རྔ་བ་ཀུན་བཟང་།
གཡང་ར་གྲུ་བཞི་ནང་ན།།
ང་དང་འབྲི་མོ་ཆུང་ཆུང་།།
མར་ཕྱུར་འོ་མ་ལྷན་དུ།།
བདེ་སྐྱིད་འཚོ་བ་རོལ་ཡིན།།
འབྲི་མོ་དུང་ཆུང་དཀར་མོ།།
ང་ཡི་བརྩེ་གྲོགས་བྱམས་པ།།།
བཞོ་དབྱངས་སང་སང་ལེན་དུས།།
བདུད་རྩིའི་འོ་མ་རང་འབབ།།
རྩྭ་ཐང་གཡང་གི་ར་བ།།
ང་དང་འབྲི་མོའི་ཁྱིམ་ཡིན །།
རྫ་རི་ལུག་གསུམ་མདོ་ནས།།
བརྩེ་ཆུང་མཉམ་འཐུང་བྱེད་ས།།
མཚན་མོའི་སྐར་ཚོགས་ཤར་དུས།།
ང་དང་འབྲི་མོ་དུང་ཆུང་།།
དགོད་བཞིན་བཞོ་དབྱངས་ལེན་ཞིང་།།
ལྷིང་འཇགས་འཚོ་བ་རོལ་མྱོང་།།
འབྲོག་མོའི་མི་ཚེ་ཧྲིལ་པོ།
འབྲི་གཡག་ར་ལུག་རྗེས་ལ།
རྩ་ཆུ་འཛོམས་པའི་རི་ལུང།
འབྲོག་མོའི་ཕ་ཡུལ་ངོ་མ།
བདེ་སྐྱིད་འཚོ་བའི་རོ་བཅུད།
འོ་མ་ཞོ་དང་ད་ར་ཕྱུར་ར།
འབྲོག་པའི་བདེ་སྐྱིད་མཐོང་དུས།
ཞིང་པ་སེམས་པ་ཤོར་གྱིས།
སྐལ་བཟང་དུས་བཟང་སྐབས་ལ།
ཞིང་འབྲོག་སྣང་བ་སྐྱིད་པ།
སྐལ་ངན་དུས་ངན་ཤར་ནས།
ཞིིང་འབྲོག་བདེ་སྐྱིད་བཅོམ་སོང།
གཞུང་མང་བདེ་སྐྱིད་རྩ་་བ།
ཞིང་འབྲོག་ཐོན་འབབས་ཁོ་ན།
ཆབ་སྲིད་དབང་བསྒྱུར་མི་སྣས།
ཞིང་འབྲོག་ཁྲལ་འོག་བཅུག་སོང།
འབྲོག་ས་ཙ་ཐངས་ཚང་མ།
ས་རྡོ་ཁང་སྟོང་རྒྱབ་སོང།
སྒོ་ཕྱུགས་སེམས་ཅན་སྐྱེ་འཕེལ།
ཁྲིམས་འགལ་རྒྱུད་ནས་བཀག་སོང།
གསར་བརྗེའི་མདུན་ལམ་ཟེར་གྱིས།
རང་རྒྱུ་རང་བདག་མི་འདུག།
དམངས་གཙོའི་བཅོས་བསྒྱུར་ཟེར་གྱིས།
གྲལ་རིམ་གཅིག་སྡུད་རེད་འདུག།
ང་དང་འབྲི་མོ་ཆུང་ཆུང་།། ་་་་་ ཞེས་འགོ་རྗོད་དུ་ང་དེ་ཆད་པ་འདྲ།
ཀློག་པ་པོ་ཀུན་ལ་བཀའ་དྲིན་ཆེ།
འབྲོག་མོའི་ལག་གི་འོ་ཟོ།
ཀོང་ཡུལ་གཏིང་གི་རྒྱ་ལྕང།
འབྲོག་མོའི་ལུས་ལ་གྱོན་པའི།
གཡང་དཀར་ལུག་གི་ཚ་ཐུལ།
སམ་རྒྱན་མཐའ་ལ་སྐོར་ནས།
ཀེ་རྒྱན་གཡུ་བྱུར་མུ་ཏིག།
བོད་ཡུལ་འབྲོག་མོའི་ལས་དབང།
སྒོ་ཕྱུགས་གསོ་སྐྱོང་ཐབ་ལས།
བུ་ཕྲུག་བདག་སྐྱོང་ལས་ལ།
མི་ཚེ་ཧྲིལ་པོ་བཏང་ནས།
སྔ་ལངས་ཕྱི་ཉལ་བྱས་ནས།
ཞར་ཞོར་ཁ་འདོན་དགེ་སྒྲུབ།
འབྲོག་མོའི་ལས་དབང་བཟང་བྱུང།