ཁྲོ་གཏུམ།
གོམ་པ་གློད་ཞིང་སེམས་པ་འཁྱོར་བའི་ཁ་དོག་གི་ཀློང་ནས
མིག་སྐྱི་ན་བའི་དངོས་གཟུགས་ཀྱི་བར་གསེང
བཙག་རླུང་དུ་བླུགས་པའི་འོ་ཇ་ཕོར་གང
དངན་པ་ཁ་རླངས་ཅན་ཞིག་རེད
འགུལ་བསྐྱོད་རེས་མོས་ཀྱི་ཚེ་སྲོག་དམར་ལུ་མ་ནས
ཐགས་སུ་བཀྲ་བའི་སྡོམ་སྐུད་ཀྱི་ཚེར་ས
ཤུགས་ཀྱིས་འཇིབ་པའི་ཐ་མག་ཁམ་གང
དངན་པ་ཁ་རླངས་ཅན་ཞིག་རེད
2012/11/29ཉིན།