ཤ་བོ་རྟ་མགྲིན་གྱིས།
ད་ནི་ངེད་རང་དྲ་ཐོག་ལ་མ་སོང་ནས་ལོ་གཅིག་ཧྲིལ་གྱིས་འཁོར་གྲབས་འདུག བོད་ཀྱི་ལོ་རྒྱུས་དཔེ་རྙིང་སྐོར་ཞིག་གི་པར་སྐྲུན་ལས་དོན་བྲེལ་དབང་གིས། རང་ཉིད་ལོ་གཅིག་ལ་དུས་བབ་དང་ཁ་བརྡ་དྲ་ཐོག་ནས་ཐོན་ཏེ། རང་གནས་སུ་རང་གི་ལས་ཀར་འབད་ཁུལ་ལགས་ཀྱང་། ཁ་སང་ཧྥ་རན་སིར་ཡོད་པའི་གྲོགས་པོ་རྙིང་པ་ཞིག་གིས་ཁ་པར་ཡོང་ནས་དྲ་ཐོག་གི་ཁྱོད་ཀྱི་མཆན་བུ་རྒྱག་སྟངས་ཡག་པོ་མི་འདུག་ཟེར། ངས་ཁོང་ལ་དེང་སྐབས་ང་རང་ལས་བྲེལ་ཧ་ཅང་ཆེ་ཚུལ་དང་དྲ་ཐོག་ལ་མ་སོང་ནས་ལོ་གཅིག་འཁོར་གྲབས་ཡོད་སྐད་བཤད་ཀྱང་ཁོང་གིས་ཉན་མ་སོང་།
དེ་རིང་དྲ་ཐོག་ལ་ཡོང་ནས་ཁོང་གིས་བཤད་པའི་རྩོམ་ཡིག་དེ་དང་མཆན་བུ་དེ་ཚོ་བཀླགས་པ་ཡིན། གནས་ཚུལ་ཚབས་ཆེན་དེ་འདྲ་ཅང་མ་རེད་དེ། མི་མང་པོ་ཞིག་གིས་ཅིག་ཅིག་གི་ཚོགས་དང་ཅིག་ཅིག་གི་འཁོར་ཟེར་ནས་འུར་སློང་སྲོལ་ལ་བསམ་ན། དེ་ནི་གཅིག་བྱས་ན་ཡག་རྟགས་ཤིག་རྩ་ནས་མ་རེད་བསམ་སོང་། དེ་བས་འདིར་གསལ་བཤད་བྱས་པ་ཙམ་ཡིན།
ངེད་ཀྱི་གསལ་བཤད་ནི། ཁ་སང་དེ་རིང་གི་ཁ་བརྡ་དང་དུས་བབ་དྲ་ཐོག་ན་ཡོད་པའི་དགྲ་བཅོམ་པ་ཟེར་མཁན་དེ་ང་རང་མིན་པ་འདི་ཡིན་ནོ།།
ཐུགས་རྗེ་ཆེ།
སྐུ་ཞབས་ཤོ་བོ་རྟ་མགྲིན་ལགས་ཀྱིས་གཟུགས་མེད་གཟུགས་ཅན་དུ་བསྒྱུར་བར་རུ་འདྲེན་ནང་བཞིན་གྱི་ནུས་པ་ཐོན་འདུག་པས། དགའ་བསུ་དང་ཡི་རངས་གཉིས་ཀ་ཡོད། གཟུགས་ཅན་རྒྱལ་ལོ།
ད་ཡང་ཁྱེད་རང་ཡང་ནག་པོ་བཟོ་མཁན་ཞིག་སླེབས་ཡོད་པ་འདྲ།
སྤྱི་ཚོགས་ཟེར་བ་ནི་བཟང་ངན་དང་ལེགས་ཉེས་འདྲེས་མ་ཞིག་ཡིན་སྟབས།
སེམས་ཁྲལ་དེ་ཙམ་གནང་མི་དགོས། གཞན་མིང་སྤྱད་དེ་བསམ་ཚུལ་འཆལ་འཆོལ་སྒྲོག་མཁན་དག་ནི་ཇག་རྐུན་ལས་ཐབས་རྡུགས་པའི་ལས་ཀ་མ་རེད་དམ།
ལྷ་རབ་བྱུང་ན་དྲ་ཐོག་ཏུ་གནས་ཚུལ་འདི་རིགས་ནམ་ཡང་མི་ཡོང་བའི་རེ་བ་ཡོད། མ་གཞི་མིའི་སེམས་ཁམས་ཟེར་བ་དེ་དབང་བསྐྱར་དཀའ་བས་ད་དུང་འདི་རིགས་རིམ་པར་ཡོང་ངེས་པས། དྲ་གྲོགས་སུ་ཞིག་ལ་འདི་རིགས་བྱུང་ནའང་ངན་པ་རྒྱ་ཡན་དུ་གཏོང་མི་རིགས། །
ཁྱེད་རང་གིས་གསལ་བཤད་གནང་བ་ཡག་པོ་བྱུང་བ་རེད། སྨྱུག་མིང་ལའང་བདག་པོ་རྒྱག་དགོས་པ་རེད། ད་རེས་ཁྱེད་རང་མིན་པའི་གསལ་བཤད་གནང་བ་འདི་འགན་ཁུར་ཡོད་པའི་གནང་སྟངས་རེད།
རེབ་གོང་ཤ་བོ་རྟ་མགྲིན་ལགས།
ངས་ཁྱེད་ལ་སྨྱུག་མིང་དགྲ་བཅོམ་པ་ཟེར་བ་ཞིག་ཡོད་པ་ཤེས་མ་སོང་། བདེ་ཆེན་སྒྲོལ་མ་ཡོད་པ་ཤེས་ཡོད། ཁྱེད་ཀྱིས་དགྲ་བཅོམ་པའི་མིང་ཐོག་རྩོམ་པ་པོར་བསླབས་པའི་བྱུང་རབས་མཆིས་ཚེ། ངས་ཁྱེད་ལ་དགོངས་དག་ཞུ་རྒྱུ་ཡིན། ཡིན་ནའང་། ངས་སྨྱུག་མིང་འདིའི་ཐོག་དོན་དངོས་བཤད་ཡོད་པ་ལས། དྲ་འབུ་དང་ཕྱོགས་ཁག་གི་ལས་བསྟེན་མེད། ཁྱེད་ཀྱིས་བསྐྱར་ཞིབ་བྱེད་རོགས།
ཏིང་འཛིན་སྐྱབས་ནས། རྗེས་སུ་ངས་བེད་སྤྱོད་གནང་ཕྱོགས་ཐད་ཉིད་ལ་བསམ་ཚུལ་གྲོས་བསྡུར་བྱ་རྒྱུ་ཡིན།
བསེ་རུ་ལགས།
དེང་སྐབས་ཁྱེད་རང་དྲ་རྒྱར་སྔ་ལྟར་ཕེབས་ཀྱི་མི་འདུག ཕལ་ཆེར་ཁྱེད་རང་ནག་པོ་བཟོ་མཁན་ནག་མོ་ཞིག་དང་ཁ་ཐུག་ཡོད་ས་རེད། ཨེ་བདེན
གསལ་བཤད་གང་གནང་གི་ཡོད་མེད་མི་ཤེས་མོད་གོ་སྐབས་ཡག་པོ་བླངས་འདུག ཧཧཧཧ
དྲ་གྲོགས་རྙིང་པ་དབྱངས་བུ་ལགས།
ང་དྲ་ཐོག་མི་ཡོང་བའི་རྒྱུ་མཚན་ནག་མོ་དང་ཐུག་དང་མ་ཐུག་པའི་གནད་དོན་མ་རེད།
ཉིན་ལྟར་དྲ་ངོས་སུ་མིག་ཅེར་གྱིན་གནས་ཀྱི་ཡོད་ཀྱང་། དམིགས་བསལ་གྱི་ཐུགས་ཕན་གསོས་པའི་སྐད་ཆ་ཞིག་ཤོད་རྒྱུ་མི་འདུག ལྷག་པར་ངེད་རང་གཅིག་པུར་གནས་ཀྱང་ལས་བྲེལ་དབང་གིས་མི་ཁོམ་པའི་གནས་སུ་སྐྱེས་པ་ལྟ་བུ་ཡིན། འོན་ཀྱང་། མ་འོངས་པར་ཡང་ཡང་བཅར་ཐུབ་པ་ཙམ་མ་ཟད། ངག་སྒོ་ཡང་རིམ་པར་ཕྱེ་ཆོག་པ་ཞུ། །
མིན་ཞེས་པ་དེས་ཡིན་ཟེར་གྱིན་ཡོད་པ་རེད།
ཁོམ་གི་མེད་ཚུལ་ལབ་ཀྱང་མཆན་འདི་འདྲ་འདེབས་ཡ་ལ་ཆུ་ཚོད་དེ་ཙམ་མི་དགོས་པ་ཁ་གསལ་རེད།
གོང་དུ་རིན་པོ་ཆེ་ནས་གསུང་པ་ལྟར་གསལ་བཤད་གང་གནང་གི་ཡོད་མེད་མི་ཤེས་མོད་གོ་སྐབས་ཡག་པོ་བླངས་འདུག ཧཧཧཧ
གོང་གི་ཏིང་འཛིན་སྐྱབས་སུ་འབོད་པ་འདིའང་གཅིག་ཏུ་ན་མོ་མཚན་ཅན་འདི་གཡོ་ཇུས་རིགས་ཤིག་ཡིན་སྲིད།
ཏིང་འཛིན་སྐྱབས་སུ་ཡིན་གསལ་ཐག་མ་ཆོད་ན་ཁོ་རང་ཡིན་ཡིན་པ་རེད།