གུས་ཤིང་བརྩེ་བའི་སྲིད་འཛིན་ཨོ་བྷ་མ་ལགས།
སྐུ་ཁམས་བཟང་།
མི་འགྱངས་པར་ཁྱེད་རང་དགྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་རྒྱུ་ཡིན་པ་གློ་བུར་ཏུ་གོ་ཐོས་བྱུང་པས།
ང་ཚོའི་ངོས་ནས་ཀྱང་དགྱ་ནག་སྲིད་གཞུང་དང་གཅིག་མཚུངས་གི་སྒོ་ནས་དགའ་ཚོར་ཆེན་པོས་ཁྱེད་རང་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད།
ང་ཚོ་ནི་ཉམ་ཆུང་མི་སེར་ཁྲོད་ཀྱི་གཏུག་བཤེར་པ་དག་ཡིན།
ཡིན་ནའང་།
ང་ཚོ་ནི་སྤྱི་སྒེར་གང་རུང་གི་ཁེ་ཕན་ལ་གནོད་པའི་ནག་ཉེས་ཀྱི་བྱ་སྤྱོད་ཅི་ཡང་བཟོས་མེད་པའི་ཀྲུང་གོའི་ཁྲིམས་མཐུན་གྱི་སྤྱི་དམངས་ཡིན།
དེ་བཞིན་ང་ཚོ་ནི་ས་གནས་སྲིད་གཞུང་ལ་ཡིད་ཆེས་བརྩི་མཐོང་མེད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་གྲོང་མིའང་ཡིན།
གུས་ཤིང་བརྩེ་བའི་སྲིད་འཛིན་ཨོ་བྷ་མ་ལགས།
ཁྱེད་རང་ནི་ཁི་ནེ་ཡའི་གདུང་རྒྱུད་དང་།
མི་སེར་དཀྱུས་མའི་ཁྱིམ་ཚང་དུ་སྐྱེས་ཤིང་དམངས་ཀྱིས་བདམས་ཐོན་བྱུང་བའི་སྲིད་འཛིན་རེད།
ང་ཚོའི་ངོས་ནས་ཀྱང་ཁྱེད་རང་ཐེངས་འདིར་རྒྱ་ནག་དུ་འཚམས་གཟིགས་ཀྱི་སྐབས་དང་བསྟུན་ནས།
ང་ཚོར་གདུང་སེམས་མཉམ་བསྐྱེད་དང་དཀའ་སྡུག་མཉམ་མྱོང་གི་འདུ་ཤེས་ཀྱི་ཐོག་ནས།
དཀའ་སྡུག་ཁྲོད་གནས་པའི་ང་ཚོ་མི་སེར་དཀྱུས་མ་རྣམས་ལ་ཐུགས་སྣང་ཡོང་བ་དང་།
དེ་བཞིན་ཧའོ་ཅིན་ཐའོ་སྲིད་འཛིན་དང་ཝུན་ཇ་པའོ་སྲིད་བློན་གཉིས་ལ་ང་ཚོའི་དཀའ་སྡུག་འདི་བརྒྱུད་སྒྲོག་ཡོང་བའི་རེ་བ་ཞུ།
ང་ཚོ་ནི་ཉེ་བའི་ལོ་འགའི་རིང་ལ།
དཔོན་ངན་ལྐོག་ཟ་རུལ་སུངས་མཁན་དང་ཁེ་བ་གཡོ་ཁྲམ་ཅན་དག་མཉམ་འབྲེལ་གྱིས་གྲུབ་པའི་སྒེར་སྡེམ་ཁེ་གཉེར་རིང་ལུགས་ཀྱི་ཚོགས་པས་གནོད་འཚེ་ཕོགས་པའི་མི་དམངས་ཡིན།
ང་ཚོ་མི་སེར་དཀྱུས་མའི་མི་སྒེར་ཐོབ་ཐང་ཡོད་ཚད་རྒྱུ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ས་གནས་སྲིད་གཞུང་གིས་ཧམ་འཕྲོག་བྱས་སོང་།
དེར་བརྟེན།
ང་ཚོས་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་སྤྱི་དམངས་ཀྱི་གཏུགས་བཤེར་ཁེ་དབང་གི་བཅའ་ཁྲིམས་གཞིར་བཟུང་གཏུགས་བཤེར་བྱེད་ཀྱིན་ཡོད།
ཡིན་ནའང་།
ཐེངས་མང་པོར་ཡང་སྐོར་བསྐྱར་སྐོར་གྱིས་གོང་རིམ་ལ་གཏུགས་བཤེར་བྱས་མོད་ང་ཚོའི་གནད་དོན་དེ་ད་ལྟའི་བར་དུ་ཐག་གཅོད་ཅི་ཡང་བྱུང་མ་སོང་།
དེར་བརྟེན་ང་ཚོར་ཕོགས་བཞིན་པའི་གནོད་འཚེ་འདི་རིགས་ནི་ས་གནས་ས་ཐོག་ནས་ཐག་གཅོད་ཡོང་ཐུབ་པ་ཞིག་མིན་པ་དོན་དངོས་ར་འཕྲོད་བྱུང་ཡོད།
རྒྱུ་མཚན་ནི།
དགྱ་ནག་ཏུ་རྒྱལ་ཁབ་ཀྱི་དབང་ཆ་ནི་དབུས་ནས་གཞི་རིམ་བར་དུ་གཅིག་སྡུད་སྒེར་སྡེམ་ཡིན་པ་དང་།
ང་ཚོ་མི་སེར་ལ་འཕྲད་པའི་དཀའ་ངལ་ནི་གཞི་རིམ་ནས་དབུས་ཁུལ་བར་གཅིག་མཚུངས་ཆགས་ཡོད།
ད་ནི་ཐད་ཀར་པེ་ཅིན་ལ་གཏུགས་བཤེར་བྱེད་རྒྱུ་ལས་ཐབས་གཞན་མ་མཆིས།
འདི་ནི་ཁྲིམས་ལུགས་ཀྱིས་སྤྱི་དམངས་ལ་སྤྲད་པའི་བཤུ་གཞོག་དང་ཁྱད་གསོད་བྱ་མི་ཆོག་པའི་དྲང་བདེན་གྱི་ཁེ་དབང་ཞིག་ཡིན་མོད།
ང་ཚོ་པེ་ཅིན་ལ་ཞུ་གཏུགས་ཆེད་འགྲོ་ཐེངས་རེར་ས་གནས་སྲིད་གཞུང་གིས་ཆེད་མངགས་མི་སྣ་བཏང་སྟེ་པེ་ཅིན་དུ་གདུག་རྩུབ་དང་བསླུ་བྲིད་ཟུང་འབྲེལ་གྱི་དྲག་སྤྱོད་པའི་བྱེད་ཐབས་སྤྱད་དེ་ང་ཚོའི་གཏུགས་བཤེར་ལ་བཀག་འགོག་རིམ་པར་བྱས་འོངས།
ཁོ་ཚོས་སྤྱི་བའི་དབང་ཆ་གང་འདོད་སྒེར་གཅོད་བྱས་ཏེ་སྤྱི་དམངས་ཀྱི་རང་དབང་ལ་བཤུ་གཞོག་བྱེད་ཀྱིན་འདུག
ད་ནི་མི་དམངས་ཉེན་རྟོག་པའི་དྲང་བདེན་བྱ་སྤྱོད་དང་ཁྲམ་པའི་སྤྱི་ཚོགས་ཀྱི་ཁྲིམས་འགལ་བཙན་འཁྲིད་གཉིས་ལ་དབྱེ་མཚམས་མེད་པ་ཆགས་ཡོད།
ང་ཚོས་ཁྲིམས་ལུགས་གཞིར་བཟུང་གི་བྱ་ཐབས་ཅི་ཞིག་སྤྱད་ཀྱང་།
མཐའ་མ་ང་ཚོ་ཁྲིམས་མཐུན་མིན་པའི་སྒེར་སྡེམ་པའི་མུན་ནག་གི་བཙོན་ཁང་དུ་ལྷུང་འགྲོ་བ་དང་།
དེ་བཞིན་དོན་མེད་གཅར་རྡུང་མནར་གཅོད་གཏོང་བ་ནི་རྒྱུན་ལྡན་གྱི་དོན་དག་ཞིག་ཏུ་གྱུར་ཡོད།
འདི་ལྟ་བུའི་དམར་དམར་རྗེན་རྗེན་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གནོད་འཚེ་གཏོང་བའི་དྲག་སྤྱོད་དེ་ད་ལྟའི་བར་མཚམས་མ་ཆད་པར་རྒྱུན་གནས་བྱས་ཡོད།
དམངས་གཙོ་དང་རང་དབང་མེད་པ།
ཁྲིམས་མེད་ལུགས་མེད་ཀྱི་རྐྱེན་པས་ང་ཚོ་མི་ཁྱིམ་རེ་རེ་ཡིས་དཀའ་སྡུག་གི་སྐྱོ་གར་རེ་རེ་འཁྲབ་བཞིན་ཡོད།
བདེན་དྲང་ཡིན་མདོག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནི་ཐ་ན་གྲོང་བརྡལ་སྲིད་གཞུང་གི་སྒོ་འགྲམ་དུའང་དོན་གྱིས་མིང་གི་ལྷག་མ་ཙམ་ཞིག་ཡིན།
ད་ལྟ་ང་ཚོའི་མི་དམངས་ནི་ཉིན་རྒྱུན་དཀའ་སྡུག་གི་འཁུན་སྒྲ་དང་འཇིགས་རུང་གི་དྲག་གནོན་རྒྱུན་ཆད་མེད་པའི་ཡ་ང་བའི་གནས་སྟངས་འོག་ཚུད་ཡོད།
ཁྱེད་ཀྱིས་དུས་དང་གོ་སྐབས་ལ་བསྟུན་ནས་གཏུགས་བཤེར་ཡི་གེ་འདི་དགྱ་ནག་དབུས་གཞུང་གི་མགོ་ཁྲིད་དག་ལ་བརྒྱུད་སྤྲོད་འགྲེལ་བརྗོད་ཡོང་བ་ཞུ།
གུས་ཤིང་བརྩེ་བའི་སྲིད་འཛིན་ཨོ་བྷ་མ་ལགས།
ཉམ་ཆུང་མི་སེར་གྱི་ཁེ་དབང་གི་གནས་སྟངས་དངོས་ནི།
ད་གཟོད་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་ཀྱི་ཚད་གཞི་ངོ་མ་དེ་རེད།
ང་ཚོས་གོད་ཆག་དང་སྤྱི་ཚོགས་ཀྱི་དཀའ་སྡུག་དངོས་མྱོང་བརྒྱུད་བསྐྱར་དུ་གོ་རྟོགས་སད་བྱུང་།
དམངས་གཙོ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་དང་།
རུལ་སུངས་བཀག་སྡོམ།
མི་ཚང་མ་འདྲ་མཉམ།
ཆབ་སྲིད་ཕྱི་གསལ་ནང་གསལ་བཅས་འཛམ་གླིང་གི་མི་དམངས་ཡོངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐབས་གཅིག་པུ་དེ་རེད།
དེང་སྐབས་ཆབ་སྲིད་ཡ་རབས་ཚུལ་ལྡན་དུ་གྱུར་ཏེ།
འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་དང་།
སྤྱི་ཚོགས་དྲང་བདེན་འདྲ་མཉམ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་མི་རིགས་དང་རྒྱལ་ཁབ་ཀྱི་རིན་ཐང་ལས་མཐོ་བ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
ང་ཚོས་ཐེངས་འདིར་ཁྱེད་རང་འཚམས་གཟིགས་སུ་ཕེབས་པ་དང་བསྟུན་ནས།
ང་ཚོར་རང་དབང་དམངས་གཙོའི་དཔྱིད་རླུང་ཞིག་བསྐྱལ་ཡོང་བ་དང་།
ང་ཚོའི་མུན་ནག་གི་འཇིག་རྟེན་འདིར་སྐྱ་རེངས་ཀྱི་སྒོ་མོ་ཞིག་འབྱེད་ཡོང་བར་རེ་བས་སྒུག་ཡོད།
དེ་བཞིན།
འགྲོ་བ་མིའི་རིགས་ཀྱི་རེ་འདུན་དང་མཐུན་པའི་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་གིས།
མ་འོངས་པར་ང་ཚོའི་སྤྱི་ཚོགས་འདི་འཛམ་གླིང་སྤྱིའི་གོམ་འགྲོས་དང་མཐུན་པ།
དུས་རབས་ཀྱི་འཕེལ་འགྲོས་དང་འཚམ་པ།
རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བར་དུའང་ཕན་ཚུན་རོགས་རམ་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུ་གིན་ཡིན།
མཐར་ལྷག་བསམ་རྣམ་དག་གིས་སྐུ་ཉིད་ཀྱི་དགྱ་ནག་གི་འཚམ་གཟིགས་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་དམངས་ནས།
གོང་གསལ་ཞུ་ཡིག་འདི་ནི་ཧྲང་ཧེ་གྲོང་ཁྱེར་སྤྱི་དམངས་ཝུན་མེ་ཞུང་དང་།
ཀྲང་ཀོའུ་ལན།
ཁྲིན་ཅིན་ཁྲའོ།
ཧུང་སུང་ཏིག
ཞེ་ཡོན་ཞ།
ཁྲིན་ཙེ་་་་།
སུང་ཅོན་སོགས་འཐུས་ཚབ་མི་སྣ་བརྒྱ་སྐོར་ཅིག་གིས་མིང་རྟགས་བཀོད་དེ་ཟླ་འདིའི་ཕྱི་ཚེས་༥ཉིན་པེ་ཅིན་དུ་འཛོམས་ནས་དགྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་དང་བཅས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་སྤྱི་བསྒྲགས་ཞུ་ཡིག་འདི་ཕུལ་ཡོད་པ་རེད།
སྤུན་ཟླ་ཚོ་ལགས། འབྲེལ་འདི་ལ་གཟིགས་དེ་བསམ་ཚུལ་རེ་གསུངས་དང་།
http://www.youtube.com/watch?v=1r9oQlhItng&feature=related
སྐུ་ཞབས་ཀླུ་ལགས། ཁྱོས་རང་ཉིད་ཀྱིས་རྩོམ་འདི་གང་ཞིག་ནས་འདྲེན་འགོད་བྱས་པ་དང་སུ་ཞིག་གིས་སྒྱུར་པའི་མིང་ཙམ་ཡང་མེད་པར་རང་སྣང་གང་ཤར་དུ་སྤྱོད་པའི་བདག་དབང་དེ་འདྲ་ཞིག་གང་ནས་རྙེད་བྱུང་། རང་ལ་བརྩི་བཀུར་དགོས་པ་ནང་བཞིན་གཞན་ལའང་གུས་བརྩི་དང་། མ་མཐའ་ཡང་། ཀ་ངོ་ཡིག་ངོ་ཆོད་མཁན་དག་གི་སྤྱི་ལུགས་སུ་ཆགས་པའི་གོམས་སྲོལ་དེ་ལ་དོ་སྣང་ཕྲན་ཙམ་གནང་རོགས་ཞུ་ཞེས་བརྗོད་འདོད་བྱུང་། འགན་ལེན་དང་བྲལ་བའི་རང་སྣང་གང་ཤར་གྱི་རང་དབང་མཐའ་མེད་པ་ཞིག་སྔར་ཡང་བྱུང་མྱོང་མེད་ལ་མ་འོངས་པར་ཀྱང་འབྱུང་བར་མི་འགྱུར་པས་ན། རང་འགན་གཙང་ལེན་བྱ་རོགས།
ལྟས་ངན་སྤྱི་སྐད་ལ་ཕོག་ཐུག་གཏོང་མཁན་གྱི་ལྐུགས་པ་ཨུ་ཚུགས་ཅན་འདི་ཚོས་ག་རེ་བྱེད་བསམ་པ་རེད། ཡང་རྒྱ་ནག་ལ་དགྱ་ནག་ཅེས་བྲིས་ནས་སླེབས་སོང་། འདི་ཚོས་ཁོ་རང་ཚོ་ལ་རང་བཙན་དགོས་ཡོད་ཟེར་གྱི་མེད་འགྲོ། ཁུངས་ལུང་རྒྱུ་མཚན་མེད་པར་ཧམ་པ་བྱེད་པ་ནི་ཁྱད་མཚར་རེད། ད་དུང་འདི་ཚོས་ག་རེ་བྱེད་རྩིས་ཡོད་ན།
དམྱལ་བ་རྡོ་རྗེ་གདན་དུ་སྐྱེ་རྒྱུ།།།།།།།།།།།།།།།།།།