ཟླ་སྒྲོལ་གྱིས
ད་སྐབས་དྲ་ཚིགས་ཁག་ཏུ་བཙན་བྱོལ་བོད་མིའི་བཀའ་བློན་འཁྲི་པའི་འོས་མི་རྣམས་བོད་ མི་ཚོས་དགྲ་གྲོགས་ཀྱི་དབྱེ་བ་མ་ཆོད་པའི་ཐོག་ནས་སྒྲོ་མདོགས་དང་སྐུལ་འདེབས་ ཚད་ལས་བརྒལ་བ་བྱེད་ཀྱིན་འདུག་ལ། རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་ལས་འགྲིག་རྟགས་བརྒྱབ་པའི་བཀའ་ཁྲིའི་འོས་མི་ ནི་གྲོགས་ཀྱི་ངོ་བོའི་ཐོག་ནས་ཕྱུག་མེད་ཚད་རྒལ་གྱི་བསྟོད་བསྔགས་དང་། རང་གི་འོས་མི་མ་ཡིན་པ་དེ་ལ་དགྲ་དང་ངོ་བོ་དབྱེར་མེད་ཀྱིས། ཧ་ལམ་མ་སོང་ན་བོད་མི་ས་ཡ་དྲུག་གི་ལག་དམར་དང་བོད་མི་བཙོང་མཁན་ཡིན་པའི་ངོ་ བོའི་ཐོག་ནས་དམའ་འབེབས་ཁྱད་གསོད་བྱེད་ཀྱིན་འདུག འདི་ ནི་གཞི་རྩའི་སྤྱི་ཚོགས་ཤིག་གི་སློབ་གསོ་དང་འབྲེལ་བ་དམ་པོ་ཡིད་སྲིད་ཀྱང་། གལ་ཆེ་བ་ནི་ང་ཚོའི་མདུན་དུ་ལྷག་པའི་བཀའ་ཁྲི་འོས་མི་གསུམ་ནི་བོད་མི་རིགས་ ཀྱི་གྲོགས་དང་བོད་མི་རིགས་ཀྱི་རྒྱན་ཡིན་པ་ཧ་གོ་བར་བྱ་དགོས་འདུག
ད་ སྐབས་དྲ་གྲོགས་སྐོར་ཞིག་གིས་བཀའ་བློན་ཁྲི་པའི་འོས་མི་སུ་ལ་འོས་ཆོས་ཚང་མིན་ དང་ཡང་བཀའ་བློན་ཁྲི་པའི་འོས་མི་འདི་ལ་འོས་ཆོས་ཚང་ཚུལ་གྱི་འགལ་འདུའི་བར་དུ་ རྩོད་པ་དང་ཐལ་ཆ་ཆེ་བའི་ཚིག་རྩུབ་སྣ་མང་ཐོན་གྱིན་འདུག་ཀྱང་། ད་ལྟ་གལ་ཆེ་བ་ནི་འོས་ཆོས་ཚང་མིན་གྱི་གནད་དོན་མ་ཡིན་ཏེ། གལ་ཏེ་འོས་ཆོས་མི་ཚང་བ་ཡིན་ན་འོས་བསྡུ་ལྷན་ཁང་གིས་བཀའ་ཁྲིའི་འོས་མི་ལ་ཁྱབ་ བསྒྲགས་བྱ་མི་སྲིད་ལ། བོད་མི་འོས་ཤོག་བླུགས་མཁན་ཚོས་ཀྱང་མིག་བཙུམ་ཏེ་འོས་ཤོག་བླུགས་པ་ཡིན་མི་ སྲིད་པས། ད་ལྟ་ང་ཚོའི་མདུན་དུ་ལྷག་པ་ནི་འོས་མི་སུ་ཞིག་གིས་ང་ཚོའི་འབྱུང་འགྱུར་གྱི་ གནད་དོན་གང་མང་ལ་གདོང་ལེན་དང་འཐབ་རྩོད་བྱ་ཐུབ་མིན་དེ་ལ་རག་ལས་ཡོད།
དང་ པོ། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ནི་ཕྱི་ལོ་ ༡༩༤༧ ལོར་བོད་དུ་འཁྲུངས་ཤིང་། ང་དགུ་ལོར་ཁོང་གི་ཕ་མ་དང་ལྷན་དུ་བཙན་བྱོལ་དུ་འབྱོར་ཏེ་མ་སུ་རི་སློབ་གྲྭར་ ཞུགས། ཕྱི་ལོ་ ༡༩༧༠ ལོར་དབྱིན་ཇིར་ཕྱིན་ཏེ་སྲིད་དོན་རིག་པའི་ཐོག་སློབ་སྦྱོང་བྱས་ཤིང་། ཕྱི་ལོ་ ༡༩༧༣ ལོར་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་བྱས་ཏེ་ལོ་མང་རིང་བཀའ་བློན་དང་སྐུ་ཚབ་དོན་ གཅོད། ནང་སྲིད་དང་ཕྱི་དྲིལ་ལས་ཁུངས་ བཅས་སུ་ཕྱག་ལས་གནང་ཡོད་ལ། ད་ལྟ་ནུབ་ཡུ་རོབ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་མུས་ཡིན་པ་ སོགས་རྒན་པོ་ཁོང་གི་རྣམ་དག་གི་ལྷག་བསམ་དང་རྒྱུན་རིང་པོའི་འགྱུར་མེད་ཀྱི་ ཕྱག་ལས་གནང་སྟངས་ལ་ང་ཚོའི་བོད་མི་སུ་ཡིན་ཡང་གུས་བཀུར་དང་སློབ་སྦྱོང་བྱ་ དགོས་ལ། འདི་ལྟ་བུའི་རྒྱུན་རིང་གི་ཕྱག་ལས་གནང་སྟངས་ནང་དུ། བཀྲ་ཤིས་དབང་འདུས་ལགས་ལམ་ལོག་ཏུ་ཕེབས་པ་ལྟ་བུ་དང་ཡང་ན་ཁོང་ལ་ལམ་ལྷོང་མ་ཡོང་ བར་རྙོག་དྲ་སོགས་ཀྱི་ནང་དུ་ཚུད་པ་ལྟ་བུ་གནད་དོན་གང་ཡང་མེད་པར། མི་ཞིག་གི་མི་ཚེ་ཕལ་ཆེ་ཤོས་ལ་འདི་ལྟ་བུའི་སྲིད་དོན་དང་འབྲེལ་བའི་ཕྱག་ལས་ གནང་ཡང་། གྲུབ་འབྲས་ལྡན་མིན་གང་ལྟར་རུང་དེ་རིང་སྤོབས་པ་ཆེན་པོས་རྙོག་གླེང་གང་ཡང་མེད་ པར་འོས་མིར་བཞེངས་པ་དང་འོས་མིར་ཁྱབ་བསྒྲགས་བྱེད་པ་ནི་འོས་བླུགས་མཁན་དང་འོས་ འདོན་མཁན་ཚང་མའི་གཟི་བརྗིད་དང་སྤོབས་པ་རེད། ཡིན་ ན་ ཡང་ང་ཚོས་ད་ལྟ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དང་འབྱུང་འགྱུར་ལོ་ལྔ་དང་ བཅུ་ཡི་བར་གྱི་བོད་ཀྱི་འཐབ་རྩོད་ཀྱི་གནད་དོན་ཐད་ལ་གོམ་ཁ་ཕྱོགས་དགོས་དུས། བཀྲ་ཤིས་དབང་འདུས་ལ་མཆོག་གི་སྐུའི་ན་ཚོད་དང་དུས་རབས་དང་མཐུན་པའི་མདུན་ བསྐྱོད་ཅིག་བྱ་ཐུབ་མིན་ལ་ཐེ་ཚོམ་རེད་འདུག
གཉིས་པ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དགོང་ལོ་ཆུང་དུས་ནས་ཞབས་ཞུ་གནང་མྱོང་མཁན་ཞིག་ཡིན་པ་གང་ཞིག་ལ། ཕྱི་ལོ་ ༡༩༦༧ ལོ་ནས་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཡིག་དང་། ཡིག་སྒྱུར་གྱི་ཕྱག་ལས་གནང་བ་དང་།ཕྱི་ལོ་ ༡༩༧༣ ནས་ ༡༩༨༦ བར་ཨ་རི་ནེའུ་ཡོག་བོད་གཞུང་སྐུ་ཚབ་དོན་གཅོད་གནང་མྱོང་མཁན། ཕྱི་ ལོ་ ༡༩༨༠ ལོར་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གཉིས་པར་ཕེབས་མཁན་གྱི་གྲས་སུ་ཡོད་པ། དེ་བཞིན་ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་ཨ་རིའི་ནང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པ་སོགས་ མཛད་རྗེས་ལ་མི་རབས་རྗེས་མ་ང་ཚོས་སེམས་ནས་ཡང་ཡང་དུ་དྲན་པར་འོས་པའི་བོད་མི་ རྒན་རབས་པ་ཞིག་རེད་འདུག ད་ དུང་ཡང་ཕྱི་ལོ་ ༡༩༩༠ ལོར་བཙན་བྱོལ་བོད་གཞུང་གི་འོས་འདེམས་གནང་བའི་བཀའ་བློན་ཐོག་མའི་གྲས་ཤིག་ཡིན། ཕྱི་ལོ་ ༡༩༩༠ ནས་ ༡༩༩༥ བར་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ལས་ཁུངས་དང་།ནང་སྲིད་ལྷན་ཁང་། ཕྱི་འབྲེལ་ལྷན་ཁང་སོགས་ཀྱི་བཀའ་བློན་དང་བཀའ་བློན་ཁྲི་པའི་མཛད་འགན་ཡང་བཞེས་ གནང་ཡོད། སྐབས་ འདིར་ཁོང་གི་ལོ་རྒྱུས་དང་ངག་རྒྱུན་ཡིག་ཆ་གཞན་དག་ལ་གཞི་བཅོལ་ནས་བཤད་ན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཤག་གི་ནང་ཁུལ་ནས་བཀའ་བློན་འདེམས་ཐོན་ གྱིས་བཀའ་བློན་ཁྲི་པའི་ལས་འགན་ཁུར་བཞིན་པའི་སྐབས་སུ་ལས་གནས་ཀྱི་དུན་ཡུན་མ་ རྫོགས་པར་ཨ་རི་ལ་ཕེབས་ཡོད་འདུག་ལ། སྐབས་དེ་དག་ཏུ་ཁོང་ལ་བོད་གཞུང་དཔལ་འབྱོར་དངུལ་རྩིས་ཐད་ནས་ཀྱང་རྙོག་གཞི་ཆེན་ པོ་ཞིག་བྱུང་ཡོད་འདུག འདིའི་ ཐད་ལ་བསྟན་འཛིན་རྣམ་ རྒྱལ་ལགས་བཀའ་བློན་གྱི་འོས་མི་ལངས་པ་ནས་གསལ་བཤད་སོགས་མང་པོ་སྐྱོན་ཡོད་ཀྱང་། དོན་དངོས་སུ་ཡིག་ཐོག་དང་ལོ་རྒྱུས་ཐོག་གང་ཅིའི་ཐད་ནས་གསལ་བོ་ཞིག་རྩ་བ་ཉིད་ ནས་ཆགས་མེད་ལ། སྐབས་དེ་དུས་ཀྱི་མི་སྐོར་ཞིག་དང་དེ་བཞིན་ཁོང་རང་ཉིད་ཀྱི་གསལ་བཤད་སྐྱོན་ སྟངས་ཤིག་གིས་གསལ་བཤད་བྱེད་ཡོད་པ་ལས་དེ་བདེན་དཔང་དང་གསལ་བོ་ཆགས་ཡོད་མེད། ལྷ་ངོ་མི་ངོ་འཕྲོད་ས་ནས་གཏན་ནས་བྱུང་མེད་པ་ང་ཚོས་བདེན་པའི་ཐོག་ནས་བཤད་དགོས། མ་གཞི་ནས་དེ་ལྟ་བུའི་རྙོག་གཞི་ང་ཚོས་ད་ལྟ་ཡིག་ཆ་ཅི་ཙམ་བསྔོགས་ཀྱང་གསལ་བཤད་རྒྱག་སྟངས་ཤིག་མ་གཏོགས་དུས་ནམ་ཡང་གསལ་བོ་ཆགས་མི་སྲིད་པ་རེད། དེ་ལྟར་ཁོང་གི་རྒྱུན་རིང་གི་ཕྱག་ལས་གནང་བའི་མཛད་རྗེས་ལ་ང་ཚོས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱ་འོས་ལ། ང་ཚོས་ཁོང་གི་སྐུ་དྲིན་ལ་རྗེས་དྲན་བྱ་དགོས་པ་རེད། ཡང་ཕྱོགས་གཞན་ཞིག་ནས། ཁོང་གིས་བཀའ་བློན་ཁྲི་པའི་ལས་འགན་ཁུར་བཞིན་པའི་སྐབས་སུ་ལས་གནས་མཇུག་སྐྱོང་མ་བྱེད་པར་ཨ་མེ་རི་ཀར་ཕེབས་པའི་ཐད་ལ། ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུ་སྐབས་ཁོང་གིས། བོད་ མི་སུ་ཡིན་ཡང་ནང་མིའི་བདེ་དོན་ནི་ཨང་དང་པོ་ཡིན་པས་སྐབས་དེར་ང་ཡང་ནང་མིའི་ བདེ་དོན་ཆེད་དུ་ལས་གནས་བཞག་ཏེ་ཨ་མེ་རི་ཀར་ཡོང་བ་ཡིན་ཞེས་གསུངས་སོང་མོད། རྩ་བའི་ཆ་ནས་ཁོའི་བཀའ་ལན་དེ་བདེན་པ་དང་ཁ་གསལ་རེད་ལ་ང་ཚོས་ཁོང་གི་གཤིས་ རྒྱུད་དྲང་པོ་དེ་ལ་བསྔགས་བརྗོད་བྱ་དགོས་པ་རེད། ཡིན་ན་ཡང་སྤྱི་ལོ་༡༩༩༥ལོའི་བར་གྱི་བོད་གཞུང་གི་གོ་གནས་མཐོ་ཤོས་ཀྱི་བཙན་ བྱོལ་བོད་མིའི་མི་དྲག་ཁོང་གིས། བོད་མི་ས་ཡ་དྲུག་གི་ཕྱག་ལས་དང་ལས་འགན་སྐྱར་ཏེ་ནང་མི་ཁྲིད་དེ་ཨ་རི་ལ་ཕེབས་པ་ དེ་ནི་སྤྱིའི་ཆ་ནས་མི་ཞིག་ཡིན་པའི་ཆ་ནས་ནོར་འཁྲུལ་མ་རེད་དེ། བོད་མི་རིགས་ཀྱི་ཤི་གསོན་གྱི་གནས་བབས་དང་བོད་ནང་གི་བོད་མི་ཚོས་རང་གི་ཕ་མ་ སྤུན་མཆེད་བློས་གཏོང་གིས་བཙོན་ཁང་དུ་སྐྱོད་ཀྱིན་པ་སོགས་དང་སྡུར་ཡོང་ན་དེ་ ནི་ལོ་རྒྱུས་ཁྲོད་ནས་དཀར་པོ་ལ་འགྱུར་ཐབས་མེད་པ་ཞིག་ཆགས་སྲིད་པ་རེད། ཡིན་ ན་ཡང་ང་ཚོས་ད་སྐབས་མ་འོངས་པའི་བོད་ཀྱི་བཀའ་བློན་ཁྲི་པ་དང་མ་འོངས་བོད་མི་ རིགས་ཀྱི་འཐབ་རྩོད་ལ་དམིགས་པའི་བཀའ་བློན་ཁྲི་པ་ཞིག་འདེམས་དགོས་ཚེ། ང་ཚོས་སླར་ཡང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ནང་མི་དང་ཡང་ན་བྱ་བཞག་ག་ གེ་མོའི་ཆེད་དུ་བོད་མི་རིགས་ཀྱི་རེ་བའི་མིག་ཟུང་འཕེན་སའི་བཀའ་ཁྲིའི་གོ་གནས་ བཞག་ཏེ་འགྲོ་མི་སྲིད་པའི་ངེས་པ་གང་ནས་ཡོད་དམ། མ་ཟད་སྐུ་ཚེ་ཕྱེད་ཀ་བོད་མི་རིགས་ཀྱི་དོན་དུ་སྐུ་ལས་སྐྱོན་པ་དེར་ང་ ཚོས་ཀུས་བཀུར་དང་བསྔགས་བརྗོད་བྱ་འོས་ཀྱང་། མཇུག་སྐྱོང་ཐུབ་མེད་པའི་ལས་གནས་དང་ལོ་རྒྱུས་དེ་ཚོ་བོད་མི་རིགས་ཀྱི་ལོ་ རྒྱུས་ནང་དུ་སུ་ཞིག་གིས་ནག་པོ་བསུབ་ཏེ་དཀར་པོར་བསྒྱུར་ཐབས་མེད་པ་ཞིག་རེད་ དོ།
གསུམ་པ། བློ་བཟང་སེང་གེ་ལགས་ནི་༼ཕྱི་ལོ་༡༩༨༨ ནས་༡༩༩༡ བར་དབྱིན་ཇིའི་སྐད་ཡིག་ཐོག་ནས་ས་གནས་དེར་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A. (Honors )སློབ་མཐར་ཕྱིན། དེ་རྗེས་༡༩༩༡ ནས་༡༩༩༤ བར་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། ཁྲིམས་ལུགས་སྐོར་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པ་ (LLB) སློབ་ སྦྱོང་གནང་ཡོད་པ་རེད། ཕྱི་ལོ་༡༩༩༥ ཨ་རིའི་སློབ་ཡོན་ལས་གཞིའི་ཁོངས་སུ་འདེམས་ཐོན་བྱུང་ནས། ཧར་ཝར་ཌིའི་ཁྲིམས་ལུགས་སློབ་གྲྭའི་གཙུག་ལག་རབ་འབྱམས་པ་སློབ་དཔོན་གྱི་སློབ་ སྦྱོང་མཐར་སོན་གནང་ཡོད་པས། བསླབ་པ་མཐར་སོན་གྱི་ཆེད་རྩོམ་ནང་ཆོས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བྲིས་ ཡོད་པ་རེད། སུད་སི་ཇཱི་ནའི་ཝ་ནང་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ནས། ༡༩༩༦ ལོའི་དབྱར་དུས་སུ་ཁོང་ལ་དམིགས་བསལ་སློབ་གཉེར་གྱི་གོ་སྐབས་གནང་ཡོད་པ་དང། དེ་དང་འབྲེལ་ནས་བོད་དོན་ཉམས་ཞིབ་ཀྱི་ཐོག་ལ། ཁྲིམས་ལུགས་ཀྱི་དབང་བསྒྱུར་དང། འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ ༡༩༩༧ ལོར་སྙན་ཐོ་པར་སྐྲུན་གནང་ཡོད་པ་རེད། ༡༩༩༦ ལོར་ཁོང་ལ་སྙན་གྲགས་ཆེ་བའི་དམིགས་བསལ་མཁས་དབང་གི་སློབ་སྦྱོང་གི་གོ་སྐབས་ ཐོབ་ཡོད་པས། ཁོང་གིས་བོད་ཀྱི་ཤེས་ཡོན་ལམ་ལུགས་གཞིར་བཟུང་ཐོག་ནས། ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་རིན་ཐང་དང་། འགྲོ་བ་མིའི་ཐོབ་ཐང་ཞེས་པའི་མིང་འཁོད་པའི་རྩོམ་ཡིག་ལེ་ཚན་ཞིག་ཀྱང་བྲིས་ཡོད་ པ་རེད། ཕྱི་ལོ་༢༠༠༤ ལོར་ཧར་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ནས། ཁོང་ལ་ཆེས་མཐོའི་ཁྲིམས་ཀྱི་སློབ་ཐོན་པའི་ལག་ཁྱེར་ཐོབ་ཡོད་ཅིང། སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་ནས་ཆེས་མཐོའི་ཁྲིམས་ཀྱི་སློབ་ ཐོན་པའི་ལག་ཁྱེར་དེ་ནི། འདས་པའི་ལོ་རྒྱུས་ནང་བོད་མི་ས་ཡ་དྲུག་ཙམ་མ་ཟད། ཧི་མ་ལ་ཡའི་ས་ཁུལ་གྱི་རྒྱལ་ཁབ་འབྲུག་དང། བལ་ཡུལ། སོག་པོ་བཅས་ནས་ཐོབ་པ་དང་པོ་དེ་ཆགས་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཀྱི་སློབ་ཐོན་ཆེད་རྩོམ་གྱི་ཁ་བྱང་ལ། ཕྱི་ལོ་༡༩༥༩ ནས་ ༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་མང་གཙོ་ཞེས་པའི་སྟེང་བྲིས་ཡོད་པས། ཆེད་རྩོམ་དེ་ལ་ the Yong K. Kim’ 95 Prize for excellence ཞེས་ པའི་གཟེངས་རྟགས་ཐོབ། ༢༠༠༤ ལོར་བློ་བཟང་སེང་གེ་ཁོང་གིས་བོད་གཞུང་ཤེས་རིག་ལས་ཁུངས་ལ། མཁས་དབང་གི་ལག་ཁྱེར་ཐོབ་པ་དང་དེ་དང་འབྲེལ་བའི་ལས་དོན་རྣམས་ཚར་ཟིན་པས་ཇི་ ལྟར་བྱེད་དགོས་མིན་གྱི་སློབ་སྟོན་ཞུས་པར། ༢༠༠༥ ཟླ ༦ ཚེས་༡༧ ཉིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས། ཨ་རིར་མཁས་དབང་བློ་བཟང་སེང་གེ་ཁོང་གིས་གནང་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་ དཔོན་རིགས་ཚོའི་དབར་ཐུག་འཕྲད་སོགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དེ། བོད་དོན་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུ་ལ་ངོས་འཛིན་བྱས་ཏེ། ཨ་རིའི་ནང་སློབ་མཐར་ཕྱིན་རྗེས་རྒྱ་གར་ནང་ལས་ཀ་བྱེད་རྒྱུ་མི་དགོས་བར་གནང་ སྟེ། ཨ་རིའི་སློབ་ཡོན་ལས་གཞི་ཁང་གི་ཐག་བཅད་འོག་ནས། ༢༠༠༧ ཟླ་ ༢ ཚེས་༡༣ ཉིན་ཨ་རི་གཞུང་གིས་ཁོང་གི་ཐོང་མཆན་ལག་འཁྱེར་ཕྱིར་འགྱངས་གནང་ཡོད་པ་རེད། དེ་ནས་ཨ་རི་ཧར་ཝར་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ནང་ཉམས་ཞིབ་པའི་ལས་ཀ་ སྤྲད་པ་དང། ༢༠༠༨ ལོར་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་གྲས་ཀྱི་ཁོངས་སུ་བཏང་ཡོད་པ་རེད། མཁས་དབང་བློ་བཟང་སེང་གེ་མཆོག རྒྱ་གར་དང་ཡུ་རོབ་སོགས་རྒྱལ་ཁབ་གཞན་དག་ནང་ཕེབས་སྐབས། ད་དུང་ཡང་སྐྱབས་བཅོལ་བའི་ལག་དེབ་སེར་པོའི་ཐོག་ནས་ཕེབས་བཞིན་ཡོད་པ་རེད། སྔ་ཕྱིར་བོད་དོན་ལས་འགུལ་དང་འབྲེལ་བའི་ཕྱག་ལས། ཕྱི་ལོ་༡༩༨༨ ནས་ ༡༩༩༡ བར་ལྡི་ལིའི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ཀྱི་ཕྱག་ལས་གནང་། དེ་བཞིན་པཎ་ཆེན་སྐུ་གོང་མ་གློ་བུར་དུ་དགོངས་པ་རྫོགས་པའི་སྐབས། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་པས། བདུན་གཅིག་ལྷག་ཙམ་གྱི་རིང་ལ་ལྡི་ལི་རུ་ཡོད་པའི་ཏི་ཧར་ཇཱལ་བཙོན་ཁང་དུ་བཅུག ད་དུང་ཁོང་གིས་ས་གནས་གཞོན་ནུའི་ལས་རོགས་བཞི་དང་ལྷན་དུ། ཐེ་ཝན་ནས་བོད་སོག་ལས་ཁུངས་ཀྱི་ངོ་ཚབ་ནས་བོད་དོན་འབྲེལ་བའི་ཡིག་ཆ་ཁག་འཕྲོགས་ ནས། བཙན་བྱོལ་བོད་གཞུང་ལ་རྩིས་སྤྲད་ཡོད་པ་རེད། ས་གནས་གཞོན་ནུའི་དྲུང་ཆེ་གནང་བའི་རིང་ལ། ལས་དོན་སོགས་གང་ཅིའི་ཐད་ཚགས་ཚུགས་གནང་ཡོད་པས། ༡༩༩༢ ལོའི་རྒྱལ་ཡོངས་ཚོགས་ཆེན་སྐབས། འདས་པའི་ལོ་༡༥ ནང་བློ་བཟང་སེང་གེ་ཁོང་གིས། རང་ཉིད་ལ་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་དང་ཁྲིམས་ཀྱི་ལས་དོན་བཅས་ཀྱི་ ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་པ་བཞིན། རྒྱ་ནག་གི་ཆིང་ཧཱེ་དང་པེ་ཅིང་། རྒྱ་ནག་དམར་ཕྱོགས་སློབ་གྲྭ བོད་རིག་པའི་ཞིབ་འཇུག་ཁང་སོགས། གཙུག་ལག་སློབ་གྲྭ་ཡག་ཤོས་ཁག་ནས་ཐོན་པའི་རྒྱ་རིགས་མཁས་དབང་བརྒྱ་ཕྲག་མང་པོ་ དང་ལྷན། བོད་ཀྱི་འདས་པའི་རང་བཙན་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབས། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་དབང་བསྒྱུར་བྱས་པའི་སྐོར། ༧གོང་ས་མཆོག་གིས་དགོངས་བཞེས་གནང་བཞིན་པའི་དབུ་མའི་ལམ་གྱི་སྐོར་ལ་བགྲོ་གླེང་ དང་གྲོས་བསྡུར་སོགས་གནང་ཡོད་པ་དང། བགྲོ་གླེང་བ་རྒྱ་རིགས་དེ་དག་ཀྱང་ཆབ་སྲིད་དང་ཁྲིམས་མཐུན་གྱི་གནས་བབས་བཅས་ལ་ ཧ་ཅང་གི་ཤེས་ཚད་མཐོན་པོ་ཡིན་ཞིང་། དེ་དང་ལྷན་དུ་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོང་ཆེད་དུ། རྒྱ་རིགས་དང་བོད་རིགས། རྒྱ་གར་གྱི་མི་སྣ། ནུབ་ཕྱོགས་པའི་མཁས་དབང་སོགས་ཆེད་བསྐོངས་ཀྱིས། བོད་ཀྱི་ད་ལྟའི་གནས་བབས་ཐད་ལ་ཐེངས་ ༧ ལས་མང་བ་ཚོགས་འདུ་བསྐོངས་ཚོགས་ཀྱི་གོ་སྒྲིག་གནང་ཡོད་པ་རེད། ༢༠༠༣ ལོར་སྔོན་དུས་མི་སུ་གང་གིས་གོ་སྒྲིག་བྱས་མ་མྱོང་བ་༧གོང་ས་མཆོག་དང། རྒྱ་ནག་གི་མཁས་དབང་ ༣༥ དབར་མཇལ་འཕྲད་ཀྱི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་དང། དེ་བཞིན་ ༢༠༠༩ ལོའི་ཟླ་བ་ ༥ པའི་ནང་༧གོང་ས་མཆོག་དང་རྒྱ་ནག་ནས་ཡོང་བའི་མཁས་དབང་བརྒྱ་ལྷག་ཙམ་གྱི་དབར། ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་རེད་ ལ། བོད་རིགས་སློབ་ཕྲུག་དང་རྒྱ་ནག་གི་སློབ་ཕྲུག་དང་མི་མང་དབར། ནུས་ལྡན་གྱི་འབྲེལ་ལམ་ཡོང་ཆེད་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད།
རྒྱ་ནག་གི་གནད་ཡོད་མཁས་དབང་ཁག་དང་འབྲེལ་ལམ་གྱི་ཕྱག་ལས།
འདས་ པའི་ལོ་༡༥ ནང་བློ་བཟང་སེང་གེ་ཁོང་གིས། རང་ཉིད་ལ་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་དང་ཁྲིམས་ཀྱི་ལས་དོན་བཅས་ཀྱི་ ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་པ་བཞིན། རྒྱ་ནག་གི་ཆིང་ཧཱེ་དང་པེ་ཅིང་། རྒྱ་ནག་དམར་ཕྱོགས་སློབ་གྲྭ བོད་རིག་པའི་ཞིབ་འཇུག་ཁང་སོགས། གཙུག་ལག་སློབ་གྲྭ་ཡག་ཤོས་ཁག་ནས་ཐོན་པའི་རྒྱ་རིགས་མཁས་དབང་བརྒྱ་ཕྲག་མང་པོ་ དང་ལྷན། བོད་ཀྱི་འདས་པའི་རང་བཙན་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབས། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་དབང་བསྒྱུར་བྱས་པའི་སྐོར། ༧གོང་ས་མཆོག་གིས་དགོངས་བཞེས་གནང་བཞིན་པའི་དབུ་མའི་ལམ་གྱི་སྐོར་ལ་བགྲོ་གླེང་ དང་གྲོས་བསྡུར་སོགས་གནང་ཡོད་པ་དང། བགྲོ་གླེང་བ་རྒྱ་རིགས་དེ་དག་ཀྱང་ཆབ་སྲིད་དང་ཁྲིམས་མཐུན་གྱི་གནས་བབས་བཅས་ལ་ ཧ་ཅང་གི་ཤེས་ཚད་མཐོན་པོ་ཡིན་ཞིང་། དེ་དང་ལྷན་དུ་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོང་ཆེད་དུ། རྒྱ་རིགས་དང་བོད་རིགས། རྒྱ་གར་གྱི་མི་སྣ། ནུབ་ཕྱོགས་པའི་མཁས་དབང་སོགས་ཆེད་བསྐོངས་ཀྱིས། བོད་ཀྱི་ད་ལྟའི་གནས་བབས་ཐད་ལ་ཐེངས་ ༧ ལས་མང་བ་ཚོགས་འདུ་བསྐོངས་ཚོགས་ཀྱི་གོ་སྒྲིག་གནང་ཡོད་པ་རེད། ༢༠༠༣ ལོར་སྔོན་དུས་མི་སུ་གང་གིས་གོ་སྒྲིག་བྱས་མ་མྱོང་བ་༧གོང་ས་མཆོག་དང། རྒྱ་ནག་གི་མཁས་དབང་ ༣༥ དབར་མཇལ་འཕྲད་ཀྱི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་དང། དེ་བཞིན་ ༢༠༠༩ ལོའི་ཟླ་བ་ ༥ པའི་ནང་༧གོང་ས་མཆོག་དང་རྒྱ་ནག་ནས་ཡོང་བའི་མཁས་དབང་བརྒྱ་ལྷག་ཙམ་གྱི་དབར། ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་རེད་ ལ། བོད་རིགས་སློབ་ཕྲུག་དང་རྒྱ་ནག་གི་སློབ་ཕྲུག་དང་མི་མང་དབར། ནུས་ལྡན་གྱི་འབྲེལ་ལམ་ཡོང་ཆེད་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད།
རྒྱ་ནག་གི་གནད་ཡོད་མཁས་དབང་ཁག་དང་འབྲེལ་ལམ་གྱི་ཕྱག་ལས།
འདས་ པའི་ལོ་༡༥ ནང་བློ་བཟང་སེང་གེ་ཁོང་གིས། རང་ཉིད་ལ་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་དང་ཁྲིམས་ཀྱི་ལས་དོན་བཅས་ཀྱི་ ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་པ་བཞིན། རྒྱ་ནག་གི་ཆིང་ཧཱེ་དང་པེ་ཅིང་། རྒྱ་ནག་དམར་ཕྱོགས་སློབ་གྲྭ བོད་རིག་པའི་ཞིབ་འཇུག་ཁང་སོགས། གཙུག་ལག་སློབ་གྲྭ་ཡག་ཤོས་ཁག་ནས་ཐོན་པའི་རྒྱ་རིགས་མཁས་དབང་བརྒྱ་ཕྲག་མང་པོ་ དང་ལྷན། བོད་ཀྱི་འདས་པའི་རང་བཙན་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབས། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་དབང་བསྒྱུར་བྱས་པའི་སྐོར། ༧གོང་ས་མཆོག་གིས་དགོངས་བཞེས་གནང་བཞིན་པའི་དབུ་མའི་ལམ་གྱི་སྐོར་ལ་བགྲོ་གླེང་ དང་གྲོས་བསྡུར་སོགས་གནང་ཡོད་པ་དང། བགྲོ་གླེང་བ་རྒྱ་རིགས་དེ་དག་ཀྱང་ཆབ་སྲིད་དང་ཁྲིམས་མཐུན་གྱི་གནས་བབས་བཅས་ལ་ ཧ་ཅང་གི་ཤེས་ཚད་མཐོན་པོ་ཡིན་ཞིང་། དེ་དང་ལྷན་དུ་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོང་ཆེད་དུ། རྒྱ་རིགས་དང་བོད་རིགས། རྒྱ་གར་གྱི་མི་སྣ། ནུབ་ཕྱོགས་པའི་མཁས་དབང་སོགས་ཆེད་བསྐོངས་ཀྱིས། བོད་ཀྱི་ད་ལྟའི་གནས་བབས་ཐད་ལ་ཐེངས་ ༧ ལས་མང་བ་ཚོགས་འདུ་བསྐོངས་ཚོགས་ཀྱི་གོ་སྒྲིག་གནང་ཡོད་པ་རེད། ༢༠༠༣ ལོར་སྔོན་དུས་མི་སུ་གང་གིས་གོ་སྒྲིག་བྱས་མ་མྱོང་བ་༧གོང་ས་མཆོག་དང། རྒྱ་ནག་གི་མཁས་དབང་ ༣༥ དབར་མཇལ་འཕྲད་ཀྱི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་དང། དེ་བཞིན་ ༢༠༠༩ ལོའི་ཟླ་བ་ ༥ པའི་ནང་༧གོང་ས་མཆོག་དང་རྒྱ་ནག་ནས་ཡོང་བའི་མཁས་དབང་བརྒྱ་ལྷག་ཙམ་གྱི་དབར། ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་རེད་ ལ། བོད་རིགས་སློབ་ཕྲུག་དང་རྒྱ་ནག་གི་སློབ་ཕྲུག་དང་མི་མང་དབར། ནུས་ལྡན་གྱི་འབྲེལ་ལམ་ཡོང་ཆེད་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད།
རྒྱལ་སྤྱིིའི་གནས་བབས་ཐད་ལ་གནང་བའི་ཕྱག་ལས།
ཨ་ རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བྱང་ཨ་རི་དང་ཨེ་ཤ་ཡའི་དབར། འཛམ་གླིང་གི་གོ་རྟོགས་སྤེལ་ཆེད་ཀྱི་ ཨེ་ཤ་ཡའི་ཚགས་པས། ༢༠༠༧ ལོར་ཨེ་ཤ་ཡའི་ན་གཞོན་འགོ་འཁྲིད་ཅེས་པ་ན་གཞོན་ ༢༤ བདམས་པའི་ནང་ནས་ཁོང་ འདེམས་ཐོན་བྱུང་ཡོད་པ་རེད། ཉེ་དུས་ལྷོ་ཀི་རི་ཡ་དང། སེང་ག་པོར། ཉི་ཧོང། ཐཱེ་ལེན་ཌི། མཱ་ལཱེ་ཤི་ཡ། རྒྱ་གར་བཅས་ ཀྱི་ནང་ཨེ་ཤ་ཡའི་ན་གཞོན་འགོ་འཁྲིད་ཀྱི་ལྷན་ཚགས་སུ་འཛུལ་ཞུགས་གནང་ཡོད་པ་དང། ཁོང་ལ་དབྱིན་ལན་གྱི་ཞི་ བདེ་དང་ས་གནས་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚགས་པས་འགོ་འཁྲིད་ཀྱི་གཟེངས་རྟགས་ དང། དབྱིན་ལེན་གྱི་ཀེམ་བྷི་ རི་ཇཱི་གྲོང་ཁྱེར་ཞི་བདེའི་ཚགས་པས་དྲང་བདེན་གྱི་གཟེངས་རྟགས་ཞེས་པ་གནང་ཡོད་ པ་རེད། དེ་བཞིན་ཨ་རིའི་ཨེ་ཤ་ ཡའི་མི་རིགས་སྤྱི་ཚགས་ཚགས་པའི་སློབ་སྟོན་པའི་འཐུས་མི་ཡིན་ཞིང། འཛམ་གླིང་རྒྱལ་ཁབ་ཁག་གི་མཁས་དབང་ དང་ཁྲིམས་ཞིབ་པ། དཔོན་རིགས་སོགས་ལྷན་འཛམས་ཀྱིས་ཨོ་སི་ཁྲི་རི་ཡའི་ལུང་པ་ཝིན་ནཱ་ནང་། རྒྱུན་ལྡན་ནས་ འཚགས་བཞིན་པའི་འཛམ་གླིང་དྲང་བདེན་གྱི་གླེང་སྟེགས་ཐོག་བློ་བཟང་སེང་གེ་ལགས་ འཛུལ་ཞུགས་གནང་མུས་ཡིན། ༢༠༠༨ ཟླ་ ༤ པའི་ནང་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚའི་ཁུལ་གྱི་ལས་དོན་ཁག་གི་གནད་དོན་ཐད། ཨ་རིའི་ གྲོས་ཚགས་གོང་མའི་ཕྱི་སྲིད་འབྲེལ་ལམ་མཐུན་ཚགས་ཀྱི་དྲུང་ཆེ་གཞོན་པ་ཇཱོན་ནི་ གྷར་པཱོན་ཊི་མཆོག་དང། ༧གོང་ས་ མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རཱི་ཆར་གྷི་རི་བཅས་ལྷན་ བཅས་དང་ལྷན་དུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གནད་དོན་དབྱེ་ ཞིབ་ དཔྱིས་ཕྱིན་གནང་ཡོད་པ་དང། དེ་བཞིན་ཨ་རི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་ཨ་རིའི་ཆབ་སྲིད་སློབ་སྟོན་ གྱི་ལྟེ་ གནས་ཁང་ Woodrow Wilson Center གཞུང་དོན་སོགས་ཀྱི་ཐད་ལ་དམིགས་བསལ་མཁས་དབང་ལྷན་ འཛམས་ཀྱི་ཚགས་པའི་ནང་བོད་ཀྱི་གནད་དོན་ཐད་ལ་འགྲེལ་བརྗོད་བྱེད་མཁན་གྱི་འཐུས་ མི་ཡིན། དེ་བཞིན་ཤེས་ཡོན་གྱི་སྡེ་ཚན་འདྲ་མིན་ནང་དུ་རྒྱ་བོད་ཀྱི་གནད་དོན་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ ཁྲིམས་ལུགས། མང་གཙའི་ཤེས་ཡོན་སྡེ་ཚན་ལམ་ལུགས། རྩོད་རྙོག་འདུམ་སྒྲིག་གི་སྐོར་གསུངས་བཤད་གནང་བ་དང། མཁས་དབང་ལྷན་འཛམས་ཀྱི་ཚགས་པ་དང། ཡུ་རོབ་མི་མང་ཆབ་སྲིད་གླེང་སྟེགས། ཨེ་ཤ་ཡ་དང་བྱང་ཨ་རི། ཧྥ་རན་ སིའི་ནང་ཡོད་པའི་སྤྱི་ཚགས་ཚན་རིག་གི་གཙུག་ལག་སློབ་གྲྭ་ཆེན་པོ། Sociales དབྱིན་ཡུལ་ལོ་ཌོན་ནང་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་པོ་ University of Westminster, ཨོ་སི་ ཁྲིར་ལི་ཡའི་ཝིན་ནཱ་ནང་གི་ University of Deakin ད་དུང་ཨ་རི་ནང་ཡོད་པའི་ Stanford University, Massachusetts མིན་ནང་རྒྱ་བོད་གཉིས་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་བར་ཕེབས་དང་ཕེབས་ བཞིན་པ་རེད། ད་དུང་ཁོང་གིས། གསར་འགྱུར་བརྒྱུད་ལམ་ཁག་ནིའུ་ཡོག་དུས་བབས་དང། ལོན་ཌོན་དུས་བབས། ཝལ་སི་ ཊིར་ཇོར་ནལ། བྷི་བྷི་སི། ཨ་རིའི་བདུན་རེའི་དུས་དེབ། དུས་བབས་དུས་དེབ། ཝོ་ཤིན་ཊོན་སྦྲག་ལམ། དེ་རིང་གི་ཨ་རི། བྷོ་སི་ཊོན་གྷི་ལོབ། ཧར་ཝར་ཌིའི་ཁི་རིམ་སོན་སོགས་ཀྱིས་རེ་སྐུལ་བཞིན་ཆེད་གླེང་དང་ཆེད་རྩོམ་བཅས་ གནང་བཞིན་ པ་དང། ཧར་ཝར་ཌིའི་ཨེ་ཤ་ཡི་དུས་དེབ་དང། མང་གཙ་ཆེད་གླེང་། ཤར་ཨེ་ཤ་ཡ། རྒྱལ་སྤྱིའི་ཁྲིམས་ལུགས་བཅས་ སོགས་ནས། བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་ཐད་གླེང་བའི་ཆེད་རྩོམ་ཁག་ཅིག དཔར་སྐྲུན་བྱས་ཏེ་དཔེ་ དེབ་འགའ་འགྲེམས་སྤེལ་བྱས་ཡོད་པ་རེད།
བོད་ཀྱི་གནད་དོན་ཐད་གནང་བའི་ཕྱག་ལས།
བློ་ བཟང་སེང་གེ་ཁོང་གིས། ༢༠༠༣ དང་༢༠༠༩ ནང་༧གོང་ས་མཆོག་ནིའུ་དབྱིན་ལེན་ཌི་ཆིབས་བསྒྱུར་གྱི་ལས་དོན་བསྒྲུབས་ཡོད་པ་ དང། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པའི་སློབ་སྟོན་པ་དང། རླུང་འཕྲིན་དེའི་ནང་འདས་པའི་ལོ་ ༡༣ རིང་བདུན་རེ་བཞིན་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་སྐོར་ལ་འཆར་འགོད་གཏམ་ གླེང་གནང་གི་ཡོད། དེ་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་གཅིག་བོད་ཡིག་ནང་ འགྲེམས་སྤེལ་གནང་ཡོད་པ་རེད། ལོ་བདུན་རིང་ངལ་བ་ཁྱད་བསད་ཀྱིས་སློབ་དཔོན་ཆེན་མོའི་སློབ་སྦྱོང་གནང་བའི་རིང་ བོད་ཀྱི་གནད་ཡོད་མི་སྣ་རྒན་གྲས་ཁག་ ༡༠༠ སྐོར་ཞིག་ལ་བཅར་འདྲི་ཞུས་ཏེ་དཔྱད་གཞིའི་ཡིག་ཆ་ཕྱོགས་སྒྲིག་བྱས་ཡོད། བཅར་འདྲི་ཞུ་ཡུལ་ནི་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། སྐུ་སྒེར་དྲུང་ཆེ་རྟ་ར་ཆོས་ཉིད་འོད་གསལ། དེ་བཞིན་སྤྱི་འཐུས་སོགས་ཡིན་ཞིང། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལ་བཀའ་འདྲི་ཞུས་ཡོད་པ་ནི་སྨྲོས་ མི་དགོས་པ་རེད། ཤོག་གྲངས་༢༥༠ ལས་གྲུབ་པའི་དཔྱད་གཞི་ཡིག་ཆ་དེ་ནི། མི་ལོ་༤༥ རིང་འགྱུར་ལྡོག་ཆེ་བའི་བཙན་བྱོལ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་ལས་འགུལ་རྣམས་ ཕྱོགས་གཅིག་དང། ཕྱོགས་གཞན་ཞིག་ནི་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སྟེ། སྤྱི་འཐུས་ཀྱི་བརྒྱུད་རིམ་དང་འཕྲུལ་རིགས་ལམ་ལུགས་ཀྱི་འོས་འཕེན། ཁྲིམས་ལུགས་གཏན་འབེབས། ཆོས་ལུགས་རིས་མེད། ཕྱོགས་རིས་རིང་ལུགས་མེད་པ་བཟོ་ཐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ ལྷན་ཚོགས་ལྟ་བུའི་སྒྲོམ་གཞི་སྒྲིག་སྟངས་བཅས་ཀྱི་སྐོར་པར་སྐྲུན་བྱས་པ་དང། འཛམ་གླིང་འདིའི་ཐོག་གནད་དོན་དེ་དག་གི་ཐད་ལ་གསུང་བཤད་འདྲ་མིན་གནང་གི་ཡོད། རྒྱུན་ལྡན་ནས་དྷ་སར་འགྲོ་ཡི་ཡོད་པའི་དུས་དང་བསྟུན་ནས། བོད་གཞུང་གི་སྲི་ཞུ་བ་ཆེ་ཕྲ་ཡོངས་ལ་འབྲེལ་ལམ་འཛིན་གྱི་ཡོད་ལ། དེ་བཞིན་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་སྤྱི་འཐུས་དང། དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་འཐུས་མི། དབུས་བུད་མེད་ལྷན་ཚོགས། སློབ་ཕྲུག་དང་ལས་འགུལ་བ། དྷ་སར་དང་ས་གནས་གཞན་ཁག་ཏུ་རྟེན་གཞི་བྱས་ཡོད་པའི་ཤེས་ཡོན་སྡེ་ཚན་ཁག་ཏུ་ཟབ་ སྦྱོང་སྤྲོད་ཀྱི་ཡོད། གཞིས་ཆགས་ཁག་གི་སློབ་གྲྭ་བཅུ་ཕྲག་གཅིག་ལྷག་ཙམ་ནང། ཁོ་རང་ཉིད་ཆེད་བསྐྱོད་ཀྱིས་ཤེས་ཡོན་གྱི་སྐོར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་ སྟངས་དང་། གཞིས་ཆགས་ཀྱི་གཞིས་གྲོང་ཁག་གི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས། བོད་ཀྱི་གནད་དོན་སྐོར་ལ་ཤེས་རྟོགས་གོང་མཐོར་གཏོང་བའི་ཕྱག་ལས་བཅས་གནང་ཡོད་ལ། འཛམ་གླིང་གི་ས་ཕྱོགས་གང་ས་བོད་མི་ཚོས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ཁག་ཏུ། བོད་ཀྱི་གནས་བབས་སྐོར་གོ་རྟོགས་གོང་འཕེལ་བཏང་བ་དང། ན་གཞོན་མི་རབས་ཚོར་ཤེས་ཡོན་གྱི་ཐོག་ལ་ཧུར་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་ བ་དང་། ཤེས་འཇོན་གཉིས་ལྡན་གྱི་གནས་བབས་དེའི་ཐོག་ནས། ཕྱི་ལོ་ ༡༩༩༦ ནས་ཁོང་གིས། རྒྱ་གར་ནང་ཡོད་པའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཏུ་ཡོད་པའི་ དབུས་བོད་སློབ་ཀྱི་སློབ་གྲྭ་ཁག་མང་པོ་ཞིག་ལ། བོད་ཀྱི་ཤེས་ཡོན་དང་ཟས་རིགས་འཆར་འགོད་ཀྱི་སློབ་སྟོན་གྱི་ལས་དོན་བསྒྲུབས་ནས་ ཕན་རླབས་ཆེན་པོ་ཐོན་བཞིན་ཡོད་པ་རེད། དེ་བཞིན་རོགས་པ་ཆུང་རིགས་བྱས་པ་རྣམས་བགྲང་པ་ཡིན་ན། བོད་ནས་ཁ་ཐུག་ཨ་རིར་ཕེབས་མཁན་བོད་རིགས་མཁས་དབང་དང་། སློབ་མ་བརྒྱ་ཕྲག་བརྒལ་བ་ལ་རོགས་རམས་དང་འབྲེལ་བ་བྱེད་ཡོད་ཅིང། ད་དུང་ཉེ་ལམ་གྲོངས་མ་ཐག་པའི་ཁོང་གི་ཨ་ཞང་བརྒྱུད་ནས་བོད་ནང་ཤིང་ནགས་བཅད་ གཏུབ་བྱས་པའི་ས་ཁུལ་དུ། ཤིང་སྡོང་ཡོང་འབབ་ཡོད་པའི་རིགས་སྟར་ཀ་དང་ཀུ་ཤུ། ཁམ་བུའི་སྡོང་པོ་༤༠༠༠༠༠ ལྷག་འདེབས་འཛུགས་ཀྱི་རོགས་པ་བྱས་ཡོད་པ་དང། གྲོང་གསེབ་ཁག་ཏུ་སྨན་བཅོས་ཀྱི་ཆེད་དུ་བོད་ནང་གི་བོད་རིགས་སྨན་པ་མང་པོ་ སྦྱོང་བརྡར་སྤྲད་པ་དང། རྒྱ་གར་ནས་ཨ་རིར་ཡོང་མཁན་འབྲེལ་ཡོད་ལས་བྱེད་དང་མཁས་དབང། གྲོགས་པོ་བཅས་ལ་རོགས་རམ་བྱེད་བཞིན་ཡོད་པ་རེད། ༽ འདི་ནི་ཁོང་གི་ལོ་རྒྱུས་ཤིག་རེད་ལ། རྣམ་རིག་ཅན་གྱི་བོད་ཀྱི་གཞཽན་སྐྱེས་ཤིག་གི་བློ་རྒྱ་དང་དེང་དུས་མཐུན་པའི་ འགྲོ་སྟངས་ཀྱི་རིག་རྩལ་སོགས་ནི་ངས་རྒྱ་རིགས་སྨན་དཔྱད་མཁས་པ་ཞིག་ངག་ལས་གོ་ མྱོང་བས། རྗེས་ནས་དུས་རྒྱུན་དུ་ཁོང་གི་ལས་གནས་དང་འགྲོ་འདུག་ལ་དོ་སྣང་ཡང་ཡང་བྱུང་། སྤྱི་ལོ་༢༠༠༦ལོར་བོད་རིག་པའི་ཞིབ་མཇུག་ཚོགས་འདུག་ཞིག་གི་ཐོག་ཏུ་ཁོང་གིས་ འདས་པའི་ལོ་ངོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ དང་བོད་མིའི་གནས་བབ་བཅས་ཞིབ་མཇུག་གིས་ངོ་སྤྲོད་ཞུ་སྐབས། རྒྱ་ནག་ནས་ཕེབས་པའི་རྒྱ་རིགས་དང་བོད་རིགས་པའི་མཁས་པ་མང་པོ་ཞིག་རྐུང་སྟེགས་ ཀྱི་རྒྱབ་ཏུ་ཡུབ་ཏེ་ག་ལེར་ཁོང་གི་གསུངས་བཤད་ལ་ཉན་གྱིན་འདུག་པས། ངས་ནི་ཁོང་གི་མི་རྣམས་ཀྱིས་ངེས་པར་དུ་ཉན་དགོས་པར་བཟོ་བའི་ཞིབ་མཇུག་གི་ རྒྱུད་རིམ་ལ་ཧང་སངས་པར་བྱས་སོང་། དེ་བཞིན་ད་སྐབས་མི་མང་པོ་ཞིག་གིས་བློ་བཟང་སེང་གེ་ལགས་རྒྱ་ནག་ཏུ་བསྐྱོད་པའི་ གནད་དོན་དེ་ཇེ་ཆེར་བཟོ་གིན་ཡོད་པ་དང་། ང་རང་གི་ཐག་ཉེ་ཡི་མི་རྣམས་ཀྱིས་ཧ་ལམ་མ་སོང་ན་ཁོང་གིས་བོད་མི་རིགས་བཙོང་ སྲིད་པ་ལྟ་བུ་དང་ཁོང་རང་རྒྱ་ནག་གི་མི་རེད་མདོག་མདོག་གིས་སྐད་ཆ་སྤོམ་པོ་མང་ པོ་བཤད་ཀྱིན་འདུག་ལ། ཐ་ན་ཁོ་རྒྱ་ནག་ལ་བསྐྱོད་དོན་ག་རེ་ཡིན་མིན་ཡང་མི་ཤེས་པའི་མི་ཤས་ཀྱིས། ཁོ་རྒྱ་ནག་གི་མི་རེད་ཟེར་གྱིན་འདུག་ཅེས་ཀྱང་ཤོད་ཀྱིན་འདུག ང་ཚོས་ངེས་པར་དུ་ཧ་གོ་དགོས་པ་བྱ་རྒྱུ་ནི་གོང་གི་བཀའ་བློན་འཁྲི་པའི་འོས་མི་ སུ་ཡིན་ཡང་ང་ཚོའི་དགྲ་མ་རེད་ལ། ཁོང་ཚོ་ནི་ང་ཚོའི་འཐབ་རྩོས་པ་འགན་མཉམ་ལེན་བྱ་མཁན་གྱི་ང་ཚོའི་ཡིན་པ་ཤེས་ དགོས་པ་བྱ་དགོས་ལ། དེ་བཞིན་བློ་བཟང་སེང་གེ་ལགས་བོད་དུ་བསྐྱོད་དོན་གྱི་གནད་དོན་ཐོག་ལ་བཀའ་བློན་ ཁྲི་པ་ཟམ་གདོང་རིན་པོ་ཆེ་ཡིས་གསལ་བཤད་གནང་ཡོད་པ་ཞིག་ལ་གཟིགས་རོགས་གནང་།
གང་ ལྟར་ད་ནི་བོད་མི་རིགས་ཀྱི་འབྱུང་འགྱུར་དང་ལོ་བཅུ་དང་༢༠། ཡང་ན་སུམ་བཅུ་དང་ལྔ་བཅུའི་བར། ཡང་ན་མི་རབས་རྗེས་མ་དག་གི་སྐབས་ཀྱི་བོད་མིའི་འཐབ་རྩོད་རྒྱུན་མཐུན་གནས་ཐབས་ དང་འཐབ་རྩོད་ལ་གྲུབ་འབྲས་ཡོང་བར་བྱ་ཆེད་བསམ་གཞིགས་བྱ་དགོས་པའི་དུས་ཚོད་གཉན་ ཕྲེང་ཅན་ཞིག་ཏུ་ཁེལ་ཡོད་ལ། བོད་དུ་བོད་ཀྱི་ལོ་རྒྱུས་བྱུང་བ་ནས། མི་མང་གིས་འདེམས་ཐོན་ཆོག་པའི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་རིན་བྲལ་གྱི་གོ་ སྐབས་འདི་ལ་དམིགས་བསལ་གྱིས་བསམ་གཞིགས་བྱེད་དེ། མི་རབས་རྒན་པས་བཀག་སྡོམ་བྱེད་པའི་ལོ་རྒྱུས་ཀྱི་སྣེ་མོ་མཇུག་རྫོགས་ཏེ། མི་རབས་གསར་བ་དང་ལྷག་པར་དུ་སྙིང་སྟོབས་དང་ཤེས་རིག་ལྡན་པ་མདུན་ལ་ཐོན་མཁན་ གྱི་སྣེ་ཁྲིད་པ་རྣམས་སྐྱེས་སྲིངས་བྱ་དགོས་ལ། ད་ལྟའི་༧བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡི་ཤེས་ནོར་བུའི་དགོངས་ལོའི་བབས་དང་ བསྟུན་ནས། ནམ་ཞིག་ལ་བོད་མི་མང་རྣམས་ཀྱིས་གསེར་གྱི་ཉི་མ་དེ་བརླག་པའི་ཉིན་མོར། མི་རབས་གཉིས་ཀྱི་བར་སྟོང་དང་གཞིས་བྱེས་གཉིས་ཀྱི་བར་སྟོང་། དུས་རབས་ཤིག་གི་བར་སྟོང་སོགས་བར་སྟོང་མང་པོ་ཞིག་སྐོང་ཐུབ་མཁན་གྱི་གང་ཟག་ ཅིག་དགོས་པ་ནི་འདོན་མི་ཟ་ལ། ང་ཚོར་ད་ལྟ་ཕ་ཁྱིམ་དུ་ཕ་ལྷ་ཡོད་དུས་ནས་སྦྱོང་བརྡར་གྱི་མགོ་བརྩམས་དགོས་པ་མ་ གཏོགས། འདས་པའི་ལོ་རྒྱུས་ཀྱིས་མ་འོངས་བོད་མི་རིགས་ཀྱི་འབྱུང་འགྱུར་མི་རབས་ཀྱི་ མདུན་ལམ་གྱི་ཚབ་བྱ་མི་རུང་བས། ང་ཚོས་ཕྱོགས་ཞེན་དང་ཁྲམ་པ། ཧམ་པ་དང་ནང་དམེ་དོར་ནས། དངོས་ཡོད་ཀྱི་གནས་སྟངས་དང་དངོས་ཡོད་ཀྱི་ཁ་ཡོད་ལག་ཡོད་ལ་བསམ་གཞིགས་བྱ་དགོས་ པ་ཤིན་ཏུ་ནས་གལ་ཆེའོ།
ཟླ་སྒྲོལ་ལགས་སུ་ཆེད་ཞུ། ཁྱེད་རང་གིས་བློ་སེང་སྐོར་ལ་རང་གི་འདོད་ཕྱོགས་ཀྱི་འགྲེལ་བཤད་ཧ་ཅང་ཡག་པོ་བརྒྱབ་འདུག ཐུགས་རྗེ་ཆེ། འོན་ཀྱང་ཁྱེད་རང་གིས་གོང་དུ་བཤད་པ་དང་འོག་ནས་མཇུག་སྡོམ་བརྒྱབ་པ་གཉིས་འགལ་བ་ལྟག་སྤྲོད་དུ་གནས་འདུག གང་ཡིན་ཟེར་ན་འགོར་ཁྱེད་ཀྱིས་འོས་མི་རྣམས་ལ་སྒྲོ་སྐུར་བྱས་ན་མི་འགྲིགས་ཚུལ་བརྗོད་པ་དང་། བར་དུ་ཁྱེད་རང་གིས་གོང་དེ་མ་ཐག་ཏུ་བཤད་པའི་སྐད་ཆར་བརྩིས་མེད་བཏང་སྟེ་བསྟན་རྣམ་ནག་པོ་ནག་རྐྱང་བཟོ་བྱེད་ཀྱི་སྒྲུབ་བྱེད་ལྟར་སྣང་ཤ་སྟག་བཀོད་པ་དང་། ཐ་མར་བློ་སེང་གཞན་ལས་ལྷག་པ་ཞིག་ཏུ་སྒྲུབ་བྱེད་སྒྲོ་འདོགས་ཤུགས་ཆེ་བྱས་འདུག་སྟབས་ཁྱེད་ཀྱི་ཡིག་རྙོག་འདིས་མི་དམངས་ལ་སེམས་འགུལ་ཐེབས་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་མི་དམངས་ཁོང་ཁྲོ་ལངས་གཞི་ཞིག་ཆགས་འདུག ཁྱེད་རང་གིས་ག་ཚོད་བཤད་ཀྱང་གཟུ་བོར་མི་གནས་པའི་སེམས་ཁམས་ཤིག་དང་། ཕྱོགས་འཐེན་ནམ་རང་ལྟ་མཆོག་འཛིན་གྱི་ཀུན་སློང་ཞིག་ཡི་གེའི་མགོ་མཇུག་ཚང་མ་ནས་མངོན་ཡོང་གི་འདུག ཁྱེད་རང་གིས་བཤད་པ་རྣམས་ལ་རྒྱུ་མཚན་ཡང་དག་མེད་པ་མ་ཟད་མི་དམངས་ལ་མགོ་བསྐོར་གཏོང་བྱེད་ཁོ་ན་རེད་འདུག
ཁྱེད་རང་གིས་༸གོང་ས་མཆོག་གྲོང་གོག་ཅིག་གི་ཕ་རྒན་དང་། བློ་སེང་གྲོང་གོག་དེའི་བུ་རྒོད་ཅིག་ལ་དཔེ་སྦྱར་འདུག་པས་ཁྱེད་ལ་དེ་ལས་ལྷག་པའི་དཔེ་ཞིག་རག་གི་མི་འདུག་གམ འདི་འདྲའི་ཧམ་པ་ཚ་བ་ལ། ༸གོང་ས་མཆོག་གི་ཤུལ་འཛིན་བློ་སེང། ཧ་ཧ། དོན་དུ་བོད་ཀྱི་ལས་དོན་གནད་འགག་ཅན་འདིར་རྒྱུས་ཡོད་དང་ཉམས་མྱོང་ཚད་ལྡན་ཡོད་པའི་འགོ་ཁྲིད་ཅིག་དགོས་པ་ལས། ཉམས་མྱོང་མེད་པའི་གསར་བུ་ཞིག་གི་ཉམས་གསོག་ཆེད་བཀའ་ཁྲིའི་ཞབས་སྟེགས་དང་དུས་ཚོད་ཆུད་ཟོས་སུ་གཏོང་བའི་བསམ་བློ་མ་གཏོང་རོགས། དུས་ཚོད་འཕྲོ་བརླགས་མ་ཡིན་ནམ། བློ་སེང་གིས་བཏང་རབས་དང་འཇོན་རབས་མང་པོ་བཤད་ཀྱིན་འདུག་མོད། གྲུབ་འབྲས་ག་ཚོད་བྱུང་འདུག་ཤོད་དང་། མི་འདིས་འཇོན་དང་མི་འཇོན་ནི་མི་དེས་དེ་སྔ་བྱས་པའི་ལས་ཀའི་གྲུབ་འབྲས་ལ་དཔག་ནས་གདེངས་འཇོག་བྱ་དགོས། དཔེར་ན། ཉམས་མྱོང་ཕུན་སུམ་ཚོགས་པའི་ཞིང་པ་རྒད་པོས་ཞིང་གི་འདེབས་ལུགས་དང་དུས་ཚོད་སོགས་ཁོང་དུ་ཆུད་ནས་ད་གཟོད་ཞིང་འདེབས་པ་བཞིན་ནོ། །གང་ལྟར་མཐའ་དོན་སྡོམ་ཚིགས་གཅིག་རང་ཡོད་པ་ནི། ༸རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོས། གསང་དང་མ་གསང་མི་འདུག །ཞབས་རྗེས་གངས་ལ་བཞག་འདུག །ཅེས་གསུངས་པ་ལྟར་འོས་མི་སོ་སོའི་ཁྱད་ཡོན་དགེ་མཚན་བྱས་རྗེས་དང་བསམ་པའི་ཀུན་སློང་ལས་ཤེས་ཐུབ་ལ། ད་ཆ་མི་དམངས་མང་པོ་ཞིག་གཉིད་སད་ཡོང་བཞིན་འདུག་ན་མགོ་བསྐོར་གཏོང་བའི་སྐབས་མེད་དོ། །མ་ཟད་བོད་ལ་ཤ་ཚ་བའི་སེམས་ཁམས་དམར་པོ་ཞིག་ཡོད་ན་བཀའ་ཁྲི་ལས་གཞན་པའི་ལས་གནས་ཐོག་ལས་ཀ་བྱེད་མི་ཆོག་པ་ཡིན་ནམ། ཞེས་པའི་དྲི་བ་འདི་རང་བཞིན་གྱིས་མི་དམངས་ཁྲོད་ཡོང་བཞིན་ཡོད།
དྲ་གྲོགས་ཟླ་སྒྲོལ་ལགས་སྐུ་ཁམས་བཟང་།
གོང་དུ་དྲ་གྲོགས་BBC ནས་སྣག་ཐོག་བཙག་སྣུན་གང་ལེགས་བྱས་འདུག་པས་རྒྱབ་སྐྱོར་ཡོད།
ངས་རྩོམ་ཡིག་འདིའི་སྐོར་ལ་བསམ་ཚུལ་ཚིག་ཁ་ཤས་ཞུས་ན་འདོད།
༡༽ཟླ་སྒྲོལ་མིང་ཅན་པས་རྩོམ་ཡིག་ནང་དུ་(བཀའ་བློན་འཁྲི་པའི་འོས་མི་རྣམས་ལ་བོད་ མི་ཚོས་དགྲ་གྲོགས་ཀྱི་དབྱེ་བ་མ་ཆོད་པའི་ཐོག་ནས་སྒྲོ་མདོགས་དང་སྐུལ་འདེབས་ ཚད་ལས་བརྒལ་བ་བྱེད་ཀྱིན་འདུག་༽ཅེས་སོགས་ནས་འགོ་འཛུགས་སྟངས་ལ་གཞིགས་ན་རྩོམ་པ་པོས་སྒྲོ་འདོགས་དང་བསྐུར་འདེབས་བྱེད་ཀྱི་མ་རེད་སྙམ་བྱུང་ཡང་།དུབ་མུ་འགའ་ཤས་ཀྱི་རྗེས་སུ་རྩོམ་པ་པོའི་དམ་བཅའ་དང་འགལ་བཀའ་ཁྲིའི་འོས་མི་བཀྲས་མཐོང་མཆོག་ལ་གཞི་མེད་ཀྱི་སྒྲོ་བཀུར་ཡུག་ཟ་མའི་ལབ་བཤད་འདྲ་པོ་བྱས་འདུག་པ་ཡ་རེ་མཚན།
༢༽ཡང་རྩོམ་པ་པོས་བཀའ་ཁྲིའི་འོས་མི་གསུམ་ཀའི་ལོ་རྒྱུས་དྲངས་ཁུལ་གྱི་ཕྱོགས་རིས་མེད་ཚུལ་གྱི་རྣམ་པ་བསྟན་ཡང་།དོན་དམ་དུ་ལོ་རྒྱུས་ལ་འབྲི་སྟངས་ཀྱི་ཐོག་ནས་རྩོམ་པ་པོས་དྲ་གྲོགས་དང་ཀློག་པ་པོར་ཚང་མར་མགོ་འཁོར་བསླུ་འཁྲིད་བཏང་བའི་ཀུན་སློང་ངན་པ་དམར་དམར་རྗེན་རྗེན་ཕྱིར་མངོན་པ་དེ་ཡ་རེ་ང་།
༣༽རྩོམ་པ་པོས་རྒྱ་ཆེའི་ཀློག་པ་པོ་དང་དྲ་གྲོགས་རྣམས་ལ་བསམ་མེད་བྱིས་པ་ནང་བཞིན་དུ་བརྩིས་ཆབ་སྲིད་གཡོ་ཐབས་ཀྱི་རྩེད་མོ་ཞིག་བརྩེས་རྒྱུའི་གཏོང་བསམ་ཞིག་འཁོར་ཡང་།དོན་དངོས་ཐོག་ལྐུགས་པས་སྤྱང་མདོག་བྱས་ན་མངོན་གསལ་གཞན་ལས་དོད་པ་ཞེས་པའི་དཔེ་ལྟར་སོང་ནས་ཀློག་པ་པོ་དང་དྲ་གྲོགས་ཚང་མས་ཁོ་པའི་ཀུན་སློང་ངན་པའི་མཐིལ་རྟོལ་བྱ་ངེས་རེད།
༤༽རྩོམ་པ་པོས་བྱས་པ་ཆེ་བའི་བཀའ་ཟུར་གཉིས་ཀྱི་ལོ་རྒྱུས་ས་བཅད་མ་སྟོང་ཙམ་ལའང་མ་བྲིས་པར།བྱས་རྗེས་དང་གྲུབ་འབྲས་གང་ཡང་མེད་པའི་བློ་སེང་གིས་བཏང་རབས་དང།བྱས་རབས།འཇོན་ཪབས་ས་སྟག་གི་རྩོམ་གྱི་མཇུག་བསྐྱལ་འདུག་པས།རྩོམ་པ་པོའི་མིག་ཟུང་བློ་སེང་གི་ཕྱོགས་སུ་ལྷུངས་ཡོད་པ་གསལ་པོ་རེད།
༥༽བཀྲས་མཐོང་བསྟན་རྣམ་མཆོག་ལ་གཞི་མེད་སྙོན་འཛུགས་བྱས་པའི་ཁྱེད་ཚོར་གཙང་མ་མ་ཆགས་པའི་རྒྱུ་མཚན་ནི།
གཅིག་་གནད་དོན་དེ་ཁྱེད་ཚོས་དེ་སྔ་ཆེད་བཟོས་བྱས་པ་ཞིག་ཡིན་པས་ཁྱེད་ཚོར་སྣང་ངོར་ནམ་ཡང་གཙང་མ་ཆགས་མི་སྲིད།
གཉིས་པ།ཁྱེད་ཚོས་བོད་གཞུང་གིས་གཞུང་འབྲེལ་གྱིས་གླེང་རྙོག་དེ་བདེན་པ་མེད་ཚུལ་གསལ་བཤད་གནང་བར་བརྩི་བཀུར་མ་བྱས་ན།རྒྱ་གཞུང་གིས་དྲིལ་བསྒྲགས་རྫུན་མ་དེ་དག་བརྩི་བཀུར་བྱེད་དམ།
གསུམ་པ།གནས་རྙོག་ཡོང་སའི་ཚགས་པར་རྩོམ་སྒྲིག་པས་དགོངས་སེལ་ཞུས་པ་ལས་གཙང་མ་ཆགས་པ་གསལ་པ་རེད།
བཞི་པ།སྐབས་དེའི་གནས་ཚུལ་དངོས་ཇི་མ་ཇི་བཞིན་བོད་གཞུང་ཤེས་བྱ་དང་རང་དབང་ཚགས་པར་ནང་གསལ་པོ་བཀོད་པས་ལས་གནས་ཚུལ་གཞི་མེད་རྫུན་བཟོ་ཡིན་པ་གསལ་རྟོགས་བྱུང་ཡོད།
ལྔ་པ།བལ་ཡུལ་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་བཀྲས་མཐོང་གི་དངུལ་གྱི་རྙོག་གླེང་དེར་སུ་ལ་དཔང་རྟགས་སྟོན་རྒྱུ་ཡོད་ཀྱང་ཁོང་གིས་འབུམ་གསུམ་སྤྲོད་རྒྱུ་ཡིན་སྐོར་འཛམ་གླིང་ལ་གསལ་བསྒྲགས་བྱེད་དུས་ཁྱེད་ཚོས་རིགས་རྣམས་རྒུན་གྱི་ཁུ་བྱུག་ནང་བཞིན་སྨྲ་རྒྱུ་མེད་པར་བསྡད་པ་ལས་གནས་རྙོག་དེའི་ངོ་བོ་གསལ་པ་ཆགས་པ་རེད།
༦༽མདོར་ན་རྩོམ་ཡིག་དེར་གད་མོ་ཤོར་དགོས་པ་ནི།
ཐོག་མར་གཞན་ལ་སྒྲོ་བསྐུར་བྱེད་ཀྱི་འདུག་ཅེས་དྲ་གྲོགས་རྣམས་ལ་ཁ་རྡུང་ཚོད་མེད་ཅིག་བཏང་འདུག
བར་དུ་བཀའ་ཁྲིའི་འོས་མི་བཀྲས་མཐོང་མཆོག་ལ་གཞི་མེད་ཀྱི་བཀུར་འདེབས་ཚད་མེད་ཅིག་བྱས་འདུག
མཐའ་མ་རྩོམ་པ་པོ་ཁོ་རང་གི་དམིགས་ཡུལ་ངོ་མ་དེར་སླེབས་ནས་བློ་སེང་ལ་སྐྱག་པས་རྐུག་བཀྱག་ནས་རང་མདོག་ངོ་མ་བསྟན་སོང་།
གསལ་བཤད།ང་ལས་བྲེལ་གྱི་དབང་གིས་ཡིག་ནོར་དོན་ནོར་ཤོར་ན་དགོངས་སེལ་ཞུ་རྒྱུ་ཡིན།
ཟླ་སྒྲོལ་ལགས་ཀྱིས་གནས་ལུགས་དོན་དང་མཐུན་པའི་གསུང་མོལ་གནང་བར་བཀའ་དྲིན་ཆེ།
བཀྲས་མཐོང་ནག་པོ་བཟོས་པའི་སྒྲུབ་བྱེད་གཏན་ནས་མི་འདུག བཀའ་ཁྲི་ལས་གནས་མ་འཁྱོལ་བར་ལས་འགན་ཁུར་བཞིན་པའི་སྐབས་སུ་ལས་གནས་བཞག་ཏེ་སོང་བ་དེ་ནི་དངོས་ཡོད་རེད། དེ་ནག་པོ་བཟོ་སྟངས་མ་རེད། དེ་ཡང་དངོས་ཡོད་གནས་ཚུལ་རེད་ལ། དེ་བཞིན་དངུལ་གྱི་རྙོག་དྲ་དེའི་སྐོར་ནས་ས་འོག་དར་ཐག་ལྟ་བུའི་རྒྱུད་སྐུད་འདྲེས་པའི་ལམ་ལུགས་དེ་ཚོའི་ཁྲོད་ནས་ང་ཚོར་དུས་ནམ་ཡང་ཁ་གསལ་ཆགས་ཀྱིན་མ་རེད་འདོད། འགྲེལ་བཤད་རྒྱག་སྟངས་ཤིག་གིས་དེ་ལྟར་རྒྱབ་ཀྱང་དེ་ཡང་དངུལ་གྱི་རྙོག་གཞི་ཡོད་པ་བཀྲས་མཐོང་བཀའ་ཁྲི་འོས་མིར་མ་ལངས་པའི་སྔོན་ནས་རྙོག་གླེང་བྱེད་བཞིན་པ་གོ་མྱོང་ཡོད། འདི་ཡང་ནག་པོ་བཟོ་སྟངས་མ་རེད། དེ་གཉིས་ཆ་དངོས་ཡོད་ཀྱིས་ཐོག་ནས་ང་ཚོའི་མདུན་ཏུ་ལྷག་པའི་གནད་དོན་གཉིས་རེད།
གཞན་བློ་བཟང་སེང་གེ་ལགས་ཀྱི་སྒྲུང་སྙིང་རྗེ་བོ་བཟོ་མིན་གྱི་སྐད་ཆ་མ་རེད། ཧ་བལ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་ཟམ་གདོང་རིན་པོ་ཆེ་ཡི་གསལ་བཤད་སོགས་ཀྱིས་བློ་སེང་གི་གནད་དོན་གསལ་བོར་བཟོས་སོང་།
ཟླ་སྒྲོལ་ལགས་ལགས་ཀྱིས་དངོས་ཡོད་གནས་ཚུལ་བཤད་དགོས་པ་ལས། དགྲ་ནང་བཞིན་ནག་པོ་བཟོ་བར་མི་ལེགས་ཚུལ་བཤད་འདུག་པ་ལྟར། དྲ་གྲོགས་ཁ་ཤས་ཀྱིས་གཡོ་ཁྲམ་དང་ཧམ་པ་། རྫུན་རྐྱལ་དང་ཞེད་མེར་བ་ལྟ་བུའི་དེ་རིང་གི་བོད་མི་ཚོས་འདེམས་ཐོན་བྱུང་བའི་བཀའ་ཁྲི་འོས་མི་རྣམས་ལ་དམའ་འབེབས་ཁྱད་གསོད་བྱེད་བཞིན་པ་དེ་ཚོར་དགྲ་གྲོགས་ཀྱི་དབྱེ་བ་འགར་དགོས་ལབ་འདུག་གཱ
དེ་མ་གཏོགས་ནག་པོ་བཟོ་པ་དང་དམའ་འབེབས་ཀྱི་སྐད་ཆ་མ་རེད།
སྔོན་མ་ནས་ང་ཚོའི་སྤྱི་ཚོགས་ནང་དུ་སྐུ་ངོ་ཚོ་ལ་གནས་ལུགས་བཤད་པ་དང་དགེ་རྒན་ཚོ་ལ་གནས་ལུགས་བཤད་ན་ངོ་ལོག་གི་འདུག ཁ་ལན་སློག་གི་འདུག་ལབ་ཏེ་དམའ་འབེབས་བྱེད་སྲོལ་ཡོད།
ཡིན་ཡང་གནས་ལུགས་བཤད་པ་དང་ངོ་ལོག་པ་གཉིས་ཁ་ཁ་སོ་སོ་རེད་དོ།
ཟླ་སྒྲོན་ལགས་ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག རྗེས་སུ་ཡི་རང་ཡོད། བཀའ་ཁྲིའི་འོས་མི་དག་གི་སྐྱོན་དང་ཡོན་ཏན་དག་མང་པོ་ཞིག་གསར་འགྱུར་རྒྱུད་ལམ་ཁག་ནས་ཐོས་སོང་ལ། མཐོང་ཡང་སོང་། སྤྱིར་མི་ཞིག་ཡིན་ནས་སྐྱོན་དང་ནོར་འཁྲུལ་རྩ་བ་ནས་མེད་མཁན་ཞིག་ང་ཚོས་རྙེད་དཀའ་ཡང་། འོས་མི་གསུམ་གྱི་སྐྱོན་ནང་ནས་སྐྱོན་ཆེ་ཤོས་དེ་བོད་མི་ཡོངས་ཀྱི་བདེ་སྡུག་རྒྱབ་ཏུ་བོར་ནས་རང་གི་ཁྱིམ་ཚང་གི་ཆེད་དུ་ཕེབས་གནང་བ་དེ་རེད་སྙམ། ང་ཚོ་སུ་ཡིན་ཡང་ཁྱིམ་ཚང་དང་ནང་མི་ཡོད་ལ། ་ཁྱིམ་ཚང་དང་ནང་མི་ལ་གཅེས་པ་འདྲ་འདྲ་རེད། ཡིན་ནའང་བོད་ནང་གི་དཔའ་བོ་དཔའ་མོ་དག་གིས་ཁྱིམ་ཚང་དང་ནང་མི་བློས་བཏང་སྟེ་ལུས་དང་ལོངས་སྤྱོད་བཅས་པར་བོད་མི་རིགས་ཀྱི་དོན་དུ་འབུལ་མཁན་དེ་ཚོས་ཞེ་ཡང་མི་ཁྲེལ་ལམ། དེ་ལ་ལྟོས་ན་དཔལ་འབྱོར་ཐད་ཀྱི་སྐྱོན་དག་ཆུང་ངུ་རེད་སྙམ། ངས་ནི་བཀྲ་ཤིས་དབང་འདུས་སམ། བློ་སེང་གང་རུང་ཞིག་ལས་བཀྲས་མཐོང་ལ་འོས་མི་བླུག་སེམས་ཐག་ཡིན། ཁྱེད་རང་ཚོས་གང་འདོད་གནང་།
ཁྱེད་རང་གིས་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ངའི་འོས་གཅིག་པུ་དེ་ཁོང་ལ་མི་སྤྲོད་ཐག་གཅོད་ཡིན། གཅིག་ཁོ་ལ་རང་ཚུགས་རྩ་བ་ནས་མིན་འདུག རང་ཚུགས་མེད་ན་ཕུགས་རྒྱང་དེ་བས་ཡོད་མི་སྲིད།
གཉིས་ཁོང་གི་མི་གཞིའི་ཀུན་སྤྱོད་ལ་སྐྱོན་འདུག རྩ་ཚང་ལ་མ་ཚང་འདྲ་བོ་མཚམས་རེ་འོས་ཁོངས་སུ་འཛུལ་གྱི་ཡིན། ༞མཚམས་རེ་འཛུལ་གྱི་མིན། ཧ་ཉིད་མ་སད་པའི་ཕྲྲུ་གུ་འདྲ་བོ།
དེ་འདྲའི་བཀའ་ཁྲི་ཞིག་གིས་སྲིད་ཇི་ལྟར་སྐྱོང་ངམ། ཧང་སངས་དགོས་པའི་གནས་ཚུལ་རང་རེད། ལོ་ངོ་བཞི་ཅུའི་རིང་ལ་ལྷག་བསམ་དང་དྲང་བདེན་སོགས་ཚིག་རྫུན་མི་ཉུང་བ་ཞིག་གིས་ལས་གནས་སུ་འཁྱོལ་ཐབས་བྱས་པའི་གཞུང་ཞབས་དེའི་རིགས་གཞུག་འབུད་གཏོང་དགོས་