགས་ཤིག་རེད།
སྒོ་སྲས་ལགས། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་གསུངས་པ་ལྟར། དགོན་པར་བུད་མེད་འདུག་ན་བཀའ་བརྒྱུད་པ་ཡིན་པའི་རྟགས།།ཞེས་དང་། སྐྱོ་རོགས་བཙུན་ཆུང་ལ་མ་བཅོལ་ན་དགེ་ལུགས་པ་ཡིན་པ་བུད།།ཞེས་གསུངས་པ་དེ་ཚོ་ཕྱོགས་རིས་ཀྱི་སྐད་ཆ་མིན་པ་ཤེས་བར་གྱིས། བཅོམ་ལྡན་འདས་ཞལ་བཞུགས་དུས་ནས་གླེང་གཞི་མེད་ན་དགག་སྒྲུབ་གནང་གསུམ་གྱི་བཅས་པ་མཛད་དོན་མེད་ག །ལྟ་བ་ཉམས་སོང་ན་ཚུལ་ཁྲིམས་ཉམས་པ་ལས་ཀྱང་སྐྱོན་ཆེ་བར་ལམ་རིམ་ཆེན་མོར་གསུངས། བཅོམ་ལྡན་འདས་ཀྱིས། ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་།།འཇིག་རྟེན་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།།ཞེས་གསུངས་པ་ལྟ་བའི་ཆ་ནས་མིན་ན་ཅི་ཞིག་ཡིན། མི་ཚེ་སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱས་ནས་གལ་ཏེ་གྲྭ་བ་ལོག་སོང་ནའང་ལྟ་བ་མ་ཉམས་ན་སྐྱོན་དེ་ཙམ་མེད་པ་རེད། དགེ་སློང་རྟགས་ཙམ་འཛིན་པ་ལའང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་འཇོག་དགོས་པ་སྐྱབས་འགྲོའི་བསླབ་བྱ་རེད། རྒྱུ་མཚན་ནི་དམ་པའི་ཆོས་ཀྱིས་རང་གཞན་ཀུན་ལ་ཕན་པ་དང་བདེ་བ་སྒྲུབ་པའི་ཐབས་འབའ་ཞིག་སྟོན་པས་དེ་སུ་ཞིག་ལ་མངའ་ན་དེ་ནི་མི་གཙང་བས་སྦགས་ཀྱང་ཟ་མ་ཏོག་ལྟ་བུ་རེད། མགོ་ལ་རལ་བ་བཞག །ལུས་ལ་ཆོས་གོས་གྱོན། བུད་མེད་ཉར་ནས་ཆོས་པ་ཡིན་ཟེར་མཁན་དེ་ཚོ་ལ་སློབ་དཔོན་བཀའ་དྲིན་ཅན་གྱིས། ལྐོག་ཏུ་ཤ་ཆང་བུད་མེད་བསྟེན།།བོད་བཙུན་རྣམས་དང་ང་མི་མཐུན།།ཞེས་བཀའ་ཐང་ལས་གསུངས་པ་ལྟར་རོ།།
ད་ནི་བོད་མི་རེ་ངོ་རེ་ངོ་མ་ནང་པ་སངས་རྒྱས་པ་ཞིག་བྱེད་བསམ་ན་སྟོན་སངས་རྒྱས་ཀྱི་བསླབ་བྱ་ངོ་མ་དང་ཁོང་གི་དགོངས་དོན་ངོ་མ་དེ་རང་རང་གིས་རྙེད་ཐབས་བྱ་དགོས་པ་མ་གཏོགས་དགོན་སྡེའི་སྒྲིག་འཛུགས་འདི་ཚོར་རེ་བ་བརྒྱབ་ན་གང་ཡང་ཡོང་ས་མ་རེད། འདི་ཚོས་ཞལ་འདེབས་བསྡུ་འགྲོ་གི་རེད། ཞལ་འདེབས་མང་པོ་སྤྲོད་རོགས་དང་བསོད་ནམས་ཆེན་པོ་འབྱུང་རྒྱུ་ཡིན་པའི་གསལ་བསྒྲགས་བྱེད་ཀྱི་རེད། ཁོང་ཚོ་ལ་གུས་བཀུར་མ་བྱས་ན་དམྱལ་བར་སྐྱེ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་རེད། དེ་གཉིས་ནི་ཁོང་ཚོའི་སྒྲིག་འཛུགས་འདི་བརྟན་གནས་ཡོང་བའི་ཐབས་ཤེས་ཡོད་ན་མེད་ན་དེ་རེད། དགོན་སྡེའི་ནང་གི་གྲྭ་བ་ཚོས་བོད་མི་མང་ཚོགས་ཁྲོད་ལ་ཆོས་ཀྱི་བསླབ་བྱ་ངོ་མ་བྱས་པ་དཀོན་པོ་རེད། དྲང་པོར་བཤད་ན་དགོན་སྡེའི་ལམ་ལུགས་ཀྱི་སྲོལ་རྒྱུན་གྲྭ་བ་འདི་ཚོས་སངས་རྒྱས་ཀྱི་ཆོས་ངོ་མ་ཞིག་ཅང་ཤེས་གི་ཡོད་མེད་ཀྱང་མི་ཤེས། ཁོང་ཚོར་ཤེས་ཡོན་ཞིག་ཡོད་པ་དེ་ག་རེ་ཡིན་ན་ཡང་མང་པོ་ཞིག་ངག་སྐྱོར་གཏང་ནས་བསྐྱར་བཟློས་ཡང་བཟློས་བྱ་རྒྱུ་དེ་རེད།
གྲྭ་བ་ལོག་མཁན་ཚོའི་ལྟ་བ་ལོག་ཐུབ་དགོས། ལྟ་བ་ལོག་མ་ཐུབ་ན་གྲྭ་བ་ལོག་རུང་ཅི་སྲིད་འཚོ་ཡི་བར་དུ་དགོན་སྡེའི་ལམ་ལུགས་ཀྱི་ཚེ་གཡོག་ཡིན། ངས་ངོ་ཤེས་པ་ཏྲེ་ཧོར་ཁམས་ཚན་གྱི་གྲྭ་ལོག་ཁ་ཤས་ཕྱི་རྒྱལ་དུ་ཡོད། ཕྱི་རྒྱལ་ནས་བསག་པའི་དངུལ་ཚང་མ་ཕྱིར་རང་གི་ཁམས་ཚན་གཏོང་འཇོག་གི་རེད། ཁོང་ཚོ་གྲྭ་བ་ལོག་ཐུབ་རུང་ལྟ་བ་ལོག་མ་ཐུབ་པའི་སྐྱོན་རེད། གྲྭ་བ་ལོག་ན་ལྟ་བ་ཐུབ་དགོས། གྲྭ་བ་ལོག་ལ་ལྟ་བ་ལོག་མ་ཐུབ་མཁན་དེ་ཚོ་ཡང་སྐྱ་མིན་སེར་མིན་གྱི་རིགས་གཅིག་རེད།
ཐོག་མར་སོ་སོའི་ངོ་དེབ་ནང་འཛུལ་རྗེས་དྲ་བྱང་ནང་http://www.facebook.com/photo.php?v=235712606496305&set=vb.100001727022809&type=2&theater བཙལ་ན་རྙན་འཕྲིན་དེ་ལ་ལྟ་ཐུབ། སེམས་སྐྱོ་བ་ཞིག་རེད། ན་ཆུང་གཞོན་སྐྱེས་དེ་ཚོ་སྙིང་མ་རྗེ།
First sign in your Facebook and the Insert http://www.facebook.com/photo.php?v=235712606496305&set=vb.100001727022809&type=2&theater in the Website and you will see His Message
འདི་ནས་རྙན་འཕྲིན་ལ་ལྟ་ཐུབ། http://www.youtube.com/watch?v=zD0gpJ9VoHA
སྤོབས་པ་མཐའ་ཡས་སྟོན་པ་སངས་རྒྱས་ཀྱིས་དགེ་སློང་ཕ་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཅས་དོན། བྲམ་ཟེ་མུ་སྟེགས་པ་དང་ཁྱིམ་པས་ཁ་བཏང་བ་ཙམ་འགོག་བྱེད་མ་ཡིན་པ་ཁྲིམས་ལྔ་བཅུ་རྩ་གསུམ་རེ་རེ་སྲུང་པའི་དངོས་ཀྱི་དགོས་པ་དང་བརྒྱུད་པའི་དགོས་པ་གང་དང་གང་ཡོད་མིན་ཁྱེད་རང་ནང་པ་ཞིག་དང་རྣམ་དཔྱོད་ཅན་ཞིག་ཡིན་ན། བཅོམ་ལྡན་འདས་ཀྱིས་གསུང་འདུལ་གཞུང་དང་སློབ་དཔོན་ཡོན་ཏན་འོད་ཀྱིས་གསུང་འདུལ་བ་མདོ་རྩ་བ་དེའི་འགྲེལ་པ་སློབ་དཔོན་ཆོས་ཤེས་ཀྱིས་མཛད་པ་འདུལ་བ་རྒྱ་ཆེ་འགྲེལ་སོགས་ཀློགས་དང་། བསོད་དམན་ཁྱོད་ལ་བག་ཆགས་ཅུང་ཟད་ཡོད་ན་རྫུན་ཁོ་ནས་ལོག་བཤད་བྱ་མི་དགོས་ཤེས་སོང་ངམ།། །།
དགོན་སྡེའི་ནང་ལ་ཟླ་རེར་གསོ་སྦྱོང་ཐེངས་གཉིས་ནང་ལ་རྩ་བ་བཞི་ལས་མ་བརྒལ་བའི་བཅས་པའི་ཁ་ནམ་མ་ཐོ་བ་ཐམས་ཅད་མི་དག་པ་གཅིག་ཀྱང་མེད་ཀྱང་། ཕྱི་ལོགས་ཁྱིམ་པ་དང་། ལྷག་པར་གསར་འགྱུར་སོགས་ལ་ཧ་ཅང་མ་འཛེམ་ན་རང་གཞན་ཚང་མ་ངོ་ཚ་བའི་གནས་སུ་གྱུར་པས། ཉེས་ཅན་རྣམས་ཀྱིས་གཟབ་གཟབ་བྱེད་མ་ཐུབ་ཀྱང་། ང་ཚོ་ཤོད་མཁན་རྣམས་ཀྱིས་དེ་བས་ཀྱང་། ཤོད་ས་མ་ནོར་བ་ཅིག་ཚང་མས་གཟབ་དགོས་པ་མི་་འདུག་གམ།
ཀ་ལུ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ནང་ཚན་བཀའ་བརྒྱུད་པའི་བླ་མ་ཉམས་རྟོགས་ཀྱིས་ཕྱུག་པ་ཞིག་ཡིན་པ་མ་ཟད་༸གོང་ས་ཐམས་ཅད་མཁྱེན་པ་གཙོས་ས་དགེ་བཀའ་རྙིང་བླ་མ་མང་པོས་དབང་ལུགས་ཞུ་ཡུལ་དང་གུས་བཀུར་བྱེད་ས་ཞིག་ཀྱང་ཡིན། གལ་སྲིད་ལས་རྒྱུ་འབྲས་ཁས་ལེན་མཁན་ཞིག་ཡིན་ན་དམ་པའི་སྐྱེས་བུ་དེ་འདྲ་ཞིག་འདི་ལྟ་བུའི་ངོ་ཚ་ཙམ་ཡང་མེད་པའི་སྐྱེ་བོ་ཐ་ཤལ་ཞིག་ཏུ་འགྱུར་སྲིད་དམ། ད་དུང་ཁོ་ཡིས་ཕ་རྒན་ལ་བརྩེ་བ་ཡོད་རབས་དང་དེ་ཉིད་ཤི་བར་སེམས་པ་སྐྱོ་འདོག་བྱེད་ཀྱིན་འདུག་མོད་ད་ལྟར་ཁོ་རང་ཉིད་ཀྱི་མ་དང་འགལ་བར་གྱུར་ནས་སྐད་ཆ་ཙམ་ཡང་ཤོད་རེས་མེད་པ་འདི་ལ་བལྟས་ན་ཕ་རྒན་ལ་བརྩེ་བ་ཡོད་མཁན་ཞིག་ག་ལ་ཡིན། མདོར་ན་ཕྲུག་གུ་རྒྱོ་དད་ཅན་འདིས་དངོས་ཤུགས་རྒྱུད་གསུམ་ནས་བོད་དང་བོད་ཀྱི་རིག་གཞུང་ལ་དམའ་འབེབས་གང་ཐུབ་གཏོང་རྐྱང་བྱེད་བཞིན་འདུག་པས་བོད་པའི་བླ་ཆེན་སྤྱི་དང་ཁྱད་པར་བཀའ་རྒྱུད་པའི་བླ་ཆེན་རྣམས་ཀྱིས་ངེས་པར་གཟིགས་ཞིབ་གནང་རོགས་ཞེས་འབོད་བསྐུལ་ཞུ་བཞིན་ཡོད།
དབང་ལུང་ཞེས་བཅོས་རོགས
གནས་ཚུལ་འདི་རིགས་སྤེལ་ན་མཆན་འདོགས་མཁན་དང་ཀློག་མཁན་ཧ་ཅང་མང་བས་ངའི་ཀ་ཁ་སུམ་ཅུ་བོར་མཚོན་ན་འདི་ཡང་འུ་ཐུག་གི་མཐུན་རྐྱེན་ཞིག་རེད།
སྤོབས་མཐའ་ལགས། སྟོན་པས་གླེང་གཞི་ལ་བརྟེན་ནས་དགག་སྒྲུབ་གནང་གསུམ་གྱི་བཅས་ཁྲིམས་མཛད་པ་རེད། གླེང་གཞིའི་ཡོང་ཁུངས་ཕལ་ཆེ་བ་དྲུག་སྡེ་དང་བཅུ་གཉིས་སྡེ། བཅུ་བདུན་སྡེ་སོགས་གྲྭ་བ་དང་བཙུན་མ་འཁྲབ་ཏོ་དེ་ཚོ་རེད། གླེང་གཞི་ཁ་ཤས་མུ་སྟེགས་ཅན་ཡང་ཡོད་པ་རེད།
སྤོབས་མཐའ་ལགས། སྟོན་པས་གླེང་གཞི་ལ་བརྟེན་ནས་དགག་སྒྲུབ་གནང་གསུམ་གྱི་བཅས་ཁྲིམས་མཛད་པ་རེད། གླེང་གཞིའི་ཡོང་ཁུངས་ཕལ་ཆེ་བ་དྲུག་སྡེ་དང་བཅུ་གཉིས་སྡེ། བཅུ་བདུན་སྡེ་སོགས་གྲྭ་བ་དང་བཙུན་མ་འཁྲབ་ཏོ་དེ་ཚོ་རེད། གླེང་གཞི་ཁ་ཤས་ལ་མུ་སྟེགས་ཅན་ཡང་ཡོད་པ་རེད།
མི་ལུས་གཙང་མ་ཐོབ་པའི་མི་ཞིག་ཡིན་ན་ལྟ་བ་ཡང་དག་པ་ཞིག་གལ་ཆེ། ལྟ་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་རྟེན་འབྱུང་གི་ལྟ་བ་རེད། ཉི་ཚེ་བའི་བསམ་བློ་འདིའི་ནང་ན་ལྟ་བ་འདི་མེད་པས། འདི་ལ་ནི་ཀུན་ཁྱབ་ཀྱི་ལྟ་བ་ཟེར་གི་རེད། སྐྱེ་བ་སྔ་ཕྱི་དང་ཆོས་མེད་པར་ལྟ་བའི་ལྟ་བ་འདི་ཉི་ཚེ་བའི་ལྟ་བ་རེད། འདི་ལ་རྟེན་འབྱུང་གི་ལྟ་བ་ཟེར་གི་མ་རེད། དགེ་སྡིག་ཡོད་པར་ལྟ་བའི་ལྟ་བ་འདི་རྟེན་འབྱུང་གི་ལྟ་བ་རེད། རྒྱུ་མཚན་ནི། ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་འབྱུང་བ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་འབྱུང་བས་སོ། ཇི་འདྲ་བ་ཡི་ལས་བྱས་པ།།འབྲས་བུ་དེ་འདྲ་འབྱུང་བར་འགྱུར།།ཞེས་གསུངས་སོ།།
ཆང་རག་དང་ཐ་མག་ནག་པོ་སྤྱོད་ན་ཁ་ནས་ཐོན་ཚད་བཤད་ཀྱི་རེད། ཁོ་རང་གི་སྡོམ་འགོ་མ་ཐོན་པའི་སྐྱོན་འགེབས་ཆེད་འཕགས་པའི་དགེ་འདུན་ལ་སྐུལ་འདེབས་བྱས་པ་རེད། གསོ་བ་རིག་པའི་གཞུང་དུ་ཆང་བཏུང་མང་དྲག་པའི་ཉེས་སྐོན་འདི་འདྲ་གསུངས་ཡོད། ༼ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། ༽ ཁོ་རྒྱ་གཞུང་གི་དངུལ་དངོས་ཕྲན་བུ་སྤྲོད་ཀྱི་མེད་དམ་བསམ་པའི་དོག་ཡོད།
ཀ་ལུ་རིན་པོ་ཆེའི་ཡང་སྲིད་དེ་འདྲ་ཞིག་ཏུ་གྱུར་བར་ཡིད་ཕངས།
འདོད་ཆགས་དར་བའི་དུས་ལ།།
ཆོས་ཀྱི་བསམ་པ་མི་འདུག །
འདོད་ཆགས་མེད་པའི་དགེ་སློང་།།
བསོད་ནམས་གསོག་པའི་ཞིང་ས།།
ཀ་ལུ་རིན་པོ་ཆེ་ཡང་སྲིད་ཡག་པོ་ཞིག་ངེས་ཟིན་འདུག
དང་པོ་ཡང་སྲིད་ངེས་འཛིན་བྱེད་མཁན་དེ་སུ་ཡིན་རྩད་གཅོད་བྱེད་དགོས་རེད།
མ་གཞི་བོད་པའི་སྤྲུལ་སྐུའི་ལམ་ལུགས་ཚང་མ་དེ་འདྲ་རེད། ཡང་སྲིད་ངེས་འཛིན་བྱེད་པའི་ལམ་ལུགས་དེ་རྩ་མེད་གཏང་ན་མ་ཏོག་གང་ཡོངས།
སྤྱིར་མི་ངོ་དང་རྒྱུ་ངོའི་ཐོག་ནས་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་གྱི་གསང་བ་བཀའ་རྒྱ་ཅན་ཞིག་ཡོད་སྐད་ལྟར་ཀ་ལུའི་ཡང་སྲིད་བསྙད་པའི་བྱིས་པ་འདིའི་ཕ་ནི་ཀ་ལུ་རིན་པོ་ཆེའི་སྐུ་གོང་མའི་ཕྱག་མཛོད་རེད། རྒྱུ་མཚན་དེས་ཁོའི་དབང་ཤུགས་ཀྱིས་བླ་མའི་ཡང་སྲིད་བརྫུན་མ་ཞིག་བཟོས་ཡོད་པ་ནི་བུ་འདིའི་ཀུན་སྤྱོད་ཀྱི་ཐོག་ནས་ཤེས་ཐུབ། བྱིས་པ་བསམ་མེད་འདི་ཡིས་འདི་ལྟར་བཤད་དགོས་པའི་རྒྱུ་མཚན་ནི་ལོ་ཤས་གོང་ནས་ཁོ་རང་ཉིད་ཀྱི་སྡོམ་པ་ཤོར་ནས་རྒྱ་བོད་དབྱིན་གསུམ་གྱི་བོ་མོ་མང་པོ་ཞིག་ལ་མངོན་གསལ་དོད་པོས་མི་ཚང་སྤྱད་ཟིན་པའི་རང་འཚང་ངན་པ་དེ་འགེབས་ཆེད་རེད། འོན་ཏེ་ཕྱི་རྒྱལ་བ་སྐྲ་སེར་སྤྲེལ་སྤྱོད་ཅན་གྱི་ཀླད་མེད་ཁག་ཅིག་དང་དབུ་རྐྱང་རོལ་གསུམ་གྱི་གྲངས་ཀ་མ་ཚང་བའི་བོད་པ་ཁ་ཤས་ཀསཡིས་བདེན་ཁ་སྦྱིན་ཏེ་མགོ་བོས་བསྟུད་པ་འདི་ནི་ངོ་མ་གད་མོ་བྲོ་བ་ཞིག་རེད།
ཨ་ནེ་ཆ་ག་ཡང་དེ་འདྲ་འུ་ཡོད་ན།
ཧཧཧཧ། འདི་ནི་བོད་ཀྱི་ཆོས་ལུགས་ཁྲོད་སྤྲུལ་སྐུའི་ལམ་ལུགས་བྱུང་བའི་དུས་རབས་ཀྱི་མཛད་རྗེས་རླབས་ཆེན་ཞིག་ཏུ་བརྩིས་ཆོག ད་དུང་འདི་ལྟར་མུ་མཐུད་ནས་འབྱུང་ཁོ་ཐག་ཡིན་ནི་རེད། སངས་རྒྱས་ཀྱི་བསྟན་པའི་ལ་རྒྱ་ཡིན་ན་འདྲ། ཞབས་འདྲེན་ཡིན་ན་འདྲ། གང་ལྟར་ཀ་ལུ་ཚང་གི་མཛད་འཕྲིན་དང་ལྷག་པར་དུ་གོང་དུ་བཀོད་པའི་གློག་བརྙན་དེ་འཛམ་གླིང་མི་མང་ལ་སྟོན་གི་འདུག་ལ། བོད་ཀྱི་གྲྭ་བའི་སྤྱི་ཚོགས་ཀྱི་གནས་སྟངས་སྔར་ལས་ལྷང་ལ་བུད་སོང་། གློག་བརྙན་དེ་ངོ་གདོང་དྲ་དེབ་ཁག་ཅིག་ཏུའང་བཞག་ཟིན་འདུག སྤྲུལ་སྐུ་ངོས་འཛིན་ལ་དགའ་བའི་བོད་ཀྱི་ཆོས་འཛིན་པ་ཁག་གིས་ད་ནི་བསམ་བློ་གཏོང་རན་མ་རེད་ན། ཡུམ་དུམ་པ། རྒྱལ་བ་རིན་པོ་ཆེས་ངོས་བཟུང་བ་རེད་ཅེས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཕལ་ཆེར་སྤྲུལ་སྐུ་བརྒྱ་ཕྲག་མང་པོ་བྱུང་ཟིན་ལ། ཆོས་རྒྱུད་གཞན་པའི་ཁོངས་ནས་ཀྱང་མང་པོ་འབྱུང་གི་ཡོད། གང་ལྟར་ངས་འདི་ནས་༼བོད། མཐོ་སྒང་གི་འཇིགས་པ་ཆེན་པོ།༽ཞེས་པའི་གློག་བརྙན་དེ་མི་རིང་བར་ཕུལ་ཡོང་། དེའི་ནང་གི་ལེའུ་ཉེར་ལྔ་པར་གཅེས་ཀི་བལྟད་མོ་ཡོད་ཡ། །
གོང་གི་གློག་བརྙན་དབྱིན་སྐད་དུ་ཡོད་པ་ཤེས་གསལ་ལྟར་དང་། གཤམ་དུ་སི་པན་གྱི་ཡི་གེར་བསྒྱུར་འདུག་པས་འཛམ་གླིང་མི་མང་ལ་བོད་གྲྭ་བའི་སྤྱི་ཚོགས་ཁྱབ་སྤེལ་གཏོང་བར་རྒྱ་ཆེ་རུ་བཏང་འདུག རེད་རེད། ཁ་བརྡའི་སྐར་ཁུང་དུ་འདམས་པའི་རྩོམ་བསྒྱུར་བ་ག་གེ་མོ་ཞིག་གིས་ཀ་ལུའི་ཚིག་ཇི་ལྟར་བོད་ཡིག་དང་རྒྱ་སྐད་དུ་བསྒྱུར་ན་ག་འདྲ་འདུག དེ་ལས་ཀྱང་སྟབས་བདེ་བར་འགྱུར་རོ། ཤི་མ་སོང་ན་རིག་རྒྱུ་དང་ཐོས་རྒྱུ་མང་གི་ཡ། འདི་འདྲའི་རླབས་ཆེན་གྱི་སྤྲུལ་སྐུ་རེ། ཁོ་སུ་ཞིག་གིས་ངོས་འཛིན་བྱས་པ་རེད། ཨ། དཀོན་མཆོག་མཁྱེན།
ཀ་ལུ་འདི་བཤད་བཏང་ལྟར་དུས་། ཁོ་རང་ངོ་སྲུང་ཆད་དུ་ཡིན་པ་འདྲ་སྙིང་རྗེ་བ་ལས་ཅི་ཞིག་ཡོད་།་ཁོ་རང་དེ་ལས་མེད་ན་དེ་ལས་འབྱུང་མི་སྲིད་ལ། ཁོ་ངོ་ཚའི་བཤད་ན་འདྲ་།
ཀ་ལུ་རིན་པོ་ཆེ་རྫུན་མ་ཡིན་མིན་སུ་ཤེས། ཏཱ་ཡི་སུ་ཏའི་ཕྱོགས་ནས་ངོས་འཛིན་གནང་བཞག་པ་ཞིག་ནི་རེད། ཕ་ཡུལ་ནི་འབྲུག་ཡུལ་ནས་རེད།
ཀ་ལུ་ཁོ་རང་བཤད་བཏང་ལ་ལྟར་དུས་། ཁོ་རང་བླ་མ་ལོགས་ནས་སྡུག་བསྔལ་ཚད་མེད་འདུག་སྙིང་རྗེ་བ་ལ་།
སོ་སོ་སྡོམ་པ་སྲུང་ནས་དགོན་པ་ལ་བསྡད་མ་ཐུབ་པའི་ཁག་དགོན་པ་ལ་བཀལ་བ་ནི་ ས་པན་གྱིས།
ཁ་ཏྭས་མི་གཙང་བཟོས་པའི་ཆུ། ། ས་གཙང་དག་ལ་འབད་དེ་ཕྱི། ། ། ཞེས་པ་དང་མཚུངས། མ་གཞི་ནས་སྔ་ནས་ད་བར་དགོན་སྡེ་ཁག་ལ་དགེ་འདུན་པ་སྟོང་ཕྲག་དང་ཁྲི་ཕྲག་ཡོད་པ་ཚོ་ཚང་མ་བསྡད་ཐུབ་བཞིན་དུ་ཁོ་བསྡད་མ་ཐུབ་པ་གང་ཡིན་ནམ། ཁོ་ལ་འཛམ་གླིང་མཛེས་མའི་མཚན་མ་ཁུར་རྒྱུ་ཡོད་དམ། ཡང་ན་ཁོ་མ་གཏོགས་གྲྭ་པ་ཚང་མ་མ་མི་གཙང་པ་ཡིན་ནམ། ད་དུང་རིན་པོ་ཆེ་ཡི་མིང་འཁུར་ཕོད་པ་གདོང་པ་ལ་ཁྲག་མེད་པ་མ་ཡིནནམ།།
དྲྭ་གྲོགས་སུ་ཞིག་ནས་ཀ་ལུའི་ཡང་སྲིད་འདི་པའི་རིགས་དང་སྐྱེས་ཡུལ། དགོན་པ་གང་། དགོན་པར་མ་བསྡད་པའི་རྒྱུ་མཚན། ད་ལྟ་གར་ཡོད་བཅས་གསལ་བཤད་གནོངས་རོགས།
སངས་རྒྱས་བསྟན་པར་བསམས་ཏེ་ངོས་འཛིན་ཞུས་པའི་སྤྲུལ་སྐུ་རྣམས་ཀྱིས་སངས་རྒྱས་བསྟན་པར་དམའ་འབེབས་པའི་ལས་གསོག་པའི་དུས་སྐབས་འདིར། སྤྲུལ་སྐུ་ངོས་འཛིན་སྐོར་ལ་མནོ་བསམ་ཡང་བསྐྱར་གཏང་དགོས་པ་འདུག་གོ
ཀ་ལུ་ཁྱོད་རང་ཡག་པོ་སྒྲུབ་འདོད་ལ་གཞན་སྐྱོན་བྱེད་པར་འདོད་ན་དང་པོ་རང་གི་འདོད་ཆགས་དེ་མེད་པར་བཟོ་དང་དེ་ནས་ལྟ་ཆོག། གྲྭ་བ་ལོག་ཚར་དུས་དད་ལ་ཞུ་མཁན་མེད་དཔེ་ཤག་མེད་འུ་ཐུག་དུས་སྐྱར་དུ་གྲྭ་བ་བཟོ་ཐབས་བྲལ་སྐྱེ་བ་སྔོན་མའི་སྦྱིན་བདག་དེ་ཚོས་ཁ་ཡ་མ་བྱེད་ཚེས་ཐབས་དེ་ལས་གཞན་མ་རགས་པ་རེད།
ཀ་ལུ་རིན་པོ་ཆེ་ལ་ཁག་ཅི་ཡོད། རྟག་པར་གཞན་གྱིས་བཙན་གཡེམ་བྱས་བསྡད་ན་སྡོད་ག་བ་ཐུབ། སྐྱོན་ཚང་མ་རིན་པོ་ཆེ་ཁོང་ལ་གཡོག་ན་འགྲིག་གི་མ་རེད། སྐྱབས་སུ་མཆི སི་ཏུ་རིན་པོ་ཆེས་ངོས་འཛིན་གནང་བ་ཡིན་ན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཐག་ཆོད། སེམས་ཅན་ལ་བསོད་ནམས་མེད་སོང་ནི་རེད་ཡ། དུས་ངན་སྙིགས་མ་ཟེར་ན་འདི་འདྲ་རེད། ཧཧཧ
ཤུ་རེ་ཁོ ཀ་ལུ་རིན་པོ་ཆེ་འདི་ལོག་མེད་རྒྱུ་ན་སྦྱིན་བདག་ཆ་རེ་བཙའ། ཞལ་འདེབས་ཆ་རེ་བསྡུས་ནས་ཆེན་པོ་མི་བ་རུང་དགོན་པ་ཆུང་ཆུང་ཟིག་བརྒྱབ དེ་ནས་ཡར་མར་ཕེབས་ནས་ཧི་མ་ལ་ཡའི་རི་རྒྱུད་དང་བལ་ཡུལ་འབྲུག་ཡུལ་སོག་ཡུལ་སོགས་ནས་གྲ་བ་ཆ་རེ་བསྡུ་ཐུབ་ན་རིན་པོ་ཆེ་ཁོང་གི་མཚན་སྙན་གྲགས་དང་ཁ་རྗེ་དབང་ཐང་ཡང་ཇེ་ཆེ་འགྲོ་ནི་རེད་ལ་སྦྱིན་བདག་ར་མང་ང་རག་ནི་རེད། དེ་དུས་སུས་རིན་པོ་ཆེ་ཁོང་ལ་ཅིག་ཅིག་མུག་མུག་བཤད་ཐུབ་རེས། ད་ལག་ན་རྒྱུ་མེད། རྒྱབ་ན་དཔུང་མེད། ཐུབ་ཚོད་བྱེད་ནི་མང་རྒྱུ་རེད་ཡ།
ཁྱོད་ཚོ་ད་དུང་མ་ཉལ་ནས་འདིའི་སྐོར་ལ་ཅིག་བཤད་བསྡད་ཡོད་པ་ཡག་བྱུང་། ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་ཐོངས་དང་། བླ་མ་ཡེ་ཤེས་ཀྱི་ཡང་སྲིད་དང་ཀ་ལུའི་ཡང་སྲིད་འདི་ཚོས་བཤད་པ་དེ་ཉན་དགོས་པ་གལ་ཆེན་པོ་རེད། འདི་ཚོ་བོད་ཀྱི་དགོན་སྡེའི་སྒྲིག་འཛུགས་ཀྱི་ནང་དུ་ཞུགས་ནས་འཚོ་བ་སྐྱེལ་མྱོང་མཁན་ཤ་སྟག་རེད། མི་རྒྱུས་མེད་ཅིག་གིས་སྐྱོན་བརྗོད་བྱས་ན་ཧ་མ་གོ་བར་བརྗོད་པ་ཡིན་སྲིད་པ་རེད། མི་འདི་ཚོས་ཁ་ཕྱིར་འཁོར་ནས་བཤད་པ་དེ་ཆ་རྒྱུས་ཡོད་པའི་སྐད་ཆ་རེད།
ངས་ནི་སྟོན་པ་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་དགོན་སྡེ་སྒྲིག་འཛུགས་དང་འབྲེལ་བ་ཡོད་པ་ཞིག་ལ་གང་ཡང་མཐོང་གི་མི་འདུག དེང་སྐབས་བོད་ཀྱི་དགོན་སྡེའི་སྒྲིག་འཛུགས་ཟེར་བ་དེ་ལོ་རྒྱུས་སྟེང་གི་ཆབ་སྲིད་ཚོགས་པའི་ལྷག་རོ་ཞིག་རེད། གྲྭ་བ་ཟེར་བའི་མི་གྱོན་གོས་དམར་སྨུག་ཅན་མང་པོ་ཞིག་ཡོད་པ་དེ་ཚོ་སྤྱི་ཚོགས་རྙིང་པའི་ཆབ་སྲིད་དབང་བསྒྱུར་བ་ཚོའི་དམག་གི་སྒྲིག་འཛུགས་ཀྱི་ལྷག་རོ་ཞིག་རེད། དེ་ཚོ་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་མགོ་འབུས། སྲིད་ཀྱི་འཐབ་རྩོད་འོག་ནས་དར་རྒྱས་བྱུང་། རྨོངས་དད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་གནས་ཐུབ་ཡོད་པ་རེད། ཉེ་སྔོན་ཟམ་གདོང་གིས་ཀྱང་དེའི་སྐོར་གསལ་པོར་བཤད་སོང་ང་།
དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ་ལས་ཀྱང་བོད་ཀྱི་དགོན་སྡེའི་ལམ་ལུགས་ནི་མཚམས་མཚམས་ལ་དཔལ་འབྱོར་བཤུ་གཞོག་པ་ཞིག་དང་མཚམས་མཚམས་སུ་ཆབ་སྲིད་དབང་བསྒྱུར་བ་ཞིག་ལ་གྱུར་ཚུལ་གསལ་ཞིང་ཞིབ་པར་བྲིས་ཡོད། ངས་འདིར་མཆན་བུའི་ནང་དུ་དེ་འདྲ་མང་པོ་ཞིག་བྲིས་བསྡད་ན་འཚམས་པོ་མི་འདུག་མ་གཏོགས་ང་ལ་ཡང་བཤད་རྒྱུ་ལུང་པ་གང་ཡོད།
མ་གཞི་ངའི་གློག་ཀླད་ལས་ཀ་ལུ་རིན་པོ་ཆེས་གང་གསུངས་ལྟ་ཉན་ཐུབ་གི་མི་འདུག ཡིན་ན་ཡང་ཁྱོད་ཚོས་བཤད་སྟངས་ལ་བལྟས་ན་སྐད་ཆ་དྲང་པོ་ཞིག་བཤད་ཡོད་པ་འདྲ་བས་ངོ་མ་སྤྲུལ་སྐུ་ཟེར་བ་དེ་འདི་འདྲ་ཞིག་མིན་ནམ་ཡང་སྙམ། མ་གཞི་ངས་ཁོང་གི་སྐོར་གང་ཡང་མི་ཤེས་པས་ད་དུང་གསལ་བོར་བཤད་ཐབས་བྲལ། རྗེས་སུ་དོ་སྣང་ཆེན་པོས་ཁོང་གིས་གང་གསུངས་ལ་ཞིབ་འཇུག་བྱ་ངེས་ཡིན། བསྐྱར་ཞིབ་རེ་ཡང་འབྲི་ཐབས་བྱེད་ཆོག
བླ་མ་ཡེ་ཤེས་དང་ཀ་ལི་སོགས་སྤྲུལ་སྐུ་ཚད་ལྡན་ཞེ་གཅིག་ཡིན་པས་རང་སོ་སོའི་སྤྱི་ཚོགས་ནང་སྐྱོན་ཡོད་པ་ཁག་རང་གི་མདུན་ལམ་དང་ཁ་རྗེ་དབང་ཐང་ལ་མ་བསམ་པར་གསལ་བརྗོད་བྱས་པ་དེ།ཁོང་རྣམ་པ་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ངོ་མ་ཅིག་ཡིན་པའི་རྟགས་རེད་ལགས།
ཀ་ལུ་རིན་པོ་ཆེ་ལགས་རང་གིས་ངའི་མཆན་འདི་ཀློག་མི་སྲིད་ཀྱང་། གལ་སྲིད་མཆན་འདི་གཟིགས་ན། ཞུ་འདོད་པ་ནི། འདི་ནི་ཆོས་ཀྱི་བར་ཆད་ཙམ་ཞིག་རེད། ད་དུང་གཟབ་གཟབ་གནང་དགོས་རེད། གང་ཡིན་ཟེར་ན་ཁྱེད་རང་། གྲྭ་པ་ལོག་པ་མ་གཏོགས་བླ་མ་ལོག་ཡོད་མ་རེད། སྐྱབས་འགྲོ་ཙམ་གྱིས་ཡང་དག་དགེ་བསྙེན་གྱིས་ཚུལ་དུ་རང་གི་ཆོས་གང་ཐུབ་ཐུབ་ཉམས་ལེན་བྱས་ནས། གཞན་ལ་ཡང་ཆོས་འཆད་ཉན་གང་ཐུབ་ཐུབ་གནང་དགོས་རེད། འདི་ནི་ངའི་སྙིང་གཏམ་ཡིན་ལགས། དགེ་བར་གྱུར་ཅིག །
kalu rinpoche ཡིས་ནང་ཆོས་ལ་དགག་པ་མ་བརྒྱབ་ན་དེ་གས་འགྲིག །གོང་གི་མཆན་བུ་འདེབས་པ་ཁ་ཤས་ཀྱིས་ཤིང་ཏོག་གཅིག་ཟོས་ནས་ཤིང་ཏོག་ཐམས་ཅད་ཀྱི་བྲོ་བ་དེ་དང་འདྲ་ཟེར་གི །ས་སྐྱ་ལེགས་བཤད་ལས། ཙི་ཏའི་ཡུལ་དུ་ཕྱིན་པ་ལ།།རྐང་གཉིས་པ་ལ་མིར་མི་བརྩིས།།ཞེས་འགྲོ་བ་མིའི་རྣམ་རྟོག་ལ་མཐའ་མེད་པའི་ཕྱིར། རྐང་བ་གཉིས་ཅན་མིར་མི་བརྩི་བ་དང་ཕ་བསད་པ་ལ་རྒྱལ་རྔ་བརྡུང་མཁན་དང་མ་ལ་ལོག་གཡེམ་བྱེད་པ་ཡོན་ཏན་དུ་རློམ་མཁན་འཛམ་གླིང་འདིར་གང་མང་བྱུང་ལོས་ཡོད། དེ་ཚོ་ལས་མཚན་མཐུན་ཆགས་སྤྱོད་བྱེད་ན་སྐྱོན་མེད་ག །ཡང་མིན་ན་ཁྱོད་ཚོས་ཕྱི་གླིང་ནས་ཀླ་ཀློའི་ཆོས་ལ་དད་པ་བྱེད་གི་ཡོད་ཚོད་འདུག །ཁྱོད་ཚོ་ལ་དགོས་རྒྱུ་དེ་རེད།
ཁ་སང་དེ་རིང་བླ་རྒན་དེ་ཚོ་འདུག་ཚོད་མ་ཟིན་ན་གནས་ཚུལ་དེ་འདྲ་བྱུང་གི་རེད། ཀ་ལུ་རིན་པོ་ཆེ་སྐད་ཆ་།ཚང་མར་ཉན་པ་ཡིན། ཁོ་རང་གི་སེམས་གཏིང་ན་སྡུག་བསྔལ་མི་ཉུང་བ་ཞིག་ཡོད་ཁོ་ཐག་རེད། སྤྱི་ཚོགས་ཀྱི་དགེ་སྡུག་ཅི་ཞིག་ཡིན་ཡང་སྦས་བཀབ་བྱས་ན་ཅི་ཡང་ཐོབ་རྒྱུ་མེད་པས། སྐད་ཆ་སྲོང་བོར་སྨྲས་པ་ནི་བདེན་པ་རེད། རྗེས་མར་སྤུས་དག་ཡོང་བའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་བར་སྨོན།
ནམ་མཁའ་བསྟན་འཛིན་ལགས་ཀྱིས་འདི་ཁ་བརྡར་གདན་འདྲེན་ཞུ་འདོད་ཀྱི་ཀུན་སློང་དེ་ངའི་ཤེས་མ་སོང་།
དགོན་པ་མེད་ན་གྲྭ་བ་མེད།།
གྲྭ་བ་མེད་ན་ནང་ཆོས་མེད།།
ནང་ཆོས་མེད་ན་སྐད་ཡིག་མེད།།
སྐད་ཡིག་མེད་ན་བོད་པ་མེད།།
འདི་ནི་རིང་བའི་ཉེན་ཁ་ཡིན།།
ཆོས་ལུགས་མེད་ན་ཞི་བདེ་མེད།།
ཞི་བདེ་མེད་ན་དམག་འཁྲུག་འབྱུང་།།
དམག་འཁྲུག་འབྱུང་ན་སེམས་ཁམས་འཁྲུག།།
སེམས་ཁམས་འཁྲུག་ན་བདེ་སྐྱིད་མེད།།
འདི་ནི་ཉེ་བའི་ཉེན་ཁ་ཡིན།།
ང་རང་ཚོ་ངག་འཁྱལ གྱིས་སྡིག་མི་གསོག ང་རང་ཚོས་སྨྲ་ཇི་ལྟར་མཁས་ཀྱང་ང་ཚོ་ལ་སྤྲུལ་སྐུའི་ལམ་ལུགས་སྐོར་ཐོབ་ཐང་ཡོད་མ་རེད།
གནས་ཚུལ་འདི་དང་འབྲེལ་བའི་སྐོར་བོད་ཀྱི་བླ་ཆེན་རྣམས་ཀྱིས་གཟིགས་ན་ཁོང་རྣམས་ཀྱིས་མནོ་བསམ་གཏོང་རྒྱུའི་ལེ་ཚན་ཞིག་རེད། མ་གཞི་བོད་ཀྱི་བླ་ཆེན་གྱི་མཚན་གནས་དེ་མ་འོངས་མང་གཙོའི་ལམ་ནས་འདེམས་ན་ཕན་ཁེ་དང་སྤྱི་ཚོགས་ལ་ཕན་ཐོགས་ཡོང་རྒྱུ་སྨོས་མ་དགོས། གང་ལགས་ཞེ་ན། སྤྲུལ་སྐུའི་རྫུན་ཕུག་དེ་བོད་ཙམ་མ་ཟད་འཛམ་གླིང་མིག་སྔུན་བརྡོལ་ཟིན་པ་རེད།
ཁྱེད་རང་ཚོ་ཁོང་སོ་སོའི་སྡུག་གྱོང་གི་ཞེན་ཆགས་མགོ་ལ་གོན་ནས་དམར་ཤོག་ལྟ་བུའི་བླ་ཆེན་མཚན་འཛིན་རྣམས་ལ་ཟིན་བྲིས་འདི་ཚོ་སྤྱན་འབུལ་ཞུས་ན་ང་ཚོའི་དཀའ་ངལ་མང་པོ་རང་ཡལ་དུ་འགྲོ་བ་ཆོས་ཉིད་རེད།
མ་གཞི་ཀླུ་སྨྱོན་གྱིས་ཟིན་་བྲིས་དེ་གནད་ཆེན་ཞིག་ལ་འཇོག་གི་ཡོད་དེ་ནི་དེང་སང་འཛམ་གླིང་ནང་ལ་བྱུང་བཞིན་པའི་བདེན་ཚིག་ངོ་མ་རེད་བཞག། སྤུན་ཟླ་རྣམས་ང་ཚོ་མི་རྩོད། ང་ཚོ་དཔུང་པ་མཉམ་གཤིབ་བྱེད། ང་ཚོ་མ་འོངས་ཀྱི་འདུན་ལམ་འཚོལ། ང་ཚོ་ནི་རྣམ་དཔྱོད་ཀྱི་རྩལ་རྒྱས་ཏེ་བོད་ལྗོངས་སུ་འགྲོ་བའི་སྟ་གོན་བྱེད། བོད་རྒྱལ་ལོ།
ཀ་ལུ་རིན་པོ་ཆེ་སྙིང་རྗེ་ཁྱེད་རང་གི་དགོན་པས་གྲྭ་དམངས་ནས་བཙན་གཡེམ་བྱེད་པ་རེད་པས་དེ་མིན་རེ་གཉིས་ཀྱིས་མ་རབ་བྱེད་པ་རྒྱུ་མཚན་གྱིས་གྲྭ་པ་སྤྱི་ལ་སྨད་པ་ཡིན་ན་ཁྱེད་རང་ཚོགས་ངན་ཧ་ཅང་ཆེན་པོ་བསགས་པ་མ་རེད་པས དཔེར་ན་འཛམ་གླིང་འདིའི་ཐོག་ཕ་རྒན་གྱིས་རང་གི་བུ་མོ་ལའང་བཙན་གཡེམ་བྱེད་མཁན་འདུག་བ་དེ་རྒྱུ་མཚན་དུ་བྱེད་ནས་འཛམ་གླིང་ཕ་རྒན་ཡོངས་ལ་ཁྲོ་ན་དེ་ལས་ལྐུགས་པ་ག་བ་ཡོད། གཙོར་རང་གི་འདོད་ཆགས་འགོག་མ་ཐུབ་དུས་ཁག་གྲྭ་མང་ལ་གཡོག་ནས་སྡིག་པ་བསགས་འདུག་གྭ
ཀ་ལའི་སྐད་ཆ་ནི་བདེན་པ་རེད། རྒྱབ་སྐྱོར་ཡོད།
ངོ་ཚ་་་་་་་་་་་་་་་་་་་་་་་་་་་་་་་་
གོང་གི་བརྙན་འཕྲིན་དེ་ལས་ཀ་ལི་རིན་པོ་ཆེའི་སྤྲུལ་སྐུ་ཡིན་ཟེར་མཁན་དེའི་བཤད་དོན་ལྟར་ན། ཁོང་ཆང་འཐུང་ཡིན། ར་བཟི་ཡིན། དུ་ནག་འཐེན་མཁན་ཡིན། ཟེར་ནས་ཁོང་གི་བྱས་ཉེས་མང་པོ་ཞིག་བྱས་ཟིན་ནས། དེའི་རྐྱེན་རྩ་འདྲ་བོ་དེ་ཁོང་ལ་བཙན་གཡེམ་བྱས་སོང་པ་དེ་ཡིན་ཟེར། གང་ཞིག་ནས་སུ་ཞིག་གིས་བཙན་གཡེམ་བྱས་པ་ཡིན་ན་དེ་ལ་ཁ་མཆུ་རྒྱག་དགོས་པ་རེད། དེ་མ་གཏོགས་འདི་ན་ཡང་གདན་ས་དང་གདན་ས་ཟེར་ནས་རྩམ་པ་རང་གིས་ཟོས། རྩམ་ཁུག་གཞན་ལ་སྐོན་ཡོང་མཁན་དེ་འདྲས་ཅང་ཕན་ཐོག་གི་མ་རེད། མ་གཞི་ཀ་ལི་ཡིན་ན་འདི་གདན་ས་མིག་གི་མ་མཐོང་མཁན་ཞིག་རེད། ཆོས་བརྒྱུད་སུ་ཡིན་ན་དེས་བདག་པོ་རྒྱག་དགོས་པ་རེད་བསམ།
མ་གཞི་ནས་ཆང་འཐུང་ར་བཟི་དུ་ནག་འཐེན་ནས་སྐད་ཆ་བཤད་ན་ཆ་འཇོག་ཡོད་མེད་ཀྱང་གང་ཤེས། གལ་སྲིད་ཆ་འཇོག་ཡོད་ན་དོ་བདག་སུས་བཙན་གཡེམ་བྱས་ན་དེ་ལ་ཁ་མཆུ་བཙུགས་ན། དུ་ནག་ཉོ་བྱེད་རེག་མདོག་ཁ་པོ་རེད།
དེ་ནས་སྤྲུལ་སྐུ་བཙལ་སྟངས་སྐོར་འདི་ལ་གཟབ་གཟབ་གནང་དགོས་པ་ཞིག་རེད་དྲན། སྔོན་མ་སངས་རྒྱས་ཀྱིས་གསུང་པ་དག་ན། སྐྱེས་གནས་ཁྱད་འགྱུར་མཛེས་པའི་བར་ཆད་བཞི།། གསུངས་ནས་དོ་བདག་ཞིག་རབ་ཏུ་བྱུང་པའི་སྐབས་སུ། བརྟག་པའི་རྣམ་གྲངས་ཁ་ཤས་ཅིག་གསུངས་འདུག གལ་སྲིད་མ་བརྟག་མ་དཔྱད་པར་སུ་ཡིན་ཚང་མ་རབ་ཏུ་བྱུང་བསྡད་ན། སྡོམ་པ་སྐྱེས་པའི་བར་ཆད། གནས་པའི་བར་ཆད། ཁྱད་པར་དུ་འགྱུར་བའི་བར་ཆད། མཛེས་པའི་བར་ཆད་སོགས་འབྱུང་པར་གསུང་འདུག དེ་བཞིན་དུ་སྤྲུལ་སྐུ་ཐུགས་ཐག་གཅོད་ཕྱོགས་ཐད་ལའང་བརྟག་པ་བྱེད་དགོས་པ་ཞིག་ཏུ་སྣང་། བོད་ན་ཡང་སྤྲུལ་སྐུ་མང་པོ་ཞིག་གིས་ཞབས་འདྲེན་ཞུ་བཞིན་པ་མིག་མཐོང་ལག་ཟིན་རེད། འོན་ཀྱང་བོད་ལ་རང་རང་གི་ལྷ་སྡེ་མི་སྡེ་ཚོས་སྔར་སྲོལ་གྱི་ཆུ་ལམ་ཞུགས་དང་རྡོ་ལག་རྒྱུན་གྱི་བྱེད་སྲོལ་མང་པོ་ཞིག་ཡོད་པ་དེས་སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་ཐུབ་ཀྱི་མ་རེད།
འདུས་བྱས་ཐམས་ཅད་བསླུ་བའི་ཆོས།།ཞེས་པ་ལྟར་འདུས་བྱས་ཤིག་ཡིན་ཕྱིན་བསླུ་བའི་ཆོས་ཅན་རེད། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཕྱིར་རོ།།འདི་ནི་ཚན་རིག་པ་དང་ནང་པའི་ལྟ་གྲུབ་སྨྲ་བ་རྣམས་ཀྱི་འགག་མདོ་རེད། མི་ལ་ཅུང་ཟད་རེ་ཕན་ཐོགས་ན་བླ་རྫུན་ཡིན་རུང་སྐྱོན་མེད་ག །ཁྱོད་ཀྱི་སྣང་ངོར་མི་མཐུན་པའི་ཆོས་ཤིག་ཡིན་ན་དེ་ལྟར་ཡིན་པའི་ངེས་བ་གང་ན་ཡོད། མི་གཞན་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ།། ལྷ་མི་ཡི་དྭགས་གསུམ་གྱིས་གཅིག་ཆར་དུ་ཆུ་ཕོར་བ་གང་ལ་ལྟ་བའི་ཚེ། ལྷ་ལ་བདུད་རྩི་དང་མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བའི་ཕྱིར་རོ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར།།ཞེས་གསུངས་པ་ལྟར་དང་འདི་ནི་འགྲོ་བ་སོ་སོའི་ལས་དབང་གིས་སྣང་ཚུལ་ཡིན་པའི་ཕྱིར། སངས་རྒྱས་ལ་གང་སྣང་བ་སྒྲིབ་གཉིས་བག་ཆགས་ཟད་པའི་སྟོབས་ཀྱིས་སྣང་བ་དང་སེམས་ཅན་ལ་གང་སྣང་བ་དེ་གཏི་མིག་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་སྟབས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཟེར་གི་ཡོད་པ་རེད། དཔེར་ན་དོན་ལ་འཛམ་གླིང་འདི་རིལ་རིལ་ཞིག་ཡིན་ཀྱང་ང་ཚོའི་སྣང་ངོར་ལེབ་ལེབ་ཅིག་ཏུ་སྣང་གི་ཡོད་པ་རེད། དེ་ནི་འཛམ་གླིང་རྒྱ་ཆེ་དྲགས་ནས་ང་ཚོའི་མཐོང་བ་རྒྱ་ཆུང་དྲགས་ནས་ལེབ་ལེབ་ཏུ་སྣང་གི་ཡོད་པ་རེད། དཔེར་ན། འབུ་ཆུང་ཆུང་ཞིག་འགྱིག་གི་སྒང་བུ་ཞིག་ལ་སྐོར་བ་ཐེངས་གཅིག་བརྒྱབ་ཚེ་རང་འཇགས་མགོ་འཛུགས་ས་དེར་བསླེབས་ཟིན། འབུ་དེའི་མགྱོགས་ཚད་ཀླད་སྐོར་རེད། འགྱིག་གི་སྒང་བུ་དེ་རིལ་རིལ་ཡིན་པའི་སྣང་བ་ཞིག་འབུ་དེ་ལ་ནམ་ཡང་བསླེབ་གི་མ་རེད། །རྒྱུ་མཚན་འབུ་ལ་རྣམ་དཔྱོད་མེད་པ་རེད། དེ་བཞིན་དུ་མི་ལ་རྣམ་དཔྱོད་ཡོད་པས་སློབ་སྦྱོང་བྱས་ནས་གནས་ལུགས་མང་པོ་ཞིག་རྟོགས་ཐུབ་ཀྱི་ཡོད་པ་རེད། ལས་འབྲས་ཟེར་བ་དེ་འདྲ་རེད། བཅོམ་ལྡན་འདས་ཀྱིས། ཇི་འདྲ་བ་ཡི་ལས་བྱས་པ།།འབྲས་བུ་དེ་འདྲ་འབྱུང་བར་འགྱུར།།ཞེས་ལས་བཟང་པོ་ཞིག་བྱེད་ན་འབྲས་བུ་བཟང་པོ་ཞིག་འབྱུང་བ་འཇིག་རྟེན་ན་ཡང་གསལ་བོ་རེད། ནང་ཆོས་གཅིག་བུས་བཤད་བཞག་པ་ཞིག་མ་རེད། འདུས་བྱས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་བསླུ་བ་མེད་པའི་ཚུལ་དུ་སྐྱེས་ཤིང་འཇིག་པ་དང་གློག་བརྙན་ཇི་བཞིན་འབྱུང་གི་ཡོད་པ་རེད། མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེས་བ་ཞེས་བའི་ཐ་སྙད་འདོགས་པ་དང་ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཞེས་པའི་ཐ་སྙད་འདོགས་པ་ལྟར་ང་ཚོའི་ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་བའི་ཚུལ་དུ་གྲུབ་པ་འདི་ཡང་ཤི་བའི་ཚེ་ན་རྟེན་དང་བརྟེན་པའི་འབྲེལ་བ་ཆད་པས་འཆི་བ་ཞེས་པའི་ཐ་སྙད་འདོགས་གི་ཡོད་པ་རེད། ད་ལྟའི་རྣམ་ཤེས་རགས་པ་འགག་ནས་བག་ཆགས་ཀྱི་ངོ་བོར་སོང་ནས་སླར་ཡང་རྒྱུ་དེའི་དབང་གིས་ལས་ཀྱི་རླུང་གཡོས་ནས་གཉུག་མའི་ཤེས་པ་ཕྲ་མོ་ནས་སླར་ཡང་སྲིད་པ་ཆགས་འཇིག་རིམ་པ་འབྱུང་། དེ་ལྟར་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ལ་འཁོར་བ་ཟེར་གི་ཡོད་པ་རེད།
འདོད་ཆགས་ཞེ་སྡང་གཏི་མིག་གསུམ།།དེས་བསྐྱེད་ལས་ནི་མི་དགེ་ཡིན།།མ་ཆགས་མི་སྡང་གཏི་མིག་མེད།།དེས་བསྐྱེད་ལས་ནི་དགེ་བ་ཡིན།།ཞེས་འདོད་ཆགས་ཞེ་སྡང་གཏི་མིག་གི་ཀུན་ནས་བསླངས་བའི་ལས་གང་འདྲ་ཞིག་ཡིན་རུང་མི་དགེ་བ་རེད། ཐོས་བསམ་སྒོམ་གསུམ་དང་ཕྱག་འཚལ་སྐོར་བ་ཁ་ཏོན་གང་འདྲ་བྱས་ཀྱང་མི་དགེ་བ་རེད། སེམས་ལ་ཐུག །སེམས་ལ་རག་ལས། སེམས་ནི་བྱེད་པོ་ཡིན། སེམས་འདུལ་དགོས། སེམས་ལ་སྦྱོང་བརྡར་སྤྲད་དགོས། སེམས་ལ་སློབ་གསོ་གཏོང་དགོས། སེམས་ལ་ལྟ་དགོས། སེམས་ནི་སྔོན་དུ་འགྲོ་བ་ཅན་ཡིན་ནོ།།
ཀ་ལུ་ཆགས་པས་སྨྱོས་ནས་གང་བྱུང་མ་བྱུང་བཤད་པར་ཅི་ལྟ། དེ་ལས་བླ་མ་དམ་པ་དང་བཟང་པོའི་རིགས་ལ་དམའ་འབེབས་དང་སྐུར་འདེབས་ཞུ་ཤོར་དོགས་གྱིས། བོད་པ་ཚོ་ད་བསོད་ནམས་ཟད་ལེ་རེད་ད། སྔར་གྱི་ལོ་རྒྱུས་ལ་བསམ་བློ་ཐོངས།
ངས་ལྟས་ན་གྲྭ་བ་ཚོས་ལ་རྒྱ་མ་འཛིན་པ་དྲང་མོ་བཤད་ན་ཡག་པོ་རེད། གཙམ་གཡེམ་གྱི་མནར་གཅོད་ཕོགས་པའི་གྲྭ་བ་དང་གྲྭ་་ལོག་ཀུན་གྱིས་ཀ་ལི་ལྟར་རང་གི་མྱོང་བ་བྲིས་ན་ལེགས། དེའི་སྤྱི་ཚོགས་ལ་ཕན་ཐོག་གི་རེད། ཕྲན་ཡང་གྲྭ་རྒན་དང་གྲྭ་རྒོད་ཕ་སར་ཚོས་གཙམ་གཡེམ་གྱི་མནར་གཅོད་ཕོགས་མཁན་གྱི་གྲས་ཤིག་ཡིན་པས་གཞོན་ནུའི་སྐབས་སུ་འཇིགས་སྣང་གིས་གཅུན་པ་བཏང་བ་འགྲོ་རྒྱུར་ཞེ་སྣང་ཡོད། རྒྱུ་མཚན་ནི་གྲྭ་རྒོད་ཚོས་གཙམ་གཡེམ་བྱེད་པས་རེད། དེ་འདྲའི་ཞེ་སྣང་ཞིག་ངའི་མི་ཚེའི་ནང་ད་ལྟར་སྐྱེས་མྱོང་མེད་ཅེས་བཤད་ན་ཆོག