སྤྲུལ་སྐུ་དབང་ཆེན།
མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས། གལ་ཏེ་ཤ་མི་ཟ་བར་འགོག་དགོས་ན་དང་པོ་རང་གིས་ཤ་བཅད་དགོས་པ་རེད། དེ་ཡང་སྔོན་མ་ཆོས་སྒར་ནས་གྲྭ་བ་ཁ་ཤས་ཤིག་འབྲོག་ཕྱོགས་ལ་ཕེབས་ཏེ་ཤ་ཡི་ཉེས་དམིགས་བགྲངས་ནས་ཤ་བཅད་བྱེད་མཁན་མང་པོ་ཞིག་བྱུང་བ་རེད། ཤ་བཅད་བྱེད་མཁན་དེའི་ཁྲོད་ནས་རྒད་པོ་ཞིག་འབྲོག་སྡེ་གཞན་པ་ཞིག་ནང་སོང་ནས་ང་ཚོའི་སྡེ་ནང་གྲྭ་བ་ཁ་ཤས་ཕེབས་ཏེ་དགེ་སྒྲུབ་སྡུག་སྤོང་སྐོར་གསུང་བཤད་གནང་ནས་ཤ་བཅད་མཁན་མང་པོ་བྱུང་བས་ང་ཡང་ཤ་བཅད་ཡིན་ཞེས་སྐད་ཆ་བཤད་པ་རེད། དེ་དུས་སྡེ་བ་གཞན་པའི་རྒད་པོ་ཞིག་གིས་བླ་མ་དེ་ཚོའི་ཤ་མཆོད་ཀྱི་མི་འདུག་གམ་ཞེས་དྲིས་པ་རེད། རྒད་པོས་བླ་མ་དེ་ཚོས་ཤ་བཞེས་ཀྱིན་འདུག་ཅེས་ལབ་དུས། རྒད་པོ་གཞན་པ་དེས། ཨོ་ད་དེ་རེད། ཁོ་རང་ཚོས་ཤ་ཡི་ཉེས་དམིགས་ཤེས་བཞིན་གོ་བཞིན་དུ་ཤ་ཟ་ཡ་མི་འགོག་ན་ང་ཚོ་ལ་ཤ་ཡི་ཉེས་དམིགས་བཤད་ནས་འགག་དགོས་དོན་ཅི་རེད་ཅེས་ལབ་པ་ནང་བཞིན་ཡིན་རེད། ཅེས་གསུངས་སོ།
དེ་བཞིན་དེང་སང་དགོན་སྡེ་དང་གྲྭ་ཚང་སོགས་བོད་པའི་ནང་ཆོས་སློབ་གཉེར་བྱེད་ས་ཁ་ཤས་ན་གློག་ཀླད་དང་འཕྲུལ་རིགས་སྣ་ཚོགས་འགོག་གྱིན་ཡོད་པ་དང་དེ་ལ་རྒྱབ་སྐྱོར་དང་མོས་མཐུན་བྱེད་མཁན་ཡངཉུང་ཤས་རེ་ཡོད་ཚོད་རེད། ཕྱོགས་གཅིག་ནས་བསམ་ན་སློབ་གཉེར་ལ་བར་ཆད་བཟོ་བྱེད་རེ་འགྲོ་སྲིད་ནའང་དེ་ནི་སློབ་སྦྱོང་ལ་མཐུན་རྐྱེན་བསྒྲུབ་པའང་བར་ཆད་དུ་འགྲོ་སྲིད་ལ་བསམ་གཟས་ནས་བར་ཆད་བརྩམས་པའང་མཐུན་རྐྱེན་དུ་སོང་བ་མང་ཕྱིར་མཐའ་གཅིག་ཏུ་ངེས་པ་ག་ལ་ཡོད། མང་ཆེ་བ་སློབ་སྦྱོང་བྱེད་མཁན་ཁོ་རང་ཚོའི་ནང་བསམ་བློ་དང་དགེ་རྒན་ནམ་མཁན་པོ་དགེ་བཤེས་སོགས་ཀྱིས་སློབ་སྟོན་དང་བསླབ་བྱ་ལ་རག་ལས་ཀྱི་རེད་མ་གཏོགས་སྤྱིའི་ཆ་རྐྱེན་གཅིག་པོས་ཡིན་ག་ལ་སྲིད །གལ་ཏེ་སློབ་སྦྱོང་ལ་མི་མོས་མཁན་ཞིག་ཡིན་ན་ནི་བསླབ་སྟོན་དང་གོ་སྐབས་སོགས་ལ་མི་ལྟ་བར་རང་གར་དུས་ཚོད་ཆུད་ཟོས་སུ་བཏང་ནས་སློབ་སྦྱོང་མི་བྱེད་པར་གནས་སྡོད་མཁན་ག་ཚོད་ཡོད་རེད། མི་ནི་མཚམས་མཚམས་སུ་ལུག་དང་འདྲ་བོ་ཡོད་རེད་ཟེར་སྲོལ་ཡོད་དེ་ནི་ཕར་དེད་ན་ཚུར་ཡོང་བ་དང་ཚུར་འཐེན་ན་ཕར་འབྲོས་པ་དེ་རེད། བཀག་འགོག་བྱས་པ་ལས་རན་ཚོད་ཀྱི་བེད་སྤྱོད་དང་སྦྱང་བསྡར་ལག་ལེན་བྱེད་བཅུག་ན་ཕན་ཐག་དང་འདོད་ངོམས་གཉིས་ཀ་ཡོང་བ་ཡང་ཡོད་སྲིད་པ་རེད། ད་གློག་ཆས་རིགས་གལ་ཆེ་ཤོས་ཀྱི་ཕྱོགས་ནས་བསམ་ན་དེང་སང་འཛམ་གླིང་ཧྲིལ་བོའི་སྤྱི་ཚོགས་འདིར་གློག་ཀླད་དང་གློག་འཕྲུལ་སོགས་ཀྱིས་སློབ་གཉེར་བ་མང་པོ་ཞིག་ལ་འབད་འབད་དུང་དུང་གིས་དཀའ་ངལ་དེ་ཙམ་མི་དགོས་པར་ཚེགས་མེད་དུ་དཔེ་བལྟས་དང་ཚིག་དོན་གང་རུང་བཙལ་རྙེད་ལས་སླ་མོའི་སྒོ་ནས་སྟོན་ཐུབ་མཁན་ཀྱི་དགེ་རྒན་བཟང་པོ་ཞིག་རང་ལག་ན་ནམ་དགོས་ཡོད་པ་ལྟ་བུ་ཞིག་མ་ཡིན་ནམ། དེར་མ་ཟད་གློག་ཀླད་འཕྲུལ་དེབ་ནང་ལ་གནའ་དེང་གི་དཔེ་དེབ་སྣ་མང་གློག་སྒོ་ཆུང་ངུ་དེ་ལ་ཉར་ཚགས་བྱེད་ཐུབ་པ་འདི་ནི་རྫུ་འཕྲུལ་གྱིས་བཞེངས་པའི་དཔེ་མཛོད་ཁང་ཞིག་མིན་ནམ་སྙམ་པ་བྱུང་། དེང་སང་ནི་དུས་རབས་ཉེར་གཅིག་པ་བརྡའ་འཕྲིན་གྱི་དུས་རབས་རེད་ཅེས་ཀུན་ལ་ཐུན་མོང་དུ་སྣང་བ་དོན་གནས་དགོས་ན། བྱ་བ་བཟང་པོ་དེ་ང་ཚོ་ནང་པའི་དགོན་སྡེ་ཁ་ཤས་ཀྱི་དགེ་བསྐོས་དང་ལས་སྣེ་གང་རུང་འགའ་རེས་དགོན་ནང་ལ་གློག་ཀླད་དང་གློག་འཕྲུལ་རྩ་བ་ནས་མེད་པ་ཞིག་བཟོ་འདོད་དང་བཟོ་དགོས་ཀྱི་ཡོད་ན་དང་པོ་དེང་སང་གི་བླ་མ་འཇོན་པོ་ཐབས་ཤེས་ཅན་དེ་ཚོས་བཞེངས་པའི་དགོན་པ་རྫིག་པོ་དེ་ཚོ་ཚང་མ་ཡང་དུས་རབས་ཀྱི་ཆ་རྐྱེན་ལ་མི་བརྟེན་པར་བསྡུ་གསོག་བརྒྱབ་ནས་ཧི་མ་ལ་ཡི་རི་རྒྱུད་ཀྱི་མི་མེད་ལུང་སྟོང་གང་རུང་རེ་ལ་སྤོས་ནས། གནའ་སྔ་རབས་ཀྱི་གནས་སྟངས་ཇི་བཞིན་བཟོ་ཐུབ་ན་གློག་ཀླད་དང་འཕྲུལ་ཆས་སོགས་ཀྱང་འགོག་མི་དགོས་པར་ཁོར་ཡུག་དེ་ལ་བརྟེན་ནས་སྤྱོད་ས་དང་གནས་ས་མེད་པ་ཆགས་འགྲོ་བ་རེད། དེ་མིན་དགོན་པའི་མགོ་གཙོ་དང་བླ་སྤྲུལ་མཁན་དགེ་རྣམས་ལ་འཕྲུལ་ཆས་གློག་ཀླད་གང་ལེགས་རེ་སྤྱོད་རྒྱུ་ཡོད་པ་དང་སྤྱོད་ཡང་ཆོག་པ་མ་ཟད་ངོམ་བཞིན་འགྲོ་བ་དང་། གྲྭ་བ་ཉམ་ཆུང་ཚོའི་མགོ་ལ་མི་ཆོག་པས་ཁྲིམས་གཅིག་ལས་གཉིས་བརྩེགས་སུ་བགྲངས་ནས་འདྲ་མཉམ་ནང་ཆོས་ཀྱི་ལྟ་བ་ལས་བརྒལ་ནས་སྒེར་གཅོད་དབང་ཤུགས་ཀྱིས་ལྟ་བ་དུས་རབས་ཀྱི་སྤྱི་ཚོགས་དང་མི་མཐུན་པས་ཁ་ཆེའི་ཆོོས་ལུགས་པ་ལྟ་སྤྱོད་མཁྲེག་འཛིན་ཅན་དེ་ཚོས་བུ་མེད་ལ་དམའ་འབེབས་དང་མཐོང་ཆུང་བརྙས་བཅོས་ཚད་ལས་བརྒལ་བ་བྱས་ནས་དེང་རབས་ཀྱི་སྤྱི་ཚོགས་ལ་སྤྱོད་པའི་ཐོབ་ཐང་དང་སློབ་སྦྱོང་སོགས་བྱེད་མི་ཆོག་པས་དབང་ཆ་འཕྲོག་པའི་གཡོ་རྒྱུས་ལོག་རྟོག་ལོག་ཆོས་ཀྱི་ལྟ་བ་དང་གཅིག་མཚུངས་སུ་མི་འགྲོ་བའི་ངེས་པ་མི་འདུག་སྙམ། ནང་ཆོས་ཀྱི་ལྟ་བ་ནི་འདྲ་མཉམ་དང་ནང་པའི་ཆོས་པ་རྣམས་ནི་བསམ་བློ་གུ་ཡངས་པོ་དང་ཁོར་ཡུག་དང་དུས་དང་གནས་རྣམས་ལ་བསྟུན་ཤེས་པ་མ་ཟད། སྟོན་པས་བཅས་ཁྲིམས་འདུལ་བའི་གཞུང་ལུགས་ཡང་ཡུལ་དུས་དང་བསྟུན་དགོས་ཞེས་སྟོན་པ་རང་གིས་གསུང་ཡོད་ན། ང་ཚོའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆ་རྐྱེན་ཕྲན་བུ་ཙམ་ལའང་དེ་ལྟར་མི་བཟོད་པས་ཞེ་གནག་དགོས་དོན་ཅི་ཡོད། སེམས་ཅན་གྱི་ཁམས་དབང་མོས་པ་དང་བསྟུན་ནས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བསྟན་ཡོད་པ་ཡང་གང་ཟག་མ་འདྲ་བ་དང་དུས་ཚོད་དང་སྤྱོད་པ་རབ་འབྲིང་ཐ་མ་ལ་དགོངས་ནས་གསུང་གྱི་ཚང་མ་གཅིག་གྱུར་ཅིག་དང་ཚང་མ་གཅིག་པ་ནང་བཞིན་ཞིག་དུས་ནམ་ཡང་ཡོང་ཐབས་མེད་ལ་ཡོང་འདོད་ཀྱི་ཨུ་ཚུགས་དང་གླེན་ལྐུག་གྱིས་གཉའ་ཁྲིམས་ཡང་བཟོ་མི་དགོས། ཁོར་ཡུག་དང་ཆ་རྐྱེན་ཡང་དེ་བཞིན་ཡིན་པས་ཚང་མ་གཅིག་གྱུར་ཅིག་དཀའ་བར་མ་ཟད་གལ་ཏེ་གཅིག་གྱུར་ཡིན་ཡང་གང་ཟག་གི་ངོས་ལ་རག་ལས་ཀྱི་རེད་མ་གཏོགས། ཆ་རྐྱེན་གཅིག་པོ་ལ་ཐམས་ཅད་རག་ལས་ཀྱི་ཡོད་མ་རེད། གལ་ཏེ་དེ་ལྟར་ཆ་རྐྱེན་གཅིག་པོ་ལ་ཐམས་ཅད་རག་ལས་ཀྱི་ཡོད་དགོས་ན་ཆ་རྐྱེན་འདི་དག་མེད་པས་དུས་རབས་མང་པོའི་སྔ་རོལ་དུ་ཐམས་ཅད་སངས་རྒྱས་དང་བྱང་སེམས་ཤ་སྟག་ལས་ཡོད་མི་རིག་པར་ཐལ། གལ་ཏེ་ཆ་རྐྱེན་འདི་རིགས་དར་བ་དང་ཡོད་པ་ཙམ་ནས་ཐམས་ཅད་འཕུངས་འགྲོ་ཀྱི་ཡོད་ན་དང་པོ་མགོ་གདུགས་ཞབས་ཀྱི་བླ་ཆེན་དང་མཁན་པོ་དེ་བཞིན་དགེ་བཤེས་རྣམས་ཕུངས་རྒན་དང་བསྟན་པ་བཤིག་མཁན་གཙོ་བོ་དེ་ཡིན་པར་ཐལ། གང་ཡིན་ཞེ་ན། གྲྭ་ཚང་ནང་དང་པོ་ཁོ་ཚོ་ལ་ཆ་རྐྱེན་དེ་ཡོད་པས་ཕྱིར། གློག་རྡུལ་འཕྲུལ་ཆས་ཀྱི་རིགས་དགོན་པ་དང་གྲྭ་ཚང་ནང་ལ་གནོད་པ་ཡོད་པ་དང་འགལ་རྐྱེན་མང་བ་ཡོད་པ་གོ་བཞིན་ཤེས་བཞིན་དུ་སྤྱོད་མཁན་གྱི་བླ་སྤྲུལ་མཁན་གསུམ་གྱིས་ཅི་མི་སྙམ་པར་ལོངས་སྤྱོད་ཆོག་ན་གྲྭ་བ་ཉམ་ཆུང་ཚོ་ལ་ཁྲིམས་དང་སྒྲིག་ལམ་གསར་བ་རེ་ཨེ་རྙེད་ལྟ་ནས་འགོག་དགོས་པ་འདི་ཉམ་ཆུང་ལ་ཡོད་པའི་རྒྱུ་ནོར་ལ་མི་བཟོད་པས་མིག་སེར་ཙམ་ཡིན་པ་ལས་དགེ་སྐྱོན་འབྱེད་པའམ་ལྷག་བསམ་གྱིས་ཡོ་བསྲིང་ཞིག་མིན་པར་ཤེས་དགོས་ངེས་རེད། གལ་ཏེ་སློབ་སྦྱོང་བ་ལ་བར་ཆད་དུ་འགྲོ་བ་ལས་བླ་སྤྲུལ་དང་མཐོ་རིམ་གོང་རིམ་རྣམས་ལ་མེད་དུ་མི་རུང་བ་ཞིག་ཡིན་ཟེར་ན། འོ་ན་དེང་སང་རྒྱལ་སྤྱིའི་སློབ་གྲྭ་ཆེ་འབྲིང་ཀུན་རྩ་མེད་དུ་འགྲོ་བ་ལ་ཐག་ཉེ་བར་ཐལ། གང་ཡིན་ཞེ་ན། གློག་འཕྲུལ་རིགས་བེད་སྤྱོད་བྱེད་པའི་སློབ་སྦྱོང་བ་ཡིན་པའི་ཕྱིར་ཟེར་ན་ལན་ག་རེ་ཡོད། དེ་བས་རང་འདོད་མཁྲེག་འཛིན་གྱི་ལྟ་བ་གྱོང་པོ་དེ་མི་འཁུར་བར་བསམ་བློ་གུ་ཡངས་དང་དཔྱོད་ཤེས་སྤྱི་སེམས་ཀྱི་དར་དཀར་རིང་མོ་ཞིག་བཏེགས་ནས་ཐུགས་བསམ་རྣལ་མ་རེ་བཞེས་གནང་མཛོད།
ཁྱོད་རང་གི་འདོད་པ་བསྟུན་ཏེ་མཁན་པོ་ཐུར་དུ་དྲུད་མ་འདུག་ཨ།
དགེ་འདུན་པ་ཡོད་ཚོད་ལ་བཀག་དགོས་པར་བཤད་པ་ལས། འགའ་ཞིག་ལ་བཀག་ཅིང་། འགའ་ཞིག་ལ་བཞག་པར་སུས་ཀྱང་བཤད་མེད། ཁྱོད་རང་གོང་གི་དཔེ་དེ་དྲངས་ས་ནོར་སོང་།
་་་་་་་་་་ང་ཡང་ཤ་བཅད་ཡིན་ཞེས་སྐད་ཆ་བཤད་པ་རེད། དེ་དུས་སྡེ་བ་གཞན་པའི་རྒད་པོ་ཞིག་གིས་བླ་མ་དེ་ཚོའི་ཤ་མཆོད་ཀྱི་མི་འདུག་གམ་ཞེས་དྲིས་པ་རེད། རྒད་པོས་བླ་མ་དེ་ཚོས་ཤ་བཞེས་ཀྱིན་འདུག་ཅེས་ལབ་དུས། རྒད་པོ་གཞན་པ་དེས། ཨོ་ད་དེ་རེད། ཁོ་རང་ཚོས་ཤ་ཡི་ཉེས་དམིགས་ཤེས་བཞིན་གོ་བཞིན་དུ་ཤ་ཟ་ཡ་མི་འགོག་ན་ང་ཚོ་ལ་ཤ་ཡི་ཉེས་དམིགས་བཤད་ནས་འགག་དགོས་དོན་ཅི་རེད་་་་་་ ཟེར་བ་བདེན་པ་རེད་། ཧ་ཧ།
དགོན་པའི་དོན་དང་ནང་ཆོས་གོ་དོན་ཙམ།
མི་ཤེས་བླུན་རྨོངས་འཐུམ་པའི་སྐྱེ་བོ་ཀུན།
ཚན་རིག་གློག་འཕྲུལ་བརྟེན་ཏེ་མངོན་མཐོ་དང་།
ངེས་ལེགས་བྱང་ཆུབ་བསྒྲུབ་ལ་བརྩོན་ཞིང་ཨང་།
ཁྱིམ་ནས་རབ་བྱུང་ཁྱིམ་པའི་ལས་ལ་འཇུག
སྡོམ་པ་བླངས་ནས་སྡོམ་མེད་ལས་བྱེྱེྱེད་པ།
ཕྱི་ཡི་རྣམ་པ་དམར་སེར་རྟགས་སུ་བཀླུགས།
འདི་ཕྱི་ཕངས་པའི་བཙུན་རྫུན་སྒྲུབས་ཤིང་ཨང་།
ཐོག་མར་སངས་རྒྱས་བྱང་སེམས་སྤྲུལ་པ་དང་།
སྐྱེ་བ་རེ་བླངས་ཇི་སྡུག་ཇི་ངན་འགྱུར།
སྤྲུལ་སྐུ་ངོ་མ་དང་རྫུན་དབྱེ་ཤེས་མེད།
བླང་དོར་མི་ཤེས་སྤྲུལ་རྣམས་གྱིས་ཤིང་ཨང་།
དགོན་པའི་ནང་དུ་འཕྲུལ་རིགས་འགོག་རྒྱུ་ལ།།
རྒྱབ་སྐྱོར་ཡོད་པའི་གྲྭ་རྒན་ཞིག་ཡིན་ན།།
དང་པོ་རང་ནས་ལག་ལེན་བསྟར་དགོས་པས།།
དྲ་རྒྱའི་ནང་འདིར་གཏན་ནས་མ་ཡོང་ཨང་།།
རང་ཉིད་དྲ་རྒྱའི་ནང་དུ་འཛུལ་བཞིན་དུ།།
འཕྲུལ་རིགས་འགོག་པར་རྒྱབ་སྐྱོར་ཡོད་ཟེར་ན།།
ཁ་དང་ལག་ལེན་ཕྱིན་ཅི་ལོག་གྱུར་པས།།
བདག་མེད་ཁ་ལ་བདག་པོ་རྒྱོབས་ཤིག་ཨང་།།
ཧ་ཅང་བདེན་གི་་་་་དུས་རབས་ཉེར་གཅིག་པའི་མདུན་བསྒྲོད་འདིར་ཞུགས་ཉིན་་་་་བརྡ་འཕྲིན་དུས་རབས་འགོག་ཐུབ་བམ་་་་་་་་དགེ་བསྐོས་སོགས་ཀྱིས་དོན་དམ་སྤངས་ཡོད་དམ་་་་་་་་་
ད་མི་རིང་བར་སྟོན་པས་འདུལ་བ་ཡུལ་དུས་ལ་བསྟུན་དགོས་ཞེས་པའི་ལུང་དེ་གོ་བ་ལོག་པ་བརྒྱབས་ཏེ། དུས་རབས་ཉེར་གཅིག་པར་སླེབས་ཡོད་པས་གྲྭ་པ་ཚོས་ཆང་འཐུང་བ་དང་བུད་མེད་ལ་ཆགས་པ་བྱེད་པ་སོགས་ལོས་ཆོག་ཟེར་བ་དེ་འདྲ་ཡང་བཤད་ཡག་གི་ཉེན་ཁ་ཤིན་ཏུ་ཆེ།
འཛམ་གླིང་མི་ཆོས་བདེ་སྲུང་གསང་བའི་ལས་ཁུང་གིས་་རྗེས་མར་དགོན་ས་ཁག་ནས་བླ་མ་གྲྭ་བའི་ཀློག་ཀླད་ནང་དུ་ཕོ་མོ་མོ་ཕོ་མོ་མོ་ཕོ་ཕོ་སོགས་ཀྱི་ཆགས་སྤྱོད་ཚུལ་དང་མི་མཐུན་པའི་བརྙན་རིས་རྣམས་ཕྱི་འདོན་བྱས་ཏེ་ངོ་ཚ་དང་ཟོག་རྫུན་གསལ་རྗེན་ལ་འབུད་རྒྱུ་ཡོད་དུས་ཁ་བ་བོད་པའི་ནང་བསྟན་གྱི་གྲྭ་བ་ལ་དད་པ་དང་བསྟན་པ་ཆུ་ལ་བསྐུར་ཚར་རེད། དེ་ལས་ད་ནས་སྔོན་འགོག་ཡོད་ན་བཟང་པར་འདོད།
ང་དང་ངའི་དགའ་མས་སྔོན་མ་ཞིག་ལ་རྡོར་གདན་ནས་གྲྭ་བ་བདུན་ཅུ་ལྷོག་གིས་དམར་རྗེན་ཆགས་སྦྱོར་ཅན་གྱི་འོད་སྡར་ལ་གཟིགས་བཞིན་པ་མཐོང་། དུས་དེ་ནས་བཟུང་ངས་གྲྭ་ལོག་ཟེར་ན་རྩི་མ་ཐུབ་པ་ཞིག་ཡོད་པ་འདི་ཚོ་ཡང་དེ་དང་འབྲེལ་མེད་ཞིག་མ་རེད་འདོད། ང་ལ་མཚོན་ན་གྲྭ་བ་ལོག་དང་མ་ལོག་ལ་ཁྱད་པར་མེད་མོ་ཡིན་ན་ཡང་གྲྭ་ལོག་ཁ་ཤས་ཤིག་གི་སྡུག་གཏམ་དང་འགྱོད་གདུང་གི་སེམས་གཏམ་ཁྲོད་ནས་ངས་ཁོ་ཚོ་ལ་སྙིང་རྗེ་ཆུང་ཆུང་རེ་སྐྱེ་ཡོད་པས་དེ་ལྟར་ཐལ།
གློག་ཀླད་ལ་བཅོས།
མྱི་ངན་ཞིག་གིས་མཚང་ངན་བཞག་པ་ན།
མཚན་ངན་ཞྭ་མོ་ཆོས་སྡེ་ཀུན་ལ་གཡོག།
གྲྭ་བ་ཚང་མ་དེ་ལྟར་མ་ཡིན་ཀྱང་།།
དཀར་འདེད་མེད་པའི་མྱི་ཁས་ཚང་མ་རྫོབ།།
དེ་རྐྱེན་ངན་གྲོགས་ཤར་རེད། བཀག་ཙམ་བཀག་ཙམ་བྱས་ན་བཀག་མ་ཐུབ་པའི་ཁར་དེ་ལ་དོ་སྣང་དང་དགོས་འདོད་ལངས་ཆེ་བ་ཡོད་རེད། དགེ་ལུགས་པ་དེ་ཚོས་སྔོན་མ་ལོ་བཅུ་གྲངས་གོང་ནས་ད་ལྟའི་བཀག་ནས་ཡོད་པ་མ་གཏོགས་གློད་པ་ཟེར་བ་ཞིག་ཡོད་མ་རེད། འོན་ཀྱང་ལོ་རེ་བཞིན་ཇེ་མང་རེད། དགོན་པའི་སྒྲིག་གཞི་དང་རྒྱ་ནག་གཞུང་གི་ཁྲིམས་ལུགས་གཉིས་གཅིག་པ་རེད། སྒྲིག་གཞི་དང་ལག་ལེན་ལོག་ག་རེད། སློབ་གཉེར་ལ་གནོད་ཀྱི་འདུག་ན། ཟས་བཀག ཟ་ཆེ་ན་གཉིད་ཁུག་སྟེ་སློབ་གཉེར་ལ་གནོད་པ་སྟོན་པ་རང་གིས་གསུངས། བོད་དོན་གྱི་ལས་འགུལ་ཚང་མ་བཀག ལས་འགུལ་སྤེལ་སར་སོང་ན་དཔེ་ཁྲིད་དང་ཆོས་རར་སླེབས་ཀྱི་མ་རེད།
འོད་སྡེར་ལ་བཅོས། ཡང་གཟིགས་ཐག བརྙན་ཐག གཟིགས་མཐོང་སྤྱིན་ཤོག སྡུད་ལེན་འཁོར་ཐག
མུན་ནག་མདའ་འཐེན་དང་། མིག་གཉིས་བཙུམས་ནས་ཆུར་མཆོང་པ་གཉིས་རྒྱུ་མཚན་མེད་པ་གཅིག་མཚུངས་རེད། སྐད་ཆ་བཤད་ན་མང་ཚོགས་དང་། ཆོས་བརྒྱུད་ལ་ཕན་ཐོགས་ཡོད་པ་ཞིག་ལས། གང་འདོད་བཤད་ན་ཉེས་པའི་གཞི་ལས། དགེ་ཕན་ཡོད་པར་མ་མཐོང་། གྲྭ་བའི་སྡོམ་པ་སྲུང་བ་དང་། བསྟན་པའི་ལ་རྒྱ་སྲུང་དགོས་པ་ལས། འཕྲུལ་རིག་ལ་བརྟེན་ནས་བསྟན་པ་འཛིན་ནུས་པ་སྔར་ཡང་བྱུང་མེད་ལ། ཕྱིས་ནས་ཀྱང་འབྱུང་མི་སྲིད་པ་རེད། དེ་ཕྱིར་ཚང་མས་ཁ་ཚ་དགོས་གཏུག་གིས་འཕྲུལ་རིག་འགོག་པ་ལ་རྒྱབ་བསྐྱོར་གནང་ན་ལེགས་པར་སེམས། དབང་ཆེན་ཁྱོད་ཀྱིས་དབུ་མའི་ལམ་ལ་དགག་པ་རྒྱག ད་དུང་དགོན་སྡེའི་ཚོས་་བསྟན་པའི་ཆེད་དུ་ལ་རྒྱ་སྲུང་བ་ལ་ཡང་མི་འདོད་པའི་རྣམ་འགྱུར་བསྟན་པ་ནི། རང་ཉིད་ཆོས་པ་ཞིག་དང་། བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ན་ནོར་བ་ནང་ནས། ནོར་བ་ཆེན་པོ་ཞིག་ཡིན་པར་སེམས།
སྤྱང་ཀིས་ཆོས་བཤད། ཧཧཧཧཧཧཧཧཧཧཧཧཧ
ལས་མེད་གླེང་སྟེགས་་་་་་་་
ང་ཡང་་་་་་་་་་ཧཧཧ
དེང་སང་གྲྭ་པ་དེ་ཚོ་སྨྱོན་པ་ཆགས་པ་འདྲ། དགེ་བསྐོས་ལའང་ཟུར་ཟ་བྱེད་ཀྱི་འདུག ངོ་མ་གྲྭ་པ་ཉམ་ཆུང་ཡིན་ན།་་་་་་་་་་་ཁ་པར་དང་ཀློག་ཀླད་སོགས་ཀྱི་མཐུན་རྐྱེན་གྲྭ་པ་སྒེར་པར་དགོས་མ་རེད།་་་་་་་་་་་སྤྱི་ཡོངས་ཀྱིས་གློག་འཕྲིན་བཀོལ་སྤྱོད་དང་ཁ་པར་གཏོང་ས་སོགས་བཟོས་ན་ད་འྟའི་དགོན་ཆེན་དེ་ཚོ་དོན་དམ་སློབ་གཉེར་ཁང་ཞིག་ཆགས་ས་རེད།
གྲྭ་པ་འགའ་ཞིག་ནི་ཁ་པར་སོགས་རིན་གོང་ཆེན་པོ་དེ་འདྲ་བེད་སྤྱད་ཀྱང་དེའི་བེད་སྤྱོད་ཚུལ་ནི་ཤེས་ཀྱི་མིན་འདུག་་་་་་་་་་་དེ་ལས་སྤྱི་དམངས་བཀོལ་སྤྱོད་ཁང་ཞིག་བཙུགས་ན་ཡག་པོ་འདུག་་་་་་་་་་ད་དུང་ཉན་ཤེས་དང་གོ་ཤེས་མེད་ན་གྲྭ་སར་བསྡད་དགོས་མ་རེད། ་་་་་་་་་་་་་་་ཐག་རིང་ཙམ་འགྲོ་ན་ཡག་གི་རེད།
བདེ་བ་ཅན་གྱི་ཐེམ་སྐས་སྨོན་ལམ་འདོན་པ་དང་དགེ་སྦྱོར་ལ་གེགས་བྱེད་པའི་འཕྲུལ་རིག་སྤྱོད་པ་གཉིས་པོ་ནི་ཉམས་ལེན་གྱི་བཀག་རྡོ་གཉིས་ཡིན། དེ་གཉིས་འགོག་ཐབས་རང་ངོས་ནས་འབད་དགོས་པ་ལས། རང་སེམས་རང་གིས་མ་བསྐུལ་བར་གཞན་ཞིག་གིས་བཙན་གྱིས་འགོག་ཐབས་ཡོད་པ་མ་རེད། འོན་ཀྱང་སོ་སོ་སྐྱེ་པོ་ཞིག་ཡིན་ཕྱིན་ཁག་མེད། དེང་སང་བླ་མ་དང་སྤྲུལ་སྐུ་ཡིན་མདོག་གིས་ཁྲི་མཐོན་པོའི་སྒང་ནས་ཡབ་ཡུམ་ཞལ་སྦྱོར་གནང་བ་དེ་ཚོ་ཡ་མཚན་རེད། དེ་ལས་ཅུང་ཟད་དྲག་པ།
ཀློག་དང་ཁ་པར་སྒེར་ལ་གང་ཉུང་ཉུང་དང་། སྤྱི་སྤྱོད་གློག་ཀླད་དང་། སྤྱི་སྤྱོད་ཁ་པར་གང་མང་མང་དགོས་རྒྱུ་དེ་གལ་ཆེན་པོ་རེད་སྙམ་ལགས།
ད་ཡིན་ན་བླ་མའི་མིང་ཁུར་མཁན་འདི་ཚོས་ཆུང་མ་ཡང་ལེན་ཆོག་པའི་ལུངས་འདྲེན་ཡོང་འདོག་ཁ་བོ་རེད།
ཉེར་གཅིག་པ་ཉོན་ཨ་་་་་་་་་་་བླ་མ་དང་སྤྲུལ་སྐུ་ཚོས་སྐྱེས་དམན་ལ་འཁྲིས་སྤྱོད་སོགས་གང་བྱེད་ན་མཛད་པ་མཛད་པ་དང་། གྲྭ་བ་ཉམ་ཆུང་ཚོས་དེ་འདྲ་བྱེད་ན་བསྟན་བཤིག་རང་རེད། ཧ་གོ་སང་ངམ།
གནམ་ལགས། ཁྱེད་རང་གིས་རང་གི་ཆུང་མ་ལས་དབུ་མེད་གཞན་ལ་སེམས་པ་ཤོར་བ་དང་ཆགས་པ་སྤྱོད་པ་སོགས་གང་ཐུབ་ཀྱིས་སྤྱོད་པས་གཞན་གྱི་སྟེང་ལ་ཁ་ཕོད་མ་ཆེ་ལེགས། རང་གིས་ཉིན་གཅིག་ལ་གློག་ཀླད་སྤངས་དགོས་ན་ཁག་པས་གྲྭ་བ་ཚོས་ཚེ་གཅིག་ལ་ཅི་ལྟར་སྤངས་ཐུབ། ཁོང་ཚོ་ཡང་ཁྱེད་ལྟར་མི་རེད། མིའི་འདུ་ཤེས་ལ་གུས་བཀུར་བྱེད་རོགས། དབུ་མེད་སྤངས་ཏེ་གྲྭ་བ་བྱོས། དེ་ནས་སྐད་ཆ་བཤད།
གློག་ལེབ་སོགས་གྲྭ་བས་བོད་སྤྱོད་དགོས་འཁོར་ཞིག་རེད་དྲན་བཞིན་འདུག་ དུས་དང་སྐབས་ལ་བཏུན་ནས་སྐད་ཆ་བཤད་ན་ལེགས་པོ་མཐོང་གི་འདུག་ གྲྭ་བས་གློག་ལེབ་བོད་སྤྱོད་བྱེད་ན་སོ་སོའི་རྒྱུད་ལ་ཡོན་ཏན་འབྱུང་བའི་གཞི་བྱེད་ནས་བོད་སྤྱོད་བཏང་རེད་ ཁྱོད་རང་གིས་གློག་ལེབ་བོད་སྤྱོད་བཏང་བ་དེ་ཀུན་སློང་ངན་པ་ཞིག་གཞི་བཟུང་ནས་བུ་མེད་དང་འདོད་པ་བྱེད་རྒྱུ་དམིགས་ཡུལ་བཟུང་གཉིས་རྩ་བའི་ཆ་ནས་ལོག་ཁ་རེད་ དེའི་སོང་གི་མི་རྣམས་ཀྱིས་དཔེ་མཛོད་ཁང་མི་དགོས་པ་གློག་ལེབ་ལ་སོགས་བོད་སྤྱོད་བྱེད་བཞིན་ཡོད་མངོན་སུམ་དུ་མཐོང་ཐུབ་ཞིག་རེད་ དགེ་འདུན་པ་ཚོ་ས་ཆ་གང་ལ་འགྲོ་ན་ལས་སླ་བོ་དང་འགྲོ་འདུག་བདེ་བོ་རེད་དྲན་ ཁ་ཅིག་ནས་སྔོན་མ་སྐྱེས་བུ་དམ་པ་དེ་ཚོས་བོད་སྤྱོད་བཏང་གི་མ་རེད་ གློག་ལེབ་མེད་ནས་འགྲིག་རེད་ཟེར་བ་ཡང་ཡོད་པས་རྒྱུ་མཚན་ཡངས་དག་མཐོང་མ་ཐུབ་པ་རེད་ སྐབས་དེ་དང་དུས་དེ་ལ་གློག་ལེབ་བོད་སྤྱོད་བྱེད་བསམ་ནའང་འཕྲུལ་ཆས་རིགས་དཀོན་པའི་ཆ་ནས་རེད་ ད་ལྟའི་དུས་སུ་དགེ་འདུན་པ་ཡིན་ཡང་རང་ལ་སྟབས་བདེ་བ་དང་ཕན་ཐོག་ཆེན་པོ་ཡོད་པ་ཤེས་བཞིན་དུ་བོད་སྤྱོད་མ་བྱེད་ན་དེ་ལ་ཀླུག་པ་དང་བླུན་པོ་ཞེས་སོ།།
ཡའའའའའའའའ། ད་ཁ་བརྡ་ཚང་གི་སྐྱེས་རབས་རྣམ་ཐར་ཙིག་ཅུང་ཟད་བཤད་ན། བླ་མ་སྤྲུལ་སྐུ་ཚོགས་ནས་ཆུང་མའི་ཡག་ཉན་བཤད་ས། དགེ་བཤེས་ཁ་བདེ་ཚོགས་ནས་རླུག་པའི་ཆེ་ཆུང་བསྡུར་ས། རྒད་པོ་གླན་པ་ཚོགས་ནས་སྟོང་ཉིད་ཆོས་བཤད་རྒྱག་ས། རྒན་མོ་གོ་དགེ་ཚོགས་ནས་དགོན་པའི་ཁྲིམས་ལུགས་བཤད་ས། བྱིས་པ་སྣབས་ལུག་ཚོགས་ནས་གོ་རེ་ཆེ་ཆུང་རྩོད་ས། གནས་བརྟན་འདུལ་འཛིན་ཚོགས་ནས་དམག་དོན་ཆབ་སྲིད་གླེང་ས། ལུག་རྫི་རྒད་པོ་ཚོགས་ནས་ཚན་རིག་གོ་བསྡུར་བྱེད་ས། རྐུ་མ་ཇག་པ་ཚོགས་ནས་སྡིག་པའི་ཉེས་དམིགས་འདྲེན་ས། དཔོན་པོ་མཐོན་པོ་ཚོགས་ནས་རྩ་བའི་བླ་མར་སྨོད་ས། ཡར་ལོག་མར་ལོག་ཚོགས་ནས་གྲུབ་མཐའི་ཆགས་སྡང་སྤེལ་ས། གཅིག་གིས་ཡིན་པར་བཤད་ན་གཞན་གྱིས་མིན་པར་སྒྲུབ་ས། ཁ་བརྡ་དྲ་ལམ་འདི་ཡི་དེང་རབས་རྒྱན་ཆ་ཞིག་རེད་ཟེར་རྒྱུ།།།།།།།།།།།།
ཡའའའའའའའའ། དེ་རིང་གི་ཉི་མ་བཟང་པོ། སྐར་མ་བཟང་པོ། ཕུན་སུམ་ཚོགས་པའི་ཉི་མ་འདི་ལ། ཡང་ཡར་སྒྱེད་ན་བཞུགས་པའི་རྒད་པོ་སྣ་ནག་མ་ཡར་ལ་ལངས་ནས། ར་རྩད་ཆད་པོའི་ཐུ་བ་གཡས་ལ་རྫས་ནས། ལག་པ་གཡས་པའི་ནང་ལ་ཆང་ཕང་བཟུང་ནས། ལག་པ་གཡོན་པའི་ནང་ལ་དུ་བ་བཟུང་ནས། སོ་སེར་བོ་སྲིབ་ནས་དུ་བ་སྔོ་ལོང་ལོང་པོ་ཡར་ལ་མཆོད་ནས། འདུ་ཁང་སེར་སྡང་མའི་ནང་གི་དགེ་འདུན་པའི་ཁྲིམས་ལུགས་བཤད་ཁ་བྱས་ཀི ཆོས་ཁྲིམས་ཆོས་ཀྱི་བདག་པོའི་ཁྲིམས་ལུགས་མི་དྲང་རབས་བཤད་ཀི གྲྭ་ཕྲུག་གཞོན་རབས་རྣམས་ཀྱི་གློག་ཀླད་བཟུང་དགོས་རབས་བཤད་ཀི
དེ་ལས་རང་ཁ་གསེར་གྱི་སྒོར་མོ་ནང་གི་དུ་བ་ཕར་ལ་གཡུག་ནས། མ་ནི་ཡི་གེ་དྲུག་མའི་མགུར་དབྱངས་ཞིག་སྒྲོག་ན། རང་ལག་གཡས་མ་ནང་གི་ཆང་ཕང་ཕར་ལ་གཡུག་ནས། ཕྱག་འཚལ་མཆོད་འབུལ་ལ་རེམ་ན། རང་གཞན་རོགས་གསུམ་ཚང་མ་ཕན་ནོ། འདི་ཕྱིའི་ལམ་སྣ་ཚང་མ་དྲང་ཤེད་སེ་འགྲོ་ནི་དེ་འདྲ་ཞིག་ཡིན་རྒྱ་རེད་ལ་་་་་་་་་་།།
ཚང་མས་མཉམ་དུ་ལེགས་སོ་ལེགས་སོ།།
དགོན་སྡེ་གྲ་ཚང་སོགས་ཆོས་སྡེ་ཁག་གི་སྤྱོད་སྒྲུབ་སློབ་གཉེར་ལ་སེམས་འཁུར་དངོས་གནས་ཞིག་ཡོད་ན། ད་ཡོད་ཆོས་སྡེ་ཁག་གིས་དངོས་པོའི་རྒྱས་སྤྲོད་དེ་མེད་པ་བཟོ་དགོས། ཆོས་འདུལ་བའི་བཅའ་འཁྲིམས་དང་དགོན་པའི་ནང་འཁྲིམས་སོགས་དང་ཡོངས་སུ་འགལ་བའི་མི་སྐྱའི་ཕོ་མོའི་གཞི་འཁྱིམ་དང་གཉིས་སུ་མེད་པའི་ཡོ་བྱེད་དགོས་འཁོར་འདི་དག་ནི་དགེ་འདུན་པར་མི་འཚམས་པ་དང་མ་འོས་པ་ཞིག་རེད། འགོ་དེ་ནས་འཛུགས་དང་ད་ཟོད་སངས་རྒྱས་པའི་ཆོས་སྡེ་ངོ་མ་ཞིག་ཏུ་འགྱུར་ངེས།
ད་ཡིན་ན་འདིའི་ནང་དུ་ལས་མེད་དྲྭ་དཀྲུགས་ཆ་ཚང་འབྱོར་འདུག །
འཇམ་གཅེས་ལགས། ལས་མེད་དྲྭ་དཀྲུགས་ཞེས་དམའ་འབེབས་མ་བྱེད་རོགས། འདིའི་ནང་དུ་བོད་ཡིག་ལ་དུང་བ་ཞིག་ཡིན་ན་ཁ་བརྡའི་རྩ་དོན་དང་མ་འགལ་བའི་ཐོག་ནས་སྐད་ཆ་བཤད་མཁན་རྐྱང་རེད། བོད་ཀྱི་རྩ་དོན་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཆ་ནས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད།
འཇམ་གཅེས་ལགས་ ཧ་ཧ་ ལས་མེད་དྲ་གྲོགས་སྨྲ་བ་སྙན་ཆ་འདུག་ཞུ་རྒྱུ་དང་གྲོགས་ཁྱོད་ད་ལྟ་ལས་ཀའི་གོ་གནས་གང་འདྲ་ཞིག་གནས་ཡོད་བྱ་བ་གང་འདྲ་ཞིག་གིས་འབྲས་བུ་ཐོན་ཡོད་ཡོན་ཏན་གང་འདྲ་ཞིག་གིས་ལག་ཁྱེར་ཡོད་ ངས་བལྟ་ན་རང་འགོ་ཐོན་མཁན་ཞིག་ཡིན་ན་དགའ་བ་སྐྱེས་
རང་དབང་གི་དུས་རབས་འདིར་དམངས་གཙོའི་ལུང་པ་ཞིག་གི་ནང་ལ་གྲྭ་དམངས་ཀྱི་བསམ་འཆར་བསྡུ་ལེན་ཙམ་ཡང་མེད་པར། བླ་རྒན་ཁ་ཤས་ཀྱིས་དབང་ཆ་སྒེར་གཅོད་འདི་ལྟར་བྱེད་པ་ནི་རྗེས་ལུས་ཀྱི་རྣམ་པ་དང་མུན་ནག་གི་རྣམ་པ་རེད།
བོད་ལ་མི་དགོས་རྣམ་བཞི་ཡོད། །དཀྲུགས་ཤིང་བཟོ་མཁན་བྱེད་གཏེ་གཅིག །
ཆོག་ཤེས་མེད་པའི་མི་ངན་གཉིས། །ཤེས་ཡོན་མེད་པའི་བླུན་པོ་གསུམ། །
བཟང་མེད་ངན་མེད་རིགས་ངན་བཞི། །བོད་ལ་མི་དགོས་རྣམ་བཞིན་ཡིན། །
བོད་དགོས་པའི་བུ་བཞི་ཡོད། །ཤེས་བྱའི་རྣམ་དཔྱོད་ཡངས་དང་གཅིག །
རིགས་ཀྱི་ལ་རྒྱལ་ལྡན་དང་གཉིས། །རང་གཤིས་རི་རབ་ལྟ་བརྟན་གསུམ། །
སྤྱི་སེམས་ཁོག་དྲང་ཟོལ་མེད་བཞི། །བོད་ལ་དགོས་པའི་བུ་བཞི་ཡིན།
ཆུ་བོ་རྒྱལ་མོ་དངུལ་ཆུའི་བྲིས་པའི་ཡིག་ནོར་དེ་ཚོ་དག་བཅོས་ཞིག་བཟོ་དགོས་བསམ་སོང་ཡང་དུས་ཚོད་མེད་རྐྱེན་གྱི་བཟོ་ཐུབ་མ་སོང་། དྲྭ་གྲོགས་གཞན་ཞིག་གིས་དག་བཅོས་གནང་རོགས་དང་། ཡིག་ནོར་འདི་ཚོ་མཐོང་མི་བདེ་བ་ཞིག་རེད། དངོས་གནས་ཡིན།
ལྟ་ཀློག་མི་བདེ་ཞིང་ཉར་ཚགས་དེ་བས་ཀྱང་སྟབས་མི་བདེ་བའི་དཔེ་ཆ་སྣ་རིང་དེ་དག་ཡོད་ཚད་གློག་རྡུལ་དུ་ཕབ་སྟེ་ཡོད་ཚད་གློག་ཀླད་སོཊ་བརྡ་འཕྲིན་གྱི་ལམ་ནས་ཉར་ཚགས་དང་སློབ་སྦྱོང་བྱེད་དུ་བཅུག་ན་ད་ལྟའི་སློབ་གསོའི་རྣམ་པ་གསར་བ་དང་ཁ་ཕྱོཊ་ཀྱང་གསར་བ་ཞིག་ཡིན་པས་ཚང་མས་དོན་གནང་ཡོང་སྲིད། དེ་ཡང་སྒྲིག་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབ་ན་གནོད་པ་ལས་ཕན་པ་ཆེ་ལ་དེ་ལས་གཞན་པའི་གློག་བརྙན་སོཊ་ཁྲ་རིཊ་ཆེད་དུ་འགོག་སྤྱད་ཡོད་ལ་མི་ཁོགས་པ་ཞིག་ཀྱང་གཏན་ནས་མ་རེད། བོད་ཡིག་བརྡ་འཕྲིན་ལམ་ནས་ད་ལྟ་ཇི་འདྲ་འཕེལ་རྒྱས་འགྲོ་བཞིན་པར་གཟིཊ་དང་མང་པོ་ཞིག་ཧ་གོ་འོང་།
གློག་ཀླད་དགྲ་རུ་གྱུར་ན་རང་ཉིད་ཕོངས།།
དེང་རབས་ལས་ལ་རྒོལ་ན་རང་ཉིད་བརླགས།།
དུས་ཀྱི་ཤེས་རིག་བྲལ་ན་རང་ཉིད་སྟོང་།།
རང་དགྲར་རང་ཉིད་གྱུར་བ་དགྲ་ཡི་མཆོག།
དེ་ལས་དགྲ་ཞིག་གནས་འདིར་རྙེད་དུ་མེད།།
རྙེད་དཀའི་དགྲ་ཞིག་ཡོད་པ་རང་གི་སྡུག།
དགྲ་དགའ་རང་རིགས་སྐྱོ་བའི་ལས་འདི་ལྕི།།
དགྲ་འདིའི་རྩ་བ་ཕྲག་དོག་ཆེ་བས་ལན།།
ཕྲག་དོག་ཅན་ཚོ་གཞན་ཡུལ་རྒུད་པ་མོས།།
གྲྭ་བས་ཀློག་ཀླད་བཟུང་ན་སྤྲུལ་སྐུར་འགྲན།།
དེ་ལས་ལྷག་གི་འགྲན་ཞིག་གང་དུ་ཡོད།།
གྲྭ་བས་ཀློག་ཀླད་སྤྱོད་ན་དཔལ་འབྱོར་འགྲན།།
འབྱོར་བ་འགྲན་སའི་གནས་ཤིག་དགོན་དུ་མེད།།
གྲྭ་བས་ཀློག་ཀླད་སྤྱོད་ན་གང་བཤད་འགྲན།།
འདོད་ཚེ་བཤད་པའི་ས་ཞིག་ཆོས་སྡེར་མེད།།
གྲྭ་བས་གློག་ཀླད་སྤྱོད་ན་ཐོབ་ཐང་འགྲན།།
ཐོབ་ཐང་འགྲན་སའི་ཡུལ་ཞིག་དགོན་པར་མེད།།
གྲྭ་བ་གློ་ཀླད་སྤྱོད་ན་འཇོན་ཐང་འཕེལ།།
འཇོན་ཐང་ཅན་གྱི་གྲྭ་བ་སྤྲུལ་སྐུའི་ཟླ།།
གྲྭ་བ་གློག་ཀླད་སྤྱོད་ན་སེམས་པ་གཡེང།།
རྣམ་གཡེང་བྱེད་སའི་ལུགས་ཤིག་དགོན་པ་མེད།།
མཆན་་་་ཉོག་ཉོག་མང་པོ་འདུག
རེད་ཡ་གྲགས་པོ་དག་ང་ཚོ་ཚང་མ་འབབ་ས་གཅིག་ཡིན་ད་དགོན་སྡེ་དག་ལས་དྲ་རྒྱ་དང་ཁ་པར་སོགས་ཀྱི་རྒྱུན་ལམ་གལ་སྲིད་བཀག་པ་ཡིན་ན་དགོན་སྡེ་དག་གི་སློབ་སྤྱོང་ལ་ཕན་ཐོག་ངེས་ཡིན་ནམ་ཡང་ན་མ་བཀག་ནས་བཞག་པ་ཡིན་ན་བསྟན་པ་ལ་གནོད་དང་མི་གནོད་ཡང་ན་སྒེར་སོ་སོ་ནས་ཉར་མི་ཆོག་པ་དང་སྤྱི་སྤྱོད་དྲ་རྒྱ་ཁང་དང་ཁ་པར་ཁང་སོགས་བཙུག་པ་ཡིན་ན་དེས་བསྟན་པ་ལ་ག་རེ་བྱས་ནས་གནོད་གི་མ་རེད
འདི་ན་མཁས་མདོག་འཇོན་མདོག་བྱས་ནས་རིག་ལམ་གསར་བ་བརྩམ་པ་མིན། དྲངས་གཏམ་བདེན་པ་རི་མོར་བྲིས་ནས་སྙིང་གི་སྐད་ཆ་བཤད་པ་ཡིན། འདི་ན་ཁེ་འདོད་གྲགས་འདོད་བཙལ་ནས་གཞན་ལ་རྒོལ་བ་བྱས་པ་མིན། དེང་རབས་སློབ་གྲྭའི་དགོས་མཁོའི་ཆ་རྐྱེན་ཁྲིམས་འགོག་བྱེད་པ་མ་བཟོད་ཡིན། འདི་ན་ཞེ་འཁོན་དགྲ་ཤ་ལེན་འདོད་དགྲ་ལྟ་འཕྱར་ནས་བརྒྱུག་པ་མིན། ཡུལ་དུས་ཀུན་བསྟུན་རང་དབང་ལོངས་སྤྱོད་མཐོ་དམན་ཀུན་ལ་སྙོམས་འདོད་ཡིན། འདི་ན་མ་ཤེས་མ་རྟོགས་སྐྱོན་ཚོགས་ཅི་ཡོད་ཐམས་ཅད་འདོར་མཛོད་ལ། གལ་ཏེ་ཕན་ཐོག་ལེགས་ཆ་ཅུང་ཟད་མཆིས་ན་དགྱེས་དགུའི་ལེན་པར་མཛོད། །