ཀླུ་སྨྱོན།
དགོན་པར་འགྲོ་བ་དེ་གོ་རིམ་ཞིག་རེད་ལ།
གྲྭ་བཙུན་བྱེད་པ་དེའང་གོ་རིམ་ཞིག་རེད།
དུས་ཚོད་དང་ལོ་ཚོད་ངེས་མེད་ཀྱི་གོ་རིམ་འདིས།
མི་རིགས་འདིའི་སྲོག་རྩར་དགུ་མདུད་ཅིག་བརྒྱབ་ཡོད་དམ།
གསེར་ཏོག་སེར་ཞིང་ནམ་མཁའ་སྔོ་ཡང་།
ཆོས་སྒྲ་སྙན་ཞིང་དབེན་དགོན་སྐྱིད་མོད།
ཆོས་གྲོགས་མང་ཆེ་བ།
དབེན་པའི་རི་སུལ་ལ་སུན་ནས།
འཁོར་བའི་ཟང་ཟིང་ལ་དགའ་ནས།
དགོན་པ་རེ་རེ་དང་ཁ་བྲལ་ཏེ།
བུ་མོ་རེ་རེའི་རུམ་ལ་འཛུལ་སོང་།
ཞིབ་ཏུ་བསམས་ན།
དེ་ཡང་གོ་རིམ་ཞིག་རེད།
འདང་རེ་བརྒྱབ་ན།
དེ་ཡང་སྤྱི་འགྲོས་ཤིག་རེད།
ཧཧཧཧ་ང་ཡང་གཅིག་་་་་་རུམ་ལ་འཛུལ། རེད་དེ་དབེན་རི་ལ་ནམ་ཡང་སུན་མ་མྱོང་།
ཧ་ཧ་་་་་་་་་་་་་་ཀླུ་སྨྱོན་རང་རེད།
གྲུབ་རྒན་དེས་ཡང་ཅི་ཟེར་གོ་ཀི་་་་་་་་་་་་ཁ་བཤད་ཆུ་ཡི་ཝུ་བ་རེད།
སྤྱིར་རབ་ཏུ་བྱུང་བ་ནི་བྱ་བ་མཆོག་འགྱུར་ཞིག་ཡིན་མོད། ཕ་མ་དང་སྤུན་མཆེད་ཀྱི་རང་འདོད་ལྟར་རབ་ཏུ་བྱུག་བཅུག་པ་ནི་བཟང་ངན་འབྱེད་དཀའ་བ་ཞིག་རེད།
གྲྭ་པ་ནས་ཨ་ནེ་བར་གྱི་གོ་རིམ། ཕོ་གསར་ནས་མོ་གསར་བར་གྱི་གོ་རིམ་ཅིག་ཀྱང་གསུངས་རོག་གནོངས།
ཀླུ་སྨྱོན་ནས་གོང་གི་པར་དེ་ལ་འགྲེལ་བཤད་ཅིག་བསྐྱོན་གནང་རོགས་དེ་མིན་ཅི་ཡིན་འདི་ཡིན་གྱི་ཚོར་བ་ཅང་མ་བྱུང།
གོང་གི་དཔར་འདི་ལ་ངས་འགྲེལ་བཤད་བསྡུས་བསྡུས་ཤིག་བརྒྱབ་ན།
གཞོན་ནུ་མ་མཛེས་མ་དེས་རང་གི་སྐྱེ་གཟུགས་ཀྱི་ནང་ཆ་ཡོད་ཚད་བསྟོན་ཏེས་བྷ་ག་མ་མཐོང་ཙམ་ནས་མདུན་ངོས་དུ་་ཡོད་པའི་མ་ཡིན་ཡིན་མདོག་དང་། མ་སྤངས་སྤངས་མདོག། མ་འཇོན་འཇོན་མདོག། མ་དྲང་དྲང་མདོག། མ་དད་དད་མདོག་གིས་མཇེ་མགོ་ཤམ་ཐབས་ཀ་བ་བརྒྱབས་ནས་བརླགས་མི་རྙེད་མཁན་གྱི་མགོ་རིལ་དེ་ལ་འདི་ལྟར་སྨྲ་བཞིན་པ་རེད། ཝ་ཡེ། མགོ་རིལ་རྫིག་ཉམས་དོད་པོ་ཁྱོད་མ་ཡིན་ཡིན་མདོག་བྱེད་དགོས་པ་མ་རེད། རང་སྡུག་རང་གིས་ཉོས་ནས་ག་རེ་བྱེད་ཀྱི་ཡོད། དེ་ལས་ང་གཉིིས་འཁྲིགས་སྤྱོད་ཀྱི་བདེ་བ་ཞིག་མྱོང་གི་མིན་པས། ང་ནི་ཁྱོད་ཀྱིས་མི་ཚེ་གང་པོར་བསགས་བཞག་པའི་མ་རྩ་དང་མང་ཇ་མང་པོ་བཏུང་བའི་དཀོར་མཇེ་དེ་མཐོང་དུས་ཟ་འཁྲུག་འདྲ་ཞིག་ལང་གིས། དེ་ལས་མགྱོག་ཙམ་ཡོང་གི་མིན་པས་ཞེས་མགོ་རིལ་དེའི་རྣ་རྩར་སྨྲ་བཞིན་འདུག། འོན་ཀྱང་མགོ་རིལ་དེས་ཚ་གི་ཚི་གི་བྱེད་ཀྱིན་ད་དུང་མ་ཡིན་ཡིན་མདོག་གིས། མིག་བཙུམས་ནས་བླ་མ་ལ་སྐྱབས་སུ་མཆི། སངས་རྒྱས་ལ་སྐྱབས་སུ་མཆི་་་་་་་་་་སྐད་མགོ་ཅུང་མཐོ་རུ་བཏང་ནས་སྐྱབས་འགྲོ་འདྲ་ཞིག་འདོན་གྱིན་པ་འདྲ། ཧ་ཧ།
ཆོས་སྒྲུབ་པ་ལ་བར་ཆད་མང་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད་དེ་ཡང་བར་ཆད་ཟེར་བ་བུད་མེད་ཙམ་མ་ཡིན་པར་ཆོས་སྒྲུབ་པའི་གེགས་རྐྱེན་གང་ཡིན་པ་དེ་ཆོས་སྒྲུབ་པའི་བར་ཆད་དོ།།
ཧ ཧ ཧ ད་ཀླུ་སྨྱོན་རང་ཡང་བུ་མོའི་རུམ་ལ་འཛུལ་འདོད་ཡོད་པའི་སྔོན་བརྡ་གཏོང་གི་ཡོད་པ་འདྲ།
འདོད་པའི་བུ་མོར་འདོད་པ་སྦྱིན་པ་ལ། དགེ་བ་མིན་ན་སྡིག་པ་ཅི་ལ་ཡིན།
ཞོལ་གཡག་འབྲོང་རྒྱུད་ཀྱིས་རང་གིས་ཉམས་སུ་སྨྱངས་བའི་ཚུལ་རྣམས་རྣམས་ཇི་མ་ཇི་བཞིན་བཤད་འདུག ཉམས་མྱོངས་ཀྱིས་བཤད་པ་དེ་མི་འདྲ་བ་ཞིག་འདུག ད་དུང་ཁ་གསལ་དུ་གཏོང་གནང་དང།
ངས་འདི་འདྲ་ཉམས་སུ་མྱངས་ཡོད་ན་མ་ཡིན་ཡིན་མདོག་དང་། མ་སྤངས་སྤངས་མདོག། མ་དད་དད་མདོག། ཤམ་ཐབས་ཀ་བ་བརྒྱབ་བསྡད་ཡོད་ཀྱང་དཀོར་མཇེ་མ་ལངས་མདོག་ཁྱོན་ནས་བྱེད་ས་མ་རེད། ལམ་སེང་གཞོན་ནུའི་མའི་སྐྱེ་འབྲས་དང་བྷ་ག་ལོངས་སུ་སྤྱོད་རྐྱང་བྱེད་ས་རེད། འོན་ཀྱང་ང་མགོ་རིལ་བྱེད་མྱོང་མེད་ཙང་གོ་སྐབས་འདི་འདྲ་མ་བྱུང་། སྟབས་ལེགས་པ་ཞིག་ལ་གོང་གི་དཔར་ནང་གི་རྒྱ་མོ་དེ་འདྲ་མ་ཡིན་པར་བོད་མོ་རྣལ་མ་ཞིག་དང་སྐྱེ་འབྲས་ལ་བཤད་དགོས་མེད་དེ་དང་མཉམ་དུ་གཉེན་སྒྲིག་བྱེད་རྒྱུ་བྱུང་བས་འདོད་པ་རྦད་དེ་ཚིམས་ནས་བསྡད་ཡོད། གཉེན་སྒྲིག་མ་བྱས་སྔོན་དགའ་གྲོགས་མང་པོ་སྒྲིག་མྱོང་ཡོད་པས་སྡུག་སྒོམ་ཁྱོན་ནས་རྒྱགས་མྱོང་མེད། ཧ་ཧ། ཧི་ཧི།
འདི་གློག་བརྙན་ཞིག་ཡིན་པ་འདྲ། ཁྱེད་ལ་གློག་བརྙན་འདིའི་མིང་ཤོད་རྒྱུ་ཨེ་ཡོད།
ཧཧ་གྲ་པ་ཞིག་ཡིན་ན་་་་བུ་མེད་དང་འདོད་པའི་འབྲེལ་བ་ཞིག་ཡོང་མི་སྲིད་་་་་་་་
ཧཧ་དཀོན་མཆོག་གིས་མཁྱེན་བེུད་དེ་དེ་འདྲའི་འུ་ཐུག་མདོག་ལ་་་གྲ་པ་ཞིག་ལ་རེ་འདོད་བྱེད་བཞིན་པར་འདྲ་་་་་
བར་ཆད་ནས་ཐར་ན་བསམ་སྟེ། །དབེན་པའི་རི་བསུལ་དུ་བསླེབས། །ཡང་དབེན་པའི་རི་བསུལ་ནས་ཐོན་ཏེ། །མི་ཚོགས་མང་སར་བསླེབས། །ཨ་རོ། སེམས་བཏུལ་རང་འདོད་ན་མང་ཚོགས་ཀྱི་དཀྱིལ་ལ་ཐུལད་དང་། དེ་ལ་ངས་དཔའ་བོའི་སེམས་བརྗོད། །གོམས་ན་སླ་བར་མི་འགྱུར་ཏེ། །ཞེས་གོམས་པ་ལ་བསྒོམ་དགོས། སྒོམ་ཚུལ་ཤེས་དགོས། མ་ཤེས་ན་མིས་གོ་མ་ཆོད་པ་ཡིན། མཇེ་དང་རྐུབ་ཀྱི་ཤ་ནི་དུད་འགྲོ་ལ་ཡང་ཡོད། དེས་སྤྱོད་པ་ནི་དུད་འགྲོས་ཀྱང་ཤེས། ཧ་ལས་པ་སྤུ་ཙམ་ཡང་མེད། རྐྱེན་ངན་ལམ་དུ་དྲོངས་ཤིག