སྤྱི་ལོ་༢༠༡༡ བོད་ཟླ ༧ ཚེས་༡༥ བསྙེན་སྒྲུབ་པ་ཨ་ནེ་བསམ་གཏན་བཟང་མོར་བཅར་འདྲི་བྱས་པ།
རིན་བཟང་། ཉིན་འགའི་སྔོན་དུ་རྒན་ཐུབ་བསྟན་དཔལ་བཟང་ལ་བསྙེན་སྒྲུབ་སྐོར་ནས་སྐད་ཆ་འདྲི་དུས་རྗེས་མ་ཨ་ནེ་ལ་དངོས་སུ་བཅར་འདྲི་ཞིག་བྱེད་རྒྱུ་བྱས་ཡོད་པ་རེད། དེ་རིང་འདིར་ཨ་ནེ་བསམ་གཏན་བཟང་མོར་སྐད་ཆ་འདྲི་རྒྱུའི་གོ་སྐབས་བྱུང་སོང་བས་ཧ་ཅང་དགའ་བོ་བྱུང་སོང་། དེས་ན་དང་པོ་ཨ་ནེ་ཁྱེད་ཀྱིས་རང་གི་མཚན་དང་ཕ་ཡུལ་ག་ནས་ཡིན་པ་ཅིག་གསུངས་རོགས་གནང།
བསམ་གཏན་བཟང་མོ། ངའི་ཕ་ཡུལ་ནང་ཆེན་རྫོང་ཀ་གཞུངས་ཤང་(ཡུལ་ཚོ)ནས་ཡིན། ང་རང་ལ་བསམ་གཏན་བཟང་མོ་ཟེར། ཕའི་མིང་ལ་དགའ་རྒྱལ་དང་མ་ཡི་མིང་ལ་བོ་ལྡིས་ཟེར་བ་རེད།
རིན་བཟང་།
ལོ་ག་ཚད་ཐོག་ནས་ཨ་ནེ་བྱས་པ་རེད།
བསམ་གཏན་བཟང་མོ།
ང་ལོ་བཅོ་བརྒྱད་ཐོག་ཨ་ནེ་བྱས་པ་ཡིན།
རིན་བཟང་།
ད་ལྟ་ལོ་ག་ཚད་ཡིན།
བསམ་གཏན་བཟང་མོ།
ད་ལྟ་ང་ལོ་ཉེ་ཤུ་རྩ་བརྒྱད་ཡིན།
རིན་བཟང་།
ཁྱོད་རང་ཇོ་མོ་བྱེད་ས་དགོན་པ་གང་དུ་རེད།
བསམ་གཏན་བཟང་མོ།
བསམ་འགྲུབ་མཐོང་སྨོན་གླིང་དུ་བཙུན་མ་བྱས་པ་ཡིན།
རིན་བཟང་།
ཁྱོད་རང་ཚོ་སྒོམ་རྒྱག་ས་དེ་རེད་དམ།
བསམ་གཏན་བཟང་མོ།
རེད་ལགས།
རིན་བཟང་།
ཁྱོད་རང་ཨ་ནེ་བྱས་ནས་ལོ་དུའི་ཐོག་མཚམས་ལ་བསྡད་པ་རེད།
བསམ་གཏན་བཟང་མོ།
ལོ་ཉི་ཤུའི་ཐོག་མཚམས་ལ་བསྡད་པ་ཡིན།
རིན་བཟང་།
སྒྲུབ་ཁང་ནང་དུ་བསྡད་པའི་ལོ་ཧ་གོ་གི་འདུག་གམ།
བསམ་གཏན་བཟང་མོ།
ཕྱི་ལོ་༢༠༠༧་རབ་བྱུང་བོད་ཟླ༩ཚེས༢༢རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་སྒྲུབ་ཁང་བསྒྲིགས་པ་རེད།
རིན་བཟང་།
ཁྱོད་རང་སྒྲུབ་ཁང་ལ་བསྡད་པའི་བརྒྱུད་རིམ་ཚང་མ་གསུངས་རོགས་གནང།
བསམ་གཏན་བཟང་མོ།
ཐོག་མར་སྒྲུབ་ཁང་སྒྲིག་ནས་ཕུར་པ་བསྙེན་གྱི་རེད་ལ་དེ་ནས་བློ་ལྡོག་རྣམ་བཞི་ནས་མགོ་བརྩམས་ཏེ་བསྙེན་སྒྲུབ་བྱེད་ཀྱི་རེད།
རིན་བཟང་།
ཁྱེད་རང་ལ་རོགས་པ་འདྲ་ཡོད་པ་རེད་དམ།
བསམ་གཏན་བཟང་མོ།
རོགས་པ་བཅུ་གཅིག་ཙམ་ཡོད་པ་རེད།
རིན་བཟང་།
ཐོག་མར་ཆོ་འཕྲུལ་གང་འདྲ་བྱུང་སོང།
བསམ་གཏན་བཟང་མོ།
ནམ་རྒྱུན་སྒྲུབ་ཁང་ནང་ནས་བདེ་མཆོག་བསྙེན་པ་ལ་ཐུག་དུས་མཚམས་དམ་འཛིན་ཆེན་པོ་བྱེད་ཀྱི་རེད་ལ་ང་ཚོས་ཀྱང་དེ་ནང་བཞིན་བྱས་པས་ཐོག་མར་དཔེ་ཡག་པོ་རེད་སོང། ཉིན་ཞིག་ང་རང་གཅིག་པུ་སྒོམ་ཁྲིའི་ནང་ལ་ཐུན་བསྡམས་ནས་བསྡད་ཡོད། ཉི་མ་ཕྱི་དྲོ་རེད། གཉིད་བྲོ་བ་འདྲ་བྱུང་པ་དང་སྙིང་གཟེར་ནས་ན་ལེ་འདྲ་རེད་སོང། ང་རང་གི་སྣང་བ་ལ་དང་པོ་ཁང་པ་ཚང་མ་སྐོར་བ་རྒྱག་པ་དང་དེ་ནས་ནམ་མཁའ་ལ་རླུང་གིས་ཁྱེར་བ་འདྲ་ཞིག་བྱས་པས་ང་རང་གི་ཕ་ཡུལ་ལ་དུང་རི་(རི་མིང)ཟེར་བ་ཞིག་ཡོད་རེད་དེ་ཡི་ཐད་དུ་བསླེབས་འདུག ང་རང་གི་སྣང་བ་ལ་ང་རང་སྒྲུབ་ཁང་ནང་ལ་ཡོད་པས་འདི་ན་ག་རེ་ཡིན་ན་བསམས་སོང། དེ་མ་ཐག་སྒོ་འདྲ་ཞིག་ཕྱེས་སོང་། དེ་ནས་ཁང་པ་ཞིག་གི་ནང་དུ་བསླེབས་འདུག ཁང་པ་དེ་ཚང་མ་ཤེལ་གྱི་ཁང་པ་རེད་འདུག ནང་དུ་སྟག་གཟིག་གི་གདན་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཞན་ཡང་ཁྲབ་རྨོག་སྤྲས་པའི་མི་མང་པོ་འདུག དེ་ནས་ཁྲབ་རྨོག་གྱོན་པའི་མི་དཀར་པོ་ཞིག་གིས་ང་ལ་འོ་མ་ཞིག་འཐུང་དགོས་པ་རེད་ཁྱེད་རང་དོགས་པ་དགོས་ཀྱི་མ་རེད་ཟེར་ནས་ཨུ་ཚུགས་བྱེད་ཀྱི་འདུག ང་རང་ལ་དེ་མ་ཐག་སྐྲག་སྣང་ཞིག་སྐྱེས་སོང་། འདི་འཐུང་ཉན་གི་མ་རེད་བསམས་ནས་བླ་མ་བློ་གྲོས་རིན་ཆེན་དང་དཔལ་ལྡན་ལྷ་མོ་ཟེར་ནས་བོས་པ་ཡིན། དཔལ་ལྡན་ལྷ་མོ་དྲེལ་ལ་ཆིབས་པ་ཞིག་བྱོན་ནས་ད་ཚུར་ཤོག་ཟེར་བའི་སྣང་བ་ཞིག་ཤར་སོང་། དེ་མ་ཐག་ང་རང་གཉིད་འདྲ་ཞིག་སད་ནས་ཐུན་ཁང་ནང་ལ་བསྡད་འདུག་པ་མ་གཏོགས་གཞན་དུ་མི་འདུག དེའི་དགུང་མོ་བར་ཆད་འདྲ་གང་ཡང་མི་འདུག དེ་ང་རང་བར་ཆད་བྱུང་བ་ཐེངས་དང་པོ་རེད།
རིན་བཟང་།
ཁྱེད་རང་དེ་དུས་དུས་ཚོད་ག་ཚད་འགོར་སོང།
བསམ་བསྟན་བཟང་མོ།
ཕལ་ཆེར་དུས་ཚོད་ཅིག་ཡས་མས་ཙམ་མིན་འགྲོ།
རིན་བཟང་།
སད་ཚར་བའི་སྐབས་སུ་ཁྱེད་རང་ཕུང་པོ་མི་བདེ་བ་དེ་འདྲ་ཨེ་ཡོད་གི
བསམ་གཏན་བཟང་མོ།
སྙིང་འདྲ་གཟེར་གྱིན་འདུག དེ་ཡི་ཕྱིར་ཉིན་སྔ་དྲོ་སྙིང་གཟེར་བ་དེ་འདྲ་མི་འདུག ཕྱི་དྲོ་ཡང་སྐྱར་སྙིང་གཟེར་བ་དང་ལུས་འདར་གྱིན་འདུག དེ་ནས་ཁྲབ་རྨོག་འཁོར་གསུམ་བྱས་པའི་གཞི་བདག་དེ་ཚོ་ཡོང་བའི་སྣང་བ་ཤར་གྱི་འདུག དེ་ཡི་ནང་ནས་མི་གཅིག་ལ་བེར་སྔོན་པོ་ཁྲབ་རྨོག་འཁོར་གསུམ་གྱོན་པ་ཚང་མ་མདོག་སྔོན་པོ་ཅན་རྟ་ཡི་སྒ་ཆས་ཀྱང་སྔོན་པོ་ནོར་བུས་བརྒྱན་པ་དེ་འདྲ་ཅིག་འདུག དེས་མཚམས་རེ་སྐྲག་སྣང་དོན་གྱིན་འདུག མཚམས་རེ་གཟུགས་དབྱིབས་འདྲེ་འདྲ་བོ། མཚམས་རེ་ལྷ་འདྲ་བོ། མཚམས་རེ་མི་འདྲ་བོ་བྱས་ནས་གང་དགོས་འདུག་ཟེར་བ་དང་སྐྲག་དགོས་ཀྱི་མ་རེད་ཟེར་བ་དེ་ལྟར་སྟོན་གྱིན་འདུག མཚམས་རེ་ཁྱེད་རང་ལ་ག་རེ་དགོས་ཀྱི་འདུག་ཟེར་བ་དང་མཚམས་རེ་སྡིག་མོ་བྱེད་པ་དེ་འདྲ་བྱེད་ཀྱིན་འདུག དེ་དུས་སྐྲག་སྣང་ཆེན་པོ་སྐྱེས་ནས་སྐད་ཆ་ཕར་ལ་བཤད་ཡ་མི་འདུག་ཁོང་ཁྲོ་ལང་ཀྱིན་འདུག ང་ཚོའི་སྒྲུབ་དཔོན་བླ་མ་ཐུབ་བསྟན་དཔལ་བཟང་ནས་ང་ན་ཡོང་དུས་གཅོད་དང་བགེགས་བསྐྲད་གཏོང་གི་རེད། དེ་དུས་གཞི་བདག་དེ་ཚོས་མིག་ཡོར་བྱེད་ཀྱིན་འདུག
རིན་བཟང་།
ཁོང་གིས་གཅོད་གཏོང་ཡའི་སྐད་ཚང་མ་གོ་གི་འདུག་གམ།
བསམ་གཏན་བཟང་མོ།
ཚང་མ་གོ་གི་འདུག ཇོོ་མོ་དེ་ཚོ་ཡར་མར་འགྲོ་དུས་ཀྱང་གནོད་སྣང་བྱེད་ཀྱིན་འདུག་ཁོ་རང་ཚོ་ཁོང་ཁྲོ་ལང་ཡོང་དུས་གནམ་ས་ཚང་མ་འཁོར་གྱིན་འདུག ཁོ་རང་ཚོ་ཞི་བའི་རྣམ་པ་སྟོན་ཡོང་དུས་ང་རང་ཡང་ཁོ་རང་ཚོ་ལ་གཡེངས་འགྲོ་གི་འདུག
ཐུབ་བསྟན་དཔལ་བཟང་།
ང་ཚོས་ཕར་ལྟ་འདུག་དུས་འདི་ཡིས་ག་རེ་སྣང་གི་ཡོད་མེད་ཤེས་ཀྱི་མ་རེད་དེ་མཚམས་རེ་གད་མོ་ཤོར་གྱིན་འདུག མཚམས་རེ་དམོད་མོ་བྱས་ནས་མཐུ་རྒྱག་པ་དེ་འདྲ་བྱེད་ཀྱིན་འདུག ངས་དེ་རིང་ཁྱེད་རང་བཤད་རྒྱུ་འདུག་གམ་ལབ་པ་ཡིན་བཤད་རྒྱུ་མེད་ན་འདི་སར་ཁྲིད་ཡོང་ནས་ཅི་ཕན་བསམ་བྱུང། བཤད་རྒྱུ་འདུག་ལབ་ཀྱིན་འདུག་དེས་ན་ངས་འདིར་ཁྲིད་ཡོོང་བ་ཡིན།
རིན་བཟང་།
ཁྱེད་རང་ཞེ་སྡང་ལང་ཡོང་དུས་ཁོང་ཚོ་སྡུག་དུ་འགྲོ་གི་འདུག་གམ།
བསམ་གཏན་བཟང་མོ།
འདུག་ཁོ་ཚོ་ཡང་སྡུག་དུ་འགྲོ་གི་འདུག ཉི་མ་བདུན་ལ་དེ་འདྲ་སྣང་བ་ཀྱང་ཀྱང་ཤར་སོང།
རིན་བཟང་།
དང་པོ་སྣང་བ་ཤར་དུས་གང་འདྲ་བྱེད་ནས་ཤར་གྱིན་འདུག
བསམ་གཏན་བཟང་མོ།
ང་རང་གི་སྣང་བ་ལ་དང་པོ་མི་མང་པོ་ཕྱིན་ཡོང་བ་འདྲ་བོ་འདུག་རྟའི་སྒ་སྲབ་དེ་ཚོའི་སྒྲ་དང་རྟ་ལས་བབས་པའི་སྣང་བ་ཚང་མ་ཤར་ཡོང་གི་འདུག
རིན་བཟང་།
ཉིན་བདུན་ལ་ལྷ་དེ་ཚོའི་གདོང་དབྱིབས་སོགས་ཚང་མ་ཅིག་པ་རེད་དམ།
བསམ་གཏན་བཟང་མོ།
ཕལ་ཆེར་ཅིག་པ་རེད། མཚམས་རེ་གདོང་དམར་པོ་ཁྲོ་བོ་འདྲ་འདུག མཚམས་རེ་དཀར་པོ་མིའི་གདོང་པ་འདྲ་བོ་འདུག མཚམས་རེ་གདོང་དབྱིབས་དང་གྱོན་ཆས་ཚང་མ་སྔོན་པོ་རེད། ལུས་ལ་ཁྲབ་རྨོག་འཁོར་གསུམ་དང་དབུའི་རྨོག་གཞུ་ལ་བསྐོར་བ་བྱས་ནས་བྱ་སྒྲོ་གཙུགས་པ་དེ་འདྲ་འདུག
རིན་བཟང་།
ཆོ་འཕྲུལ་བསྟོན་མཁན་གྲངས་ཁ་ག་ཚད་འདུག
བསམ་གཏན་བཟང་མོ།
སྤྱིར་སྟང་མང་པོ་འདུག་དེའི་ནང་ནས་གཙོ་བོ་མི་སྣ་གསུམ་འདུག
རིན་བཟང་།
མི་སྣ་གསུམ་པོ་གདོང་དབྱིབས་དང་ཆ་ལུགས་ག་འདྲ་འདུག
བསམ་གཏན་བཟང་མོ།
ཅིག་ལ་གདོང་སྔོན་པོ་ཅིག་ལ་དམར་པོ་ཅིག་ལ་དཀར་པོ་ཅན་དང་ཆ་ལུགས་དེ་ཚོ་ཚང་མ་གདོང་མདོག་དང་མཚུངས་པ་འདུག
རིན་བཟང་།
ཁྲབ་རྨོག་འཁོར་གསུམ་གྱོན་འདུག་གམ།
བསམ་གཏན་བཟང་མོ།
འདུག་ཚང་མ་ཡིས་ཁྲབ་རྨོག་འཁོར་གསུམ་གྱོན་འདུག
རིན་བཟང་།
གྲི་བཏགས་འདུག་གམ།
བསམ་གཏན་བཟང་མོ། འདུག
རིན་བཟང་།
མདའ་བཏགས་འདུག་གམ།
བསམ་གཏན་བཟང་མོ ། འདུག
རིན་བཟང་། ཁོ་རང་ཚོ་ལ་རྟ་འདུག་གམ།
བསམ་གཏན་བཟང་མོ།
འདུག སོ་སོའི་མདོག་དང་མཚུངས་པ་རྟ་དཀར་པོ་དམར་པོ་སྔོན་པོ་དེ་འདྲ་རེད། ང་ཚོའི་རྟ་དང་གཅིག་པ་རེད། སྒ་དེ་ཚོ་གསེར་གྱི་སྒ་དང་སྒའི་འཕའ་དེ་ཚོ་ཚང་མ་གཡུ་བྱུར་རུ་གཟི་སྤོས་ཤེལ་མུ་མེན་སོགས་རིན་པོ་ཆེའི་རིགས་རེད་འདུག ང་རང་གིས་ཕར་ལྟ་དུས་སྒའི་རྒྱན་ཆའི་འཕའ་དེ་ཚོ་འོད་འཚེར་གྱིན་འདུག
རིན་བཟང་།
ཁྱེད་རང་སྔོན་མ་སྒ་དེ་འདྲ་མཐོང་མྱོང་ཡོད་པ་མ་རེད་དམ།
བསམ་གཏན་བཟང་མོ།
གཏན་ནས་མཐོང་མྱོང་མི་འདུག
རིན་བཟང་།
ཁོ་རང་ཚོ་མདོག་མི་འདྲ་བ་མ་ཏོག་གྱོན་ཆས་ཚང་མ་ཅིག་པ་འདྲ་བོ་འདུག་གམ།
བསམ་གཏན་བཟང་མོ།
འདུག་གྱོན་ཆས་དེ་ཚོ་ང་ཚོའི་འཆམས་ཆས་འདྲ་བོ་འདུག
རིན་བཟང་། ཁོ་རང་ཚོ་རྟ་ལས་མར་བབས་ཀྱིན་འདུག་གམ།
བསམ་གཏན་བཟང་མོ། འདུག་ཁོ་རང་ཚོ་དང་པོ་སླེབས་ཡོང་དུས་མི་སླེབས་ཡོང་པ་དང་ཅིག་པ་རེད།
རིན་བཟང་།
ཁོ་རང་ཚོ་གཅིག་གི་གདོང་དཀར་པོ་གྱོན་ཆས་ཚང་མ་ཁྲབ་རྨོག་འཁོར་གསུམ་དེ་འདྲ་ཡོད་རེད་འ། རྟ་དང་སྒ་དེ་ཚོ་ཚང་མ་ཡོད་རེད། གཞན་པ་གཅིག་གང་འདྲ་འདུག
བསམ་གཏན་བཟང་མོ། གཅིག་སྔོན་པོ་རེད་འདུག
རིན་བཟང་།
རྟ་དང་སྒ་དེ་ཚོ་ང་ཚོ་ལ་ཡོད་པ་དེ་ཚོ་དང་འདྲ་བོ་རེད་དམ
བསམ་གཏན་བཟང་མོ།
རེད་འདུག མདོག་དང་རྒྱུ་ཆ་དེ་ཚོ་འདྲ་གི་མི་འདུག ཁྲབ་རྨོག་འཁོར་གསུམ་དང་གྲི་དེ་ཚོ་བཟོ་དབྱིབས་ང་ཚོ་དེ་དང་གཅིག་པ་རེད། རྒྱུ་ཆ་དང་མདོག་དེ་ཚོ་འདྲ་གི་མི་འདུག སྒའི་སྔ་རུའི་སྟེང་ལ་ནོར་བུ་བཙུགས་ཡོད་པ་དེ་འདྲ་འདུག
རིན་བཟང་།
ནོར་བུ་དེ་ཚོ་ཡར་གཏོམ་གཏོམ་དེ་འདྲ་འདུག་གམ་ཕར་རྒྱལ་བཞག་པ་དེ་འདྲ་འདུག
བསམ་གཏན་བཟང་མོ།
སྒའི་སྔ་རུ་སྟེང་དུ་ཡར་གཏོམ་གཏོམ་བྱས་ཡོད་པ་དེ་ཚོ་ལ་འོད་འཚེར་གྱིན་འདུག
རིན་བཟང་།
ཁོ་རང་ཚོའི་ཁྲབ་རྨོག་འཁོར་གསུམ་དང་སྒ་ཚང་མ་ལས་འོད་འཕྲོ་ཡི་འདུག་གམ།
བསམ་གཏན་བཟང་མོ།
ཁོ་རང་ཚོའི་སྒ་དང་ཚང་མ་ལས་འོད་འཕྲོ་གི་འདུག
རིན་བཟང་།
གཅིག་ལ་གང་འདྲ་འདུག
བསམ་གཏན་བཟང་མོ།
གཅིག་མདོག་དམར་པོ་རེད་མ་གཏོགས་ཁྲབ་རྨོག་འཁོར་གསུམ་རྟ་སྒ་སྒའི་སྔ་རུ་སྟེང་དུ་ནོར་བུ་ཡོད་པ་དེ་ཚོ་ཚང་མ་སྔོན་མ་དེ་ཚོ་དང་གཅིག་པ་རེད།
རིན་བཟང་།
ཁོ་རང་ཚོ་ལ་འཁོར་མང་པོ་ཡོད་པ་མི་དཔོན་ལྟ་བུ་རེད་འདུག་གམ།
བསམ་གཏན་བཟང་མོ། རེད་འདུག
རིན་བཟང་།
ཁོ་ཚོ་གསུམ་པོ་ནང་ཕན་ཚུན་འདྲ་མཉམ་རེེད་དམ་དྲག་ཤོས་འདྲ་འདུག
བསམ་གཏན་བཟང་མོ།
ཁོང་ཚོ་ལ་ཡང་ཁྱད་པར་འདུག ཁོང་ཚོའི་ནང་ནས་སྔོན་པོ་དེ་དྲག་ཤོས་རེད་འདུག
རིན་བཟང་།
སྔོན་པོ་དེས་གཞན་པ་དེ་ཚོ་ལ་བཀོད་མདོམས་འདྲ་བྱེད་ཀྱི་འདུག་གམ།
བསམ་གཏན་བཟང་མོ།
འདུག་ང་རང་ལ་ཡང་ཆོ་འཕྲུལ་ཕལ་ཆེར་དེས་སྟོན་ཀྱིན་འདུག
བསོད་ནམས་རིན་ཆེན།
སྔོན་པོ་དེས་ཆོ་འཕྲུལ་སྟོན་ཚེ་འཁོར་རྣམས་གང་འདྲ་བྱེད་ཀྱིན་འདུག
བསམ་གཏན་བཟང་མོ།
དང་པོ་མང་པོ་སླེབས་ཡོང་བའི་སྣང་བ་འདུག་དངོས་སུ་ང་རང་ལ་ཆོ་འཕྲུལ་སྟོན་ཡོང་དུས་ཆོ་འཕྲུལ་སྟོན་མཁན་དེ་མ་ཏོག་གཞན་པའི་སྣང་བ་མི་འདུག།མཚམས་རེ་ཨམ་གཙིགས་བསྡམ་ཞིང་ལག་ཏུ་སྟ་རེ་དང་གྲི་སོགས་ཐོག་ནས་ང་རང་ལ་རྒྱབ་བཤོམ་བྱེད་ཀྱིན་འདུག མཚམས་རེ་མདའ་དར་དང་དར་ཁ་ཐོག་ནས་ལྷ་ཡི་རྣམ་འགྱོར་སྟོན་གྱིན་འདུག ཉི་མ་བདུན་ལ་ཆོ་འཕྲུལ་སྟོན་སྟངས་ཚང་མ་གཅིག་པ་འདྲ་བོ་རེད། དེ་དུས་སྒྲུབ་དཔོན་བླ་མ་ཐུབ་བསྟན་དཔལ་བཟང་ནས་ངའི་ཆེད་གཅོད་དང་འགེགས་སྐྲད་འདྲ་བྱས་པ་དེ་ཚོ་ལ་མ་དགའ་བའི་རྣམ་འགྱུར་སྟོན་གྱིན་འདུག ཇོ་མོ་རྣམ་པ་ཕར་ཚུར་འགྲོ་དུས་ཏོག་ཙམ་ཁོ་རང་ཚོ་ལ་ཐུག་གི་འདུག་དེ་ལ་ཡང་གནོད་སྣང་བྱེད་ཀྱིན་འདུག།
བསོད་ནམས་རིན་ཆེན།
ཁྱོད་རང་ཆོ་འཕྲུལ་སྟོན་མཁན་ཡང་མཐོང་ཇོ་མོ་རྣམ་པ་ཡང་མཐོང་གི་འདུག་གམ།
བསམ་གཏན་བཟང་མོ། འདུག་ང་རང་གིས་ཇོ་མོ་དང་གཞི་བདག་དེ་ཚོ་ཚང་མ་མཉམ་དུ་མཐོང་གི་འདུག
རིན་བཟང་། ཁོ་རང་ཚོས་ཁྱེད་རང་ལ་ག་རེ་ལབ་ཀྱིན་འདུག
བསམ་གཏན་བཟང་མོ།
ཞི་བའི་ཚུལ་སྟོན་སྐབས་ཁྱེད་རང་སྐྲག་དགོས་ཀྱི་མ་རེད་ཟེར་བ་དང་། དྲག་པོའི་ཚུལ་སྟོན་སྐབས་ཁྱོད་གསོད་ཀྱི་ཡིན་ཟེར་བ་དང་གྲི་སྟ་རེ་མདུང་ངའི་སྟེང་ལ་ཕྱར་གྱིན་འདུག དེ་སྐབས་སུ་གནམ་ས་ཚང་མ་འགུལ་སོང་བའི་སྣང་བ་ཤར་གྱིན་འདུག ཁོ་རང་ཚོས་དང་པོ་ཞི་བའི་རྣམ་པ་སྟོན་དེ་ནས་དྲག་པོའི་རྣམ་པ་སྟོན་གྱིན་འདུག ང་རང་ཞེ་སྡང་ལང་པ་དང་མཉམ་དུ་ཁོ་རང་ཚོ་ཡང་དྲག་པོའི་རྣམ་པ་རུ་འགྱུར་གྱིན་འདུག ཉིན་བདུན་ལ་ང་རང་ལ་ཆོ་འཕྲུལ་སྟོན་སྟངས་གཅིག་པ་རེད། སྒྲུབ་ཁང་སྒོ་རྭ་ནང་ནས་ཨ་ནེ་ཚོ་ཕར་ཚུར་འགྲོ་དུས་གཞི་བདག་ཁོ་ཚོའི་འཁོར་གྱི་རྟ་རྣམས་འགྲོག་དེ་ནས་གནོད་སྣང་བྱེད་པ་དང་ཁོ་རང་ཚོ་མང་པོས་མཉམ་དུ་སྡིག་མོ་བྱེད་པའི་སྣང་བ་དེ་འདྲ་ཤར་གྱིན་འདུག
བསོད་ནམས་རིན་ཆེན།
གཙོ་བོས་སྡིག་མོ་བྱེད་ཡོང་དུས་ཁོ་རང་ཚོའི་འཁོར་ཚང་མས་ཀྱང་དེ་དང་མཉམ་དུ་སྡིག་མོ་བྱེད་ཀྱིན་འདུག་གམ།
བསམ་གཏན་བཟང་མོ། འདུག་མཉམ་དུ་དེ་འདྲ་བྱེད་ཀྱིན་འདུག
རིན་བཟང། ཉི་མ་བདུན་གྱི་རྗེས་ནས་གང་འདྲ་རེད་སོང།
བསམ་གཏན་བཟང་མོ།
ང་ཚོའི་སྒྲུབ་དཔོན་བླ་མ་ཐུབ་བསྟན་དཔལ་བཟང་ཁོང་གིས་སྔ་དྲོ་ཞིག་ལ་ང་རང་སྐད་གཏང་སོང། ཁོང་གིས་ཕར་ལ་གནོད་སྣང་བྱེད་ཉན་གྱི་མ་རེད་དེ་ནི་བྱ་བ་སྡུག་ཅག་ཞིག་རེད་དེ་ལས་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་རེད་གསུངས་ནས་སེམས་ཁྲིད་མང་པོ་གནང་བྱུང།
རིན་བཟང་།
སྒྲུབ་དཔོན་ཁོང་གིས་གསུངས་ཡ་དེ་ཚོ་ཚང་མ་རིམ་པ་བཞིན་གསུངས་ཤོག
བསམ་གཏན་བཟང་མོ།
ཁོང་གིས་ཚུར་ལ་སྡིག་མོ་དེ་འདྲ་བྱས་ན་ཡང་ཕར་ལ་དམོད་མོ་དང་ཁུ་ཚུར་གཡུག་པ་མཆིལ་མ་འདེབས་པ་དེ་འདྲ་བྱེད་ཉན་གྱི་མ་རེད། ཁྱེད་རང་གིས་ཕར་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་སྒོམ་པ་ཁྱེད་རང་གི་ལུས་ཤ་ཁྲག་གི་སྦྱིན་པ་གཏོང་བ་བླ་མ་ལ་གསོལ་བ་འདེབས་པ་དེ་འདྲ་དགོས་ཀྱི་རེེད་གསུངས་སོང་། ཁྱེེད་རང་གཅོད་ཞིག་ཐོང་ཤོག་དེ་འདོན་དུས་ཀྱང་དམིགས་རིམས་མེད་པའི་སྒོ་ནས་གཏོན་ན་ཕན་ཐོག་ཡོད་པ་མ་རེད། དེས་ན་བླ་མ་ལ་གསོལ་བ་འདེབས་ཞེ་གཏིང་ནས་གནོད་པ་བྱེད་མཁན་དེ་ལ་ང་རང་ལུས་གཏང་གི་ཡིན་བསམ་པའི་སྒོ་ནས་ཁྱེད་རང་གཅིག་པུས་ཐུན་ཁང་ནང་ལ་གཅོད་གཏང་ཤོག་གསུངས། དེ་ནས་ང་རང་གཅིག་པུས་ཁོང་གིས་གསུངས་པ་ནང་བཞིན་གཅོད་གཏང་ཞིང་བླ་མ་ལ་གསོལ་བ་དྲག་དུ་བཏབ་པ་ཡིན་ང་རང་སེམས་ལ་གཞི་ནས་སྐྲག་སྣང་དེ་ཚོ་མེད་པར་དགའ་པོ་ཞིག་རེད་སོང། དགོང་མོ་ཁོང་བཞུགས་གནས་ས་སྟེགས་ཞིག་གི་ཐོག་ཁ་ལ་ཡོད་པ་རེད། དེ་ལ་སྐས་འཛེགས་ཞིག་བཏོད་ཡོད་པ་རེད། དེ་ལ་ཡར་ཤོག་གསུངས་སོང། ངའི་རོག་ཨ་ནེ་ཡེ་ཤེས་ཆོས་མཚོ་ཟེར་བ་ཞིག་ཡོད་ངེད་གཉིས་ཁོང་གི་འདུན་ལ་སོང་བ་ཡིན། དེ་སྔོན་དགོང་མོ་སྐྲག་སྣང་འབྱུང་བ་དེ་འདྲ་དེ་སྐབས་མི་འདུག སྔོན་མ་ཆོ་འཕྲུལ་སྟོན་པའི་དུས་ཚོད་ལ་ཐུག་དུས་ཆུས་ཁྲི་རྐེ་ཟེར་བ་ཞིག་ཡོད་པ་རེད། དེ་ནས་གཞི་བདག་དེ་ཚོ་ཡོང་གི་འདུག་ང་རང་ལ་སྔོན་མ་ནང་བཞིན་སྐྲག་སྣང་མི་འདུག དེ་ནས་སྒྲུབ་ཁང་ནང་ལ་འཛུལ་སོང་ཁོ་རང་ཚོའི་ནང་ནས་དཔོན་པོ་གསུམ་འདུག་དེ་ཚོ་སྐས་འཛེགས་ཐོག་ཀ་ལ་སླེབས་སོང། འཁོར་གྱི་རྟ་རྣམས་སྒོ་རྭ་ནང་དུ་བཏགས་འདུག གཙོ་བོ་གསུམ་པོ་ང་ཚོ་བསྡད་སའི་སྐས་འཛེགས་ཐོག་ཁ་ལ་ལང་འདུག དེ་སྔོན་ནང་བཞིན་ང་རང་ལ་སྐྲག་སྣང་མི་འདུག
རིན་བཟང་། སྒྲུབ་དཔོན་ཁོང་གིས་ག་རེ་གསུངས་ཀྱིན་འདུག
བསམ་གཏན་བཟང་མོ།
ཁོང་གིས་མི་གང་འདྲ་འདུག་ལབ་བྱུང། ངས་ཁོང་ལ་ཆགས་ལུགས་ཚང་མ་བཤད་པ་ཡིན། ཁོང་གིས་གཞི་བདག་དེ་ཚོ་ཀ་གནམ་ལྗིག་གསུམ་ཡིན་ས་མ་རེད་དམ་གསུངས་སོང། གཞི་བདག་དེ་ཚོས་ཚུར་ཡིན་ལབ་བྱུང།
རིན་བཟང་། ཁོང་(ཐུབ་བསྟན་དཔལ་བཟང)གིས་གསུངས་པ་གཞི་བདག་ཁོ་ཚོས་གོ་གི་འདུག་གམ།
བསམ་གཏན་བཟང་མོ།
ཁོང་གིས་གང་གསུངས་ཁོ་ཚོས་གོ་གི་འདུག ཁོ་ཚོས་བཤད་པ་ཁོང་གི་ཐོས་ཀྱི་མི་འདུག་ངས་ལབ་སྒོས་པ་རེད། ཁོང་གིས་(ཐུབ་བསྟན་དཔལ་བཟང)ང་ཚོ་ཆོས་རྒྱུད་ཅིག་པ་རྣམས་ལ་བར་ཆད་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ནས་དྲིས་ཤོག་གསུངས། ངས་དེ་ལྟར་དྲིས་པ་ཡིན། གཞི་བདག་དེ་ཚོས་ཚུར་ལ་སེམས་ཅན་ལ་གནོད་འཚེ་གཏོང་བསམ་པའི་སེམས་མེད། ང་ཚོས་ཀྱང་གུ་རུ་པདྨ་མ་འབྱུང་དང་བླ་མ་བློ་གྲོས་རིན་ཆེན་བཅས་ཀྱི་བཀའ་བསྒོས་དམ་བཞག་བྱས་ཡོད་པ་རེད། སློན་དཔོན་པདྨ་འབྱུང་གནས་དང་བླ་མ་བློ་གྲོས་རིན་ཆེན་བཅས་ལ་དབང་ཁྲིད་ཞུ་མྱོང་། ང་ཚོ་ཡང་ཁོང་རྣམས་པའི་སློབ་མ་ཡིན་ཁྱེད་ཚོ་དང་གཅིག་པ་རེད། སེམས་ཅན་ལ་གནོད་འཚེ་གཏོང་གི་མ་རེད་ལབ་ཀྱིན་འདུག དེ་ནས་སྒྲུབ་དཔོན་གྱིས་སྐྲག་སྣང་འདོན་དགོས་པའི་རྒྱུ་མཚན་གང་ཡང་ཡིན་ཟེར་ནས་དྲིས་ལབ་བྱུང་། ངས་གཞི་བདག་ལ་དེ་ལྟར་ཕར་དྲིས་པ་ཡིན། ཁོང་ཚོ་གད་མོ་འདྲ་ཤོར་ནས་ཁ་ནས་ཚུར་ལ་བཤད་མ་བདེ་བ་དེ་འདྲ་ཆགས་སོང་། ཏོག་ཙམ་རྗེས་ནས་གཞི་བདག་རྣམས་པས་གསོལ་ཀ་བཅད་ཉན་གྱི་མ་རེད་ལབ་བྱུང། དེ་སྔོན་ཁོང་ཚོའི་གསོལ་ཁ་རྒྱས་པ་འདོན་གྱི་རེད། དེ་བཅད་པའི་རྒྱུ་མཚན་གྱིས་སྐྲག་སྣང་གཏང་བ་རེད་འདུག
བསོད་ནམས་རིན་ཆེན།
ཁོང་ཚོར་སྐྲག་སྣང་བྱེད་དགོས་པའི་རྒྱུ་མཚན་དྲི་དུས་དཔེར་ན་མི་ཉེས་པ་ཅན་དེ་ཚོ་ལ་དེ་ཕྱོགས་སྐད་ཆ་དྲི་དུས་མ་བདེ་བ་ཆགས་པ་དེ་འདྲ་ཡོང་གི་འདུག་གམ།
བསམ་གཏན་བཟང་མོ།
འདུག་གད་མོ་འདྲ་ཤོར་ནས་ཕར་ལྟ་ཚུར་ལྟ་འདྲ་བྱས་ནས་ཁ་ཐུག་ལབ་བདེ་ཀྱི་མི་འདུག སྒྲུབ་དཔོན་ནས་གསོལ་ཀ་སུས་གཅད་པ་རེད་ཟེར་ནས་དྲིས་ལབ་བྱུང། ངས་དེ་ལྟར་དྲིས་པ་ཡིན་སྒྲུབ་དཔོན་ཁོང་གིས་གཅད་པ་རེད་ཟེར་ནས་གཞི་བདག་གིས་ཚུར་ལ་ལབ་བྱུང། དེ་སྔོན་སྒྲུབ་ཁང་ནང་ནས་ཁོང་ཚོའི་གསོལ་ཁ་རེས་མོས་བྱས་པ་རེད་དེས་རྒྱུ་མཚན་གྱིས་རེད་འདུག
རིན་བཟང་། ཁོ་རང་ཚོ་གསུམ་པོ་མ་ཏོག་གཞན་པ་ཡོད་མ་རེད་བ།
བསམ་གཏན་བཟང་མོ། ཡོད་མ་རེད།
རིན་བཟང་། རྒན་(ཐུབ་བསྟན་དཔལ་བཟང)གྱིས་གསོལ་ཁ་གཅད་པ་རེད་ཟེར་བ་དེའི་མཇུག་ཏུ་ག་རེ་དྲིས་པ་ཡིན།
ཐུབ་བསྟན་དཔལ་བཟང་།
ངས་དེ་སྔོན་ཞུས་པ་ནང་བཞིན་རེད་ངས་གཞི་བདག་དེ་ཚོ་མཐོང་ཡོད་པ་མ་རེད། མོ་རང་གིས་དངོས་སུ་མཐོང་ཡོད་པ་རེད། བཤད་ཕོད་ཀྱི་མི་འདུག་མ་ཏོག་ད་རེས་ང་ལ་དཔེ་ཡག་པོ་མོ་རང་གིས་བཤད་ཀྱིན་འདུག ངས་གོ་ཐོས་རེད་མོ་རང་གིས་དངོས་སུ་མཐོང་བ་རེད། ངེད་གཉིས་གནས་ཚུར་ཧ་གོ་བ་དཔེ་ཁྱད་པར་འདུག་མོ་རང་ཡག་གི་འདུག ངས་མོ་རང་ཉིན་གུང་ཞིག་ལ་སྐད་གཏང་ནས་ཁྱེད་རང་སྐྱ་མོ་ལས་ཞན་སུ་འདུག ཕྱི་མ་ལས་མཁན་རིག་ཡོང་དུས་ཀྱང་མཐུ་དང་ཁུ་ཚུར་གཡུག་ནས་འགྲོ་གི་ཡིན་ནམ། དེ་དུས་དེ་འདྲ་བྱེད་ནས་འགྲོ་དགོས་ཐུགས་ན་དཀའ་པོ་རེད་ཚར་བ་རེད། ང་ཚོ་ཚང་མས་ཡིད་ཆོས་བློ་ཁེལ་འདུག་ས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོ་རེད་དེ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་སྒོམ་དགོས་ཀྱི་རེད། ཁྱེད་རང་གཅོད་མདོན་ཡོང་བའི་སྐབས་སུ་ལུས་འདིའི་སྤྱི་གཙུག་ནས་རྐང་སུག་མཐེལ་བར་མཁོ་རྫས་གྱི་དངོས་པོ་གང་འདུག་ན་ཡང་། ལྷ་འདྲེ་ཁྱེད་རང་ཚོས་སྲོག་ལ་འཇབ་པ་ཚེ་ལ་རྐུ་བ་བླ་ལ་ཁྱེར་བ་གང་དགོས་ན་ཡང་སྦྱིན་སྙམ་པའི་སྒོ་ནས་གཅོད་ཐོང་ཤོག་ཟེར་བ་ཡིན། མོ་རང་གིས་དེ་རིང་དངོས་གནས་སྐྲག་ས་ཡོད་མ་གྲགས་ཁྱེད་རང་བཤད་པ་ནང་བཞིན་བྱེད་ཀྱི་ཡིན་ཟེར། དེ་ནས་མོ་རང་ཐུན་ཁང་ལ་སོང་ནས་དེ་བཞིན་བྱས་དུས་སེམས་སྐྱིད་པོ་རེད་སོང་ཟེར་ནས་གོང་ནས་བཤད་ཚར་སོང་བ་ནང་བཞིན་རེད། ངས་བཤད་པ་ལས་ཀྱང་དྲགས་སུ་མོ་རང་ཉམས་ལེན་རང་ཐོག་ཏུ་ངོ་འཕྲོད་པ་དེ་འདྲ་རེད་འདུག དོ་དགུང་ཁྱེད་རང་ངའི་སར་ཡར་ཤོག་ཟེར་བ་ཡིན། ཨ་ནེ་ཡེ་ཤེས་ཆོས་མཚོ་དང་ཁོང་གཉིས་ངའི་ཐུན་ཁང་ནང་ལ་མཉམ་དུ་ཡོད་རེད། དེ་ནས་མོ་རང་ཡང་བཟི་བ་འདྲ་བོ་ཆགས་སོང་ད་ཆུས་ཁྲི་རྐེ་ནས་སླེབ་འདུག་ཟེར། ད་མཐོང་སྨོན་གླིང་དུ་སླེབས་འདུག་ཟེར་བ་དང་ཁྱི་ཚང་མ་དེ་ཕྱོགས་སུ་རྒྱུག་སོང་། ཏོག་ཙམ་རྗེས་ནས་སྒྲུབ་ཁང་སྒོ་རྭ་ནང་དུ་ཐོན་འདུག་ཟེར་ཁྱི་ཚང་མ་སྒྲུབ་ཁང་ལ་བསྐོར་བ་རྒྱག་ནས་རྒྱུག་གི་འདུག ངས་དེ་སྔོན་ཁྱེད་ལ་ཞུས་པ་ནང་བཞིན་རེད། དེ་སྔོན་མོ་རང་བསྡད་ས་གྲྭ་བཤག་ནང་དུ་རེད་དོ་དགུང་ང་རང་སར་བསྡད་ཡོད་དུས། གཞི་བདག་ཚོ་འགྲོ་ས་ནོར་འདུག་ཨེ་ཡོང་བསམ་སོང། ཨ་ནེས་ཏོག་ཙམ་རྗེས་ནས་ངའི་བསྡད་སའི་སྐས་ཐོག་ལ་ཐོན་འདུག་ཟེར་བ་དང་ང་རང་སྐྲག་ཟེང་ངེ་བ་ཞིག་རེད་ནས་དོ་དགུང་རིག་ཡོང་ས་རེད་བསམ་སོང་། ཇོ་མོས་ཅི་ཡང་ལབ་ཀྱི་མི་འདུག་ཏོག་ཙམ་འཇམ་སྟེང་ངེ་ཆགས་སོང་ད་འདིར་ཕྱིན་ཚོད་ཡིན་དུས་འདིར་ཕྱིན་འདུག་ནི་ཇོ་མོའི་ལབ་ཀྱིན་མི་འདུག ག་རེ་བྱས་བྱུང་བསམ་ནས་ད་ག་རེ་བྱེད་ཀྱིན་འདུག་ལབ་པ་ཡིན། ཇོ་མོས་འདིར་བཞེངས་འདུག་ལབ་བྱུང། ངས་དེ་སྔོན་ཁྱེད་ལ་ཞུས་ཚར་བ་ནང་བཞིན་བཀའ་བསྲུངས་ཡིན་ན་ཡང་འདྲ་ཡུལ་ལྷ་ཡིན་ན་ཡང་འདྲ་སྟེ་ཚང་མས་ཆ་ལུགས་བཤད་ནས་བསྟོད་པ་བྱས་ཡོད་པ་རེད། ཆ་ལུགས་ལ་དཔག་ན་ཀ་གནམ་ལྗིག་གསུམ་ཡིན་པ་འདྲ་བོ། དེ་རྣམས་ནི་རིགས་འཛིན་གོང་མ་རྣམ་པས་བཀའ་སྒོས་དམ་བཞག་བྱས་ཡོད་པས་ཆོས་རྒྱུད་འཛིན་མཁན་རྣམས་ལ་སྡོང་གྲོགས་མ་གཏོགས་རབ་ཆད་མི་བྱེད་པ་འདྲ་བོ་ག་རེ་ཡིན་ན་བསམ་བྱུང། འདི་ཚོ་ལྷ་འདྲེ་ཞིག་རེད་འདུག་དཀར་ཕྱོགས་ཀྱི་ལྷ་འདྲེ་ཡིན་ནམ་ནགས་ཕྱོགས་ཀྱི་ལྷ་འདྲེ་ཡིན་བསམ་བྱུང། ཨ་ནེ་ལ་ཁྱེད་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ནམ་ནགས་ཕྱོགས་ཀྱི་ལྷ་ཡིན་ཟེར་ནས་དྲིས་ལབ་པ་ཡིན་ཨ་ནེས་དེ་ལྟར་དྲིས་སོང། སྒྲུབ་དཔོན་ཐུབ་བསྟན་དཔལ་བཟང་གིས་གསུངས་པ་ནང་བཞིན་ངས་(ཨ་ནེ་བསམ་གཏན་བཟང་མོ)དེ་ལྟར་དྲིས་པ་རེད་ཁོང་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ལབ་བྱུང།
རིན་བཟང་། དེ་ནས་རྒན་(ཐུབ་བསྟན་དཔལ་བཟང)གྱིས་ག་རེ་དྲིས་པ་ཡིན།
ཐུབ་བསྟན་དཔལ་བཟང་།
ཀ་གནམ་ལྗིག་གསུམ་ཡིན་ས་རེད་བསམ་བྱུང་། ཁྱེད་རང་ཚོ་ཀ་གནམ་ལྗིག་གསུམ་ཡིན་ས་མ་རེད་དམ་ཟེར་ནས་ཨ་ནེ་ལ་དྲིས་ལབ་པ་ཡིན། ཨ་ནེས་ཁྱེད་རང་གང་བཤད་ཚང་མ་གཞི་བདག་ཚོས་གོ་གི་འདུག་ཁྱེད་རང་གང་བཤད་འདོད་ན་ཡང་ཤོད་ཤོག་ལབ་བྱུང། ངས་ཁྱེད་རང་ཚོ་ཀ་གནམ་ལྗིག་གསུམ་ཡིན་ས་མ་རེད་དམ་ལབ་པ་ཡིན། གཞི་བདག་ཁོ་རང་ཚོ་ཕར་ལྟ་ཚུར་ལྟ་བྱས་ནས་ཡིན་ལབ་ཀྱིན་འདུག་ཟེར་ནས་ཨ་ནེས་ལབ་བྱུང།
རིན་བཟང་། གཞི་བདག་ཁོ་རང་ཚོའི་ལག་ན་ག་རེ་བཟུང་འདུག
བསམ་གཏན་བཟང་མོ།
སྔོན་པོ་སྐྲག་སྣང་འདོན་མཁན་དེའི་ནམ་རྒྱུན་ལག་ན་མཚོན་ཆ་འདྲ་མིན་འཛིན་ཀྱིན་འདུག་དེ་དགུང་ལག་གཡས་མདའ་དར་དང་གཡོན་ལ་ནོར་བུ་འོད་མེད་པ་གཏོམ་གཏོམ་ཞིག་འཛིན་འདུག དཀར་པོ་དེའི་ལག་ན་ཟངས་ཀྱི་མདའ་གཞུ་ཞིག་བཟུང་འདུག དམར་པོ་དེའི་གྱོན་ཆས་དེ་ཚོ་དམར་པོ་བླ་མ་ཞིག་གི་གྱོན་ཆས་འདྲ་བོ་གྱོན་འདུག ཀ་གནམ་ལྗིག་གསུམ་ཡིན་ལབ་ཡོང་དུས་ང་རང་ཁོང་ཁྲོ་ལང་བྱུང་ངས་(ཐུབ་བསྟན་དཔལ་བཟང)གཞི་བདག་ཚོར་དྲི་བ་བཀོད་པ་ཡིན། ཚངས་གསར་བླ་རྒན་མདུན་ནས་ཁྱེད་རང་ཚོའི་དབང་ཁྲིད་ཚད་ལྡན་ཞིག་ཞུས་འདུག་ཚངས་གསར་བླ་མ་ཞིང་ལ་ཕེབས་ཁ་ང་གཤེགས་ཚར་དུས་ཁྱེད་རང་ཚོའི་སློབ་རྒྱུད་ཐམས་ཅད་ལ་སྐྲག་སྣང་ཡག་པོ་ཐོན་གསུངས་སོང་ངམ་ཟེར་ནས་རྩོད་པ་ཡིན། བསོད་ནམས་རིན་ཆེན།
ཁོང་གིས་ཕར་རྩོད་དུས་ཁོ་རང་ཚོའི་ག་རེ་བྱེད་ཀྱིན་འདུག།
བསམ་གཏན་བཟང་མོ།
དེའི་དགུང་མོ་ཁྲོ་བའི་ཚུལ་གཏན་ནས་མི་འདུག་གད་མོ་ཤོར་གྱིན་འདུག
རིན་བཟང་། ཨ་ནེ་ཁྱེད་རང་མཐོང་ཚུར་མར་གསུངས་བཞག་ན་འདི་ལ་གོ་རིམ་གཏན་ནས་ཡོད་མ་རེད།
བསམ་གཏན་བཟང་མོ།
གཞི་བདག་ཁོ་རང་ཚོ་ང་ཚོའི་སྒོ་ཁ་ལ་བཞེངས་པ་མ་གཏོགས་བསྡད་ས་ཡོད་པ་མ་རེད། ཁོང་གིས་(ཐུབ་བསྟན་དཔལ་བཟང)ད་ག་རེ་བྱེད་ཀྱིན་འདུག་ཟེར་ད་རུང་ལང་འདུག་ལབ་པ་ཡིན། ཁོང་གིས་(ཐུབ་བསྟན་དཔལ་བཟང)གཞི་བདག་ལ་བསྟན་པ་སྲུང་མཁན་ཡིན་ན་ག་རེ་བྱེད་ནས་གནོད་པ་སྐྱེལ་གྱི་ཡོད་གསུངས་སོང། གཞི་བདག་ཚོས་ཚུར་ལ་གནོད་པ་སྐྱེལ་གྱི་མེད་ལབ་བྱུང། ཁོང་གིས་(ཐུབ་བསྟན་དཔལ་བཟང)སྨོན་ལམ་གསེར་གྱི་ཁྲི་རེ་རེ་དང་ལྡན་པར་གྱུར་ཅིག་ཟེར་ནས་སྨོན་ལམ་བཏབ་པ་རེད། དེའི་ནང་བཞིན་སྟོང་པ་འདྲ་ཞིག་གིས་ངང་ནས་རིན་པོ་ཆེའི་རྒྱན་པ་ཁྲི་རེ་རེ་གྲུབ་སོང་དེས་སྟེང་ལ་གཞི་བདག་ཁོང་ཚོ་བཞུགས་སོང་། ཁོང་གིས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་དེ་ཚོ་འགྲུབ་པར་སྨོན་ལམ་བཏབ་པས་དངོས་སུ་གྲུབ་སོང། གཞི་བདག་ཁོང་ཚོའི་ནང་ནས་ལྗིག་རྒྱལ་ཟེར་བའི་གཞི་བདག་ཞིག་ཡོད་པ་རེད། དེ་ན་འདུག་དེས་ནད་གཡོག་ལ་རྫ་རལ་པ་བྱོན་སོང་ཟེར། དེ་སྐབས་ཀ་གནམ་ལྗིག་གསུམ་ནང་ནས་ལྗིག་རྒྱལ་མི་འདུག དེ་དུས་འཕེན་པོ་ཐོད་དཀར་རམ་རྒྱ་འབེལ་པདྨ་འོད་ཕུང་སྐུ་མཚམས་ལ་བཞུགས་འདུག་ཟེར། དེ་སྐབས་ཡར་དགོན་གྱི་(ཚངས་གསར་གནམ་དགོན)སྒྲུབ་སྡེ་ཐེག་མཆོག་གླིང་ནས་བདེ་མཆོག་བསྙེན་ཀྱི་ཡོད་པ་རེད། མར་དགོན་(བཙུན་མའི་དགོན་པ་བསམ་འགྲུབ་མཐོང་སྨོན་གླིང)སྒྲུབ་སྡེའི་ནང་ནས་ང་ཚོས་ཀྱང་བདེ་མཆོག་བསྙེན་ཀྱི་ཡོད་པ་རེད། དེ་དུས་འཕེན་པོ་ཐོད་དཀར་(རྒྱ་འབེལ)ཡང་བདེ་མཆོག་མཚམས་ལ་བསྡད་འདུག་ཟེར། འཕེན་པོ་ཐོད་དཀར་རམ་རྒྱ་འབེལ་ཙཱ་རི་མཚོ་དཀར་གྱི་གནས་ལགས་རེད་གསུངས། དགུང་སྙིང་གང་རེད་ཁོང་(ཐུབ་བསྟན་དཔལ་བཟང)གིས་དྲིས་ཤོག་གསུངས། ངས་དེ་ལྟར་དྲིས་པས་གཞི་བདག་ཚོས་སྤྲེལ་རེད་ལབ་ཀྱིན་འདུག ངས་ནམ་རྒྱུན་དགུང་སྙིང་ཟེར་བའི་དོན་དག་དང་ཙྭ་རི་གནས་ལགས་ཡིན་མིན་ཤེས་ཀྱིན་མེད། རྒྱ་འབེལ་ལ་བླ་མ་བཅུ་གསུམ་བཞུགས་འདུག་དེ་ལ་འཁོར་ཁྲི་ཕྲག་མང་པོའི་བསྐོར་འདུག་ཟེར དེ་ཚོ་ལ་དཔག་ན་ཚངས་གསར་དགོན་གྱི་བསྟན་པ་དེ་རྒྱས་ཀྱི་རེད་ཟེར། སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་སྒོས་སུ་བཀའ་རྒྱུད་ཀྱི་བསྟན་པ་ལ་ཞབས་ཕྱི་སྒྲུབ་ནས་ཉི་མ་བདུན་རེར་འཛམ་གླིང་ལ་བསྐོར་བ་རེ་རྒྱག་གི་ཡོད་ཟེར།
རིན་བཟང་།
ང་ཚོ་བོད་ཀྱི་མ་འོང་པའི་ལས་དོན་གཞི་བདག་ཚོ་ལ་དྲིས་དུས་ག་རེ་ལབ་ཀྱིན་འདུག
བསམ་གཏན་བཟང་མོ།
མ་འོང་པའི་གནས་ཚུལ་ཁོང་ཚོས་ཀྱང་ལབ་ཤེས་ཀྱི་མ་རེད་དེ་སངས་རྒྱས་ཀྱི་བསྟན་པ་བསྲུང་གི་ཡོད་ལབ་བྱུང།
རིན་བཟང་།
གཞི་བདག་ཁོང་ཚོའི་སྐད་ཁྱེད་རང་ཚོའི་ཕ་ཡུལ་སྐད་དང་གཅིག་པ་རེད་འདུག་གམ།
བསམ་གཏན་བཟང་མོ།
ང་རང་ལ་ཚུར་ལབ་ཡོང་དུས་ཕ་ཡུལ་སྐད་དང་གཅིག་པ་འདྲ་ཞིག་གོ་གི་འདུག ང་རང་(ཐུབ་བསྟན་དཔལ་བཟང)གིས་ཐེ་ཝན་ལ་ཡོད་པའི་ཚངས་གསར་དགོན་པའི་བླ་གྲྭ་རྣམས་པ་ལ་སྡོང་གྲོགས་ཅི་འདྲ་བྱེད་ཀྱིན་ཡོད་ལབ་པ་ཡིན། (ཨ་ནེ་བསམ་གཏན་བཟང་མོ)ཕྱི་ལོག་ལ་ཡོད་པའི་ཚངས་གསར་དགོན་པའི་བླ་གྲྭ་རྣམས་ལ་སྡོང་གྲོགས་རྒྱ་ཆེན་པོ་བྱེད་ཀྱིན་ཡོད་ལབ་བྱུང། དེ་སྔོན་ཞུས་པ་ནང་བཞིན་ང་རང་ཤེལ་གྱི་ཁང་པ་ནང་ལ་སོང་སྐབས་ཀྱི་ཟས་ཆུ་ཟ་མ་དང་ཁང་པ་དེ་ཚོས་གཞུག་མ་སྒྲུབ་དཔོན་ཁོང་(ཐུབ་བསྟན་དཔལ་བཟང)གིས་སྨོན་ལམ་བརྗོད་ནས་གྲུབ་པའི་ཟས་ཆུ་ཟ་མ་དེ་ཚོ་ལ་འགྲན་དུ་མི་འདུག ང་ཚོའི་ཟ་མ་དང་ཁང་པ་དེ་ཚོས་སྨོན་ལམ་བརྗོད་ནས་གྲུབ་པ་དེ་ཚོ་ལ་དཔག་ཡོང་ཡ་གཏན་ནས་མི་འདུག རིན་བཟང་།
ཁྱེད་རང་ཚོ་ནམ་རྒྱུན་བསྡད་ས་ཚང་མ་ཁོང་གིས་སྨོན་ལམ་བཏབ་དུས་འགྱུར་སོང་ངམ།
ཨ་ནེ་བསམ་གཏན་བཟང་མོ།
སོང་ཚང་མ་འགྱུར་སོང་གཞི་བདག་གཙོ་བོ་དང་འཁོར་ཚང་མ་བསྡད་ས་ཁང་པ་དང་ཟས་རིགས་དེ་ཚོ་ང་ཚོའི་བསམ་ཡུལ་ལས་འདས་པ་དེ་འདྲ་ཁོང་གིས་སྨོན་ལམ་བཏབ་དུས་གྲུབ་སོང།
རིན་བཟང་། ཁྱེད་རང་ཚོའི་ནམ་རྒྱུན་བསྡད་ས་ཚང་མ་འགྱུར་སོང་ངམ། བསམ་གཏན་བཟང་མོ།
ས་ཕྱོགས་དང་ཁང་པ་བཟའ་བཏུང་རིག་ཚང་མ་དེ་སྔོན་བསམ་ཡུལ་ལས་འདས་པ་ཞིག་ཏུ་འགྱུར་སོང། དེ་ནས་གཞི་བདག་ལ་མོ་འགའ་ཤས་ཞུས་པ་རེད། དེའི་ནང་ནས་རོང་པོ་ཚེ་དབང་ཟེར་བ་ང་ཚོའི་དགེ་དགོན་ལ་ལྟ་མཁན་ཞིག་ཡོད་པ་རེད། ཁོང་ལ་མོ་ཞིག་ཞུས་པས་རྒྱ་འབེལ་ལ་བསྐོར་བ་ཡག་པོ་རྒྱོབ་ལབ་ཀྱིན་འདུག བསོད་ནམས་རིན་ཆེན།
ཁོ་རང་ཚོ་ལ་མོ་ཞུ་དུས་ཕྱག་མོ་བཏབ་ཀྱི་འདུག་གམ་ག་རེ་བྱེད་ཀྱིན་འདུག བསམ་གཏན་བཟང་མོ།
མོ་འདེབས་དུས་ང་ཚོའི་མོ་བཏབ་པ་ནང་བཞིན་མི་འདུག བསམ་བློ་འདྲ་བཏང་ནས་ལབ་ཀྱིན་འདུག
བསོད་ནམས་རིན་ཆེན།
ཁོ་རང་ཚོ་ཚང་མས་བསམ་བློ་འདྲ་བཏང་གི་འདུག་གམ་སྔོན་པོ་དེ་གཅིག་པུའི་བསམ་བློ་བཏང་གི་འདུག
བསམ་གཏན་བཟང་མོ།
སྔོན་པོ་དེ་གཅིག་པུས་བསམ་བློ་འདྲ་བཏང་ནས་ལབ་ཀྱིན་འདུག གཞན་པ་དེ་ཚོ་ཕར་ལྟ་ཚུར་ལྟ་འདྲ་བྱས་ནས་བསྡད་འདུག
རིན་བཟང་། དེ་ནས་རྒན་གྱིས་ག་རེ་དྲིས་པ་ཡིན།
ཐུབ་བསྟན་དཔལ་བཟང་། མོ་བཏབས་དུ་བཅུག་པ་སོགས་བྱས་ནས་ཁ་བརྡ་མང་པོ་བྱས་པ་རེད། གཅོད་བཏང་ན་ཁྱེད་རང་ཚོ་ག་རེ་གནོད་ཀྱིན་འདུག་ཟེར་ནས་དྲིས་ལབ་པ་དེ་ཁྱེད་རང་(བསམ་གཏན་བཟང་མོ)གིས་ཞུས་པ་ཨེ་ཡིན། བསམ་གཏན་བཟང་མོ། ངས་ཁོང་གིས་གསུངས་པ་ནང་བཞིན་དྲིས་པ་ཡིན་གཅོད་བཏང་བ་དེ་གཅིག་པུས་ཡོང་གི་མ་རེད། མི་དང་ལྷའི་བར་གྱི་དམ་ཚིག་སྲུངས་ནས་མཆོད་བསྟོད་དེ་ཚོ་བྱེད་དགོས་པ་རེད་ཟེར། ཐུབ་བསྟན་དཔལ་བཟང་། ང་རང་གིས་གཅོད་སྙིང་རྗེའི་སྒོ་ནས་བཏང་དགོས་དུས་ག་རེ་བྱས་ནས་ཁོ་རང་ཚོ་གནོད་ཀྱིན་ཡོད་ན་བསམ་བྱུང། དེ་སྔོན་ཨ་ནེས་ངས་གཅོད་བཏང་ན་གཞི་བདག་ཁོ་རང་ཚོ་གནོད་ཉམས་སྟོན་ཀྱིན་འདུག་ཟེར་བས་དེས་ན་ངས་དྲིས་པ་རེད།
རིན་བཟང་། མཇུག་ཏུ་གནད་འགག་ཅན་ག་རེ་ཟེར་གྱིན་འདུག
བསམ་གཏན་བཟང་མོ། དེ་སྔོན་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་འབའ་རོམ་བཀའ་རྒྱུད་ཀྱི་བསྟན་པའི་ཆེད་དུ་ཉི་མ་བདུན་རེས་མཚམས་ནས་འཛམ་གླིང་ལ་བསྐོར་བ་རེ་རྒྱབ་ནས་ཞབས་ཞུས་སྒྲུབ་པ་ཡིན། དེང་ཕྱིན་ཆད་ཀྱང་དེ་ལྟར་ཡིན་ཟེར་ནས་དམ་བཅའ་བྱས་སོང།
བསོད་ནམས་རིན་ཆེན། དེ་འདྲ་ཁས་ལེན་བྱེད་དུས་རྣམ་འགྱུར་གང་འདྲ་སྟོན་གྱིན་འདུག
བསམ་གཏན་བཟང་མོ། རྣམ་འགྱུར་དཔེ་ཡག་པོ་དེ་འདྲ་སྟོན་གྱིན་འདུག གཞི་བདག་ཁོང་ཚོ་དེ་རིང་སྐྱིད་སུ་རེད་མ་ཐར་ཟེར་དཔེ་སྐྱིད་སྣང་ཤར་འདུག གཞི་བདག་ཁོང་རང་ཚོའི་རེ་བ་ལ་སྡེ་དེ་ཚོ་ཡུལ་གཞན་དུ་སྤོ་མ་འགྲོ། དགོན་པ་སྟོང་པ་ལ་མ་བཞག་པར་བླ་གྲྭ་དེ་ཚོ་དགོན་ལ་བཞུགས་རོག་གྱིས་ཟེར་བ་ཚུར་ལ་རེ་བ་དེ་འདྲ་འདུག
བསོད་ནམས་རིན་ཆེན། སྔོན་པོ་དེ་གཅིག་པུའི་རེ་བ་རེད་འདུག་གམ་ཁོང་ཚོ་ཚང་མ་གི་རེ་བ་རེད་འདུག
བསམ་གཏན་བཟང་མོ། འདུག་ཁོ་རང་ཚོ་ཚང་མའི་རེ་བ་རེད་འདུག དུང་རི་(རི་ཞིག་གི་མིང)ཁོང་གི་རྩ་ལ་མཎྜལ་ཞིག་དགོས་ཀྱི་འདུག་ངས་ཀྱང་དུས་རྒྱུན་སྡོང་གྲོགས་བྱེད་ཀྱིན་ཡོད་ལབ་བྱུང། དུང་རི་ལ་དར་འཁྲིའི་རྨོག་ཅན་ཁྲབ་རྨོག་འཁོར་གསུམ་བྱས་པ་ལག་ན་ཟང་གི་མདའ་གཞུ་ཐོག་པ་ཞབས་ལ་བོད་ལྷམ་ཞབས་རྩིགས་རྒྱན་ཅན་བླ་མ་ཆེ་བ་དེ་ཚོའི་བོད་ལྷམ་དེ་འདྲ་གྱོན་པ་རྟ་དཀར་པོ་ཅན། རྐེད་པ་ལ་ཁྲོ་ལོ་འདྲ་མིན་མང་པོ་འདོག་པ་སྟག་གཟིག་པགས་པ་གྱོན་པ་དེ་འདྲ་ཞིག་འདུག
བསོད་ནམས་རིན་ཆེན། གཞི་བདག་ཁོང་ཚོ་རྟ་ལས་མར་བབས་དུས་རྟ་ཁ་བཟུང་མཁན་དེ་འདྲ་འདུག་གམ།
བསམ་གཏན་བཟང་མོ། སྨོན་ལམ་བརྗོད་ཚར་དུས་ང་ཚོའི་ས་ཆ་འདྲ་བོ་གཏན་ནས་མི་འདུག་ས་གཞི་ཚང་མ་རིན་པོ་ཆེ་ལས་གྲུབ་པ་དེ་འདྲ་རེད་སོང། འཇུག་ཏུ་ཡང་དེ་ཡི་ངང་ནས་ཕར་འཇའ་ཡལ་བ་ལྟར་གྱུར་སོང་བ་མ་ཏོག་དེ་ནས་ཕར་བྱོན་སོང་བའི་སྣང་བ་དེ་འདྲ་མི་འདུག
ཐུབ་བསྟན་དཔལ་བཟང་། ངས་གནམ་གཞུངས་ལ་སྤྱི་རིམ་འཚོགས་དུས་མགོ་གཙོ་སུ་རེད་ཟེར་ནས་དྲིས་པ་ཡིན། གཞི་བདག་ཚོས་དེ་དཀར་ཆུང་རེད་ལབ་བྱུང་ཟེར་ཨ་ནེས། དེ་སྔོན་ཀརྨ་ཆུང་འཕེལ་ཟེར་བ་ཕ་ཡུལ་གྱི་མི་ཞིག་ཡོད་རེད་ཁོ་རང་མགོ་གཙོ་བྱས་ནས་སྤྱི་རིམ་འཚོགས་པ་རེད།
ཨ་ནེ་བསམ་གཏན་བཟང་མོ། དེ་ཡི་ཕྱིར་དགོང་མོ་མེ་ཏོག་འདྲ་མིན་གྱི་ཆར་བབས་པ་དང་ཐུབ་བསྟན་དཔལ་བཟང་ཁོང་གཅིག་པུས་མཆོད་པ་དཔག་ཏུ་མེེད་པ་ཀྱང་ཀྱང་བཤམ་པའི་སྣང་བ་དེ་འདྲ་ཤར་བྱུང།
རིན་བཟང་། ལྷ་དེ་འདྲ་ཅི་འདུག་གམ།
བསམ་གཏན་བཟང་མོ། མི་འདུག
ཐུབ་བསྟན་དཔལ་བཟང་། ང་ལ་འདི་ཡིས་ཐུབ་དགའ་ཟེར་གྱི་རེད་ཐུབ་དགས་དེ་འདྲ་མཆོད་པ་མང་པོ་བཤམ་གྱི་འདུག་ཇོ་མོ་རྣམས་པ་ཁྱེད་ཚོས་རོག་པ་གཏན་ནས་རྒྱག་གི་མི་འདུག་ཁྱེད་ཚོའི་རོག་པ་ཞིག་རྒྱོབ་ཟེར་གྱིན་འདུག ཆུ་ཚོད་གསུམ་བཞི་ཙམ་ལ་ད་དུང་ཡང་བཤམ་གྱིན་འདུག་ད་དུང་ཡང་བཤམ་གྱིན་འདུག་ཟེར་བ་དང་མེ་ཏོག་གི་ཆར་པ་དེ་འདྲ་བབས་བྱུང་དཔེ་སྐྱིད་པོ་བྱུང་སོང་ཟེར་བ་དེ་འདྲ་ཀྱང་ཀྱང་ལབ་ཀྱིན་འདུག
རིན་བཟང་། ཁྱེད་རང་འདོན་པ་གསུངས་ནས་བཞུགས་ཡོད་པ་རེད་དམ།
ཐུབ་བསྟན་དཔལ་བཟང་། རེད།
རིན་བཟང་། ཁྱེད་རང་ཡིད་ལ་མཆོད་པ་དེ་ཚོ་ཡིད་ལ་སྒོམ་ནས་བསྡད་ཡིན་ནམ།
ཐུབ་བསྟན་དཔལ་བཟང་། བསྙེན་པ་འདྲ་ཟླས་ནས་བསྡད་ཡོད་པ་རེད་མ་ཏོག་མཆོད་པ་དེ་ཚོ་ཡིད་ཀྱི་བསམ་མ་བྱུང། མེ་ཏོག་གི་ཆར་པ་དེ་ཚོ་ང་རང་གིས་དངོས་སུ་བརྗོད་པ་ཡིན། མཆོད་པ་འདི་(བསམ་གཏན་བཟང་མོ)ཡིས་དེ་འདྲ་ལབ་པ་མ་གཏོགས་ང་རང་གིས་གཏན་ནས་དྲན་མ་བྱུང། དགོང་མ་གཅིག་ལ་མོ་རང་ལ་སྣང་བ་དེ་རྐྱང་རྐྱང་ཤར་བ་རེད།
བསམ་གཏན་བཟང་མོ། དེའི་ཕྱིར་དགོང་ལ་ཚངས་གསར་དགོན་གཙུག་ལག་རྙིང་པ་ཡོད་སའི་གཡོན་ལོག་རི་ངོས་དེ་ལ་ཤེལ་གྱི་མཆོད་རྟེན་ཆེན་པོ་བརྒྱད་ཡོད་པའི་སྣང་བ་འདྲ་ཤར་སོང་། དེ་ཡི་ཕྱིར་དགོང་ཆོ་འཕྲུལ་ཇེ་ཉུང་ལ་ཕྱིན་འདུག
ཐུབ་བསྟན་དཔལ་བཟང་། ཤེལ་གྱི་མཆོད་རྟེན་སྣང་བའི་དགོང་མོ་མོ་རང་གིས་ཚངས་གསར་དགོན་ལ་ཤེལ་གྱི་མཆོད་རྟེན་འདུག་ཁོ་ཚོ་བསྐོར་བ་རྒྱག་ལ་འགྲོ་གི་ཨེ་ཡིན་ལབ་ནས་དངོས་སུ་མཐོང་བསྡད་པ་འདྲ་བོ་འདུག
བསམ་གཏན་བཟང་མོ། མཆོད་བརྟེན་སྣང་བའི་དགོང་མོ་མཇུག་སྒྲིལ་བ་དང་ཆོ་འཕྲུལ་དེ་ཚོ་གཏན་ནས་མི་འདུག ཨ་ནེ་གཞན་པ་ཡང་ན་ཚ་མང་པོ་མི་འདུག་དྲགས་ཏུ་ཕྱིན་འདུག ད་དེ་འདྲ་རེད་བ་འོ་ལགས་སོ།
རིན་བཟང་། ཡ་ད་་་་་དེ་རིང་ཁྱེད་རྣམ་པ་གཉིས་ཀྱིས་རྒན་བསོད་ནམས་རིན་ཆེན་ངེད་གཉིས་ཀྱི་བཅར་འདྲི་དང་ལེན་བྱས་པ་བཀའ་དྲིན་ཆེ། རྗེས་མ་འདི་དག་ཡིག་ཐོག་ཏུ་ཕབ་ནས་བཀྲམ་རྒྱུ་ཡིན་པས།བདེན་པ་བདེན་དྲང་གི་སྐད་ཆ་ཡིན་དགོས་པ་རེད།དེའི་ཐད་ནས་ཡིད་ཆེས་བྱས་ཡོད།
ཐུབ་བསྟན་དཔལ་བཟང་། དེ་ངོ་མ་བདེན་པ་ཡིན། མི་ཆོས་བླ་མའི་རྫུན་མིན་པ་ཡིད་ཆེས་བྱས་ཆོག
བསམ་གཏན་བཟང་མོ། རྫུན་མིན་བདེན་པ་ངོ་མ་ཡིན།
རིན་བཟང་། ཡ་ཡ་་་་ད་བཀའ་དྲིན་ཆེ།
མི་ཆོས་བླ་མ་ནི་བཤད་འདུག མི་ཆོས་བླ་མའི་རྫུན་ནི་ཡིན་མིན་སུས་ཤེས། གང་ལྟར་བེད་སྦྱོད་སྤུ་ཙམ་ཡང་མེད་པའི་སྐད་ཆ་རྐྱང་རྐྱང་རེད། ལོ་མཚམས་བཅད་ནས་སྒྲུབ་ཁང་ནས་ལ་བསྡད་བསྡད་ནས་ཉམས་མྱོང་འདི་འདྲ་ཞིག་ལས་བཤད་རྒྱུ་མེད་ན་ཐབས་སྐྱོ་ཐག་ཆོད་རེད།
ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྒྱལ་བ་ཤཀྱཱ་ཐུབ་པའི་རྗེས་སུ་ཞུགས་པར་ཁས་འཆེ་བའི་གྲྭ་བཙུན་ཚོས་འདི་འདྲ་གསུང་བསྡད་ན་བོད་མིའི་སེམས་ཁམས་ལ་གནོད྄སྐྱོན་ཆེན་པོ་ཕོག་གི་འདུག ལྷ་དད་འདྲེ་འཇིག་གི་རེ་དོག་འདིས་དམ་པའི་ཆོས་བསྒྲུབ་པ་དང་ཡང་དག་པའི་དེང་རབས་རིག་གནས་སློབ་སྦྱོང་གི་སེམས་ཁམས་དེ་རྙོགས་མ་ཅན་དུ་བསྒྱུར་ནས་ཡག་པོ་ཞིག་གཏན་ནས་ཡོང་འཇུག་གིན་མི་འདུག
སྙན་པོ་ཞིག་འདུག
སློབ་དཔོན་པདྨས་དམ་གཞག་བཀའ་བསྒོས་གཉེར་གཏད་ཅིང་། །
བླ་མ་བློ་རིན་ཞབས་ཀྱིས་དབང་བསྐུར་བྱིན་གྱིས་བསླབས། །
ཀ་གནམ་ལྗིག་སོགས་འཁོར་བཅས་བསྟན་སྲིད་སྤྱི་དོན་དང་། །
ཁྱད་པར་འབའ་རོམ་བཤད་སྒྲུབ་དར་རྒྱས་སྡོང་གྲོགས་མཛོད། །
ལྷ་མཐོང་དང་འདྲེ་མཐོང་ཡིན་ལ་མིན་ལ་འདི་འདྲ་ཁྱབ་བསྒྲགས་བྱེད་པའི་དུས་མ་རེད།
སུས་ཡིད་ཆེས་བྱེད་གི་རེད
ལྷ་འདྲེ་འདི་ཚོས་ཀྱང་ཉམ་ཆུང་ལ་གནོད་པ་བྱེད་ཐུབ་པ་ལས་བཙན་པོར་གང་ཡང་བྱེད་ཐུབ་ཀྱི་མིན་འདུག
ལྷ་འདྲེ་གདོན་བགེགས་སོགས་གཟུགས་མེད་པའི་ལྐོག་གྱུར་གྱི་དངོས་པོ་དེ་དག་ལ་abstraction ཞེས་གཟུགས་འདས་ཀྱི་དངོས་པོ་ཞེས་བརྗོད་ན་ཆོག་པ་དང་། super nature ཞེས་པ་ལྟར་རང་བྱུང་ཁམས་ཁམས་ལས་འདས་པའི་གནས་ཚུལ་དག་ཚན་རིག་པ་དག་གིས་ཀྱང་འདོད་དགོས་པ་ལྟར། འཇིག་རྟེན་ཇི་ལྟར་གྲུབ་པའི་ཚུལ་འདི་ནི་ཚན་རིག་པ་དང་ཆོས་ལུགས་པའི་བར་གྱི་མི་མཐུན་པའི་གཞི་གཙོ་བོ་ཡིན་ཏེ། འཇིག་རྟེན་ཡོངས་རྫོགས་རྡུལ་ཕྲན་ཁོ་ན་ལས་གྲུབ་པའི་ཚུལ་གཅིག་དང་རྡུལ་ཕྲན་ཁོ་ནས་གྲུབ་པ་མ་ཡིན་པའི་ཚུལ་གཉིས་ཡོད་པས་ཕྱི་མ་ནི་ནང་པའི་ཆོས་ལུགས་པ་དག་གིས་འདོད་པ་ལྟར་འཇིག་རྟེན་བྱེད་པོ་སེམས་ཡིན་མིན་གྱི་ཐད་ལ་རྩོད་མེད་ཀྱང་དཀོན་མཆོག་གིས་བསྐྲུན་པ་ཞིག་མིན་པར་འདོད། མཁས་དབང་དགེ་ཆོས་ཀྱིས། ནང་གི་གཟུགས་བརྙན་ཕྱི་རུ་འཆར་བ་ལས།།ཕྱི་ཡི་རྣམ་པ་ཚུར་ལ་འོངས་པ་ཡིན།།ཞེས་པ་ལྟར་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་འཆར་བ་ལྟར་རང་ངོས་ནས་མ་གྲུབ་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བསླུ་མེད་སྙོན་མེད་དུ་འཆར་འོངས་བ་ཞིག་ལོས་ཡིན། ལྷ་ཁས་ལེན་པ་དང་མི་ལེན་པའི་གཞི་རྩ་ཆོས་ཁས་ལེན་མི་ལེན་ལ་ཐུག་ཡོད་པ་གསལ་བོ་རེད། གལ་ཏེ་གསང་སྔགས་ཀྱི་ཆོས་ཁས་ལེན་པ་ཞིག་ཡིན་ན་ལྷ་ཁས་མ་བླངས་ཐབས་མེད་རེད། ལྷ་དེ་ཡང་དད་པ་དང་རང་གི་མོས་ངོར་འཆར་འོངས་བ་ཞིག་ལས་གང་འདོད་དུ་འཆར་འོངས་བ་ཞིག་མ་རེད། གསང་སྔགས་མོས་བས་འགྲུབ་ཅེས་བ་ལྟར། གཙོ་བོ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ཤིང་སྙིང་རྗེ་བསྒོམ་པ་དང་གང་སྣང་ལྷ་ཡི་རྣམ་རོལ་དུ་ལྟ་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་ཚོགས་ན་ལྷ་ཡི་གྲོགས་ལ་བརྟེན་ནས་ལམ་གྱི་རྟོགས་པ་སྐྱེས་པ་ངང་གིས་འོངས་བ་ཆོས་ཉིད་ཡིན་པའི་ཕྱིར།
མི་ཡོད་ན་ལྷ་ཡོད་ཆོག་རྒྱུ་རེད། ལྷ་མེད་ན་མི་ཡོད་པའི་སྒྲུབ་བྱེད་བཀོད་ན་ལེགས
ལྷ་དང་ལས་འབྲས་ཁས་ལེན་མི་ལེན་ཟེར་བའི་གནད་རྩ་རང་ཉིད་ཀྱི་ཤེས་མི་ཤེས་ལ་ཐུག་ཡོད། གལ་སྲིད་རང་ཉིད་ཀྱིས་མ་ཤེས་ན་ཁས་ཅི་ལྟར་ལེན་ཤེས།
རྣལ་འབྱོར་ཉམས་ལ་མི་འཆར་དགུ་འཆར། དབྱར་ཁའི་སྤང་ལ་མི་སྐྱེ་དགུ་སྐྱེ་ཟེར་བ་ཡིན་པས་ལྷ་འདྲེའི་སྣང་བ་ཁྲལ་ཁྲོལ་རེ་ཤར་བ་ལ་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད། གལ་ཏེ་ལྷ་འདྲེའི་སྣང་བ་ཅི་ཤར་རང་སྣང་སྒྱུ་མའི་ཆོ་འཕྲུལ་དུ་མ་ཤེས་ནས་བདེན་པར་བཟུང་ན་འཁྲུལ་བ་ཡིན་ནོ།
རྣམ་རྟོག་རྐྱང་རྐྱང་གི་སྐད་ཆ་བཤད་བསྡད་ན། ཆོ་འཕྲུལ་ཤ་སྟག་གི་འབྲས་བུ་ལས་ཡོང་ཐབས་མེད། དེ་ནས་བྱང་ཆུབ་སེམས་སྒོམས། གཞན་ཕན་བསམ་པ་ཤིན་དུ་ཤུགས་ཆེ་བ་སྐྱེས། ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་ལ་ཞོལ་ན་ཕན་པ་མི་ཆེའམ།
ནང་པའི་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་བང་མཛོད་ནང་གི་ཤེས་བྱའི་རྣམ་གྲངས་དུ་མ་ཡོད་པ་རྣམས་ཕར་བཞག་ནས། ལྷ་དང་དྲེའི་ཆོ་འཕྲུལ་ཤ་སྟག་བཤད་ནས་རང་རྟོགས་ངོམས་སྟངས་འདི་གླེན་པའི་ཉིང་ཁུ་ཞིག་མ་ཡིན་ན། སྨྱོན་པའི་ལབ་རྟོལ་ལས་གང་བསྟན་ཐུབ་ཀྱི་མིན་འདུག
ཐོག་མར་མི་རྟག་པ་རྟོགས་པའི་བློ་དང་། ངེས་འབྱུང་བྱངས་སེམས་ཡང་དག་པའི་ལྟ་བ་གསུམ་བརྒྱུད་ལ་སྐྱེས་པར་བྱོས། གཞན་ལྷ་མིན་འདྲེ་མིན་ཡིད་ལ་རྟག་དུ་འཆར་ཡང་ཕན་པ་ཅང་མེད། ཐོག་མར་ཆོས་ལ་བསྐུལ་བའི་ཚེ་ན་ཚེ་འདི་རིང་དུ་མི་གནས་པར་མྱུར་དུ་འཇིག་པའི་ངང་ཚུལ་བསམས་ནས་དེས་བསྐུལ་ཏེ་ཆོས་ལ་འཇུག་དགོས་པ་དང་། སྐྱེས་བུ་འབྲིང་གི་སྐབས་སུ་མི་རྟག་པའི་ཚུལ་བསམས་ནས་འཁོར་བའི་ཕུན་ཚོགས་གང་ལའང་ཡིད་བརྟན་མེད་པའི་ཚུལ་བསམས་ཏེ་དེས་བསྐུལ་ནས་ལམ་སྒོམ་པ་ལ་འཇུག་དགོས་པ་དང་། སྐྱེས་བུ་ཆེན་པོའི་སྐབས་སུའང་མི་རྟག་པ་བསམས་ཏེ་འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་རིམ་གྱིས་བརྒྱུད་པའི་ངང་ཚུལ་བསམས་ལ་སེམས་ཅན་ཐམས་ཅད་རང་གི་མར་ཤེས་པ་སོགས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱངས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་དང་ཕན་འབྲས་ཆེན་པོ་ཞིག་རང་འོང་ངོ་།། །།
མི་ཆོས་བླ་མའི་རྫུན་བཤད་ན་དགེ་ཚུལ་ཡིན་ན་ཕམ་འདྲ་འབྱུང་ངེས་རེད། དགེ་སློང་ལ་ཕམ་པ་འཆབ་བཅས་དང་། དགེ་ཚུལ་ལ་ཕབ་འདྲ་འཆབ་བཅས་འགོས་ན་སྙིང་རེ་རྗེ། ཇི་སྐད་དུ་ཡང་། དགེ་སློང་བཞིན་དུ་དགེ་ཚུལ་ལ།།ཕྱིས་ནས་སྡོམ་སྐྱེས་སྐལ་བ་མེད།། །།
ལྷ་མཐོང་འདྲེ་མཐོང་དང་ལྷ་གསོལ་འདྲེ་གསོལ་གྱི་བོད་ཀྱི་ཆོས་ལུགས་སྲོལ་འཛིན་བདེན་ཆེན་པ་དག་གིས་མི་བདེན་རྫུན་བསྒྲིགས་ཀྱིས་རང་གི་ཉམ་རྟོགས་སྒྲོགས་ཁུར་འདིའི་རིགས་རྣམས་རྟོག་བཟོ་ཙམ་ལས་རིག་ལམ་ཟབ་མོའི་དགག་སྒྲུབ་མི་དགོས་པས་དུས་རབ་དེ་དང་། ལོ་རབ་འདིའི་དཔྱད་ལྡན་པ་དག་གིས་དེ་བཞིན་དུ་ཁྱེད་ལ་བདེན་ཁ་ནམ་ཡང་སྤྲོད་མི་སྲིད།
གལ་སྲིད་ཁྱེད་ལ་བསམ་ཤེས་དཔྱད་ཤེས་ཀྱི་བློ་རྩེ་ཞིག་ཡོད་ཚེ་དུས་རབ་དང་མཚམས་པའི་ལྷ་སྒྲུང་ཞིག་བཤད་པར་དགའ་བསུ་ལས་གཞན་དུ་ན་རང་ཉིད་ཕུང་བའི་རྒྱུ་ལས་མ་འདས།
ཚ་ཕྲུག་རྒྱལ་ལགས་སུ་ཞུ་རྒྱུ། ཉིད་ལ་ཡིག་ནོར་ཁག་ཅིག་འདུག་པས་བསྟན་ན་དགོངས་པ་ཚོམས་མི་རུང་།
༼ དུས་རབ་དེ་དང་། ༽ དུས་རབས་ཟེར་དགོས།
༼ ལོ་རབ་འདིའི༽ ལོ་རབས་འདིའི་ཞེས་ཟེར་དགོས།
༼ དཔྱད་ལྡན་པ་དག་གིས༽ དཔྱོད་ལྡན་པ་ལབ་དགོས།
༼དཔྱད་ཤེས་ཀྱི་བློ་རྩེ་ཞིག་ཡོད་ཚེ༽དཔྱོད་ཤེས་ལབ་ན་བདེ།
༼ དུས་རབ་དང་མཚམས་པའི་ལྷ་སྒྲུང་ཞིག་༽ དུས་རབས་དང་འཚམས་པའི་ཟེར་དགོས།
༼ རང་ཉིད་ཕུང་བའི་རྒྱུ་ལས་མ་འདས།༽ རང་ཉིད་ཕོངས་པའི་རྒྱུ་ལས་ཟེར་དགོས་པ་འདྲ།
ལྷ་འདྲེ་མཐོང་རྒྱུ་ཡོད་པ་དང་ལྷ་འདྲེར་རང་རང་གི་ཚོད་ཀྱི་ནུས་པ་ཡོད་པ་དེ་སྐུ་མདུན་ཚུན་ཆད་ཀྱིས་ཁས་ལེན་གི་རེད། རྒྱལ་བ་རིན་པོ་ཆེས་ནང་ཆོས་ཉམས་ལེན་དང་སློབ་སྦྱོང་བྱེད་སྟངས་དེང་རབས་དང་མཐུན་པ་ཞིག་ཡོང་རྒྱུའི་སྐོར་ལ་བཀའ་སློབ་ཚར་སྟོང་ཕྲག་ཡན་གསུངས་པ་རེད་དེ། རྡ་ས་ནས་ད་དུང་བོད་པའི་སྤྱི་དོན་དང་རྒྱལ་བའི་ཞབས་བརྟན་སོགས་ལ་ལྷ་འབེབ་ལུང་ཞུ་གནང་གི་ཡོད་པ་དེ་ལ་གནད་འགག་ཅིག་ཡོད་དང་མེད། མེད་ན་སྐུ་མདུན་ག་འདྲ་ཞིག་ཆགས་སོང་། ལྷ་འདྲེ་མཐོང་རྒྱུ་ཡོད་པ་དང་མིའི་ཁོག་ལ་ཞུགས་རྒྱུ་ཡོད་པར་ངོས་ལེན་མེད་ན་རྡ་རམ་ས་ལར་སོང་ནས་གཞུང་འབྲེལ་སྲུང་མ་དེ་ཚོ་ལྷ་འབེབ་པ་དང་ལུང་བསྟན་རྒྱག་པ་དེ་ཚོའི་སྐོར་གླེང་སློང་བྱོས། ཆེ་ས་གཉན་སར་ཁ་བཙུམས་ནས་གོང་གི་གྲྭ་པ་གྲྭ་རྐྱང་དང་ཨ་ནེ་ཉམ་ཆུང་རྒྱབ་རྩ་ཅི་ཡང་མེད་པ་གཉིས་ཀྱི་སྟེང་དུ་ལྷ་མེད་སྨྲ་བ་དང་རྨོངས་དད་དགག་པའི་གྲི་དང་སྟ་རེ་ཁྱེར་ནས་མཆོང་མ་མཆོང་ཡོད་ནི་མ་རེད་འདོད།
བཙན་གྱིས་བྲག་ཕུག་ལ་གནས་ཤིང་། །
དགོས་པའི་ཉམས་ལེན་མ་བྱས་པར། །
གེ་སར་སྒྲུང་ལྟར་བསྒྲིགས་བྱས་ཏེ། །
ཕྱི་ལ་བསྒྲགས་པ་ངོ་རེ་ཚ། །
ཐོས་པའི་དེ་ཙམ་མི་དགོས་པར། །
བཙན་གྱིས་སྒོམ་ལ་ཞུགས་པ་ཡི། །
ཆོས་རྒྱུད་ལ་ལའི་གོམས་སྲོལ་འདི། །
ཁྱི་སྐྱག་བཞིན་དུ་དོར་ན་ལེགས། །
ལྷ་འདྲེ་གདོན་གསུམ་ཡོད་ཀྱང་རུང་། མེད་ཀྱང་རུང་།
ལྷ་འདྲེ་གདོན་གསུམ་ཁས་བླངས་ནའང་འགྲིག ཁས་མ་བླངས་ནའང་འགྲིག
ལྷ་འདྲེ་གདོན་གསུམ་དང་མིའི་སྤྱི་ཚོགས་དབར་གྱི་ཕན་གནོད་འབྲེལ་བ་ག་རེ་ཡིན་པ་དེ་གཙོ་བོ་རེད།
དེང་སང་སྔོན་ཆད་དང་མི་འདྲ་བར་མཚན་ནག་གུང་གི་འདྲེ་བཤད་ལ་ཞེ་དགོས་གི་མ་རེད། ག་ས་ག་ལ་གློག་སྒྲོན་ཡོད་པ་རེད། ཆུང་དུས་ཀྱི་སྐབས་དེར་མཚན་གུང་མེ་ཁ་ནས་འདྲེ་བཤད་ལ་ཉན་རྗེས་ཁྱིམ་དུ་ལོག་ཡོང་དུས་ལམ་ཁའི་གཡས་གཡོན་གྱི་ནག་ཁུང་ཡོད་ཚད་ན་འདྲེ་ཡོད་པའི་སྣང་བ་ཤར་ཞིང་དངངས་སྐྲག་སྐྱེས་གི་རེད།
དོན་དངོས་ཐོག་ནག་ཁུང་དེ་ན་འདྲེ་ཡོད་ནས་སྐྲག་པ་མ་ཡིན་པར་འདྲེ་བསམ་ནས་སྐྲག་པ་རེད།
འདྲེ་གོ་མྱོང་མེད་པའི་མི་ཚོ་འདྲེ་མགོ་དགུ་ཅན་ཞིག་བསླེབས་ནའང་སྐྲག་གི་མ་རེད། ཧཧཧ ཀུ་རེ་ཡིན།
འདོད་ལྷ་ཁམས་པ།
འདྲེ་གོ་མྱོང་མེད་པའི་མི་དེ་མ་ཧེ་ནང་བཞིན་རེད།
གསོད་མཁན་གྱིས་སྟ་རེ་གནམ་དུ་ཕྱར་ཡང་ཁོས་ཧ་མི་གོ
མགོ་ལ་བཞུད་ན་གདོད་ནས་གོ་བ་བཞིན་ཡིན་ནོ་ལོ།
ཧཧ དགའ་སྤྱོད།
སྟ་རེས་གནམ་ལ་འཕྱར་ནས་གསོད་རྩིས་བྱེད་ན་མ་ཧེ་ཡིན་ཡང་སྐྲག་གི་རེད། མི་སྐྲག་ཟེར་ན་ཚོད་ལྟ་བྱོས།
ཁ་དཔེ་ལ། ར་བསད་ལུག་འདར་ཟེར་པའི་དོན་དེ་རེད།
ཡིན་ན་ཡང་། མ་ཧེ་དང་ར་ལུག་རྣམས་འདྲེ་ལ་སྐྲག་གི་མ་རེད། དེ་བདེན་པ་རེད། ཁོང་ཚོར་འདྲེ་བཤད་རྒྱག་མཁན་མེད་ཙང་། སེམས་ལ་རྣམ་རྟོག་འདྲ་མིན་ཤར་རྒྱུ་མེད།
གལ་སྲིད་ཁྱོད་མ་རྫི་ཞིག་ཡིན་ན་མ་ཧེ་འདྲེ་ཁང་ནང་དུ་འཁྲིད་ནས་ཅིག་ལྟོས་དང་ཤེས། ཧཧཧ
རིག་གནས་གསར་བརྗེའི་སྐབས་སུ་ལྷ་འདྲེ་དེ་ཚོ་གྲག་འགུལ་ཅི་ཡང་མི་འདུག་ལ། །ལོ་རབས་བདུན་ཅུ་བའི་ནང་ནས་ག་ལེར་ཆོས་འདོན་མགོ་ཚུགས་པ་དང་དེ་མཚུངས་ཆོས་ཡོད་ས་ན་ལྷ་འདྲེ་དར་ཞེས་པ་ལྟར་ལྷ་འདྲེ་དེ་ཚོ་ཡང་ཁ་གྲག་ཡ་འདུག །འདྲེ་ལ་འཇིག་རྟེན་པ་མ་གཏོགས་འཇིག་རྟེན་ལས་འདས་པ་ཡོད་པ་མ་རེད། ལྷ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ཡོད། འཇིག་རྟེན་འདས་ལས་འདས་པའི་སྐོར་ལ། གསང་སྔགས་ཀྱི་ལྷ་ཡི་རྣལ་འབྱོར་བ་དེ་ཚོས་རང་ཉིད་ཡི་དམ་གྱི་ལྷར་སྒོམ་པ་དང་དེ་ལ་བཅོས་མིན་གྱི་ང་རྒྱལ་བཞག་ན་དངོས་པོ་ལ་ལྷར་མ་སོང་ཡང་དགོས་པ་འགྲུབ་པོ་ཞེས་པ་ལྟར་ཐ་མལ་གྱི་སྣང་བ་དང་ཞེན་པ་འགོག་པའི་དགོས་པ་འགྲུབ་ནུས་ཡིན་པ་ལྟར་ལྷ་ཡི་རྣལ་འབྱོར་ནི་མེད་དུ་མི་རུང་བ་དང་། དོན་ཕྱིན་ཅི་ལོག་མ་ལོག་གང་དང་གང་ཡིན་རུང་དེ་ལ་གོམས་ན་གསལ་སྣང་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར། རིགས་པའི་དབང་ཕྱུག་གིས། འདོད་འཇིགས་མྱ་ངན་གྱིས་བརླམས་དང་།།རྐུན་པོ་མི་སོགས་ཀྱིས་བསླད་པས།།མདུན་ན་གནས་པ་བཞིན་དུ་ནི།།ཡང་དག་མིན་པ་མཐོང་བར་འགྱུར།།ཞེས་པ་ལྟར་ཆགས་ལྡན་པ་ཞིག་གིས་རང་གི་ཆགས་ཡུལ་དེ་ལ་ཡང་དང་ཡང་དུ་ཡིད་ལ་བྱས་ན་མདུན་ན་མངོན་སུམ་དུ་ཡོད་པ་བཞིན་དུ་མཐོང་བར་གསུངས་ཡོད། དེ་བཞིན་དུ་ཞེ་སྡང་དང་འཇིགས་པ། མྱ་ངན་དང་རྐུན་པོ་སོགས་ལའང་འདྲ། གང་ལྟར་སེམས་ཀྱི་གསང་བ་འདི་ལ་ཚན་རིག་པ་ཚོ་ཡང་མགོ་འཐོམས་ནས་བསྡད་ཡོད་པ་རེད། འདྲེ་ཞེས་པ་མི་མ་ཡིན་གྱི་རིགས་ཤིག་ཡིན་ཏེ། འོན་ཀྱང་བར་སྲིད་པ་མ་རེད། ཆགས་ཞེན་དང་ལས་སྣང་མ་དག་པའི་དབང་གིས་འདྲེར་སྐྱེ་བ་དང་འཇིག་རྟེན་གྱི་དཔེར། མི་ངན་ལ་ཁྱོད་མི་མ་ཡིན་ཟེར་བ་ལྟར་ཕྱིན་ཅི་ལོག་གི་བློ་དེའི་དབང་གིས་མི་ཡི་ལུས་ལ་འདྲེ་ཡི་བསམ་པ་ཅན་ཟེར་གི་ཡོད་པ་རེད།
དྲ་གྲོགས་རྣམ་པ་ལགས།
ལྟ་བའི་གདེངས་ཆེན་ཞིག་ཐོབ་མེད་ན་ལྷ་མེད་འདྲེ་མེད་ཆེར་མ་གསུངས་མ་གཏོགས་རྒྱངས་འཕེན་པ་དང་མའོ་ཀྲུའུ་ཞིའི་ལྟ་བའི་རྗེས་སུ་བསྙེག་སྲིད། ཁོང་སྙེན་སྒྲུབ་པ་རྣམ་པའི་ཉམས་སྣང་དེ་འཁྲུལ་སྣང་ཞིག་ཡིན་ཡང་། ང་ཚོ་གྲོང་ཁྱེར་ནང་དུ་སྒོར་མོ་དང་གཞན་སྐྱོན་འཚོལ་གྱིན་རྒྱུ་བ་རྣམས་ཀྱི་འཁྲུལ་སྣང་ལས་ལེགས་ཤིག་ཡིན་སྲིད། ལ་མ་གཞི་ཆོས་ཅན་རྟགས་ཀྱི་ལྷ་དང་ཆོས་ཉིད་དོན་གྱི་ལྷ་སོགས་ཡོད་པས་དེ་འདྲ་དེ་འདྲ་ལས་ཉམས་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་ནས་མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས་པ་མིན་ན་ས་དང་ལམ་གྱི་རིམ་པ་ཡང་དགོས་པ་མེད་པར་ཐལ་མི་འགྲོའམ།
ལྷ་མི་གཉིས་ཀྱི་སྤྱོད་ལམ་ལས་ཀྱང་མཐུན། །
དེས་ན་རིག་གནས་གསར་བརྗེའི་སོགས་ཀྱི་སྐབས། །
མི་རྣམས་མནར་དང་ནུས་པ་བྲལ་བའི་དུས། །
ལས་ཀྱིས་ལྷ་ཡང་ནུས་མེད་ལྟ་བུར་གྱུར། །
འོན་ཀྱང་དེང་སང་དཀར་པོ་རྒྱས་པའི་དུས། །
དཀར་བའི་ལྷ་ཚོགས་ཆོ་འཕྲུལ་མཐོང་ཐོས་ལ། །
མ་དགའ་ཐེ་ཚོམ་མ་གྱིས་འབྲེལ་མཐུད་བྱོས། །
འདི་ཕྱི་གཉིས་ལ་གཉིས་ཕན་འོང་ཡང་སྲིད། །
ད་ལས་ཀར་འགྲོ་རན་སོང་བས། ཀ་ནམ་ལྗིག་གསུམ་གྱིས་ལམ་ལ་གྲོགས་མཛོད་ཅིག །
ད་ག་རེ་ལབ་ཀྱང་རུང་། རིགས་དྲུག་ཡོད་ཆོག་ན་ལྷ་འདྲེ་ཡོད་ཆོག་ངེས། ཡོད་ཚད་ཀུན་གྱིས་མཐོང་བར་མ་ངེས་ཏེ་ ཀུན་ལ་བགས་ཆགས་གཅིག་མཚུངས་སུ་ཡོད་པ་མ་ངེས་པས་སོ། ཁག་གཅིག་གིས་མཐོང་ཆོག་སྟེ་ དེ་དང་དེར་མཐོང་ནུས་པའི་ལས་སྣང་སོ་སོར་བ་ཞིག་ཡོད་པའམ་རྐྱེན་འགའ་ཞིག་འབྱུང་ཆོག་པས་སོ།
ཆོས་བྱེད་པ་འདི་རྣམས་ཀྱི་ལྷ་སྒྲུང་བཤད་པ་དེས་མི་ཆོས་བླ་མའི་རྫུན་བཤད་པའི་ཕམ་པ་ཞིག་ཕར་བཞག་
ཆོས་པ་འདི་རྣམས་ལ་སྒྲུང་འདི་བཞིན་ཁྱབ་བརྡལ་བཟོ་འདོད་ཀྱི་ཀུན་སློང་ཞིག་ཀྱང་མེད་ལས་ཆེ། རྒྱུ་མཚན་ནི་གང་ཟག་གཞན་ཞིག་གིས་འདྲི་བརྩད་ནན་མོ་བྱས་བརྟེན་གནས་ཚུལ་འདི་བྱུང་བ་མཐོང་ཆོས་རེད། དེས་ན་ཆོས་བྱེད་པ་ཉམས་ཆུང་འདི་ཚོ་ལ་བརྙས་ཚིག་དང་དམོད་བསྐུར་རིགས་མ་གནང་རོགས་ཞུ།།
༄༅། ཀཿརྒྱལ་རྡོ་རྗེ་ལྷ་བཙན་གྱི་གསོལ་མཆོད་དཔའ་བོའི་ཧཱུྃ་སྒྲ་བཞུགས་སོ།
ན་མོ་བཛྲ་ཀུ་མ་ར་ཡེ༌། རྡོ་རྗེ་ལྷ་བཙན་མཆོད་འདོད་པས། །དམརགཏོར་ཟས་སྣ་ཅི་འབྱོར་བཤམས། །ནམ་མཁའའི་མཛོད་ཀྱིས་སྔགས་རྒྱས་སྤེལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས། ཧྲཱི་ཧཱུྃ་ཛ་བྷྱོ། དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡི། །བཀའ་ཡི་སྲུང་མ་མཐུ་རྩལ་ཅན། །ཀཿརྒྱལ་རྡོ་རྗེ་ལྷ་ཡི་བཙན། །དམ་ཚིག་ཅན་ཁྱོད་ད་ཚུར་གསོན། ཧཱུྃ། རྡོ་རྗེ་ལྷ་བཙན་མཐུ་བོ་ཆེ། །བཞུགས་པའི་སྐུ་མཁར་དབུས་ནས་བཞེངས། །རྫུ་འཕྲུལ་ཤུགས་ཀྱིས་སྐད་ཅིག་གཤེགས། །དགྱེས་འཛུམ་ལྡན་པས་གནས་འདིར་བཞུགས། ཧཱུྃ། ཁྱོད་ལ་མཆོད་པའི་ཡོ་བྱད་ནི། །ཕྱི་ནང་གསང་མཆོད་སྤྲིན་ལྟར་གཏིབས། །འདོད་ལྔ་རྒྱལ་སྲིད་རྫས་རྟགས་བརྒྱད། །རི་གཡུང་སྤྱན་གཟིགས་རོལ་མོ་འབུལ། ཧཱུྃ། ཁྱད་པར་དཔའ་བོའི་ཀི་སྒྲ་ལྡིར། །མགྱོགས་པའི་རྟ་མཆོག་གྲོ་དམར་འཕྱོ། །འགྱིངས་པའི་གཡག་ནག་ཞོལ་ཅན་བརྗིད། །རྔམ་པའི་འཕར་སྤྱང་དྲེད་སོགས་འབུལ། ཧཱུྃ། རྨད་བྱུང་དགྲ་བོའི་སྙིང་ཁྲག་དང༌། །གཅོད་བྱེད་རལ་གྲི་ཟངས་ཡག་ཕྱར། །འབིག་བྱེད་མདུང་དམར་རུ་མཚོན་བསྒྲེང༌། །འཆིང་བྱེད་ཞགས་པ་དམར་ནག་འབུལ། ཧཱུྃ། གཞན་ཡང་མཁོ་དགུའི་ཡོ་བྱད་དང༌། །མཛེས་དགུའི་སྤྱན་གཟིགས་མ་ཚང་མེད། །བདག་པོའི་བཟུང་དང་མ་བཟུང་རྣམས། །གནམ་སའི་ཁྱོན་ཀུན་བསྐང་ཏེ་འབུལ། ཧཱུྃ་ཧཱུྃ། རིག་འཛིན་པདྨ་འབྱུང་གནས་དང། །རྩ་བརྒྱུད་བླ་མ་དམ་པ་ཡི། །གཉེར་གཏད་དམ་ལས་མ་འདའ་བར། །སྔོན་གྱི་ཞལ་བཞེས་དྲན་པར་གྱིས། ཧཱུྃ། རྒྱལ་དབང་པདྨའི་བཀའ་སྡོད་ཁྱོད། །རྡོ་རྗེ་ཕུར་པའི་སྲུང་མ་ཁྱོད། །ཡུལ་སྐྱོང་གཞི་བདག་མཐུ་ཆེན་ཁྱོད། །རྣལ་འབྱོར་བདག་གི་གདོང་གྲོགས་ཁྱོད། ཧཱུྃ། བསེ་ཡེ་སྐྱེས་བུའི་མི་སྡུག་གཟུགས། །གཟི་རྔམ་མེ་འོབ་ཚྭ་དབལ་གྱིས། །མཐའ་འདྲེ་བགེགས་ཀྱི་སྦྲང་བུའི་ཚོགས། །གཞོབ་ཐུལ་ཙམ་ཡང་མེད་པར་བསྲེགས། ཧཱུྃ། ཁྲོས་པའི་སྡང་མིག་གཟིར་བའི་བགེགས། །ཟ་བྱེད་ཞལ་གྱི་མཆེ་བའི་རྩེར། །དམ་ལོག་འབྱུང་པོའི་བླ་སྲོག་དབུག །སྙིང་ཁྲག་དྲོད་རླང་ཐུལ་བཞིན་བཞེས། ཧཱུྃ། ཟངས་གྲི་བསེ་ཡི་ཕུར་པ་དང༌། །ཁྲབ་རྨོག་ཕུབ་ཆེན་དམག་གི་ཆས། །མགྱོགས་པའི་རྟ་ཞོན་དཔའ་ངར་གདོང། །མི་ཚུག་སྡང་བྱེད་བྲན་དུ་ཁོལ། །ཧཱུྃ། མ་ཡེལ་སངས་རྒྱས་བསྟན་པ་སྲུང༌། །མ་ཞུམ་དགྲ་བགེགས་ཐལ་བར་བརློག །མ་འཆུག་རང་ཡུལ་སྐྱོང་བ་དང༌། །མ་བསྙེལ་རྒྱལ་བསྟན་བྱ་ར་མཛོད། ཧཱུྃ། རིག་འཛིན་བདག་ལ་དུས་ཀུན་དུ། །སྲུང་སྐྱོབ་འདོད་པའི་དོན་ཀུན་སྒྲུབ། །ཕྱོགས་ལས་རྣམ་པར་རྒྱལ་བ་དང༌། །སྙན་གྲགས་འཛམ་གླིང་ཁྱབ་པར་མཛོད། ཧཱུྃ། བཅོལ་ལོ་ལས་བཞིའི་ཕྲིན་ལས་རྣམས། །སྒྲུབ་བོ་མཐུ་དང་རྩལ་མ་ཆུང༌། །བསྟོད་དོ་དབུ་འཕང་སྲིད་པའི་རྩེར། །འབར་རོ་གཟི་བརྗིད་བཀྲ་ཤིས་དཔལ། ཧཱུྃ། རྒྱལ་བསྟན་ཉམས་རྒུད་དུས་འདི་རུ། །མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང། །མི་ཉམས་གོང་འཕེལ་དར་རྒྱས་སྤེལ། །བཅོལ་བའི་ལས་ལ་མ་གཡེལ་ཅིག །ས་མ་ཡ།།
ཡ་འདོད་ལྷ་ཁམས་པ། སྤུན་གཉིས་ར་ལུག་སྐོར་ལ་ཡང་བསྐྱར་གླེང་ན།
མ་ཧེ་དུད་འགྲོ་ཡིན་པའི་རྒྱུ་མཚན་གྱིས་འདྲེ་ལ་མི་སྐྲག་ཟེར་རམ།
ཡང་ན་འདྲེ་འདྲེ་རུ་མ་ཤེས་པའི་རྒྱུ་མཚན་གྱིས་མི་སྐྲག་ཟེར།
འོ་ན་འདྲེ་ཤེས་བྱ་ལ་མ་གྲུབ་ཟེར།
དང་པོ་ལྟར་ན།
དུད་འགྲོ་ཁྱི་དང་རྟ་ཡིས་འདྲེ་མཐོང་ནས་ཟུག་པ་དང་རྟ་འགྲོགས་པ་སོགས་དངོས་ཡོད་བོད་ཡུལ་ལ་ཡོངས་གྲགས་ཡིན་པ་྄ཁྱེད་རང་ཧ་གོ་ཡོད་རྒྱུ་རེད།
གཉིས་པ་ལྟར་ན། འདྲེ་དང་འབྱུང་པོ་མ་རུང་བཏུལ་མཁན་རྣམས་ཀྱིས་འདྲེ་བཏུལ་དམ་བཞག་གི་གནས་ལུགས་མཐར་ཕྱིན་ཤེས་པས། དེས་ན་སྔར་གྱི་ཨོ་རྒྱན་པདྨ་དང་རྣལ་འབྱོར་མི་ལ་སོགས་ལྷག་ཏུ་འདྲེ་ལ་སྐྲག་དགོས་པ་འདུག་པས། འདྲེ་བཤད་ཡོད་པས་སྐྲག་པས་ཁྱབ་པ་མི་གྲུབ་ལོ། འོན་ཏེ་འདྲེ་ཤེས་བྱར་མ་གྲུབ་ཟེར་ན། མཁན་སློབ་ཆོས་གསུམ་གདན་འཛོམས་ཀྱིས་ཐོག་དཔལ་བསམ་ཡས་གཙུག་ལག་བཞེངས་སྐབས་སུ་ནག་ཕྱོགས་འདྲེ་བཏུལ་དམ་བཞག་དང་། ལྷ་འདྲེས་བརྩིགས་པའི་ས་རྡོ་ད་དུང་ཡང་རབ་རིབ་མེད་པའི་མིག་གི་མཐོང་སྣང་དུ་གྲུབ་པས། ལྷ་ཁང་རྙིང་པར་གནས་བཤད་ཅི་དགོས་སམ། ཧ་པོ་རི་ཡི་ཡང་གོང་དུ། ལྷ་སྲིན་ཐམས་ཅད་དམ་ལ་བཏགས། ཞེས་པས་ཤེས། འདྲེ་ཤེས་བྱ་ལ་མེད་ན། འདྲེས་བརྩིགས་པའི་ས་རྡོའི་ལྷ་ཁང་དེ་བས་གྲུབ་མི་སྲིད་པས། ཁྱད་གཞི་རྒྱང་མེད་པའི་རྒྱང་རིས་བཞིན་དུ་སོང་།
ལར་ནས། འདོད་ལྷ་ལ་ཁམས་པ་ཁྱོད། ལྷ་ཡོད་པ་ཁས་ལེན་བཞིན་དུ། འདྲེ་མེད་པ་ཅི་ཟེར་སྒྲུབ། ལྷ་འདྲེ་གཉིས་ཕན་ཚུན་བལྟོས་གྲུབ་ཡིན་པ་ཙང་ཡང་མི་ཤེས་སམ། ཕར་ངོས་ཡོད་ན་ཚུར་ངོས་ཅི་སྟེ་མེད། ཧེ་ཧེ། ལྷ་ཡོད་མེད་སྨྲ་བའི་བུ་ཆུང་དང་། །གཞན་རིག་གསར་རྗེས་འབྲང་དེང་རབས་པ། །དོན་དངོས་མཐོང་ཐུན་མོང་མིག་ལམ་དུ། །གཏམ་ཉོབ་ཀྱི་ཚིག་ཚོགས་ཉུང་གཏང་སྟེ། །བསླུ་མེད་ཀྱི་དྲང་གཏམ་ཉན་ལ་རེ།
ཡ་འདོད་ལྷ་ཁམས་པ། སྤུན་གཉིས་ར་ལུག་སྐོར་ལ་ཡང་བསྐྱར་གླེང་ན།
མ་ཧེ་དུད་འགྲོ་ཡིན་པའི་རྒྱུ་མཚན་གྱིས་འདྲེ་ལ་མི་སྐྲག་ཟེར་རམ།
ཡང་ན་འདྲེ་འདྲེ་རུ་མ་ཤེས་པའི་རྒྱུ་མཚན་གྱིས་མི་སྐྲག་ཟེར།
འོ་ན་འདྲེ་ཤེས་བྱ་ལ་མ་གྲུབ་ཟེར།
དང་པོ་ལྟར་ན།
དུད་འགྲོ་ཁྱི་དང་རྟ་ཡིས་འདྲེ་མཐོང་ནས་ཟུག་པ་དང་རྟ་འགྲོགས་པ་སོགས་དངོས་ཡོད་བོད་ཡུལ་ལ་ཡོངས་གྲགས་ཡིན་པ་྄ཁྱེད་རང་ཧ་གོ་ཡོད་རྒྱུ་རེད།
གཉིས་པ་ལྟར་ན། འདྲེ་དང་འབྱུང་པོ་མ་རུང་བཏུལ་མཁན་རྣམས་ཀྱིས་འདྲེ་བཏུལ་དམ་བཞག་གི་གནས་ལུགས་མཐར་ཕྱིན་ཤེས་པས། དེས་ན་སྔར་གྱི་ཨོ་རྒྱན་པདྨ་དང་རྣལ་འབྱོར་མི་ལ་སོགས་ལྷག་ཏུ་འདྲེ་ལ་སྐྲག་དགོས་པ་འདུག་པས། འདྲེ་བཤད་ཡོད་པས་སྐྲག་པས་ཁྱབ་པ་མི་གྲུབ་ལོ། འོན་ཏེ་འདྲེ་ཤེས་བྱར་མ་གྲུབ་ཟེར་ན། མཁན་སློབ་ཆོས་གསུམ་གདན་འཛོམས་ཀྱིས་ཐོག་དཔལ་བསམ་ཡས་གཙུག་ལག་བཞེངས་སྐབས་སུ་ནག་ཕྱོགས་འདྲེ་བཏུལ་དམ་བཞག་དང་། ལྷ་འདྲེས་བརྩིགས་པའི་ས་རྡོ་ད་དུང་ཡང་རབ་རིབ་མེད་པའི་མིག་གི་མཐོང་སྣང་དུ་གྲུབ་པས། ལྷ་ཁང་རྙིང་པར་གནས་བཤད་ཅི་དགོས་སམ། ཧ་པོ་རི་ཡི་ཡང་གོང་དུ། ལྷ་སྲིན་ཐམས་ཅད་དམ་ལ་བཏགས། ཞེས་པས་ཤེས། འདྲེ་ཤེས་བྱ་ལ་མེད་ན། འདྲེས་བརྩིགས་པའི་ས་རྡོའི་ལྷ་ཁང་དེ་བས་གྲུབ་མི་སྲིད་པས། ཁྱད་གཞི་གྱང་མེད་པའི་གྱང་རིས་བཞིན་དུ་སོང་།
ལར་ནས། འདོད་ལྷ་ལ་ཁམས་པ་ཁྱོད། ལྷ་ཡོད་པ་ཁས་ལེན་བཞིན་དུ། འདྲེ་མེད་པ་ཅི་ཟེར་སྒྲུབ། ལྷ་འདྲེ་གཉིས་ཕན་ཚུན་བལྟོས་གྲུབ་ཡིན་པ་ཙང་ཡང་མི་ཤེས་སམ། ཕར་ངོས་ཡོད་ན་ཚུར་ངོས་ཅི་སྟེ་མེད། ཧེ་ཧེ། ལྷ་ཡོད་མེད་སྨྲ་བའི་བུ་ཆུང་དང་། །གཞན་རིག་གསར་རྗེས་འབྲང་དེང་རབས་པ། །དོན་དངོས་མཐོང་ཐུན་མོང་མིག་ལམ་དུ། །གཏམ་ཉོབ་ཀྱི་ཚིག་ཚོགས་ཉུང་གཏང་སྟེ། །བསླུ་མེད་ཀྱི་དྲང་གཏམ་ཉན་ལ་རེ།
སྔོན་བྱུང་གངས་རིའི་ངོ་མཚར་ལང་ཚོ་ཀུན།
ལྷ་གྲུང་ཀུན་བཏགས་རྟོགས་བརྗོད་སྨྲ་བའི་དེང་།
ཡང་དག་གངས་ཅན་མི་བུ་གཞོན་ནུ་ཚོ།
ཀྱ་ཀ་མ་བུའི་ཤེས་རིག་དར་དོན་ཅི།
ཨ་ནེ་ལགས། ཁྱོད་རང་ལྷ་འདྲེ་དག་གིས་མནའ་མ་ཁྲིད་འདོད་ཡོད་པ་འདྲ། དེ་ནི་ཧ་ཅང་ཡག་པོ་ཞིག་མིན་ནམ་སྙམ། དེང་སང་ཚན་རིག་གྲགས་ཅན་པ་དག་་བོད་པ་ཚོས་་ཨ་རི་སྐྱོད་འདོད་ལྟར་ལྷ་འདྲེའི་ཡུལ་ལ་འགྲོ་ས་མཐོང་ས་མི་རག་ནས་སྡོད་ཡོད་པ་རེད། གལ་སྲིད་ཨ་ནེ་ལགས་དེ་གར་གཉེན་ལ་སོང་ན་ཁྱོད་ཀྱིས་་ད་སྔོན་མཇལ་བར་ལྟར་གསང་བའི་ལྐོག་གྱུར་གྱི་གནས་མང་པོ་ཞིག་རྟོགས་ཐུབ་ལ། དེ་དུས་ཨ་ནེ་ལགས་ཕྱིར་འཁོར་ཡོང་དུས་་ལྷ་འདྲེ་ཁས་མི་མཁན་དག་གི་མགོ་ལ་རྡོ་ཚ་བོ་ཚ་བོ་ཞིག་དབུགས་ཐུབ་སོང་བ་མིན་ནམ།
ད་དུང་དགེ་རྒན་གླུ་སྨྱོན་ལ་ཞིབ་ཏུ་དྲིས་ན་ཁོང་ཡང་་ལྷ་འདྲེའི་རྒྱལ་བླུན་གང་རུང་ཞིག་དང་འབྲེལ་ཟབ་ཡོད་སྐད་འདུག་
ཨ་ནེ་ལགས་ ཁྱོད་རང་སྔ་དགོང་དུ་སེམས་མ་གཡེང་ནས་སྒྲོལ་མ་འདོན་དང་ལྷ་འདྲེ་ཡོང་གི་མ་རེད
ཨ་ནེ་ལགས་བྱང་ཆུབ་ཀྱི་སེམས་ལ་གོམས་འདྲིས་ཅུང་ཙམ་གནང་དང་།འདྲེས་གནོད་དོགས་མེད་པ་མ་ཟད་ཚེ་ཕྱི་མར་འདི་ལྟ་བུས་ཕན་ངེས་རེད།གཞན་སྐྱེ་བུ་ཆུང་འབྲིང་ཆེ་གསུམ་གྱི་བསམ་པ་སྔོན་དུ་མ་སོང་བར་མཚམས་ལ་མི་ཚེ་གང་པོ་བསྡད་ཀྱང་ཕན་འབྲས་ཆེན་པོ་ནམ་མཁའི་མེ་ཏོག་དང་མཚུངས་སོ།། །།
དགའ་སྤྱོད།
བདེན་པ་རེད། སློབ་དཔོན་པདྨ་འབྱུང་གནས་ལ་མཚོན་ན་ཧང་སངས་ཡག་རེད། སྐབས་དེ་དུས་བོད་ཡུལ་དུ་འདྲེ་དང་གདོན། སྲིན་པོའི་ཁེངས་ནས་ཡོད་པ་རེད། སློབ་དཔོན་མཆོག་གིས་ཚང་མ་དམ་ལ་བཏགས་པ་རེད། དེང་སང་ཡང་ཟླ་རེ་གི་ཚེས་བཅུའི་ཉིན་སློབ་དཔོན་ཁོང་མཚམས་རེར་བོད་ཡུལ་ལ་སྐོར་རྒྱག་གི་མི་ངོམ་པའི་དབྱིངས་ནས་ཕེབས་བཞིན་ཡོད་པ་རེད།
ཡིན་ན་ཡང་། འདྲེ་དང་གདོན་ལ་ལ་ལྷག་བསྡད་ཡོད་པ་རེད། དི་མོ་ཟིག་ཨེ་རེད། དགའ་སྤྱོད་ལགས།
ཆོས་དུང་ངམ་ཚོགས་དུང་
དུང་དཀར་ནི་ནང་བསྟན་་ཆོས་ལུགས་ཀྱི་དགེ་འདུན་སྤྱན་འདྲེན་པའི་ཡོ་བྱད་ཅིག་ཡིན་པས་ཆོས་དུང་ངམ་ཚོགས་དུང་ཞེས་ཀྱང་གྲགས་སྤྱིར་བོད་ཀྱི་དགོན་སྡེ་མང་ཆེ་བར་དར་སྲོལ་ཆེན་པོ་ཡོད་དེའང་རྗེ་གུང་ཐང་བསྟན་པའི་སྒྲོན་མེས[་ལྟ་སྤྱོད་གཙང་མའི་]རྒྱུད་པ་སྤེལ་བའི་ཕྱིར་ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ་ཆོས་གདུང་གནས་ཤིང་ལུང་བསྟན་བདེན་པའི་མཐུས་བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅི་ཅེས་གསུངས་པ་ལྟར་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་རྟེན་འབྲེལ་གྱི་གནས་ཁྱད་པར་ཅན་ཡིན་པས་དགོངས་ཏེ་ཆོས་དུང་དཀར་པོ་འགོག་པ་རི་ལ་གཏེར་དུ་སྦས་པ་དེ་ཉིད་ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པར་ཁྱོད་ཀྱི་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་་དགོན་མ་ལས་བུ་དགའ་བ་དར་རྒྱས་ཆེན་པོ་འོང་གསུངས་ནས་ཆོས་དུང་དེ་བཞིན་འགོག་པ་རི་ནས་གཏེར་དུ་བཞེས་ཏེ་རྟེན་སྐལ་དུ་གནང་བ་དང་་དེང་སྐབས་དཔལ་ལྡན་འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་ཆེན་པོའི་སྐུ་མདུན་དུ་མཇལ་རྒྱུ་ཡོད་པས་ཆོས་དུང་དཀར་པོ་དེ་ཡིན།
དངོས་གནས་བཤད་ན་འཇིག་རྟེན་པའི་ལྷ་འདྲེ་དེ་ཚོ་ལ་ནུས་པ་ཅང་ཡོད་པ་མ་རེད། དེ་ཚོ་སོ་སོ་སྐྱེས་བོ་ཡིན་པའི་ཕྱིར། མཐུ་དང་ནུས་པ་ཆེ་ཆུང་ལོས་ཡོད། དེང་སང་ས་རྐོ་རྡོ་སློག་དང་གཏེར་ཁ་བསྔོག་འདོན་བྱས་པ་སོགས་ག་ཚོད་ཅིག་བྱས་ཀྱང་ཚེ་རིང་མཆེད་ལྔ་དང་བརྟན་མ་བཅུ་གཉིས་ལ་ཡང་ཁ་གྲག་ཡ་མི་འདུག །སྔོན་ཆད་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་སྐབས་བོད་ཀྱི་ལྷ་འདྲེ་ཚོས་ཁོང་ལ་བར་ཆད་ག་ཚོད་ཅིག་བཟོས་སོང་། སློབ་དཔོན་རིན་པོ་ཆེས་ཚེ་རིང་མཆེད་ལྔ་དང་བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་དམ་བཞག་མཛད་དེ་ཆོས་སྒྲུབ་པ་པོ་ལ་ཚུལ་བཞིན་གྲོགས་མཛད་པ་དང་བོད་ཀྱི་ས་མཚམས་བརྒལ་ནས་ཕྱི་རོལ་མུ་སྟེགས་པ་ཚོ་བོད་ལ་བསླེབ་མི་ཆོག་པའི་གྲོས་ཆོད་ཀྱང་བཞག་ཡོད་པ་རེད། གནའ་བོའི་མི་དག་གིས་ལྷ་ཀླུ་གཞི་བདག་ནི་ཕྱི་རོལ་རང་བྱུང་ཁམས་ཀྱི་རྣམ་པར་འདོད་པ་དང་ཤིང་གཉན། ས་གཉན་གཅོད་པ་ལྟ་བུ། རི་བསང་གཏོང་བ་དང་དར་ལྕོག་འཛུགས་པ་ལྟ་བུ། ལྷ་ཀླུ་གཞི་བདག་དེ་ཚོ་རང་གི་མོས་པ་དང་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་ལོས་ཡིན་ཡང་འཆི་རྒྱུ་མེད་པ་ཞིག་ག་ནས་ཡིན། བོད་ཀྱི་ལྷ་འདྲེ་མང་པོ་ཞིག་རིག་གསར་སྐབས་སུ་གྲོངས་ཚར་བ་རེད།
སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན།།
ཐར་པ་དོན་གཉེར་ཇི་བཞིན་མི་སྐྱི་ཞིང།།
ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན།།
འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས་
ཆོས་ཚུལ་བཞིན་བསྒྲུབ་ན། འཚོ་བ་ལྷ་ཡིས་སྦྱོར། ཞེས་པ་ལྟར་ཆོས་ཚུལ་བཞིན་སྒྲུབ་པའི་དགེ་འདུན་པ་མུ་གེས་ཤི་བའི་ལོ་རྒྱུས་མེད་ལ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པས་ཞིང་སེན་མོ་ལྟ་བུའི་སྟེང་དུ་རྨོ་དགོས་བྱུང་ནའང་རབ་བྱུང་བ་ལ་འཚོ་བས་མི་གུམ་གསུངས་ཡོད། ངས་སྒྲུང་ཞིག་བཤད། མོན་གྷོ་ཌིའི་ས་གནས་འདིར་ནན་ཊི་གྷ་ཌེ་ཞེས་པའི་རྒྱ་གར་གྱི་གྲོང་གསེབ་ཅིག་ཡོད། ཉིན་ཞིག་ང་རང་ཉིད་གྲོང་གསེབ་དེར་ལྗོངས་རྒྱུ་ལ་སོང་ནས་རྡོ་བརྩིགས་ཀྱི་དབང་ཕྱུག་གི་ལྷ་ཁང་རྙིང་རལ་ཞིག་མཐོང་། ལྷ་ཁང་དེའི་ནང་དཀར་གསལ་མེད་པར་ནག་འཐིབ་བེ་འདུག་ལ། ནང་ལོགས་ལ་ཅི་ཡོད་གང་ཡང་མཐོང་མི་ཐུབ་ལ་སྟོང་སང་ངེར་གྲག་རྒྱུ་ཡང་མི་འདུག །ང་རང་སྒོ་དེའི་འཁྲིས་ལ་ཡུད་ཙམ་རིང་ངལ་གསོ་བྱས་རྗེས། ནང་ནས་རྒས་འཁོགས་ཤིག་ཕྱི་ལ་ཐོན་བྱུང་། དེ་ནས་ངེད་གཉིས་ཁ་བརྡ་བྱས། ཁོས་བཤད་སྲོལ་ལྟར་ན་། སྔོན་ཆད་ལོ་བརྒྱའི་ཡར་སྔོན་ལ་ཡུལ་འདིར་ནགས་ཀྱིས་ཁེངས་ཤིང་གྲོང་གསེབ་འདི་ཡུལ་གཞན་ནས་གནས་སྤོ་བྱས་ནས་ཡོང་བ་ཐོག་མ་དེ་ཡིན་ཟེར། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་ལྷ་ཁང་འདིར་ང་དགུ་ལོའི་སྔོན་ཙམ་ལ་དྲང་སྲོང་བྷ་བྷ་ཞིག་བཞུགས། ཁོང་ནི་མ་འོངས་ལུང་བསྟན་མ་གཏོགས་ཐ་མལ་ངག་མི་སྨྲ་བ་དང་ཤ་མི་ཟ་བར་མ་ཟད་འོ་མ་རྐྱང་རྐྱང་བཞེས་ནས་ཏིང་ངེ་འཛིན་ལ་བཞུགས་ཞེས་ཟེར། ཉིན་ཞིག་ཁོང་གི་པ་ལགས་ཀྱིས་འོ་མ་ཁྱེར་ནས་དྲང་སྲོང་དེར་མཇལ་ཁ་ཞུས་སྐབས། དྲང་སྲོང་གིས། ད་ང་འགྲོ་རན་སོང་། ལོ་གཅིག་གི་རྗེས་ལ་ཤིང་ནགས་འདི་ཚང་མ་མེད་པ་ཆགས་རྒྱུ་རེད། ཅེས་གསུངས། དེའི་ཕྱི་ཉིན་དྲང་སྲོང་གར་སོང་ཆ་མེད་དུ་གྱུར་འདུག །ལོ་གཅིག་གི་རྗེས་ནས་ཏག་ཏག་མི་མང་པོ་རྒྱབ་ལ་རྡོག་ཁྲེས་ཁུར་ནས་ཤིང་ནགས་ནང་ལ་འཛུལ་ཡོང་གི་འདུག་ཟེར། ཟླ་བ་ཁ་ཤ་རྗེས་འཕྲུལ་ཆས་ཀྱིས་ཤིང་ནགས་གཅོད་འབྲེག་བྱེད་པ་དང་མི་དེ་ཚོས་གུར་བརྒྱབ་ནས་སྡོད་ཀྱི་འདུག་ཟེར། གཅིག་རྗེས་གཉིས་མཐུད་དུ་སླེབ་ཀྱིན་པ་དང་མི་དེ་ཚོའི་གདོང་པ་ནི་ཚིལ་དྲེག་གིས་ཁེངས་ཤིང་མདོག་ཉེས་པོ་རེད་ཟེར། རྗེས་ནས་མི་དེ་ཚོ་སུ་ཡིན་དང་བོད་པ་ཡིན་པ་གཞི་ནས་ཧ་གོ་སོང་ཟེར།དེ་ནས་ལོ་སུམ་ཅུའི་རིང་བལྟས་བལྟས་རིག་རིག་ལ་དགོན་པ་ནི་གྲོང་ཁྱེར་འདྲ་བོ་ཞིག་ཆགས་སོང་ཟེར། ཁྱེད་རང་ཚོ་ལ་གྲོགས་བྱེད་མཁན་གྱི་ལྷ་ཞིག་ཡོད་པ་ཏན་ཏན་རེད་ཟེར། དེ་ནས་ངའི་བསམ་པ་ལ་རྒད་པོས་བཤད་པ་རྒྱུ་མཚན་འདུག་བསམ་སོང་། བཙན་བྱོལ་ཁྲོད་ཀྱི་གདན་ས་དགོན་པ་གྲྭ་ཚང་ཁག་གིས་གཞན་ལ་བཤུ་གཞོག་ཁབ་སྐུད་པ་ཙམ་ཡང་བྱས་མེད་པར་དགེ་འདུན་པའི་འཚོ་བའི་དཔལ་འབྱོར་འདོད་དགུའི་གཡང་སུ་འཁྱིལ་བ་འདི་ལྷ་སྲུང་མའི་གྲོགས་འཕྲིན་ལས་མིན་ན་ཅི་རེད།
ད་ཁྱོད་ཚོས་གླེན་བཤད་བརྒྱབ་ནས་སྡོད་འདུག་གི་མི་འདུག བཙན་བྱོལ་ནང་གི་དགོན་སྡེ་དེ་ཚོ་སྦྱིན་བདག་གི་ལག་ནས་ག་ཚོད་རག་རག་བླངས་ནས་དགོན་པ་བཞེངས་བ་རེད། ལྷ་འདྲེ་ཡི་ལག་ནས་རུ་ཕེས་གཅིག་ཀྱང་ཡོང་ཡོད་པ་མ་རེད། ང་ཚོ་ལ་ལྷ་འདྲེ་ཟེར་བའི་རོགས་རམ་བྱེད་མཁན་ཞེད་པོ་ཞིག་ཡོད་ན་ད་བཙན་བྱོལ་ལ་ཡོང་ཡང་དགོས་རྒྱུ་མ་རེད།
སྦྱིན་བདག་ལ་སྐུལ་མཁན་གྱི་ནང་ལ་ལྷ་འདྲེ་མེད་པ་སུས་ཤོད་ཐུབ་བམ། སྤོབས་མཐའ་ལགས།
ང་ནི་ཨ་ནི་ལགས་ཀྱི་བསྒྲུབས་བརྟགས་བསྒུག་ནས་ཡོད་རིན་བཟང་ལགས།།་།།
བདེན་པ་ཡིན་ས་རེད། ཁས་མ་བླངས་རང་བླངས་རེད། འུ་ཅག་གི་ཆུ་བུར་མིག་གིས་མ་མཐོང་ན་མེད་པ་གང་ནས་ཡིན།
ཀ་རྡོ་ལགས། ལྷ་འདྲེ་ཟེར་བའི་སྐུལ་མཁན་ཞིག་ཡོད་ན་རྒྱ་དམར་གཞུང་ལ་སྐུལ་མ་ཞིག་བྱས་ན་ག་འདྲ་མི་ཡག་གམ།
ནམ་འཆི་ངེས་མེད་བསམས་པ་དང་གཅིག ངེས་པར་འཆི་བ་བསམས་པ་དང་གཉིས། འཆི་བའི་ཚེ་ཆོས་མ་གཏོགས་གང་གི་ཀྱང་མི་ཕན་པ་བསམས་པ་གསུམ་སྔོན་དུ་བཏང་ནས། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་བློ་འདི་ལྟ་བུ་བརྒྱུད་ལ་སྐྱེས་པར་བྱོས་དང་ལྷ་འདྲེ་གང་ལའང་སྐྲག་སྣང་རྩ་བ་ནས་མི་དགོས།
ཆུང་འབྲིང་ཆེ་གསུམ་གྱི་དོན་ཇི་སྐད་དུ་ཡང་བྱང་ཆུབ་ལམ་སྒྲོན་ལས།
གང་ཞིག་ཐབས་ནི་གང་དག་གིས།།
འཁོར་བའི་བདེ་བ་ཙམ་དག་ལ།།
རང་ཉིད་དོན་དུ་གཉེར་བྱེདཔ།།
དེ་ནི་སྐྱེས་བུ་ཐ་མར་ཤེས།།
༑སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་།།
སྡིག་པའི་ལས་ལས་ལྡོག་ཉིད།།
གང་ཞིག་རང་བཞིན་ཙམ་དོན་གཉེར།།
སྐྱེས་བུ་དེ་ནི་འབྲིང་ཞེས་བྱ།།
༑རངརྒྱུད་གཏོགས་པའི་སྡུག་བསྔལ་གྱིས།།
གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།།
ཡང་དག་ཟད་པར་ཀུན་ནས་འདོད།།
སྐྱེས་བུ་དེ་ནི་མཆོག་ཡིན་ནོ།། །།
རང་གཞན་གཉིས་ཀ་དམ་གནས་ན། །
དེ་ནས་དམ་ཉམས་ཡོང་སྲིད་ལྟར། །
བོད་རྒྱ་གཉིས་ཀས་ལྷ་འདོད་ན། །
དེ་ནས་ལྷ་འདྲེའི་མཐུ་ནུས་ཡོད། །
འདི་ནི་ང་ཡི་རྨོངས་འཆར་ཙམ། །
སྤོབས་མཐའི་ཞེ་གཅིག་ལན་དུ་བྲིས། །
ཀ་རྡོ་ལགས། དེ་ཡིན་ན་ལྷ་འདྲེ་ལ་ཡིད་ཆེས་བྱས་ན་སྡུག་གྱོང་རག་སྤྱད་རེད་འདུག་ག
སྤོབས་མཐའ་ལགས། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། གང་ན་དམ་པའི་ཆོས་སྤྱོད་པ་དེར་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཡོད་ལ་དཔལ་ནཱ་ལན་ཌའི་དགོན་པ་ཁ་ཆེ་གར་ལོག་དམག་གིས་གཏོར་གཤིག་ཕོག་དུས་སྲུང་མ་ང་ཡི་ཁོ་ཡིན་ཟེར་མཁན་གཅིག་གིས་ཀྱང་རོགས་རམ་བྱེད་མ་ཐུབ་པ་ཅི་ཡིན་ནམ།
གསང་སྔགས་དབང་བསྐུར་ཞུས་ན། །
དམ་ཚིག་ཉམས་ཀྱིས་དོགས་ནས། །
ཚེ་གང་དབང་མེད་འཆི་ན། །
ཁེ་སང་བྱུང་ངོ་སུས་ལབ། །
དེ་བཞིན་རང་གི་སྐྱེས་ལྷར། །
གསོལ་ཁ་ཆད་པའི་དོགས་དང་། །
དགོས་ཚད་བསྒྲུབ་པར་རེ་ཞིང་། །
གནོད་ཚད་བཅོམ་པར་རེ་ན། །
སྤཽབས་པའི་སྤོབས་སེམས་ཐལ་འོང་། །
ཕན་ཐོགས་གང་ཡང་མེད་པའི་བོད་ཀྱི་ལྷ་འདྲེ་དེ་ཚོ་ཡང་བོད་མི་ཚོའི་མི་དགོས་པའི་ཁུར་བོ་ལྷག་མ་ཞིག་རེད། བོད་ཤོར་ནས་བྲོས་བྱོལ་ལ་ཡོང་དུས་ལྷ་འདྲེ་དེ་ཚོ་ཡང་བྲོས་ནས་ཡོང་། འབྲོ་མ་ཐུབ་པར་ཤུལ་དུ་ལུས་པ་ཚོ་རྒྱའི་གཙོ་འཛིན་མོོའོ་ཡིས་དམ་ལ་བཏགས་པ་རེད། འཇོན་དགོས་ས་ལ་ཁབ་གཙག་ཙམ་ཡང་མི་འཇོན། ད་དུང་གསོལ་མཆོད་བྱས་ན་རང་སྡུག་རང་གོས་ཉོ་བ་རེད།
ལྷ་འདྲེ་བཙན་བྱོལ་དང་དམ་བཏགས།
ལྷ་འདྲེ་བཙན་བྱོལ་འགྲོ་དགོས། །
རྒྱུ་མཚན་གོང་ལ་དྲངས་ཟིན། །
ལྷག་ལུས་ལྷག་འདྲེ་དེ་ཚོ། །
མ་འོས་དམ་བཏགས་ཁུངས་མེད། །
བོད་ཡིག་ཤེས་རྒྱ་ཆེ་ཐོག །
བོད་ལྷ་བོད་འདྲེའི་ཕན་གནོད། །
སློབ་དཔོན་པད་མས་དམ་བཏགས། །
ཤེས་ན་ཨ་ར་ནག་འགྱུར། །
དྲ་གྲོགས་ཨ་ར་དཀར་པོར། །
སྔོན་ཆད་གུ་རུས་དམ་བཏགས།
བོད་ཀྱི་ལྷ་འདྲེ་གཞི་བདག
དམ་ཚིག་སྔར་ནས་ལོག་འདུག
ཕྱི་ནས་གཙོ་འཛིན་མའོ་ཡིས།
གདུག་ཅན་དམ་ལ་བཏགས་ཚུལ།
མ་གོ་དགེ་བསྙེན་ཅི་ཁག
གོ་ན་ཀ་རྡོ་ཆག་འགྲོ
ཡ་བོད་ཕྲུག་རྣམས།
རང་གིས་མ་འབྱོན་གཞན་ལ་སྡང་། །ཟེར་བའི་དཔེ་ལྟར་ཁྱེད་ཚོས་སྨྲ།
ཁྱོད་ཚོས་རེ་བ་ལྷ་ལ་བཅོལ། །རེ་བས་ཕུང་པ་མ་ཤེས་པ།
ལྷ་ཡི་མ་འབྱོན་གནས་སུ་སྐྱལ། །དགའ་ལྡན་ཕོ་བྲང་ཆབ་སྲིད་དབང་།
མི་ཡིས་མ་གཏོགས་ལྷས་མ་བཟུང་། །མི་ཡི་ལག་ནས་རྒྱ་ལ་ཤོར།
བཤད་རྒྱུ་ཡོད་ན་དེ་ན་ཤོད། །མི་ཡིས་རྒྱ་ཡི་ངོ་སྲུང་བྱས།
རྒྱ་འདྲེ་འགོང་པོ་ཁུག་ཏུ་ཞུགས། །འགོང་པོས་བློ་བསྒྱུར་གདོན་གྱིས་སྨྱོས།
དྲིན་ཅན་བླ་མའི་སྲོག་ལ་བསྡོ། །བཤད་རྒྱུ་ཡོད་ན་དེ་ན་ཤོད།
རང་གིས་ཅི་བྱས་མ་བརྟགས་པ། །གཞན་ལ་སྨྲ་བཤད་མ་བྱེད་ཅིག
སརྦ་བྷུཏ་གཙྪ ཕཊ
མི་ཡི་ལུས་ལ་ལྷ་ཡི་ཤོགས་པ་ཅན།།
གདོང་དམར་བོད་པ་ཚང་གི་ལས་དབང་དེ།།
ཤར་ནས་ནུབ་དང་ནུབ་ནས་བྱང་དུ་སྟེ།།
མདོར་ན་མི་རབས་མང་པོར་ཕུར་ལ་གྲབས།
ལྷ་ཡི་ལུས་ལ་མི་ཡི་ལྟོ་བ་ཅན།།
ཞིམ་མངར་ཟ་འཐུང་བཅུད་གྱིས་འཚོ་བ་ཡི།།
གངས་ཅན་བོད་པ་ཚང་གི་ཟ་རོགས་ཚོ།།
བོན་ནས་བོད་དང་བོད་ནས་རྒྱ་ལ་སྒུར།།
མདོར་ན་ཚེ་རབས་ཕྲེང་བར་མགོ་བཏགས་ནས།།
གཅིག་ལས་གཅིག་མགྱོགས་ཟ་འཐུང་བྲོས་ལ་བརྩོན།།
དེ་ཕྱིར་ཡར་ཐོན་ཅན་ལ་མངོན་ཕྱོགས་ནས།།
མི་ཡི་ལུས་ལ་འཕྲུལ་གྱི་འཁོར་ལོ་དང་།།
འཕྲུལ་གྱི་འཁོར་ལོར་མི་ཡིས་ཁ་ལོ་མཛོད།།
འདི་དག་ལྷ་ཡོད་དང་ལྷ་མེད་བར་གྱི་རྩོད་པ་ཞིག་རེད། སེམས་གཙོ་དང་དངོས་གཙོའི་བར་གྱི་འགལ་བ་ཞིག་རེད། གལ་ཏེ་ནང་པའི་ཆོས་ཁས་ལེན་མཁན་ཞིག་ཡིན་ན་ལྷ་འདྲེ་ཁས་མ་བླངས་ཐབས་མེད་རེད།
ཀླུ་སྨྱོན་གྱིས་གསུངས་པ་ནང་བཞིན་རེད།དགག་དགོས་ན་མགོ་༧གོང་ས་མཆོག་ནས་བཟུང་ལྷ་འདྲེ་ཡོད་པར་ཞལ་བཞེས་གནང་མཁན་དང་བཅས་ལུང་རིགས་ལ་བརྟེན་དགག་དགོས་པ་རེད།
ད་ལོ་གཞུང་ཞབས་ཡོངས་རྫོགས་ནས་༧གོང་ས་ཆེན་པོར་བརྟན་བཞུགས་ཕུལ་སྐབས་ལྷ་བབ་གྲུབ་མཚམས་༧གོང་ས་ཆེན་པོའི་ཞལ་ནས་གསུངས་གསལ།བར་ལམ་ཨ་རིའི་ནང་བཞུགས་རྒྱ་གར་ཀི་རྩོམ་པོ་གྲགས་ཅན་ཕེའུ་ཁོ་ཨར་ནས་ཁོང་ལ་༧རྒྱལ་དབང་ཁྱེད་ཉིད་ཀྱི་དགོངས་པ་བཞེས་སྟངས་ཧ་ཅང་ཚན་རིག་དང་མཐུན་པ་ཅིག་ཡིན་རུང་།ལྷ་ཕབ་རྒྱུ་སོགས་ཞལ་བཞེས་གནང་རྒྱུ་དེ་ཅི་ཡིན་ཁོང་ནས་ཧ་གོ་ཀི་མི་འདུག་ཅེས་བཀའ་འདྲི་ཞུས་པར།
༧གོང་ས་ཆེན་པོས་རྩོམ་པོ་དེ་ལ་འཇིག་རྟེན་འདིར་ང་ཚོའི་མིག་གིས་མཐོང་ཐུབ་པ་སེམས་ཅན་མི་འདྲ་པ་སྟོང་ཕྲག་མང་པོ་ཡོད་པ་དབང་པོའི་མངོན་སུམ་ཡིན་ལ།ང་ཚོས་་མཐོང་མི་ཐུབ་པ་སྲོག་ཆགས་ལུས་ཕྲ་རགས་སྣ་ཚོགས་ཅན་ཀྱང་ཁྲི་ཚོ་མང་པོ་ཡོད་པ་རེད།ལྷ་འདྲེ་སོགས་ཀྱང་དེ་རིགས་གྲས་ཡིན་པ་བཤད་ཡིན་ཞེས་ཞལ་རྩེད་དང་བཅས་ཏེ་བརྟན་བཞུགས་སྐབས་གསུང་སོང་བས།༧ཁོང་ནས་ཞལ་བཞེས་དེ་འདྲ་གནང་གི་ཡོད་ས་རེད་ལ།ནང་ཆོས་ཀྱི་ནང་དུའང་སེམས་ཅན་ལུས་ཕྲ་རགས་སྣ་ཚོགས་ཀྱི་རྟེན་ཅན་རྫུ་འཕྲུལ་ཡ་མ་གཟུགས་དེ་འདྲ་སྟོན་ཐུབ་མཁན་མེད་ཅེས་གསུངས་ཡོད་པ་མ་མཐོང་།
ཡང་༧གོང་ས་ཆེན་པོའི་གསུང་ཆོས་ཁ་ཤས་སྐབས་ཟུར་འཕྲོས་སུ་འདྲེ་བཤད་དེ་འདྲའང་གནང་བཞག་པ་འདུག་ད།
སྔར’བསག’རྣམ’སྨིན’དེ’མྱོང’དུས།།ལྷ’སྲུང’མ’བྱུང’ནི’མ’ཟེར།།ལས’འབྲས’བསླུ’མེད’ དེ’བསམ’ན།།ལོག’རྟོག’ངང’གི’ནི’ལྡོག’འགྲོ།
སྔོན’བསགས’རྣམ’སྨིན’དེ’མྱོང’དུས།།ལྷ’སྲུང’མ’བྱུང’ནི’མ’ཟེར།།ལས’འབྲས’བསླུ’མེད’ དེ’བསམ’ན།།ལོག’རྟོག’ངང’གི’ནི’ལྡོག’འགྲོ།
མིག་བརྒྱད་དང་ཀ་རྡོ་སོགས་ལ་ཞུ་རྒྱུ། བྱས་ཙང་། ཡོད་པ་མ་རེད། ན་ལནྡྲ་དང་བི་ཀྲ་མ་ལ་ཤི་ལ་གཙོ་བོར་གྱུར་པའི་རྒྱ་གར་ཡུལ་དབུས་ཀྱི་དགོན་སྡེ་ཚང་མ་ཤུལ་མེད་བཟོ་འགྲོ་དུས་ལྷ་འདྲེ་ཚོ་གང་ལ་བྲོས་སོང་བ་རེད། བོད་ཀྱི་སེ་འབྲས་དགའ་གསུམ་གཙོ་བོར་གྱུར་པའི་ལྷ་ཁང་བ་གེ་བུག་གེ་དང་ལྷ་སྐུ་མདའ་ངེ་མདུང་ངེ་ཚང་མ་བཤིགས་འགྲོ་དུས་ལྷ་འདྲེ་ཚོ་གང་ལ་བྲོས་སོང་བ་རེད། སྤྱིར་ན་བསྟན་པའི་ལྷ་འདྲེ་ལ་གཉེར་གཏད་དགོས་དུས་ལས་མཐའ་ལ་ཐུག་ཚར་བ་རེད། ལྷ་འདྲེ་དེ་ཚོའི་ཁ་སྐྱག་པས་ཆོད། གསོལ་ཁ་བསང་ཡིག་དེ་ཚོ་སྙན་ངག་དང་ལོ་རྒྱུས་སོགས་རིག་གནས་སྒྱུ་རྩལ་གྱི་རིན་ཐང་ཙམ་བཞག་ནས་ཉར་ན་ཆོག་པ་འདུག དེ་ཚོ་བཏོན་ན་ཆོས་སྐྱོང་སྲུང་མའི་ཕྲིན་ལས་རོགས་རམ་ཞིག་ཡོད་བསམ་ན་རྩ་བ་ནས་ནོར་བ་རེད།
གོང་ས་མཆོག་གིས་མཛད་པའི་བོད་སྐྱོང་ལྷ་སྲུང་གི་འཕྲིན་སྐུལ་བཞུགས་སོ།།
ཀྱེ།མ་སྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས།།ཕྱག་ན་པད་མོའི་གདུལ་ཞིང་བསིལ་ལྡན་ལྗོངས།།མཐའ་དབུས་ཡུལ་ཁམས་སྐྱོང་ཕྱིར་དེ་དང་དེར།།གནས་ཤིང་རྒྱུ་བའི་ཡུལ་ལྷ་གཞི་བདག་དང་།།ཁྱད་པར་ཚེ་རིང་བསྟན་མའི་ཚོགས།།སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་དང་།།བོད་སྐྱོང་ལྷ་སྲུང་གཉན་པོ་མཆེད་འཁོར་རྣམས།།གདུང་བས་འབོད་དོ་འདིར་བྱོན་མགྲོན་དུ་བཞུགས།།རྫས་སྔགས་ཏིང་འཛིན་རོལ་བ་ལས་བྱུང་བའི།།དཀར་གསུམ་མངར་གསུམ་བྱེ་མར་ཆང་ཕུད་སོགས།།ཡིད་འོང་བཟའ་བཅའི་བྱེ་བྲག་དུ་མ་དང་།།རིན་ཆེན་དར་ཟབ་གོ་མཚོན་སྤྱན་གཟིགས་ཚོགས།།མི་གཙང་ཉེས་ཀུན་སེལ་བའི་བསངས་མཆོད་དང་།།སྙིང་ནས་མཛའ་ཞིང་དབུ་འཕང་མཐོར་བཏེགས་ཏེ།།གསོལ་ལོ་མཆོད་དོ་དམ་སྐོང་དགྱེས་མཛོད་ལ།།བག་མེད་ལེ་ལོས་ནོངས་པ་ཅི་མཆིས་བཤགས།།ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས།།ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས།།སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྡེར་གཏོགས་ཀུན།།སྡང་དང་གདུགས་པའི་བློ་ངན་རབ་ཞི་ནས།།བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་།།དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ།།ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ།།སྔོན་ཚེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་།།རྒྱལ་བློན་སེམས་དཔའ་དུ་མས་བཀའ་བསྒོས་ཤིང་།།ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས།།གདུང་ཤུགས་དྲག་པོས་མཆོད་ཅིང་ཉེར་བསྐུལ་ན།།རང་རང་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་དེ།།རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་དཔལ།།མྱུར་དུ་བཞད་པའི་རྣམ་བཞིའི་འཕྲིན་ལས་སྒྲུབས།།ལྷག་པར་གངས་ཅན་མགོན་པོ་དང་།།བསྟན་འཛིན་དམ་པའི་སྐུ་ཚེ་སྲིངས།།མཁའ་མཉམ་བསྟན་འགྲོའི་བདེ་སྐྱིད་སྤེལ།།བཞེད་དོན་ལྷུན་གྱིས་འགྲུབ་པར་མཛོད།།
འཕྲིན་སྐུལ་འདི་བཞིན་སྤོབས་པ་མཐའ་ཡས་སོགས་ཆོས་ཀྱི་སྤྱན་ལྡན་དག་གོང་དུ་ཕུད་པའི་ལྷ་མེད་འདྲེ་མེད་སྨྲ་བའི་དྲ་གྲོགས་འགའ་ལ་ཕན་དུ་རེ་བའི་བསམ་པས་འདིར་བཀོད་པ་ལགས།།
ལྷ་ཀླུའམ་འདྲེ་གདོན་སོགས་འགྲོ་བ་སྣ་ཚོགས་ཡོད་ཆོག་ཀྱང་དེ་ནི་དམིགས་ཀྱི་ནུས་བ་ཁྱད་པ་ཞིག་ཡོད་པ་ནི་རྨོངས་པ་ཐུག་དྲག་པའི་སྟོབས་ཀྱིས་རེད། དེ་ལྟར་མིན་ན། ལུང་བསྟན་མཁན་དང་ལྷ་བ། སྲུང་མ་དེ་ཚོས་པན་ཆེན་བླ་མ་གང་དུ་ཡོད་མེད་གསུངས་དང་། དེ་ནས་གྲོས་བསྡུར་བྱེད་ཆོག དེ་མིན་ལྷ་སྲུང་གི་བྱིན་རླབས་ཟེར་བའི་མགོ་བདེ་ཅན་དང་ཁེ་ཕན་དོན་གཉེར་བ་ཚོས་ལག་ཆ་འདོད།
ལྷ་ཀླུའམ་འདྲེ་གདོན་སོགས་འགྲོ་བ་སྣ་ཚོགས་ཡོད་ཆོག་ཀྱང་དེ་དག་ལ་དམིགས་བསལ་གྱི་ནུས་བ་ཁྱད་པ་ཞིག་ཡོད་པ་འདོད་པ་ནི་རྨོངས་པ་ཐུག་དྲག་པའི་སྟོབས་ཀྱིས་རེད། དེ་ལྟར་མིན་ན། ལུང་བསྟན་མཁན་དང་ལྷ་བ། སྲུང་མ་དེ་ཚོས་པན་ཆེན་བླ་མ་གང་དུ་ཡོད་མེད་གསུངས་དང་། དེ་ནས་གྲོས་བསྡུར་བྱེད་ཆོག དེ་མིན་ལྷ་སྲུང་གི་བྱིན་རླབས་ཟེར་བའི་མགོ་བདེ་ཅན་དང་ཁེ་ཕན་དོན་གཉེར་བ་ཚོས་ལག་ཆ་འདོད།
ལྷ་སྲུང་དང་ལས་འབྲས་ཟེར་བ་ཡོད་ན་ཅི་ལྟར་མགོ་བདེ་དྲན་འཕྲུལ་ཅན་གྱི་མི་དང་རྒྱལ་ཁབ་ཀུན་གྱི་རླུང་རྟ་ཡར་ཟླ་ཡིན་པ་ཅིས་ཕྱིར་ཡིན་ནམ།
སྤོབས་མཐའ་ལགས་ཀྱིས་ལྷ་འདྲེ་མེད་ཟེར། ཨ་ནུ་ཐང་གིས་ནུས་པ་མི་འདུག་ཟེར་ཞོར་རྒྱུ་འབྲས་གོ་ལྡོག་ནས་བཤད་ཀྱི་འདུག །རྒྱལ་སྲས་ཐོགས་མེད་བཟང་པོས། རང་ཡང་འཁོར་བའི་བཙོན་རར་བཅིངས་བ་ཡིས།།འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།།ཞེས་པ་ལྟར་འཇིག་རྟེན་པའི་ལྷ་འདྲེ་ལ་ནུས་པ་ཅང་ཡོད་པ་མ་རེད། ནུས་པ་མེད་ན་པཎ་ཆེན་ཡང་སྤྲུལ་ཇི་ལྟར་སྐྱོབ་ནུས། འཇིག་རྟེན་ལས་འདས་བའི་ལྷ་ཡིས་ཆབ་སྲིད་ལ་གྲོགས་བྱེད་ཀྱིས་མ་རེད། གང་ཡིན་ཟེར་ན། ཆབ་སྲིད་ཟེར་བ་ས་ཆའི་བདག་དབང་དང་འབྲེལ་བ་ཞིག་ཡིན་སྟབས་འཇིག་རྟེན་པའི་བྱ་སྤྱོད་ཅིག་རེད། དེ་ལ་ཇུས་གཏོགས་གནང་གི་མ་རེད། སྟོན་པས་ཀྱང་ཆབ་སྲིད་ལ་ཇུས་གཏོགས་གནང་མེད། ཁོང་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་པས་སོ། །གནའ་ནས་ད་བར་འཇིག་རྟེན་པའི་ལྷ་འདྲེ་མེད་ཟེར་མཁན་རྒྱ་གུང་ཕྲན་མ་གཏོགས་ཡོད་པ་མ་རེད། །ལྷ་འདྲེ་ཡོད་མེད་ཀྱི་དངོས་བྱུང་གི་ལོ་རྒྱུས་དང་སྒྲུབ་བྱེད་གསལ་བོར་འཁོད་ཞོག་དང་དེ་ནས་ལྟ་ཆོག །
ལྷ’སྲུང”བྱིན’རླབས’སོགས’མེད’ན།།མེད’པའི’རྒྱུ’མཚན’ཞིག’བཀོད’དང’།།རྒྱུ’མཚན’ཡང’དག’སོགས’ཡིན’མིན།།དཔྱད’བསྡུར’ངང’གི’ནི’བྱས’ཆོག།
ཨ་ཁུ་མིག་བརྒྱད་པ
ཁྱེད་རང་གསུང་པ་དངོས་གནས་དྲང་པོ་དང་བདེན་པ་རྒྱུ་མཚན་འདུག རེ་བ་ཅན་དེ་ཚོ་ལ་ཡང་ཡང་གསུངས་རོག་གནང་།
རྒྱུ་མཚན་མེད་པ་གཏམ་ཉོབ་དེ་ོཚོ་ནང་ཚང་སྡུག་གི་ནང་དུ་སླེབས་པ་འདྲ་བོ་འགུ།
གདན་ས་འདིར་ལུང་དང་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་ཤིང་བསླབ་པ་གསུམ་གྱིས་ཐུགས་རྒྱུད་དུལ་བའི་དགེ་བའི་བཤེས་གཉེན་འདོད་ཆུང་ཆོག་ཤེས་ལ་གནས་པ་མང་པོ་ཞིག་བཞུགས་ཡོད་པ་ཡིན་ཙང་ཁོང་ཚོའི་རྒྱབ་ན་ལྷ་ཆོས་སྐྱོང་སྲུང་མའི་གྲོགས་འཕྲིན་ལས་དང་བསྟན་པའི་སྦྱིན་བདག་གི་རོགས་སྐྱོར་ཡོད་ཡོད་པ་རེད། ཉེ་བའི་ལོ་འགའི་སྔོན་སྦྱིན་བདག་ཞིག་གིས་གདན་ས་གྲྭ་ཚང་དྲུག་པོ་རེ་རེ་ལ་ཧིན་སྒོར་འབུམ་བརྒྱ་དང་བཞི་བཅུ་རེ་དགེ་འདུན་པའི་འཚོ་བའི་མ་སྣོན་དུ་ཕུལ་ཡོད་པ་རེད། ཁོང་ལ་འབོད་སྐུལ་ཞུ་མཁན་ཅང་ཡོད་པ་མ་རེད། སྒོར་འབུམ་ཆ་རེ་འཕུལ་མཁན་མང་པོ་ཡོད་པ་རེད། དེ་ཚོ་གྲྭ་ཚང་གིས་དངུལ་ཐབས་རག་ཐབས་བྱས་ནས་ཡོང་བ་གང་ཡང་མ་རེད། མི་ཤེས་ན་ལས་ཀྱི་སྣེ་མོ་བ་ཚོ་ལ་སྐད་ཆ་དྲིས་ན་གསལ་བོར་ཤེས་ངེས་རེད། ས་གནས་གཞིས་ལས་ཁང་ལ་སྒོར་འབུམ་བརྒྱ་ཡི་སྒང་ལའང་བུད་ཐུབ་ཀྱི་མེད་ན་ལྷ་སྲུང་མས་གྲོགས་འཕྲིན་ལས་སྒྲུབ་དང་ནི་ཨེ་རེད། བསྐང་གསོལ་འདོན་གི་ཡོད་ནི་ཨེ་རེད། མངོན་རྟགས་ཀྱི་འབྲེལ་བ་ཆོས་ཚུལ་བཞིན་བསྒྲུབ་ན། འཚོ་བ་ལྷ་ཡིས་སྦྱོར། ཞེས་པ་ལྟར་ཆོས་ཚུལ་བཞིན་སྒྲུབ་པའི་དགེ་འདུན་པ་མུ་གེས་ཤི་བའི་ལོ་རྒྱུས་མེད་ལ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པས་ཞིང་སེན་མོ་ལྟ་བུའི་སྟེང་དུ་རྨོ་དགོས་བྱུང་ནའང་རབ་བྱུང་བ་ལ་འཚོ་བས་མི་གུམ་གསུངས་ཡོད།། ཡིན་ཡང་། ང་ཡི་བསྟན་པ་ཟབ་མོ་འདི།།གཞན་གྱིས་འཇིག་པར་མི་ནུས་སྟེ།།ང་མིན་ང་འདྲ་ཞིག་གིས་བཤིག། གསུངས་པ་ལྟར་བསྟན་པ་བཤིག་མཁན་ཡང་ཡོད་པ་རེད། འདོད་ཡོན་གྱི་རྗེས་སུ་རྒྱུགས་མཁན་མཁས་པ་ཡིན་མདོག་བྱེད་མཁན་དགེ་བཤེས་དེ་ཚོ་རེད།
ལྷ་འདྲེ་ཡོད་མེད་སྨྲ་བ་དེ་ཚོ་འུ་ཐུག་པའི་ལས་ཀ་རང་རེད།
དེ་མིན། ད་རུང་ཆོས་ལུགས་པ་མགོ་བདེ་བོ་ཚོའི་ཆབ་སྲིད་ཀྱི་ལག་ཆ་ལ་བཀོལ་བྱེད་ཡོད་ན་མེད་ན་དེའང་རེད། སྐབས་འདིར་ཆབ་སྲིད་ཟེར་ན་རང་ཁེ་སྒྲུབ་པ་ལ་གོ།
འདྲེ་མེད་ནའང་ཡོད་རབས་ཤོད་པ། ཡོད་པའི་འདྲེ་དེ་ཚོ་ནུས་པ་ག་གེ་མོས་འདུལ་རབས་ཤོད་པ།
མཚམས་དེ་ནས་མཐུ་དང་ནུས་པ་ཟེར་བ་དེ་སྟོན་ནས་འའདྲེ་གདོན་སོགས་དམ་ལ་བཏགས་ཤོད་པ།
འདི་ཚོ་ལ་ཆོས་པའི་ཆབ་སྲིད་ཟེར་གི་རེད། དོན་དངོས་ཐོག་འདྲེ་ཟེར་བ་དེ་ཡོད་དབང་དུ་ཡང་ཕན་གནོད་ཅི་ཡང་བྱེད་ཐུབ་མཁན་ཞིག་མིན།
པན་ཆེན་ཡང་སྤྲུལ་མཇལ་དགོས་ན་རྒྱ་ལ་རེ་བ་ཞུས། ལྷས་ཁོང་གདན་ཞུས་པ་མ་རེད།
བོད་ཀྱི་ལྷ་ལས་རྒྱ་ལ་ཞུས་ན་དགའ་རྒྱུ་རེད། ཁྱེད་རྣམས་མིག་མཐོང་ལག་ཟིན་དགོས་ཟེར་མཁན་ཤ་སྟག་ལ་སོང་།
བཤད་ས་དྲི་ས་རྩོད་ས་རེ་ས་བསམ་ས་འཐབ་ས་ཐོབ་ས་རྒྱལ་ཁ་ཐོབ་ས་རྒྱ་རྒྱ་རྒྱ།
རྒྱ་མི་རྒྱལ། འདི་ཅི་ཟེར་ནི་རེད.?
ལྷ་འདྲེ་སོགས་ཡོད་པར་གྲུབ་པ་སྔར་ནས་ད་བར་ཀུན་ཏུ་གྲགས་ཀྱང་། ཉམས་ཆུང་བཙུན་མ་ཞིག་གིས་རང་མྱོང་དྲོད་མོ་ཁ་ནས་ཤོར་བ་ལ་དེ་ཙམ་གྱི་མཐོང་ཆུང་འོས་སམ། ངས་ཀྱང་བཙུན་མ་ཁོང་གི་ལོ་རྒྱུས་ཅུང་ཙམ་གོ་ཐོས་བྱུང་བས་གང་ཅིའི་ཐད་བཀུར་བའི་གནས་སུ་མཐོང་། གལ་སྲིད་ཁོང་བུད་མེད་ཞིག་མིན་ན་ང་ཚོའི་དེ་ཙམ་གྱི་གཏམ་གླེང་གནང་ཨེ་སྲིད། ངས་ཀྱང་བུད་མེད་ཀྱི་གནས་གཏང་ལ་འགྱུར་བ་འགྲོ་སྲིད་པའི་ཡིད་ཆེས་ཡོད། སྐྱེས་མ་རྒྱལ་ལོ།།
ཆོས་ལྡན་དཔལ་མོ། ཡིག་ནོར། ༼བུད་མེད་ཀྱི་གནས་གཏང་༽མ་རེད། བུད་མེད་ཀྱི་གནས་སྟངས་རེད།
དགོན་པ་གྲྭ་ཚང་ཚོར་སྒོར་རྡོག་ཆ་རེ་འབུལ་མཁན་ཡོད་ནི་རེད། དེ་བླ་མ་གྲྭ་བ་ཁོ་རང་ཚོ་དད་ལྡན་དང་བ་འདྲེན་པའི་མྱིག་རྒྱན་ཡིན་ཙང་སྦྱིན་བདག་འབྱོར་ལྡན་ཚོའི་བསོད་ནམས་བསག་པའི་ཞིང་ས་ཡིན་སོང་ནི་རེད། དད་པ་ཅན་ཟིག་གིས་ཡོན་ཏན་ཅན་ཟིག་ལ་འབུལ་གི་ཡོད་ནི་རེད་མོ། འདིའི་བར་ན་ལྷ་འདྲེ་གདོན་བགེགས་ཟིག་གིས་སེམས་ལ་སྐུལ་སློང་བྱེད་མཁན་ཟིག་ཅང་ཡོད་ནི་མ་རེད། ད་འདི་མོ་གླེན་བཤད་འདི་རྒྱག་གི་མ་འདུག
མིག་བརྒྱད་པ་ལགས་ནས་གུས་པའི་ཡིག་ནོར་བཅོས་གནང་བ་ཐུགས་རྗེ་ཆེ།།
གནས་ལུགས་བསམ་པ།
དཀོན་མཆོག་གསུམ་དང་རྩ་བ་གསུམ། །
དགེ་སྡིག་གཉིས་དང་ལས་འབྲས་གསུམ། །
ལྷ་བཙན་གཉིས་དང་ཀླུ་གཉན་གསུམ། །
མ་ཤེས་པ་དང་ཤེས་ནས་སྨོད། །
བདེན་པ་བརྡར་བ།
ཀ་གནམ་ལྗིག་གསུམ་ཡོད་བདེན་ན། །
ཡོད་བསྟོད་མེད་དམོད་ཐེ་ཚོམ་པའི། །
ཁག་གསུམ་སོ་སོར་ཡོད་མེད་རྟགས། །
ཆོ་འཕྲུལ་འདི་རིང་སྟོན་རན་འདུག །
ཀ་གནམ་ལྗིག་གསུམ་སྐོར།
རིན་བཟང་དང་ནི་བསམ་གཏན་བཟང་མོ་དང་། །
འབྲེལ་ཡོད་གཞན་དང་ཐུབ་བསྟན་དཔལ་བཟང་གིས། །
འདིར་བཀོད་ཐུགས་རྗེ་ཆེ་ཞེས་བརྗོད་ཤོར་དུ། །
བློ་རིན་ཞབས་དང་༸པད་འབྱུང་བཀའ་དྲིན་ཆེ། །
ལྷ་མིའི་བསྟན་པ་དར་རྒྱས་ཡུན་གནས་ཤོག །
སང་ཉིན་དབུྱག་ཟླ་༩པའི་ཚེས་༢༢ནི། ལྷ་བབ་དུས་ཆེན་རེད་གདའ།
དོན་གྲུབ་འཁྲུངས་ནས་ཞག་བདུན་པར། །
མ་ཡུམ་ལྷ་ཡུལ་འཁྲུངས་གནས་སུ། །
ཆོས་གསུངས་དྲིན་ལན་བཅལ་བའི་རྗེས། །
སར་བབས་ལྷ་བབ་དུས་ཆེན་བསྒྲགས། །
ཨོམ་ མུ་ནི་ མུ་ནི་ མ་ཧྰ་ མུ་ནི་ཡེ་ སྭོ་ཧྰ། །
༄། །མཚོ་སྐྱེས་རྗེ་དང་མ་ཏི་རཏྣ་རྗེས། །བཀའ་བསྒོས་དམ་བཞག་ཡུལ་གཞི་གནས་ཀྱི་བདག །ཀ་རྒྱལ་གནམ་རྒྱལ་ལྗིག་རྒྱལ་དུང་ར་སོགས། །གསོལ་མཆོད་བསྟོད་དོ་འདོད་དོན་ཀུན་འགྲུབ་མཛོད།། །།
༄། །མཚོ་སྐྱེས་རྗེ་དང་མ་ཏི་རཏྣ་རྗེས། །བཀའ་བསྒོས་དམ་བཞག་ཡུལ་གཞི་གནས་ཀྱི་བདག །ཀ་རྒྱལ་གནམ་རྒྱལ་ལྗིག་རྒྱལ་དུང་ར་སོགས། །མཆོད་དོ་སྐྱེས་མའི་དབུ་འཕང་དགུང་ལ་བསྟོད།། །།
འཕྲིལ་བསྐུལ་ལས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བག་མེད་ལེ་ལོས་ནོངས་པ་ཅི་མཆིས་བཤགས། །
ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །
ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །
སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྡེར་གཏོགས་ཀུན། །
སྡང་དང་གདུགས་པའི་བློ་ངན་རབ་ཞི་ནས། །
བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །
དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །
ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །
འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །
འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །
འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །
འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །
༸གོང་ས་མཆོག་གིས།
་་་མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེེ། །
གསུངས་ཚར་མ་ཐག
ལྷག་པར་གངས་ཅན་མགོན་པོ་དང་། །
བསྟན་འཛིན་དམ་པའི་སྐུ་ཚེ་སྲིངས། །
མཁའ་མཉམ་བསྟན་འགྲོའི་བདེ་སྐྱིད་སྤེལ། །
བཞེད་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་བོད་སྐྱོངས་ལྷ་སྲུང་གི་འཕྲིན་བསྐུལ་དམ་ལྡན་མྱུར་བསྐུལ་འདི་ཡང་སྐབས་བབས་ཀྱི་དགོས་པ་རྒྱ་ཆེར་གཐིགས་ཏེ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་ཅིང་། མཇུག་གི་ཤོ་ལོ་ཀ་གཅིག་ནི་འདོད་ཁམས་༼དཔལ་ལྡན་ལྷ་མོ༽བདག་མོའི་བཞེད་པ་ལྟར་རྡོ་རྗེ་༼གནས་ཆུང་༽གྲགས་ལྡན་ནས་གསུང་བྲིས་བྱས་པའོ། །ཞེས་གསུངས་པ་ལ་ཡང་དགོངས་བཞེས་གནང་དགོས་མི་འདུག་གམ།
རྒྱ་ཆེར་གཟིགས་ཏེ།
ལྷ་འདྲེ་ཆོས་ལུགས་ཀུན་གྱིས་ཁས་བླངས་ནས། །
བོད་མིས་ལྷ་འདྲེ་འདོད་པ་རྨོངས་དད་ཨེ། །
ལུས་ཅན་བཞིན་དུ་ཡིད་ལུས་འདོད་ཐུབ་ན། །
བག་ཡོད་བདུད་རྩི་འཐུང་དང་ཁྱད་ཅི་ཡོད། །
ཤ་རྒྱ་མ་གང་དང་ཚིལ་རྒྱ་མ་གང་། རྣག་རྒྱ་མ་གང་དང་ཁྲག་རྒྱ་མ་གང་།
ཐལ་བ་རྒྱ་མ་གང་དང་ཐུ་ལུ་རྒྱ་མ་གང། སྐྱག་པ་རྒྱ་མ་གང་དང་གཅིན་པ་རྒྱ་མ་གང་།
འདི་དག་གིས་ཡུལ་ལྷ་གཞི་བདག་དེ་དག་གསོལ་ལོ་མཆོད་དོ།
ཁ་འཛིན་མཛོད།
རྒྱབ་རྟེན་མཛོད།
མགོན་སྐྱབས་མཛོད།
དཔུང་གཉེན་མཛོད།
སྡོང་གྲོགས་མཛོད།
ཧོ། ཧྰུང་གིས་དྲི་ནུས་ཀྱི་སྐྱོན་སྦྱང་། ཨས་བདུད་རྩིས་རྟོགས་པར་འགྱུར། ཨོམ་གྱིས་མང་པོ་འཕེལ་ཞིང་སྤེལ་བར་འགྱུར། ཨོམ་ཨྰ་ཧུྰུང་། ལན་གསུམ་གྱིས་གསོལ་ལོ་མཆོད་དོ། །
ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།།
བོང་བུས་མ་བསྒྲོད་ལམ་འཕྲང་མང་།།
མ་མཐོང་ཕྱིར་ན་མེད་པ་མིན།།
དེ་དག་གོ་དོན་ཤེས་དགོས་སོ།།་་།།
རང་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ཏེ་ང་ཡིད་ཆེས་མ་སོང་ཡོད་པ་མ་རེད་ཅེས་བརྗོད་ན་རྒྱུ་མཚན་ཡང་དག་ག་ལ་ཡིན། རྒྱུ་མཚན་མེད་པའི་གཏམ་ཉོག་རྣམས་སྨྱོན་པའི་གཏམ་དང་སྒོ་ཀུན་ནས་མཚུངས་སོ།། །།
ཉིན་ཁ་ཤས་རིང་དྲ་ཐོག་འདིར་ཡོང་ཁོམ་མ་བྱུང་བས་གླེང་གཞི་འདིའི་འོག་ཏུ་ཟུར་མཆན་གྲངས་མང་ཞིག་བྱུང་འདུག་ལ་ཚང་མར་ཞིབ་ལྟས་མ་ཐུབ་ཡང་མིག་ལམ་ཙམ་དུ་རེ་འགག་བཀླག་པས་ཨ་རིག་དགེ་མཐོང་ལགས་ཀྱིས་ཕྲན་གྱི་ཟུར་མཆན་ན་ཡིག་ནོར་ཁ་ཤས་ནོར་བཅོས་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་ན་འདོད།
དེ་བཞིན་རེ་འགག་ལ་ནོར་བཅོས་གནང་བར་བཅོས་ནོར་ཡང་བྱུང་འདུག་པས་དག་བཅོས་བདེན་མིན་གཤམ་གསལ་ལྟར་ལགས་སོ།
ཨ༽ཚ་ཕྲུག་རྒྱལ་ལགས་སུ་ཞུ་རྒྱུ། ཉིད་ལ་ཡིག་ནོར་ཁག་ཅིག་འདུག་པས་བསྟན་ན་དགོངས་པ་ཚོམས་མི་རུང་།
ཨ ༼ དུས་རབ་དེ་དང་། ༽ དུས་རབས་ཟེར་དགོས།
༼ ལོ་རབ་འདིའི༽ ལོ་རབས་འདིའི་ཞེས་ཟེར་དགོས།
ཚ ༡ དུས་རབས་དང་ལོ་རབས་གཉིས་ཀྱི་རབས་ལ་ཡང་འཇུག་ས་དེ་ཆད་འདུག་པས་ཁྱེད་བདེན།
ཨ ༼ དཔྱད་ལྡན་པ་དག་གིས༽ དཔྱོད་ལྡན་པ་ལབ་དགོས།
ཚ ༢ ལར་ནི་དཔྱད་ནི་འདས་པ་དང་མ་འོངས་པའི་ཚིག་དང་། དཔྱོད་ནི་ད་ལྟ་བ་དང་སྐུལ་ཚིག་ཡིན། ངས་གོང་དུ་དུས་རབས་དེ་དང་། ལོ་རབས་འདིའི་ ཞེས་ཉེ་ཚིག་དང་རིང་ཚིག་དེ་གཉིས་ཆར་འཇུག་གི་ཡོད་པས་དཔྱད་ལྡན་ཞེས་པར་འགལ་བ་མེད།
ཨ ༼དཔྱད་ཤེས་ཀྱི་བློ་རྩེ་ཞིག་ཡོད་ཚེ༽དཔྱོད་ཤེས་ལབ་ན་བདེ།
ཚ ༣ དཔྱོད་ཤེས་ཀྱི་བློ་རྩེ་ཞིག་ཡོད་ཚེ་ ཞེས་པར་ད་ལྟ་བར་ཉེ་བས་དེ་ཁྱེད་བདེན།
ཨ ༼ དུས་རབ་དང་མཚམས་པའི་ལྷ་སྒྲུང་ཞིག་༽ དུས་རབས་དང་འཚམས་པའི་ཟེར་དགོས།
ཚ ༤ འདི་ནི་ཁྱེད་ལོས་བདེན།
ཨ ༼ རང་ཉིད་ཕུང་བའི་རྒྱུ་ལས་མ་འདས།༽ རང་ཉིད་ཕོངས་པའི་རྒྱུ་ལས་ཟེར་དགོས་པ་འདྲ།
ཚ ༥ རང་ཉིད་ཕུང་བ་ཞེས་པ་ནི་རང་ཉིད་ཉམས་པའམ་ཉེས་པར་གོ་དགོས་པས་གོང་དུ་ངས་བཀོལ་བའི་ཚིག་དེར་ནོར་འཁྲུལ་རྩ་བ་ནས་མེད། ཕོངས་ནི། ཕོང་གི་འདས་པའམ་དབུལ་བ་སོགས་ལ་གོ་དགོས་པས་སྐབས་འདིར་ཚིག་དེ་སྦྱོར་དོན་མེད་པས་ཁྱེད་ནོར་འདུག། འདི་ཡང་རང་མི་རིགས་ཀྱི་སྐད་ཡིག་དེ་ཡར་འདེབས་ཀྱི་ཆེད་དུ་ལས་མེད།
༏ གོང་དུ་ཟུར་མཆན་པ་རྣམས་ཀྱིས་ལྷ་འདྲེ་ཡོད་མེད་སྐོར་མང་དག་བཅས་གསུངས་འདུག་ཀྱང་། ཚིག་ཐག་ཆད་པའི་གཏན་ཚིགས་སུས་ཀྱང་གསུང་མི་ཐུབ། ལྷ་འདྲེ་ནི་གང་ཟག་བྱེ་བྲག་པ་འགའི་རྟོག་པའི་ངོར་འཆར་སྣང་ཙམ་ཞིག་ལས་འགྲོ་བ་མི་མཐུན་མོང་བའི་སྣང་ངོར་ཡོད་པ་ཞིག་མིན་ལ། རྟོག་བཏགས་དང་མ་འབྲེལ་བའི་མངོན་སུམ་གྱིས་སྤྱོད་ཡུལ་ཞིག་ཀྱང་མིན། མཐར་གཏུགས་ནས་ཞུས་ན་དེ་ནི་རྟོག་པས་བཞགས་པའི་སྣང་གཟུགས་ཀྱི་སྒྲུང་ཞིག་རེད། འོན་ཀྱང་རྟོག་བཏགས་ཀྱིས་བཞགས་པའི་རྣམ་གཞག་འགའ་སྐབས་རེ་ཁྱེད་ལ་མངོན་སུམ་གྱིས་བྱ་བ་ཡང་བྱེད་ནུས། དེ་ནི་བྱ་བཞགས་ཡོད་ཚོད་རྟེན་འབྲེལ་ལམ་ལྟོས་གྲུབ་ཀྱི་རྣམ་གཞག་ལས་མ་འདས་པས་ཡིན། ལྷ་འདྲེ་སོགས་རྟོག་ངོར་སྣང་གཟུགས་ཀྱི་རྣམ་གཞག་དེ་མིག་གཟུགས་རང་མཚན་གྱི་དངོས་སྒྲུང་ཞིག་ཏུ་འཛིན་པའམ་འགྲེལ་བ་ནི་ཆོས་དང་འཇིག་རྟེན་གང་དུ་ཡང་མི་མཐུན་པས་དེར་ཞེན་ཆེ་གནང་མི་དགོས་སོ།
རྩོད’ཚུལ’ཡག’གི། རྩོད’ཉམས’ལྡན’གི།མུ’མཐུད’རྩོད’རྒྱུ།།ང’ཡི’རེ’བ’།།ཐོག’མར’རྩོམ’དུས།། ཡིག’ནོར’ཁ’ཤས།།ཤོར’བ’དེནི།།ཆོས’ཉིད’ལས’ཡིན།།ཡིན’ཡང’དོ’སྣང།།བྱེད’པ’གལ’ཆེ།།ངན’པ’ལང’ཤོར།།ཆག’ན’གྱོང’ཆེ།།
སྒྲོན་མེ་ལགས
ལས་ཡིན་མ་རེད་ལོས་ཡིན་ཟེར་དགོས། ཆག་ན་མ་རེད་ཆགས་ན་ཟེར་དགོས།
༦༤༽ འདོད་ལྷ་ཁམས་པ་ནས།
རང་མིང་འདོད་ལྷ་ཁམས་པ་འདོགས་བཞིན་དུ། །
འདོད་ཁམས་བདག་མོའི་རྣམ་ཐར་འཕྲིན་ལས་དང་། །
འདོད་གཟུགས་ལྷ་དང་ཀླུ་བཙན་མི་འདོད་ཅིང་། །
འདོད་ཀྱང་ཕན་གནོད་མེད་ཟེར་ཨུ་ཚུགས་མཚར། །
ཨ་ར་དཀར་པོས་དག་བཅོས།
ཡིག་ནག་གཟུགས་སུ་གྲུབ་འདུག
དགེ་བསྙེན་ང་ཡང་ཆུང་དུས། །
ཁྱེད་འདྲའི་དགེ་རྒན་ཡོད་ན། །
ད་ལྟའི་འདི་ལས་ལྷག་ག །
སྟོན་པས་ཉི་ཚེ་བའི་དམྱལ་བ་དང་སྐྱེས་བ་གཅོད་པའི་ལྟུང་བྱེད་གསུངས་པ་ལྟར་ཚན་རིག་པས་ཀྱང་རྩི་ཤིང་ལ་སྲོག་ཡོད་པར་འདོད་ན་རྩི་ཤིང་གི་རྣམ་པ་ཅན་གྱི་ལྷ་དང་ཀླུ་སོགས་ཡོད་མི་ཆོག་པ་ཅི་ཡོད། ཤ་གཟན་རྩི་ཤིང་དང་ཁྲག་འཐུང་རྩི་ཤིང་དེ་ཚོའི་གྲས་ལ་ཉི་ཚེ་བའི་དམྱལ་བ་ཡོད་སྲིད་ཀྱི་རེད། ལྷ་དང་མ་འབྲེལ་བའི་དཀོན་མཆོག་མེད་ལ། ལྷ་དང་མ་འབྲེལ་བའི་སྐྱབས་འགྲོ་མེད། ལྷ་དང་མ་འབྲེལ་བའི་དགེ་སྡིག་མེད། ལྷ་དང་མ་འབྲེལ་བའི་ཆོས་ལུགས་མེད། ལྷ་དང་མ་འབྲེལ་བའི་འཇིག་རྟེན་མེད། ཆོས་ཁས་ལེན་ན་ལྷ་ཡོད་དགོས་བས་སོ།།
ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་བཅས་པའི་འཇིག་རྟེན་ཡི་རངས་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
ཨ’ར’དཀར’བོ’ལགས།ཁྱེད’རང’གིས’དག’བཅོས’བྱས’པ’ཐུགས’རྗེ’ཆེ’ཞུ’རྒྱུ’དང’མུ’མཐུད’ནས’དག’བཅོས’བྱེད’པའི’རེ’བ’ཡོད།ཡིན’ན’ཡང’ཁྱེད’རང’གིས’ཀླན’ག’ཞིག’འཚོལ’བསམ’ན’ལན’ངས’རྒྱབ’ཚར’བ’གོང’གིས’ཚིག’ལ’བསམ’ན’ཧ’གོ’
ལྷ་ཡོད་དེ། ལྷ་བབ་དུས་ཆེན་ཡོད་པའི་ཕྱིར། འདོད་དགོས་ཏེ། ཁྱོད་ནང་པ་ཡིན་པའི་ཕྱིར། ནང་པ་མིན་ན་་་་
འདིར་ལྷ་འདྲེ་ཡོད་མེད་སྐོར་ལ་ཁ་སྔོན་སྣ་ཚོགས་རང་གྲོལ་གྱི་གསུང་ལུང་འདྲེན་བྱས་པ་ལྟར། ལྷ་འདྲེ་ཡོད་པར་མི་བདེན་ན་ཨོ་རྒྱན་རིན་པོ་ཆེ་དང་། སྔོན་ནས་ད་བར་བྱོན་པའི་བོད་ཀྱི་བླ་སློབ་མཁན་སྤྲུལ་ཀུན་དང་། མདོར་ན་བོད་ཀྱི་ས་དགེ་བཀའ་རྙིང་གིས་གཙོས་པའི་ཆོས་བརྒྱུད་ཀུན་མི་བདེན། ཐ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་མི་བདེན་ཏེ་ཁོང་གིས་ལྷ་འདྲེ་སོགས་ཡོད་པར་གསུངས་འདུག་པའི་ཕྱིར་རོ།།
འོན་ཀྱང་རིག་པའི་སྒོ་ནས་དེ་ཡོད་པར་འགྲུབ་དགོས་ན་ཇི་ལྟར་འགྲུབ། གང་ཟག་ག་གེ་མོ་ཞིག་གིས་མཐོང་བའི་ཕྱིར་ཞེ་ན་ཁྱབ་མེད་ཀྱི་ལན་འདེབས་ངེས། དེ་བས་ཡོད་པར་འདོད་པ་རྣམས་ཀྱིས་ཡོད་པར་སེམས་ཤིང་། མེད་པར་འདོད་པ་རྣམས་ཀྱིས་མེད་པར་སེམས་ཏེ་རྩོད་པ་མ་རྒྱག་ན་ཡང་འགྲིགས་ས་རེད།
དེར་བརྟེན་ང་ཡང་ལྷ་འདྲེ་ཡོད་པར་འདོད་པའི་ཕྱོགས་ཡིན་པས་ལྷ་འདྲེ་ཡོད་པའི་སྐོར་སྐད་ཆ་འགའ་ཞིག་བཤད་ཀྱི་ཡིན་ཀྱང་མེད་པར་འདོད་པ་རྣམས་ལ་ཡོད་པར་འགྲུབ་པའི་ཆེད་དུ་མིན་པར་ཐུགས་མངའ་འཚལ།
དེ་ཡང་སྔར་ཟླ་༦ པ་ཚེས་བཞིའི་དགོང་མོར་ངའི་གྲོགས་པོ་ཞིག་བློ་བུར་དུ་ན་ནས་དྲན་མེད་དུ་བརྒྱལ། སླར་དྲན་པ་སླེབས་ཚེ་སྨྱོན་པ་ཆགས་འདུག ཉེ་འདབས་ཀྱི་དགོན་པ་ནས་སྤྲུལ་སྐུ་ཞིག་གདན་འདྲེན་ཞུས་པ་བཞིན་ཁོང་གིས་ཀྱང་ཕེབས་ནས་ཆང་བུ་བརྒྱ་ཚར་གནང་བཞིན་པའི་བར་ལ་ནད་པ་དེ་བུད་མེད་ཀྱི་རྣམ་པར་གྱུར་སོང་།
དེ་ཡང་ངག་ནས་བུད་མེད་ཀྱི་སྐད་འདོན་ཅིང་ལུས་ཀྱི་རྣམ་འགྱུར་ཡང་བུད་མེད་ནང་བཞིན་བྱས། ངག་ནས་ནད་པ་དེའི་མིང་ནས་བོས་ཤིང་། ནད་པ་དེ་གར་སོང་ཟེར། དེའི་འཁོར་དུ་ཡོད་པའི་གྲོགས་པོ་ཚོས་ཁྱོད་སུ་ཡིན་དྲིས་ཚེ། ང་སྒྲོལ་མ་ཡིན་ཟེར་། “ང་(ནད་པ་དེའི་མིང་ནས་བོས་ཏེ)དེ་ཕྲད་དུ་འོངས་པ་ཡིན། ད་གིན་ཐང་གྱི་དཀྱིལ་དུ་ཐེངས་གཅིག་ཐུག་སོང་། ང་འདི་ལ་བསྒུག་ལབ་ནས་བསྒུག་བསྡད་པ་ཡིན། ད་དུང་སླེབས་མ་སོང་” ནད་པ་དེས་བུད་ཀྱི་རྣམ་འགྱུར་གྱི་ཐོག་ནས་དེ་ལྟར་བཤད་བྱུང་།
ང་ཚོས་ནད་པ་དེའི་མིང་ནས་བོས་ཏེ་ཁོ་ཁྲིད་དགོས་དོན་གང་ཡིན་ཟེར་དྲི་དུས། “ནང་ལ་སྤོ་བོ་གཅིག་ཡོད་པ་དེ་ནང་མི་ཚོས་ལེགས་མོ་བྱེད་ཀྱི་མིན་འདུག ཁོ་ནང་ལ་ཡོད་ན་ཁོས་ལེགས་མོ་བྱེད་ངེས་རེད། ངའི་སྤོ་བོ་དེ་ལ་མངོན་ནས་སྙིང་རྗེ་གི་འདུག”
ནད་པ་དེའི་འགྲམ་ལ་ནད་པ་དེའི་སྤུན་ཆ་ཞིག་ཡོད་པ་ཁོས་བཤད་པ་ལྟར་ན། ནད་པའི་ཁོག་པར་འཛུལ་བའི་འབྱུང་པོ་དེ་ནི་ནད་པ་དེའི་རྨོ་བོ་ཞིག་ཡོད་པ་ལོ་གཅིག་གི་སྔོན་ནས་གྲོངས་ཟིན་པ་དེ་རེད་འདུག་ཟེར། འབྱུང་པོ་དེས་བཤད་པ་ལྟར་རྨོ་བོ་སྒྲོལ་མའི་ཁྱོ་ག་སྤོ་བོ་དེ་ནང་མི་ཚོས་ཡག་པོ་མ་བྱས་པར་རི་ལ་སྨྱུག་མའི་སྤྱིལ་པོ་ཕུབ་ནས་བསྡད་ཡོད་ཟེར།
དེ་ནས་སྤྲུལ་སྐུས་འབྱུང་པོ་དེ་ལ་ཁོ་མོ་ལོ་གཅིག་སྔོན་ནས་ཤི་ཟིན་ཚུལ་བརྗོད་པས་མིག་ནས་མཆི་མ་བཏོན་བྱུང་། དེ་ནས་འབྱུང་པོས་ང་ལ་ཟས་ཤིག་གནང་རོགས་ཟེར། སྤྲུལ་སྐུ་དེས་བསུར་བཏང་ནས་འདོན་པ་གྱེར་བས་གྲོད་ཁོག་རྒྱག་སོང་ཟེར། སྤྲུལ་སྐུས་ཁྱེད་རང་ཤི་ཟིན་པ་ལགས་པས་རྩ་བའི་བླ་མ་དྲན་ནས་ལམ་ཟིན་པར་གྱིས་ཞེས་གསུངས་དུས་མིག་ནས་མཆི་མ་བཏོན་ཞིང་མགོ་ཀྱོག་ཀྱོག་བྱས། ཁང་པའི་ཀ་བ་དང་གདུང་མའི་གསེབ་ཏུ་དར་གྱིས་དྲིལ་བའི་ཐུམ་པོའི་ནང་དུ་སྒོར་མོ་སྦས་བཞག་ཡོད་པས་དེ་བཏོན་ནས་སྤོ་བོ་དེར་སྤྲོད་རོགས་ཟེར།
དེ་ནས་ནད་པ་དེ་གཉིད་ཁུག་སོང་། གང་མཚམས་ཞིག་ནས་གཉིད་ལས་སད་དུས་འབྱུང་པོ་མི་འདུག་ཀྱང་ན་ཟུག་ཇེ་ཆེར་སོང་འདུག
དེ་བཞིན་སང་ཉིན་ཁར་སང་གི་དུས་ཚོད་ལ་ད་དུང་ནད་པ་ཁར་སང་ལྟར་གྱུར་སོང་། སྐབས་དེར་ནད་པ་དེའི་འཁོར་དུ་ཡོད་པ་ཚོས་སྒྲོལ་མ་སླར་སླེབས་འདུག་བསམ་ནས་ཁར་སང་སྤྲུལ་སྐུས་གསུངས་པ་དེ་ཚོ་སྐྱོར་ནས་བཀའ་བཀྱོན་བྱས་དུས་ང་སྒྲོལ་མ་མིན། སྒྲོལ་མའི་རོགས་པ་རེད་ཟེར། ཁྱོད་སུའི་རྩར་ཡོང་བ་ཡིན་ཟེར་དྲི་དུས། “ཁར་སང་སྒྲོལ་མས་རོགས་སུ་སྦྲན་ནས་སླེབས་པ་ཡིན། འོན་ཀྱང་ཁར་སང་སྒྲོལ་མར་ཁྱེད་རྣམ་པ་ཚོས་མང་པོ་ཞིག་སྟེར་སོང་། ང་ལ་གང་ཡང་སྤྲོད་མ་བྱུང་བས་དེ་རིང་སླར་ཡོངས་པ་ཡིན་”
ཁྱེད་རང་གང་དགོས་ཟེར་དུས། ཁར་སང་སྤྲུལ་སྐུས་སྒྲོལ་མར་གནང་བའི་སྲུང་མདུད་ལྟ་བུ་ཞིག་དགོས་ཟེར། དེ་ནས་མགྱོགས་པོར་སྤྲུལ་སྐུ་གདན་འདྲེན་ཞུ་རུ་ཕྱིན་ཚེ་སྤྲུལ་སྐུ་བཞུགས་མི་འདུག་པས། མཁན་པོ་གཅིག་གདན་ཞུས་བྱས། མཁན་པོས་དེར་ཕེབས་ནས་བསུར་བཏང་ནས་དོན་པར་གྱེར་བས་གོང་བཞིན་ནད་པ་གཉིད་དུ་ཡུར།
ཉིན་ཕྱི་མར་ནད་པ་ད་དུང་ཁར་སང་བཞིན་གྱུར། དེ་དུས་བུད་མེད་མིན་པར་ཕོ་གསར་ཞིག་རེད་འདུག ང་ལ་ཇ་ཁྱེར་ཤོག་ཟེར་གྱི་འདུག ཁྱེད་སུ་རེད་དྲི་དུས་ངའི་སྐོར་དྲི་དགོས་མ་རེད་ཟེར། ད་དུང་ཁར་སང་གི་མཁན་པོ་གདན་ཞུས་བགྱིས། མཁན་པོ་ཕེབས་ནས་བཀའ་བསྒོ་གནང་དུས་ནད་པས་ཁྱེད་རང་གཟུགས་ལ་གྲྭ་ཆས་གྱོན་བཞིན་སྔ་ཕྱི་གཉིས་ཀྱི་ཞལ་འདོན་ཙམ་ཡང་མ་ནུས་པ་ངོ་ཚ། ངས་རྟག་པར་ཁྱོད་རང་འགྲིམས་བཞིན་ཡོད་པས་ཁྱེད་རང་གཟབ་གཟབ་གྱིས་ཞེས་འཐབ་བྱུང་།
གང་མཚམས་ཤིག་གི་རྗེས་ནས་མཁན་པོས་དེ་ནི་འབྱུང་པོ་རང་ག་བ་ཞིག་མིན་པར་ཡུལ་འདིའི་གཞི་བདག་ཡིན་ཚོད་འདུག་ཟེར་ནས་གཞི་བདག་ཡིན་ནམ་དྲིས་ཚེ་ཡིན་པར་ཞལ་གྱིས་བཞེས། མཁན་པོས་དྲི་བ་རིམ་པར་བྱས་ཚེ་ང་ཚོའི་སློབ་གྲྭའི་འགྲམ་དུ་གཞི་བདག་གི་ཕོ་བྲང་ཞིག་ཡོད་པ་དེ་བཙོག་གྲིབ་ཕོག་འདུག་པས་དེ་ལ་གཙང་མ་བཟོ་དགོས་ཚུལ་བཤད་ཅིང་། མཁན་པོ་ཡང་དགོང་མོ་རྟག་པར་གཞི་བདག་གི་གསོལ་ཁ་གནང་དགོས་པའི་བཀའ་རྒྱ་བསྩལ།
དེའི་སང་ཉིན་ནས་འབྱུང་པོ་འཛུལ་རྒྱུ་མེད་ཀྱང་དགོང་མོ་རྟག་པར་སྨྱོན་པ་ཆགས་པ་དང་། ཕྱིར་འགྲོ་དུས་བྲོས་འགྲོ་བ་སོགས་བྱས། སྨན་ཁང་དུ་བསྐྱལ་ཡང་དྲག་ཐབས་མ་བྱུང་།
དེ་འདྲའི་ངང་ལོ་ཕྱེད་ཙམ་ཟིན། མོ་རྒྱབ་དུས་ལྷ་ཁང་རྙིང་པའི་ཅ་ཆས་ཤིག་འདུག་ཟེར། ང་ཚོས་ག་ཚོད་འཚལ་རུང་ལྷ་ཁང་རྙིང་པའི་ཅ་ཤས་ཤིག་མཐོང་མ་སོང་། ནད་པར་དྲིས་ཀྱང་ནད་པས་གང་ཡང་མེད་ཟེར་གྱི་འདུག མོ་མ་ཁ་ཤས་ཀྱིས་ནི་ནང་ལ་ལོ་ལྟར་གྱི་གསོལ་མཆོད་ཆག་པས་རྐྱེན་པ་རེད་འདུག་ཟེར། ཕ་མ་རྣམས་ལ་འཕྲིན་བཏང་ནས་གསོལ་མཆོད་ཕུལ་དུ་བཅུག ད་དུང་ནད་པ་དྲག་ཐབས་མ་བྱུང་། ནད་པས་བཤད་གསལ་ལ་རྨི་ལམ་དུ་ཕོ་གསར་པགས་པའི་སྟོད་ཐུང་གྱོན་ཞིང་མགོ་ལ་ཐོད་དཀྲིས་བྱས་པ་ཞིག་རྟག་པར་མཐོང་གི་འདུག་ཟེར། དྲན་མེད་བརྒྱལ་ནས་དྲན་པ་སོས་ཚེ་ག་རེ་བྱས་བྱུང་ཟེར་དྲི་དུས་ཕོ་སར་དེ་སླེབས་ནས་ཁྲིད་བྱུང་ཟེར། ང་ཚོའི་སྣང་བར་ནད་པ་དྲན་མེད་བརྒྱལ་བ་དང་སྨྱོན་པ་ཆགས་པའི་སྐབས་ནད་པའི་སྣང་བར་ནི་ཕོ་གསར་དེ་སླེབས་ནས་ཁྲིད་པ་སོགས་བྱུང་འདུག
ཐེངས་གཅིག་གྲོག་པོ་ཚོས་གྲོས་བསྡུར་ནས་སང་ཉིན་ནད་པ་དེ་ཕ་ཡུལ་དུ་ཕ་མའི་སྒོར་བསྐྱལ་རྒྱུར་ཐག་བཅད་བྱས། དེའི་དགོང་མོར་ད་དུང་ནད་པ་བརྒྱལ། བརྒྱལ་བ་ལས་སླར་སོས་ཚེ་སྨྱོན་པར་ཆགས་ནས་”དཔེ་ཆ་ཁྱེར་ཤོག་”ཟེར། ག་རེའི་དཔེ་ཆ། སུའི་དཔེ་ཆ་ཟེར་དྲི་དུས། ངའི་དཔེ་ཆ་ཟེར་བ་ཙམ་ལས་མིང་བཤད་རྒྱུ་མིན་འདུག ཁྱེད་ཀྱི་དཔེ་ཆ་འདི་ལ་གང་འདྲས་ཡོང་གི་རེད་ཟེར་དུས། འདི་ལ་ཡོད་རེད་ལབ་བྱུང་ཟེར། ངས་དཔེ་ཆ་ཡོད་ཚད་རེ་རེ་བཞིན་དུ་སྤྲོད་དུས་གསོལ་འདེབས་ལེའུ་བདུན་མའི་དཔེ་ཆ་ཞིག་འདུག་པ་དེ་སྤྲོད་ཚེ་འདི་རེད་ཟེར། དེ་ནས་ངས་དཔེ་ཆ་འདི་ཕྱི་ལོགས་ལ་བསྐྱལ།
དེ་མ་ཐག་ནད་པ་དྲན་པ་སོས། དེ་སྐབས་ནད་པས་རྨི་ལམ་དུ་རྟག་པར་མཐོང་བའི་ཕོ་གསར་དེ་བྱུང་ནས་དེ་ལྟར་བཤད་བྱུང་ཟེར། “ཁྱེད་རང་ནང་ལ་འགྲོ་དགོས་མ་རེད། སློབ་སྦྱོང་ཡག་པོ་གྱིས། ངའི་དཔེ་ཆ་ཁྱེར་ཤོག ཁྱེད་ལ་གནོད་པ་གང་ཡང་ཡོང་གི་མ་རེད” དེ་འདྲ་བཤད་བྱུང་ཟེར། ག་རེ་དཔེ་ཆ་ཞེས་དྲི་དུས་གསོལ་འདེབས་ལེའུ་བདུན་མའི་དཔེ་ཆ་རེད་ཅེས་བཤད་བྱུང་ཟེར། འདི་ང་ལ་ག་དུས་སྤྲོད་པ་རེད་ཟེར་དུས་ངས་ཁྱེད་ལ་སྤྲོད་ཡོད་མ་རེད། གཞན་ཞིག་གིས་ཁྱེད་ལ་སྤྲོད་ཡོད་ས་རེད། ཁྱེད་ཀྱི་རྩར་ཡོད་ལབ་བྱུང་ཞེས་བཤད་བྱུང་ཟེར།
དེ་ནས་ངས་ཁྱེད་རང་སྨྱོན་པ་ཆགས་དུས་ཀྱང་དེ་ལྟར་བཤད་བྱུང་། དཔེ་ཆ་རེ་རེ་བཞིན་བསྟན་ཚེ་གསོལ་འདེབས་ལེའུ་བདུན་མའི་དཔེ་ཆ་ཞིག་འདུག་པ་འདི་རེད་ཅེས་ལབ་བྱུང་ཟེར་ནས་དཔེ་ཆ་འདི་བསྟན་ཚེ། ཁོ་པ་ཡང་དེ་སྐབས་དྲན་སོས་ཀྱི་འདུག དཔེ་ཆ་འདི་ང་ཚོའི་སློབ་གྲྭའི་འགྲམ་དུ་དགོན་པ་རྙིང་པ་ཞིག་ཡོད་པ་དེའི་དཀོན་གཉེར་གྱི་དཔེ་ཆ་ཡིན་འདུག་ལ། ཨ་མཆོད་ཅིག་གིས་གཡར་ནས་ཁྱེར་བ་ལས་སླར་ཁོ་བོ་བརྒྱུད་ནས་བསྐུར་བ་དེ་ཁོང་པར་མ་འཕྲོད་པར་ལྷགས་པ་རེད་འདུག
དེའི་ཉིན་མོ་ནས་ནད་པ་དེ་ནད་ལས་གྲོལ་ཞིང་། སྨྱོན་པ་ཆགས་པ་སོགས་བྱ་རྒྱུ་ཕར་ཞོག ན་ཟུག་ཙམ་ཡང་རྒྱག་རྒྱུ་མེད་པ་ཆགས་སོང་། རྗེས་སུ་ནང་ལ་འགྲོ་དུས་ཀྱང་ཁང་པའི་ཀ་གདུང་གི་གསེབ་ནས་དར་གྱིས་དྲིལ་བའི་ཐུམ་པོའི་ནང་ནས་སྒོར་མོ་ཡང་རྙེད་འདུག
དེ་ནི་དངོས་བྱུང་གི་སྒྲུང་ཡིན་པ་ལས་སྒྲོ་བཏགས་སོགས་ཀྱི་བཅོས་སྒྲུང་མ་ཡིན།
འགྲོ་དྲུག་གི་རྒྱུ་དྲུག་རགས་བཤད། །
ལྷ་ཡི་རྒྱུ་ནི་དགེ་སེམས་ང་རྒྱལ་དང་། །
ལྷ་མ་ཡིན་ནི་དགེ་སེམས་ཕྲག་དོག་འདྲེས། །
མི་ལུས་ཚུལ་ཁྲིམས་སེར་སྣ་ཡིན་ཚོད་འདུག །
མི་དགེ་གཏི་མུག་ཤས་ཆེས་དུད་འགྲོ་དང་། །
དཀར་མིན་སེར་སྣས་སྣ་དྲངས་ཡི་དྭགས་ལུས། །
ནག་པོ་ཁོང་ཁྲོ་ཆེས་ན་དམྱལ་བར་ལྷུང་། །
ཨོམ་ མ་ཎི་ པད་མེ་ ཧྰུང་། །
ལྷ་བབ་དུས་ཆེན་དགེ་སྒྲུབ་དོན་ལྡན་ཤོག །
འཆིམས་མཛོད་སོགས་ཆོས་མངོན་པའི་གཞུང་ནས་གསུངས་པ་དང་མཐུན་པར་བཤད་ན། ནད་ལ། སྔོན་གྱི་ལས་ལས་བྱུང་བའི་ན་ཚ ། འཕྲལ་གྱི་རྐྱེན་ལས་བྱུང་བའི་ན་ཚ། ལྷ་འདྲེ་གདོན་བགེགས་ལས་བྱུང་བའི་ན་ཚ་སྟེ་གསུམ་ཡོད། སྨན་བཅོས་བྱེད་ན་ཕན་ལ་རིམ་གྲོ་བསྒྲུབ་ན་མི་ཕན་པའི་ན་ཚ་དེ་ནི་འཕྲལ་གྱི་རྐྱེན་ལས་བྱུང་བའི་ན་ཚ་ཡིན། རིམ་གྲོ་བསྒྲུབ་ན་ཕན་ལ་སྨན་བཅོས་བྱེད་ན་མི་ཕན་པའི་ན་ཚ་དེ་ནི་ལྷ་འདྲེ་གདོན་བགེགས་ལས་བྱུང་བའི་ན་ཚ་ཡིན། རིམ་གྲོ་དང་སྨན་བཅོས་གང་གིས་ཀྱང་མི་ཕན་པའི་ན་ཚ་དེ་ནི་སྔོན་གྱི་ལས་ལས་བྱུང་བའི་ན་ཚ་ཡིན།
མི་ལུས་ཚུལ་ཁྲིམས་འདོད་སྲེད་ཡིན་ཚོད་འདུག །ལ་བཅོས་པ་ཡིན།
འབྲས་བུ་དྲུག་ལ་ཡིད་མ་ཆེས་ན་རྒྱུ་དྲུག་ལ་དཔྱོད་སྟངས།
༡༽ལྷ་ཡི་རྒྱུ་ནི་དགེ་སེམས་ང་རྒྱལ་དང་། །
༫༽ལྷ་མ་ཡིན་ནི་དགེ་སེམས་ཕྲག་དོག་འདྲེས། །
༣༽མི་ལུས་ཚུལ་ཁྲིམས་འདོད་སྲེད་ཡིན་ཚོད་འདུག །
༤༽མི་དགེ་གཏི་མུག་ཤས་ཆེས་དུད་འགྲོ་དང་། །
༥༽དཀར་མིན་སེར་སྣས་སྣ་དྲངས་ཡི་དྭགས་ལུས། །
༦༽ནག་པོ་ཁོང་ཁྲོ་ཆེས་ན་དམྱལ་བར་ལྷུང་། །
མི་ཡི་མི་ཚེ་འདི་རང་དུ་ཡང་།
ཞོགས་པའི་དུས་སུ་ལྷ་སེམས་དགའ་ལྷང་ལྷང་། །
ལས་ཀར་བཞུགས་དུས་འགྲན་སེམས་ལྷ་མིན་འདྲ། །
ཉིས་ཟས་སྤྱོད་དུས་མི་ལུས་བདེ་བ་མྱོང་། །
ཧ་ཅང་ཟ་དྲགས་ཕག་ལྟར་ཉལ་སྙིང་འདོད། །
ཉིན་གླ་ཐོབ་ཚེ་འཆར་གཞིས་སེར་སྣ་སྐྱེས། །
ཅུང་ཟད་སྤྱད་ཐལ་ཤོར་ནས་ཁོང་ཁྲོས་མནར། །
མི་ལུས་འདི་ནང་འགྲོ་དྲུག་རྒྱུ་ཚང་བས། །
འགྲོ་དྲུག་སྡུག་བསྡལ་ཆ་འདྲ་མི་འདུག་གམ། །
ལྷ་འདྲེ་མི་འདུག་མ་ཟེར་བོད་རིགས་ཚོ། །
གནམ་ལ་ལྷ་དང་བྲག་ལ་བཙན་གནས་ཤིང་། །
ས་ལ་གཞི་བདག་ཆུ་ལ་ཀླུ་གནས་པས། །
ལས་ཀྱི་དབང་གིས་ཕན་གནོད་གཉིས་ཀ་ཡོད། །
འགྲོ་དྲུག་ཕན་ཚུན་མི་གནོད་མཉམ་གནས་ཤོག །
ལྷ་བབས་དུས་ཆེན་ནི། བདག་ཅག་གི་སྟོན་པ་དགའ་ལྡན་ནས་གཟིགས་པ་རྣམ་པ་ལྔས་གཟིགས་ནས་མི་ཡུལ་དུ་ཕེབས་པའི་ཉིན་མོ་ཞིག་ཡིན།
གྲངས་མེད་བསྐལ་བར་གོམས་པའི་སྙིང་རྗེའི་ཤུགས།།
ཕྱོགས་བཅུའི་རྒྱལ་བས་པད་དཀར་ལྟར་བསྔགས་པ།།
དམ་པ་ཏོག་དཀར་དགའ་ལྡན་ལྷ་ཡུལ་ནས།།
མི་ཡི་རྒྱལ་པོ་ཟས་གཙང་སྲས་སུ་བལྟམས།།
སྟོན་པ་མཆོག་གི་ཞལ་གྱི་མགུར་དབྱངས་ལས།།
ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གིས།།
བརྟེན་ནས་འབྱུང་པའི་ཐར་བའི་ལམ་བསྟན་ཏེ།།
འགྲོ་བ་མ་ལུས་རྨོངས་བའི་གཉིད་ལས་སད།།
གྲངས་མེད་གདུལ་བྱའི་ཁམས་དང་བསམ་པ་ཡི།།
འཛམ་གླིང་ཞི་བདེའི་ལམ་སྟོན་བྱེད་པོ་མཆོག།
སྟོན་པ་མཆོག་དེ་མྱ་ངན་འདས་གཟིམས་ཀྱང་།།
རྗེས་དྲན་མཆོད་དང་དད་གུས་བསམ་མི་ཁྱབ།།
སྙིང་རྗེ་ཨ་ནེ་ལགས་ཀྱིས་དྲ་ཐོག་གི་ཟུར་ཟའི་གཏམ་འདི་རྣམས་མིག་གིས་མཐོང་བ་ཕར་ཞོགས་རྣ་བས་ཀྱང་ཐོས་ཡོད་རྒྱུ་མ་རེད། ཐོས་ཀྱང་ཡིག་ཐོག་ནས་ལན་འདེབས་ཤེས་པ་ཁག་པོ་ཡིན་རྒྱུ་རེད། རྒྱུ་མཚན་དེས་ཁྱེད་ཚོ་སྲེ་མོང་མེད་སའི་ཙིག་ཙིག་གི་དཔེ་རུ་གྱུར་བ་ལས་ལན་འདེབས་ཤེས་མཁན་ཞིག་ལ་ཐུག་ན་ཁྱེད་ཚོའི་ཕྱག་འཛུབ་རྣམས་ལ་དཀའ་ལེ་དེ་ཙམ་ཡོད་མི་འོང་།
མིག’བརྒྱད’པ’ལགས།ཁྱོད’ཀྱིས’ལྷབབས’དུས’ཆེན’ངོ’སྤྲོད’བྱས’བ’ནི’ཐུགས’རྗེ’ཆེ’ཞུ’བ’ཡིན།ཡིན’ན’ཡང’ངོ’སྤྲོད’བྱས’ཅུང’ཙམ’འཕྱི’དྲགས’འདུག དྲ’གྲོགས’ཚོ’དེ’རིང’ནི’རྣམ’དཀར’དགེ’བའི’ལས’བསགས’པའི’དུས’ཆེན’ཁྱར’པར’ཅན’ཞིག’ཡིན’པས’ཚང’མས’ཆོས’ལྡན’གྱི’བྱ’བ’ལ’འབད’པར’མཛོད།
༧༢༽ དགེ་བསྙེན་ཀརྡོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༦ གི་ཆུ་ཚོད་ ༡༡ སྐར་མ་ ༥༢
སང་ཉིན་དབུྱག་ཟླ་༩པའི་ཚེས་༢༢ནི། ལྷ་བབ་དུས་ཆེན་རེད་གདའ།
དོན་གྲུབ་འཁྲུངས་ནས་ཞག་བདུན་པར། །
མ་ཡུམ་ལྷ་ཡུལ་འཁྲུངས་གནས་སུ། །
ཆོས་གསུངས་དྲིན་ལན་བཅལ་བའི་རྗེས། །
སར་བབས་ལྷ་བབ་དུས་ཆེན་བསྒྲགས། །
ཨོམ་ མུ་ནི་ མུ་ནི་ མ་ཧྰ་ མུ་ནི་ཡེ་ སྭོ་ཧྰ། །
ངའི་འདི་དང་མིག་བརྒྱད་ཀྱི་ལོ་རྒྱུས་༩༦༽པ་དང་མཐུན་མ་སོང་བས་དཔྱད་པར་མཛོད་ཅིག
ལྷ་ལས་བབ་པའི་མཆོད་རྟེན་གྱིས་ལོ་རྒྱུས་དངོས་དེ་ཐོན་ཡོང་ངེས་ལགས།
ལྷ་འདྲེ་གདོན་འགེག་མེད་པར་འདོད་པ་དང་དེ་དག་ལ་མཐོང་ཆུང་བྱེད་པ་ནི་བོད་ཀྱི་ཆོས་ལུགས་ལམ་སྲོལ་དང་མ་མཐུན་པ་ཞིག་ཡིན་པ་རེད། འོན་ཀྱང་ནམ་ཡར་ལང་ནས་མུན་མར་མ་རུབ་བར་དུ་ལྷ་འདྲེ་གདོན་འགེག་གི་རྐྱང་རྐྱང་མ་ལོ་ནས་བསྡད་བཞག་པ་ཡིན་ན་ནི་སངས་རྒྱས་ཀྱི་བསྟན་པའི་ནང་དོན་དང་འགལ་བ་ཞིག་ཡིན་པ་རེད། སྤྱིར་མི་རྣམས་ཀྱིས་ལྷ་འདྲེ་གདོན་འགེག་ཟེར་ཡོང་དུས་ཞེ་སྣང་དང་དངང་སྐྲག་ཆེན་པོ་བྱེད་ས་ཞིག་དུ་བརྩི་གི་འདུག་བ། དེ་ནི་མཐའ་གཅིག་དུ་ནོར་བ་རེད། རང་གི་སེམས་དང་ཡང་དག་པའི་བསྟན་པའི་དོན་ཤེས་མཁན་ཞིག་ཡིན་ན་ལྷ་འདྲེ་གདོན་འགེག་རྣམས་ནི་སྙིང་རྗེ་དང་བྱམས་བརྩེའི་བསྐྱེད་སའི་ཡུལ་ཡག་ཤོས་ཤིག་རེད། ང་ཚོ་ནི་མི་ལུས་རིན་པོ་ཐོབ་པའི་བསོད་ནམས་ཅན་གྱི་ལུས་ལྡན་ཀྱི་གང་ཟག་ཞིག་ཡིན་པས་ལུས་མེད་ལྷ་འདྲེ་གདོན་འགེག་ལས་འདབ་གྱུར་གྱིས་ནུས་པ་ཆེ་བ་དང་བསོད་ནམས་ཆེ་བ་ཡིན་ཞེས་གསུངས་འདུག། གསང་སྔགས་ཀྱི་ལྷ་དྲག་པོ་དེ་ཚོས་ཀྱང་ལྷ་འདྲེ་གདོན་འགེག་བསྒྲལ་སྐབས་སུ་་་་་ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང། ཐུགས་རྗེ་དྲག་པོར་འཁྲོས་པའི་ཚུལ་བསྟན་པ། ཞེས་གསུངས་འདུག་པས་ལྷ་འདྲེ་གདོན་འགེག་ཟེར་ཡོང་དུས་དེ་འདྲ་ཞེ་སྣང་དང་དངང་སྐྲག་བྱེད་པ་ལས་དེ་ཚོ་ལ་ཞི་བའི་སྙིང་རྗེ་ཡག་པོ་བསྐྱེད་ནས་བདེན་པའི་ལམ་སྟོན་བྱེད་ན་ཕན་ཐོག་ཆེ་ས་རེད། སམས་བློ་གཏོང་ཕྱོགས་ཤིག་ནོར་ནས་ལྷ་འདྲེ་གདོན་འགེག་དེ་ཚོ་ལོག་པའི་ལམ་དུ་ཕྱིན་པ་རེད། ང་ཚོ་དལ་འབྱོར་གྱི་མི་ལུས་ཐོབ་པའི་གང་ཟག་རྣམས་ནི་གདམ་ཁ་ཚང་མ་ཕལ་ཆེར་ང་རང་ཚོའི་ལག་པར་ཡོད་པ་ཞིག་རེད། ལྷ་འདྲེ་གདོན་འགེག་རྣམས་ནི་རང་དབང་མེད་ནས་དུས་ངེས་ཅན་ཞིག་ལ་འདི་ལྟར་སྟོང་འཁྱམས་བྱས་ནས་བསྡོད་དགོས་ཀྱི་ཡོད། དེ་ཚོ་ལ་བླ་མ་རྩ་ཆེན་རྒྱུད་གྲོལ་རྟོགས་པ་ཐོབ་པ་དེ་འདྲ་ཐུག་ན་ནི་ཐར་པའི་ལམ་དུ་འདྲེན་པར་གསུངས་འདུག། ད་ཁྱེད་ཚོ་ལྷ་འདྲེ་གདོན་འགེག་གི་སྐད་ཆ་འདྲ་བཤད་ནས་སེམས་པ་མ་འཁྲུགས་ཨ། མི་ཤི་བའི་སྔས་མགོར་བོན་པོའི་བླ་མས་འཕོ་བ་དང་སྨོན་ལམ་གསུངས་ན་ཤི་འདྲེར་མི་འགྱུར་རྒྱུ་་་བླ་ཆེན་དྲན་པ་ནམ་མཁའ་་་མཆོག་གིས་ང་ཡིས་ཁས་བླངས་ཡིན་ཞེས་ཀྱང་གསུངས་འདུག ། །
སྒྲོན་མེ་ལགས། ཨ་རི་ལ་ད་གཞི་ནས་ཉི་མ་ཤར་ཡ་རེད།
གང་ཞིག་བཤད་ཀྱང་མིག་བརྒྱད་པ་གཙོ་བོ་གྱུར་བའི་མི་ཚོས་ལྷ་འདྲེ་གླེང་བ་ཙམ་ལས་དོན་དངོས྄་མཐོང་མཁན་གཅིག་ཀྱང་མེད་པས་བཤད་པ་ཐམས་ཅད་རང་བཟོ་ཙམ་རེད། མགོ་སྐོར་མ་བཏང་།
bonpo ལགས། ནང་དོན་ཡག་པོ་འདུག འོན་ཀྱང་ཡིག་ནོར་ཡིན་ནམ་ཆ་མ་འ་ཚལ། ། ༼ལྷ་འདྲེ་གདོན་འགེག་༽མ་རེད། གདོན་བགེགས་ཡིན་ནམ། ༼ཡར་ལང་ནས༽ཡར་ལངས་ནས། ༼ཞེ་སྣང༽་ཞེད་སྣང་། ༼དངང་སྐྲག༽དངངས་སྐྲག ༼འདབ་གྱུར་གྱིས་༽ལྡབ་འགྱུར་གྱིས། །
མི་ཤི་བའི་སྔས་མགོར་བོན་པོའི་བླ་མས་འཕོ་བ་དང་སྨོན་ལམ་གསུངས་ན་ཤི་འདྲེར་མི་འགྱུར་རྒྱུ་་་བླ་ཆེན་དྲན་པ་ནམ་མཁའ་་་མཆོག་གིས་ང་ཡིས་ཁས་བླངས་ཡིན་ཞེས་ཀྱང་གསུངས་འདུག །
མིག’བརྒྱད’པ’ལགས།ཁྱོད’ཀྱི’གདུལ’བྱ’གཙོ’བོ’རྣམས’ཨ’རི’ན’ཡོད’པ’ཡིན’ནམ’ཡང’ན’ཨ’རི’ནས’གདུལ’བྱ’གསར’བ’ཁ’ཤས’འཚོལ’འདོད’པ’ཡིན།དེ’ལྟར’མིན’ན’ཁྱོད’ཀྱིས’ཡིན’གཅིག’མིན’གཉིས’ལྷ’བབས’དུས’ཆེན’གྱི’ངོ’སྤྲོད’ཨ’རི’ཕྱོགས’ལ’དམིགས’དགོས’པའི’རྒྱུ’མཚན’གང’ཡིན’ནམ།ནང’ཆོས’ཀྱི’གདུལ’བྱ’ནུབ’ཕྱོགས’རྒྱལ’ཁབ’ལས’ཤར’ཕྱོགས’རྒྱལ’ཁབ’དག’ན’མང’བ’མ’ཡིན’ནམ།