——–ལྷ་སྲས་བསོད་ནམས།
སྤྱི་འཐུས་གྲོས་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་གྱིས་རབ་ཏུ་ཕོངས། ཞེན་ཁོག་གི་གདོན་གྱིས་སྨྱོས་པའི་སྤྱི་འཐུས་ཐ་ཤལ་བ་ཁག་ཅིག་གིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་གཞི་མེད་སྒྲོ་འདོགས་དང་། ཁུངས་མེད་སྐྱོན་བརྗོད། མི་གསོད་ལག་དམར་ཞེས་ཁོག་ནས་དྲན་ཡང་ཁ་ནས་འདོན་མི་ཕོད་པའི་ཚིག་ངན་འགའ་གྲོས་ཚོགས་ར་བའི་ནང་སྐད་གསེང་མཐོན་པོས་བསྒྲགས་པར་བརྟེན། སྤྱོད་ངན་དེས་ཚང་མར་ཕོག་ཐུག་བཏང་བ་མ་ཟད། གྲྭ་བའི་སྤྱི་ཚོགས་ལ་ཁ་གཏོང་བའི་ཞབས་འདྲེན་གྱི་ལས་ངན་ཚབས་ཆེན་ཡང་བསགས་ཡོད་པ་རེད།
དེ་ནས་བཟུང་ཚུར་ཕྱོགས་ནས་ཀྱང་ཞེན་ཁོག་གི་གདོན་གྱིས་བརླམས་པའི་ཐ་ཤལ་བ་ཁག་ཅིག་གིས། སྔོན་མའི་རྐྱེན་གྱིས་བསླངས་ཏེ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཚད་ལས་བརྒལ་པའི་སྐྱོན་བརྗོད་བྱེད་པ་ནི་ཧ་ཅང་བློ་ཕམ་པའི་གནང་སྟངས་ཤིག་ཡིན་པ་མ་ཟད། མ་རབས་དང་སྡིག་པ་མིག་བཙུམ་རེད། ཐ་ཚིག་ཅིག་བསྒྲག་འདོད་བྱུང་།
མི་རབས་རྒན་པ་དང་མི་རབས་གཞོན་པའི་ཆབ་སྲིད་ཀྱི་འགན་ཁུར་ལ་མཐུད་རྒྱག་མཁན་ཐོག་མ་དེ། སྲིད་སྐྱོང་བློ་སེང་ཡིན་པས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་བྱས་ན་འགྲིག ལོ་རྒྱུས་ཀྱི་ཟིན་ཐོར་འགོད་འོས་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད།
ལྷག་ཏུ་ཁོང་གི་ཕྱག་ལས་གནང་སྟངས་དང་འབྲེལ་བའི་ཤེས་ཡོན་སོགས་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པ་དང་གཞན་ལ་ངོ་གནོང་མི་དགོས་པ་ཞིག་ཡིན། ཚང་མ་རྩེར་སོན་པ་རྐྱང་ཡོང་རྒྱུ་ནི་དཀའ་ལས་ཁག་པོ་རེད།
གང་ཡིན་ཟེར་ན་ང་ཚོའི་གནས་སྟངས་རང་གི་ལུང་པ་གཞན་ལག་ཏུ་ཤོར་ནས་སྐྱབས་བཅོལ་བའི་གནས་སྟངས་ཐོག་ཡོད་པས་ཚང་མས་ཕུན་སུམ་ཚོགས་པ་རྐྱང་འདོད་ན་དེ་ནི་ཧམ་པ་ཙམ་ལས་གཞན་ཅི་ཡང་མིན།
གཞན་གསུང་བཤད་སྐབས་དང་ཕྱག་ལས་འདྲ་མིན་གནང་སྐབས་ཚིག་སྐྱོན་དང་། འདོད་པ་མི་ཁེངས་པ་ཡོང་རྒྱུ་ནི་མི་ཚང་མར་གཅིག་མཚུངས་ཡིན་པས་ང་ཚོས་དཀྱེལ་ཡངས་ཀྱི་བསམ་ཤེས་གནང་ཐུབ་དགོས།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀྱང་གང་ཅིའི་ཐད་ནས་འགྲིག་འཐུས་ངང་ཡག་པོ་དང་། ལོ་མང་རིང་ཉམས་མྱོང་བསགས་ནས་ཐེམ་སྐས་རིམ་འཛེགས་ཀྱིས་ཡོང་བ་ཞིག་ཡིན་པ་ཚང་མས་དྲང་བདེན་ངང་ཕྱི་མིག་ཅིག་བལྟས་ན་ཤེས་གསལ་ཡིན།
མདོར་ན་ཚང་མས་ཐུགས་ལ་འཛིན་རྒྱུ་ཞིག་ལ། ཡར་རྒྱས་ལ་དམིགས་ནས་སྐབས་ཐོག་གི་ལས་བྱེད་ཚོར་སྐྱོན་བརྗོད་གནང་དགོས་ན་ཡང་ཚད་ལས་བརྒལ་བ་མ་བྱེད། སྲིད་སྐྱོང་དང་སྤྱི་འཐུས་སོགས་རྩོད་ལེན་བྱེད་པ་ནི་ཡར་རྒྱས་ཀྱི་རྣམ་པ་ཡིན་ན་ཡང་། དེ་ཐད་ཕྱོགས་ཞེན་འབའ་ཞིག་གི་དབང་དུ་སོང་སྟེ་བོད་ཀྱི་རྩ་དོན་ལ་གནོད་གཞིར་འགྱུར་བའི་རྩོད་རྙོག་གི་ཚད་ལས་བརྒལ་ན་སྙིང་པོས་ཅི་ཡང་དབེན་ནོ།།
དེ་ཕྱིར་བོད་རིགས་སྤུན་ཟླ་ཚོས། བོད་ཆོས་ལྡན་གྱི་ཞིང་ཁམས་དང་། བོད་མའི་ཤ་ཁྲག་གི་རུས་གསེང་ན་ཡ་རབས་སྤྱོད་བཟང་དང་དྲང་བདེན་གྱི་གཤིས་ཀ་དག་ཐིམ་ཡོད་པའི་རང་མདངས་དངོས་དེ་སྟོན་རོགས། བོད་ཆོས་ལྡན་གྱི་ཞིང་ཁམས་དང་མཐུན་པའི་རང་གཤིས་བཟང་པོ་དང་མ་འགལ་རོགས་ཞེས་འབོད་སྐུལ་ཞུ།།
ཕྱི་ལོ་༢༠༡༥ ཟླ་༩ ཚེས་༦ ཉིན་ཡོ་རོབ་གླིང་ནས་སྤེལ།
ད་དེ་འདྲ་རེད། ཡིན་ནའང་སྐད་ཆ་ཚིག་རྩུབ་ན་གནས་ལུགས་མེད་པ་དང། ཚིག་འཇམ་ན་གནས་ལུགས་ཡོད་རེད་ཅེས་བཤད་ཚོད་ཐིག་ཨེ་ཡོང་།
ལྷ་སྲས་བསོད་ནམས་ལགས། ཁྱོད་ཀྱིས་བསམ་ཚུལ་བཤད་པར་གུས་བསུ་ཡོད། དེ་ནས་ཁྱོད་ཀྱིས་བློ་སེང་དང་སྤེན་ཚེ་གཉིས་ལ་མ་ཉེས་ཁ་གཡོག་རེད་ཟེར་དག་འབུད་གཏོང་བ་དེར་རྒྱུ་མཚན་ཡང་དག་མི་འདུག བདེན་རྫུན་གང་ཡིན་སྤྱི་ཚོགས་ནང་ལ་གསལ་ཡོད་མ་རེད་ལ་དོ་བདག་ཁོང་གཉིས་ཀྱིས་དག་འབུད་གཏོང་ཡོད་མ་རེད། ཡག་ཤོས་དོ་བདག་གཉིས་དང་ཁྱོད་རང་བཅས་མཉམ་དུ་སྤྱི་ཚོགས་ནང་བདེན་རྫུན་ཡང་དག་ཅིག་བྱ་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བ་མངོན། གང་ལྟར་བོད་མིའི་སྤྱི་ཚོགས་ནང་ཡག་སྡུག་གང་ཡིན་དབྱེ་འབྱེད་མི་ཐུབ་པའི་དཀའ་ངལ་འདི་ལ་བསམ་བློ་གཏོང་རན་ཐག་ཆོད་འདུག་ཨ་་་་་་་་་་་་་་
སྤྱིའི་འགྲོ་སྟངས་ལྟར་ན་མི་གཞན་ཞིག་གིས་གཞན་ལ་སྐྱོན་བརྗོད། དཔེར་ན་མི་གསོད་ལག་དམར་དང་། རྐུན་མ་ཇག་པ་རེད་ཅེས་བཤད་ན། དེ་བཤད་ས་དང་གཏུག་ས་ནི་ཁྲིམས་ཁང་ཡིན་པ་ཡོངས་གྲགས་རེད། དེ་མིན་སྲང་ལམ་བར་དང་། དྲ་རྒྱ་སོགས་སུ་གཏམ་ངན་བསྒྲགས་པ་ནི་མི་ཚད་ལྡན་ཞིག་གི་བྱ་སྤྱོད་མ་རེད། དེ་རིགས་ལ་སྤྱི་ཚོགས་ནང་སྲང་ལམ་ཁྱི་དང་ཁྱི་སྐྱག་ལ་ལག་པ་འཆང་ན་འཆང་མཁན་དེ་ཡང་སྐྱོན་ཅན་ཞིག་ལ་ངོས་བཟུང་བ་ཡིན། དེར་བརྟེན་སྒང་ལ་བསྡད་མཁན་དབུ་ཁྲིད་ཞིག་གིས་སྲང་ལམ་གྱི་ཁྱི་སྐྱག་ལ་ལག་པ་འཆང་མི་སྲིད། ངོས་དངོས་མི་བུ་ཞིག་གི་མཚན་ཉིད་ཚང་ན་ང་ཚོའི་བཙལ་བྱོལ་གཞུང་ལ་ཡང་ཁྲིམས་ཁང་ཡོད་པའི་ཁྲིམས་གཏུག་གནང་ན་ད་གཟོད་ལེགས་ཉེས་དབྱེ་འབྱེད་གནང་ཐུབ།
དེ་མིན་པའི་གཏམ་འཆལ་ལ་ལན་ཡོང་བར་རེ་བ་བྱེད་པ་ནི་རང་ཉིད་བླུན་རྨོངས་ཡིན་པའི་རྟགས་བསྟན་པ་ཙམ་ལས་མེད།
ཧཧཧཧ་་་་སྤྱི་འཐུས་གྲོས་ཚོགས་ནང་ལ་གནད་དོན་བདེན་རྫུན་གླེང་དུས་དག་ཐེར་མ་གཏོང་བ་རང་གནང་ཐོག་ལས་གནས་ནས་དགོངས་པ་ཞུ་ཡ་ཡིན་ཟེར་ནས་ཕྱིར་ལ་ཐོན་མ་སོང་ངམ། དེ་ཡང་བདེན་པ་ཡིན་རྒྱུ་མ་རེད་དམ།
མི་གསོད་ལག་དམར་བ་རེད་ཟེར་ནས་བཤད་ས་གྲོས་ཚོགས་ནང་དུ་རེད་མ་གཏོགས་སྲང་ལམ་ནང་དུ་མ་རེད། རྡ་སའི་གྲོས་ཚོགས་དེ་སྲང་ལམ་འདྲ་ཞིག་དང་། གྲོས་ཚོགས་ནང་གི་སྐད་དེ་དག་སྲང་ལམ་ནང་གི་སྐད་ཆ་ལྟ་བུ་ལ་ངོས་འཛིན་བྱས་ནས་གཡུགས་བཞག་གི་ཡིན་མདོག་མདོག་མ་གཏོགས་ཅི་ཡོད་དམ། དྲ་བདེན་ཡོད་ན་གྲོས་ཚོགས་ཕྱི་ལ་བྲོས་དགོས་དོན་མི་འདུག་ག
ཡུང་གླིང་ཟླ་བ་རིང་ཚེ་ལ་ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་ཟིན་པ་རེད་ཅེས་སྤྱི་ཚོགས་ཡོངས་གྲགས་རེད་པ། བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་ལ་གཏུགས་ན་ཕན་ཐོགས་ཅི་ཡོད་དམ། ཡོད་ན་ཁྲིམས་ལ་གཏུགས་ནས་བཅད་ཁྲ་བཏང་ཚར་བའི་མི་ལ་ཉེས་ཆད་གཅོད་དགོས་ངེས་རེད་པ།
xxxxxx
ལྷ་སྲས་བསོད་ནམས་ལགས་ཀྱིས་ཡག་པོ་གསུང་འདུག ཐུགས་རྗེ་ཆེ་ཞུ།
བཀུར་འོས་སྲིད་སྐྱོང་དང་ཚོགས་གཙོ་རྣམས་གཉིས་ལ་མ་འགྲིག་པ་དང་མ་འདངས་བ་སྐྱང་སྐྱང་བཤད་བསྡད་ན་ཕན་ཐོག་ག་རེ་འདུག་གམ་་་་ཁོང་གཉིས་འགྲིག་གི་མེད་ན་དེ་ལས་གཞན་པའི་འགྲིག་བསྡད་པ་སུ་ཡོད་་་་་
ཅོ་རི་ཉི་མ་ཐུགས་རྗེ་གཟིགས། སློབ་སྦྱོང་དང་དུས་ཚོད་ཡོད་ན་རང་དང་གཞན་ལ་ཕན་པའི་བྱ་བ་ཞིག་གནང་རོག ག་དུས་ཡིན་ན་ཡང་བོད་མི་ནང་ཁུལ་ལ་སྐྱོན་བརྗོད་བྱས་ནས་ཕན་ཐོག་ག་རེད་འདུག
བློ་བཟང་ལགས་ཀྱིས་ཤེས་ཀྱི་མི་འདུག དཉ་ཚོ་ཅོ་རིའི་ཤེས་ཡོན་དང་ལས་ཀ་རེད། དེ་མིན་ཤེས་ཡོན་དང་ལས་ཀ་ཡོད་མ་རེད། ཧཧཧ
མི་གསོད་ལག་དམར་དང་། སྤྱི་རྒྱུ་སྒེར་བདག ལྐོག་ཟ་རུལ་སུང་མཁན་སྤྱི་འཐུས་གྲོས་ཚོགས་ནང་ཡོད་ཅེས་གདོང་བཏུགས་ནས་བཤད་པ་དེར་སོ་སོར་ཉེས་པ་མེད་ན་གྲོགས་ཚོགས་སུ་དག་འབུད་དགོས་ངེས་རེད། དེ་མིན་སྐད་འཁྱམས་རེད་མདོག་གླེང་གིན་བསྡད་ན་རྒོད་བྲོ་བ་རང་རེད། གང་ལྟར་སྤེན་བློ་གཉིས་ལ་བོད་སྤྱི་ཕན་གྱི་ཤེས་འཇོན་ལྷག་བསམ་གང་ཡོད་ཀྱི་རང་རྟགས་སོ་སོའི་གཏམ་བཤད་དང་ལས་སྟངས་ལས་ང་ཚོས་ཤེས་ཚར་བ་རེད། གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་ནས་ཆིག་སྒྲིལ་མེད་པ་བཟོ་ཤེས་ཙམ་རེད།
དྲ་གྲོགས་ཚོ་གཟིགས་དང་གསན་དང་ཡང་ཅོ་རི་ཟེར་མཁན་དེས་གང་བཤད་ཀྱི་འདུག་་་་་་་་་་་་་་་་་་ངས་ཁྱོད་རང་དེ་འདྲའི་ལྐུག་པ་ཡིན་པ་ཤེས་མ་བྱུང་སྔོན་མའི་མཆན་ནང་སྒོ་ང་ཕྱི་ལ་གཏོང་མཁན་ཟེར་དུས་ཁྱོད་བྱ་ཕོ་ཡིན་དང་བྱ་མོ་ཡིན་གྱི་སྐད་ཆ་མ་རེད་་་་་འདི་ནི་གཏམ་དཔེ་རེད་དོན་ལ་ཁྱོད་འདྲ་བའི་ངོ་ཚ་མེད་མཁན་རྣམས་ལ་ཟེར་བ་རེད་
xxxxདེ་ལས་ཅང་ལབ་ཀྱི་འདྲ་མེད་པེ། གནས་ལུགས་འདྲ་དང་རྒྱུ་མཚན་འདྲ་ཏོག་ཙམ་རེ་བཤད་ཨེ་ཤེས་བལྟ་ཡི་མིན་པེ།་་་་་་་་་ཧཧ
ཨ་ལས་བཙན་བྱོལ་གྱི་གཞུང་འཛིན་མི་སྣར་སྐྱོན་བརྗོད་བྱས་ཆོག་གི་མེད་པ་འདྲ། བྱས་ན་ལ་ཕར་ནང་གི་སྲིད་གཞུང་འདྲ་སེའེ་ཡོད་པ་འདྲ། འོན་ཀྱང་ལ་ཕར་ནང་གི་ལྐོགས་ཟ་རུལ་སྲུང་གི་སྟག་རྒན་ཚོ་རྙི་ནང་འཚུད་དེས་ད་ཆ་རྩ་མེད་བཟོ་བའི་ལམ་ལུགས་གསར་དར་རེད། འོན་ཀྱང་ལ་མོ་ཚུར་ནང་གི་བཙན་བྱོལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་སུ་ལྐོགས་ཟ་རུལ་སྲུང་དག་ཐེར་བྱེད་པའི་སྤོབས་པ་མེད་ལ། དེ་ལས་ལྡོག་ཏེས་གཞུང་འཛིན་མི་སྣ་འགའ་རེས་སྦས་བསྐུང་བྱེད་པའི་ལམ་ལུགས་འདིའི་འོག་ནས་མི་དམངས་ཀྱིས་སྐྱོན་བརྗོད་བྱེད་མི་ཆོག་པའི་རྒྱུ་མཚན་དེ་ཡིན་པ་འདྲ། དེ་མིན་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲ་བཏང་ཟིན་པའི་མི་སྣ་དང་། གྲོས་ཚོགས་སུ་མི་གསོད་ལག་དམར་གི་གླེང་གཞི་དག་འབུད་བྱེད་མི་ཐུབ་པའི་མི་ཡང་སྐྱོན་ཀུན་གསལ་ཡོན་ཏན་ཀུན་ལྡན་ཡིན་མདོག་བསྟན་བསྡད་ན། ག་དུས་བཙན་བྱོལ་སྲིད་གཞུང་འདི་སྐྱབ་བཅོལ་འདྲ་འདྲའི་ནང་ནས་མི་འདྲ་བ་ཇི་ལྟར་སྒྲུབ་ཐུབ་བམ། གལ་ཏེ་གླེང་རྙོག་དག་ཐེར་བྱུང་འཚམས་གཞུང་གི་རྐུབ་སྟེགས་སྟེང་སླེབས་ཡོང་ན་ཟེེར་རྒྱུ་ཅང་མེད། གསང་ལམ་གྱི་སྐད་ཅོར་ཉན་དགོས་པ་དེ་ཡང་གཞུང་འཛིན་མི་སྣ་ཞིག་གི་ལས་འགན་རེད། གསང་ལམ་ན་གནས་པའི་ཟ་ལེ་རྒྱལ་དེ་ཚོ་ཡང་མི་དམངས་ཁོངས་སུ་གཏོག་མེད་ན། གངས་སྐྱིད་ཀྱི་སྐུ་དྲག་གསར་པ་ཚོའི་སྤྲོ་རའི་སྐྱིད་གཉིད་ལས་དཀྲོག་མཁན་སུ་ཡོད་དམ།
མྱི་སྐད་བཤད་མཁན་ལྷ་སྲས་བསོད་ནམས་ལགས་ཐུགས་རྗེ་ཆེ། འགན་ཁུར་ཅི་ཡང་མེད་པའི་དྲྭ་འབུ་ཚོ། སྡུག་ཁ་མ་བཙུམ་ན་ལྟོ་མི་རགས་པ་ཨི་རེད། དཔེར་ན་ད་ལྟའི་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ནི་ཤེས་འབྱོན་ལྷག་བསམ་ཅན་གྱི་མི་རབས་གསར་བའི་དབུ་ཁྲིད་ཡོད་ན་མེད་ན་དེ་ཡིན། དོལ་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་དང་༧ གོང་ས་མཆོག་ལ་ཁ་ནས་གང་དྲན་གྱིས་མཚན་སྨད་བྱེད་པ་དང་ཁྱོད་ཚོས་ཁོང་རྣམ་གཉིས་ལ་ཕྱོགས་སོར་རྒྱབ་སྐྱོར་ཡིན་མདོག་གིས་སེམས་ལ་གང་དྲན་གྱིས་ངན་སྨྲས་སྒྲོ་བཏགས་བཤད་པ་ནི་ཕྱི་མི་འདྲ་བ་ཙམ་ལས་དོན་ལ་བོད་མི་རིགས་ཀྱི་འདུན་ལམ་ཆུ་ལ་བསྐྱུར་བཞིན་ཡོད་པ་ལ་ཡང་ལྗིད་ཅི་ཡང་མེད།
ད་དུང་ཁྱོད་ཚོ་སྡིག་ཆེ།་གང་ཡིན་ཟེར་ན་རྒྱ་དངུལ་ཅུང་ཙམ་རགས་ཀི་ཡོད་མེད་གང་ལྟར་ཡང་གུང་བྲན་གྱི་འདོད་དོན་ངོ་མ་ཁྱོད་ཚོས་བསྒྲུབ་བཞིན་པ་མ་ཟད་མཐའ་ན་དོལ་ཚོགས་ལ་ཡང་དགོས་ངེས་ཀྱི་ལས་དོན་ཚང་མ་ཁྱོད་ཚོས་བསྒྲུབ་ཀྱིན་ཡོད་པ་མ་ཤེས་ན་དུད་འགྲོ་ལས་ལྐུག་པ་ཁྱོད་ཚོ་རེད། xཁ་བཙུམས་རོགས། གུང་བྲན་དང་དོལ་ཚོགས་ལ་ཞབས་འདེགས་ཞུ་མི་དགོས་པར་བོད་མི་རིགས་ལ་ཤ་ཚ་ཡོད་ན་ཕན་ཐོགས་པའི་སྐད་ཆ་བཤད་མ་ཐུབ་རུང་གཞིས་བཞུགས་མི་མང་རེ་བ་བརླགས་པའི་སྣང་བ་གང་དྲན་མ་བྱེད་རོགས།
xxxདྲྭ་འབུ་ཚོ། ཁྱོད་ཚོ་དངོས་གནས་༧ གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་གསོ་སྐྱོང་བྱས་ཉེས་ཤོར་འདུག ཨ་ཁ་ཨ་ཁ། ༢༠༠༨ ལོར་བྱམས་པ་ཕུ་ཚོགས་ཀྱིས་ཏྭ་ལའི་རུ་ཚོགས་སུ་མི་སྣ་གསོ་སྐྱོང་བྱས་ཡོད་པ་བེད་སྤྱོད་བཏང་བའི་དུས་ལ་བབས་འདུག་ཟེར་བ་ངོ་མ་ཞེད་སྣང་སྐྱེས་དགོས་པ་ཞིག་རེད། གལ་ཏེ་བདེན་པ་ཡིན་ཚེ་བེད་སྤྱོད་གཏོང་སྟངས་འདི་འདྲ་བ་མ་གཏོགས་གཞན་ཡོད་རྒྱུ་མ་རེད། གུང་བྲན་ཏང་གོ་མིའི་ཏང་ལས་རྒྱལ་བྱེད་གཙོ་བོ་ནི་ནང་ཁུལ་དཀྲུགས་ཤིང་སློང་ནས་རྒྱལ་བ་མིན་ནམ། བྱས་ཙང་ཁྱོད་་ཚོ་ལ་དོག་པ་ཧ་ཅང་ཆེ།
ཨེ་་་གདོང་ནག་་་་སྐབས་༡༤་པའི་གྲོས་ཚོགས་དཀྲུགས་ནས་འཚོགས་མི་ཐུབ་པ་བཟོས་པ་དེར་ཁྱོད་ཀྱིས་བརྗེད་ཟིན་པ་རེད་དམ། x ཁ་བཙུམ། xཁ་བཙུམ་མ་ཐུབ་ན་རང་གཟུགས་སྟོན་ནས་ཤོག ཁྱོད་ལ་ཆོས་འཇིག་རྟེན་གཉིས་ཀྱི་ཐོག་ནས་ཤེས་ཚོད་ཅི་ཡོད་ཅོ་རིའི་སེམས་ལ་གསལ་ལེ་ཡོད།
གཟའ་རོ་ཁྱོད་ཀྱིས་གྲོས་ཚོགས་ནང་དུ་དཀྲུགས་གཏམ་བཤད་བསྡད་པ་དེ་རྒྱ་གུན་ཁྲན་ལ་ཕན་པའི་བྱ་བ་རེད་དམ་གནོན་པའི་བྱ་བ་རེད། xxxxx
ཆོས་ཕྱོགས་ནས་བཤད་ན་དགེ་བའི་བཤེས་གཉེན་ལ་དགག་པ་བརྒྱབ་མཁན་ཁྱོད་རེད། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་བེ་རི་རྒྱལ་པོའི་བླ་རྡུང་མཁན་ཁྱོད་རེད་ད། རང་གཟུགས་ནས་ཤོག་དང་། xxxཁྱོད་ཀྱིས་གྲྭ་ཆས་པུད་ནས་ཤོག་དང་། ཕོ་སུ་ཡིན་དང་མོ་སུ་ཡིན་་་་དེ་ནས་ཤེས་འོང་གི་རེད་ཀོ། སྐྲག་མོ་ཡིན་མདོག་བཟོས་བསྡན་ན་ཆི་བྲེ་ལེ་ཕན་ལེ་མ་རེད།
སྤྱི་སེམས་ཆེ་མདོག་མ་བྱས་གདོང་ནག་མ།
སྤྱི་འཐུས་གྲོས་ཚོགས་དཀྲུགས་པ་མིན་དྲན་ནམ།
དམ་ཚིག་ཆེ་མདོག་མ་བྱས་བེ་རེ་བ།
དགེ་རྒན་བསྟན་དགའ་རྡུངས་པར་མི་དྲན་ནམ།།
གྲྭ་པ་ཡིན་མདོག་མ་བྱས་གདོང་ནག་མ།
གཞང་ཁང་སྒོ་རྩ་གཉེར་བ་མི་དྲན་ནམ།
ཕྱུག་པོ་ཡིན་མདོག་མ་བྱས་བེ་རེ་བ།
མི་ཚེ་དཀོར་ཁུས་བསྐྱེལ་བ་མི་དྲན་ནམ།
དཔའ་བོ་ཡིན་མདོག་མ་བྱས་གདོང་ནག་མ།
ལག་པ་གཟར་རོ་ཡིན་པར་མི་དྲན་ནམ།
མཁས་པ་ཡིན་མདོག་མ་བྱས་བེ་རེ་བ།
དཔར་ཁང་ལག་གཡོག་བྱས་པར་མི་དྲན་ནམ།་་་་་ཧཧཧ་་ད་དུང་ཁྱོད་ཀྱིས་xཁ་མ་བཙུམ་ན་མང་པོ་ཡོད།
གནོངས་ངོས་ལེན་གྱིས་མདོག་སྐྱ་བསྟན་གྱིན་འདུག ཡག་པོ་བྱུང་། སོ་སོ་ངོས་ཟིན་ན་ཡག་པོ་རེད། ལམ་ག་འགྲོ་རང་གིས་བདམས་ཀ་གྱིས། འོན་ཀྱང་ང་བེ་འཇིགས་ལ་ནོར་ཡོད་ན་ཤར་ནུབ་ཁ་ཁག་རེད་ལོ།
ཅོ་རིས་ཅ་ཅོ་སྒྲོགས་ཏེ་སྟོང་སེམས་བཅངས། ཅོ་རིས་ཅལ་འདྲོགས་བྱས་ཏེ་རང་ཚུགས་ཤོར། ཅོ་རི་ཅོལ་ཆུང་ལས་མེད་དྲྭ་འབུ་ཚོ། ཅོ་ཅོ་ཕུ་ནུ་རྣམས་ལ་ཁ་མ་གཏོང་།
ཧཧཧཧ་བེ་རེ་ལགས་ཐུགས་རྗེ་ཆེ་་་་གནོངས་ངོས་ལེན་དང་་་་་་་སྦང་མ་ཆུ་འཁྱེར་རང་རེད་་་་་
ཨོ་ཧཧཧཧ གདོང་ནག་ཁྱོད་ལ་བེ་འཇིགས་རེད་སུ་ཡིས་ལབ་ཀྱི་འདུག་གམ། བ་རྐུན་སུ་ཡིན་སུག་ཡ་བསྐུམས་ཟེར་བའི་དཔེ་ལྟར་རེད་འདུག་ག བེ་འཇིགས་མིན་ན་མིན་ཟེར་ནས་མནའ་ཞིག་བསྐྱལ་ནུས་པ་འདུག་གམ། ནུས་ན་རྒྱལ་བ་རིན་པོ་ཆེན་མགོ་ལ་འཇོག་ནས་བེ་འཇིགས་མིན་ཟེར་ནས་མནའ་བོས་དང་། དེ་ནས་ཡིད་ཆེས་བྱེད་ཆོག ཧཧཧ
ཧཧཧཧ་་་ད་ཅོ་རི་སྨྱོན་ཞག་་་་་ག་རེའི་གདོང་ནག་་་་་ག་རེའི་བེ་འཇིགས་་་་་་་ཁྱོད་རང་ག་རེ་བཤོད་ཀྱི་ཡོད་ཧཧཧཧཧཧཧཧ
གལ་ཏེ་ངོ་མས་ཆིག་སྒྲིལ་མེད་པ་བཟོ་ན་དབུ་མའི་ལམ་གྱིས་བཟོ་གི་མེད་པར། རང་བཙན་ཁ་ལ་ཁྱེར། རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས། ཚེ་གང་པོར་བོད་མིའི་སྒྲིག་འཛུགས་སྲ་ཐག་ཐག་བཟོ་མཁན་ལ་སྐྱོན་བརྗོད་བྱས། ཆོལ་ཁ་བར་ལ་དཀྲུགས་གཞིའི་ལས་འགུལ་འདྲ་མིན་རྩོམ་བཞིན་པ་དེ་རེད། ཆིག་སྒྲིལ་ཡོང་དགོས་ན་དང་པོར་༧རྒྱལ་བ་རིན་པོ་ཆེར་བརྩི་བཀུར་དང་སྐུ་ཚེ་གང་པོར་བོད་མིའི་ཆེད་དུ་དཀའ་ལས་བརྒྱབ་པར་ངོས་འཛིན་བྱེད་དགོས། དེ་མིན་རང་བཙན་ཅིག་རེད་མདོག་མདོག རྒྱལ་བ་རིན་པོ་ཆེ་ཅིག་རེད་མདོག་མདོག་བཤད་ནས་ཆིག་སྒྲིལ་གང་ཡང་ཡོང་ཐུབ་ཀྱི་མ་རེད། གཞོན་ནུ་ཚོགས་པ་ག་རེ་བྱུང་སོང་བལྟས་ན་ཤེས་གི་རེད། གཞོན་ནུ་ཚོགས་པའི་ནང་གི་མི་འགའ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེར་རྣམ་འགྱུར་སྟོན་སྟངས་དེས་མི་མང་གིས་ཚོགས་པ་སྤྱི་ཡོངས་གནས་ཐུབ་མིན་ལ་ཐུག་པར་བཟོས་སོང་ང་་་། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་གོང་ས་མཆོག་ལ་བསྐུར་འདེབས་འདྲ་བྱས་ཚེ་མི་མང་གིས་སྒྲིག་འཛུགས་དེ་ཉིད་གནས་ཐུབ་མིན་ཅིག་བཟོ་གི་རེད།
རྒྱལ་བ་རིན་པོ་ཆེན་ལ་བརྩི་བཀུར་དགོས་པ་ལྟར་བོད་མི་ཉམ་ཆུང་ཚོ་ལ་ཡང་བརྩི་བཀུར་བྱེད་དགོས་ངེས་རེད་བ། རྒྱལ་བ་རིན་པོ་ཆེན་ལ་བརྩི་བཀུར་བྱས་མ་སོང་ཟེར་ནས་བོད་མི་ཉམ་ཚོའི་མི་གཞི་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ན་ཁྲིམས་མཐུན་མིན། རྒྱལ་བ་རིན་པོ་ཆེན་བཀའ་རེད་ཟེར་ནས་བསྒྲུབ་ཤར་ཤར་དང་བོད་མི་ཉམ་ཆུང་ཚོའི་བསམ་ཚུལ་རེད་ཟེར་ནས་རྡོག་རོལ་གཏོང་ཆོག་ཆོག་བྱས་ན་འགྲིག་ཐབས་མེད། དམངས་གཙོ་དང་མི་མཐུན།
རྒྱལ་བ་རིན་པོ་ཆེན་ལ་མི་མང་གིས་རྒྱབ་རྩ་ཡོད་ཟེར་ནས་བོད་མི་ཉམ་ཆུང་ཚོ་ལ་གཉའ་གནོན་དང་མཐོང་ཆུང་བྱེད་ན་དྲང་བདེན་མིན། དབུ་མའི་ལམ་རྒྱལ་བ་རིན་པོ་ཆེན་གྱི་བཀའ་རེད་ཟེར་ནས་ཤར་སྐྱོད་བྱེད་དགོས་པ་དང་། བོད་རང་བཙན་བོད་མི་ཉམ་ཆུང་ཚོའི་རེ་འདུན་ཟེར་ནས་གཡུགས་ཆོག་ཆོག་བྱས་བསྡད་པ་འདི་ལ་མོས་མཐུན་བྱེད་ཐབས་མེད།
རྒྱལ་བ་རིན་པོ་ཆེན་དང་རིན་ཆེན་ཟེར་ནས་བོད་མི་ཉམ་ཆུང་ཚོ་ལ་གཉའ་གནོན་སྤྲད་བསྡད་མཁན་མང་ཆེ་བ་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་ཡིན། ཁྱོད་ཚོའི་གྲལ་གྱིས་ཆིག་སྒྲིལ་བཤད་པ་ནི་སྤྱང་ཀི་ཡིས་ཆོས་བཤད་དང་གཅིག་པ་ཡིན། དེར་ཤེས་པ་བྱོས།
ཅོ་རི་ཉི་མ་དང་། ཞོལ་གཡག་འབྲོང་རྒྱུད་གཉིས་ཀྱིས་གསུང་པར་མངོན་པར་བསྟོད་དོ། དང་པོ་འགོ་ཟམ་གདོང་བླ་མ་ནས་བཟུང་བཙུག་དགོས། ན་ལོ་ཟམ་གདོང་བླ་རྒན་བཀའ་ཁྲི་ལས་མ་ཡོལ་པའི་ཉི་མ་བདུན་གཅིག་ཙམ་གྱི་གོང་ནོར་བུ་གླིང་ཁའི་རྩིས་ཆད་ལ་ཁྱད་པར་མེད་པའི་ངོས་སྦྱོར་གྱི་ཡི་གེ་སྤྲད་པ་དེ་ནས་བཟུང་ལམ་ངན་འདི་དར་བ་ཡིན།
མ་གཞི་དབུ་ལམ་གྱི་སྲིད་ཇུས་འདི་ཟམ་གདོང་བླ་མས་གུང་ཁྲན་ལ་སྤྲད་པ་དེ་ཡིན་ན། བོད་ལ་ཞི་བདེའི་ཉི་མ་ནམ་ཡང་མི་ཤར།
ལུག་རྟོག་་་ཁྱོད་ཀྱིས་ང་ཅོ་རི་ལ་དོལ་རྒྱལ་གསོལ་མཁན་ཟེར་གྱི་ཡོད་རེད། ཁྱོད་ཀྱི་རྫུན་བཤད་ཀྱི་ཡོད་རེད། རྫུན་མིན་ན་རྒྱལ་བ་རིན་པོ་ཆེན་མགོ་བཞག་ན་ཅོ་རིའི་དོལ་རྒྱལ་གསོལ་བཞིན་འདུག་ཟེར་ནས་ཁྱོད་ཀྱིས་མནའ་བོས་དང་། མནའ་བསྐྱེལ་ནུས་ས་རེད་དམ་་་རྫུན་རྒན་་་གླུད་རྫས་། ཁྱི་རྒན་ཁྱོད་ཀྱི་ཁ་ལ་རྫུན་བཤད་དང་ལོག་བཤད་མ་གཏོགས་ག་རེ་ཡོད་དམ། ཁོག་ན་སྙིང་དང་སྙིང་ལ་ཁྲག་ཡོད་ན་ངོ་སྤྲོད་ཤིག་བྱོས་དང་། མི་དཀར་པོའི་ཐོག་ཏུ་ཞྭ་མོ་ནག་པོ་གོན་ས་རེད་མ་རེད་དེ་ནས་ཤེས་འོང་་་ཤེས་སོང་ངམ་་་ལུག་མགོ
ཅོ་རི། ཁོག་ལ་ནད་མེད་ན་གདོང་ལ་དྲི་མ་ཆགས་དོན་ཡོད་མ་རེད། དོལ་རྒྱལ་བ་ལ་གཅིག་བཤད་ན་ལས་སང་ཁྱོད་ལ་ཕོག་དོན་ཅི་རེད། དེ་ང་དོལ་རྒྱལ་བ་ཡིན་ཞེས་ཁས་ལེན་བྱས་པ་དང་གཅིག་པ་རེད། ཁྱོས་རྟག་ཏུ་རྒྱལ་བ་རིན་པོ་ཆེ་ལ་གཅིག་བཤད་རྒྱུ་མ་རྙེད་ནས་སྡད་ཡོད་པ་འདི་དོལ་རྒྱལ་གྱི་ཆེད་དུ་མིན་ན་ཅི་རེད། ཡང་ན་རྒྱུག་ཁྱི་ཡིན་རྒྱུ་རེད། ད་དུང་མི་ལ་སྡིག་ར་འཇིགས་སྐུལ་བྱེད་སྟངས་ལ་ལྟོས་དང་། དོལ་རྒྱལ་བའི་རང་གཤིས་ངོ་མ་དེ་མངོན་འདུག