འཇིགས་མེད་ཚེ་རིང་།
སྐྱེས་བུ་ཁོང་ནི་ཕྱི་ལོ་༡༩༦༧ ལོར་མའེ་སོར་སྦེལ་ཀོབ་ལུགས་བསམ་གཞིས་སྒར་དུ་འཁྲུངས་པར་བཤད་ཅིང་། སྦེབ་ཀོབ་ཉིན་སློབ་ཏུ་འཛིན་རིམ་བཅུ་གཉིས་པར་དུ་སློབ་སྦྱོང་གནང་། ཕྱི་ལོ་༡༩༨༥ལོར་རྒྱ་གར་ལྷོ་ཕྱོགས་མ་རྡ་ར་སེ་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་ཐོག་དམིགས་གསལ་སློབ་སྦྱོང་གནང་འདུག མཐོ་སློབ་ཏུ་སློབ་སྦྱོང་གནང་སྐབས་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། བོད་དང་ཨ་ཧྥུ་རི་ཁའི་ཡུལ་གྲུ་ནི་ཇི་རུ་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་སོགས་ཀྱི་འགན་འཁུར་བཞེས་པ་མ་ཟད། མངའ་ཁུལ་ནང་བོད་དོན་ཐད་ཞི་བའི་ལས་འགུལ་སྣེ་མང་གི་འགན་འཁུར་བཞེས་གནང་འདུག། མཐོ་སློབ་ཐོན་རྗེས་ཚོང་བའི་ལས་རིགས་གཉེར་བ་དང་། ཕྱི་ལོ་༡༩༩༤ ནས་༡༩༩༧ བར་ལོ་གསུམ་རིང་མདོ་སྨད་དབུས་རྒྱུན་ལས་ཀྱི་དྲུང་ཆེའི་ལས་འགན་བཞེས།
ཕྱི་ལོ་ ༡༩༩༤ ལོའི་ཆོལ་གསུམ་དབུས་མཉམ་སྒྲིལ་གྱིས་གོ་སྒྲིག་གནང་བའི་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་འགན་བཞེས་གནང་ཡོད། ཕྱི་ལོ་༡༩༩༦ ནས་སྐབས་བཅུ་གཉིས་པ་དང་། སྐབས་བཅུ་གསུམ་པ། སྐབས་བཅུ་བཞི་བ་བཅས་སུ་བོད་མི་མང་སྤྱི་འཐུས་ལ་འོས་འདེམས་གནང་བ་བཞིན་སྤྱི་འཐུས་ཀྱི་འགན་འཁུར་བཞེས་པ་དང་། ཕྱི་ལོ་༢༠༠༡ ཕྱི་ཟླ་ ༡༠ པའི་ནང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་། ཉམས་ཞིབ་ཁང་འདིའི་འགན་འཛིན་གྱི་ལས་འཁུར་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བཞི་བའི་གྲ་སྒྲིག་ལས་དོན་གྱི་འབྲེལ་མཐུད་པའི་འགན་བཞེས། ཕྱི་ལོ་༢༠༠༨ ཟླ་ ༣ པར་བོད་ཡོངས་སུ་རང་དབང་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་སྐབས་བཀའ་སྤྱི་གཉིས་ཀྱིས་བསྒྲུབས་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནང་ཚོགས་མིའི་འགན་འཁུར་བཞེས་ཡོད། ཕྱི་ལོ་༢༠༠༨ ཟླ་ ༡༢ ཚེས་༡༦ ཉིན་༧བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མདུན་སར་དམ་འབུལ་གྱིས་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་བའི་ཚོགས་གཙོའི་ལས་འགན་བཞེས།
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེན་པ་ཚེ་རིང་མཆོག་གི་མི་ཚེའི་ལོ་རྒྱུས་བཀོད་པའི་ནང་“ཁོང་ཆུང་བྱིས་པའི་དུས་ནས་རང་གི་ལས་འགན་ཐོག་འགན་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་སྟབས་སྦེལ་ཀོབ་སློབ་གྲྭའི་དགེ་ལས་ཐུན་མོང་ནས་(གིས་)ཁོང་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སློབ་གྲྭ་དེའི་སྤྱི་ཁྱབ་རྒན་བདག་གི་ལས་འགན་སྤྲད་ཡོད་ཅིང་། ཁོང་ནས་(གིས་)ལོ་གསུམ་ལྷག་ཙམ་གྱི་དུས་ཡུན་ལས་འགན་དེ་འཐུས་ཚང་གནང་ཡོད་། ཁོང་འཛིན་རིམ་བཅུ་གཉིས་སྐབས་སློབ་གྲྭ་སྤྱིའི་ཤེས་འཇོན་གཉིས་ལྡན་གྱི་གཟེངས་རྟགས་བཞེས་མྱོང་ཡོད་ལ། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སྐབས་བོད་པའི་སློབ་གྲྭ་ཡོངས་ཀྱི་སློབ་མའི་ནང་ནས་ཨང་རིམ་རྩེ་ཕུད་བཞེས་མྱོང་ཡོད་།”ཅེས་དང་། མཐོ་སློབ་སྐབས་ཁོང་གིས་ལས་དོན་གནང་སྟངས་བཀོད་དོན་“དེ་བཞིན་ས་གནས་དེ་དག་གི་བོད་མི་སུད་ཚོང་བའི་དཀའ་ངལ་སེལ་ཆེད་ས་གནས་འབྲེལ་ཡོད་དཔོན་རིགས་ཁག་ལ་ཐད་ཀར་བཅར་ཏེ་དཀའ་ངལ་སེལ་བ་སོགས་གནང་སྟེ་སུད་ཚོང་བར་རོགས་སྐྱོར་རྒྱ་མི་ཆུང་བ་ཞིག་གནང་འདུག”ཅེས་སོགས་ཀྱི་དམངས་ཕན་ལས་དོན་ལ་ངོས་འཛིན་གནང་ཡོད་པ་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དུ་འགན་འཁུར་བའི་རིང་བོད་མི་མང་སྤྱི་འཐུས་རྣམས་དང་། ས་གནས་གྲོས་ཚོགས་འཐུས་མི། རང་གཞུང་སྲི་ཞུའི་ལས་བྱེད། བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཁུར་བ། སློབ་གྲྭ་ཆེ་ཆུང་གི་སློབ་མ་སོགས་ལ་མང་གཙོའི་ལམ་སྲོལ་ཁྲོད་ཀྱི་གཞི་རིམ་ཁྲིམས་སྲོལ་དང་། ཆབ་སྲིད་ལྟ་གྲུབ། རྒྱུན་གཏན་ལས་ཀའི་བྱང་ཚད། སྲི་ཞུ་བའི་ཀུན་སྤྱོད་སོགས་ཀྱི་ཐད་ཟབ་སྦྱོང་རིམ་པར་གོ་སྒྲིག་གནང་། རྒྱལ་སྤྱིའི་སྟེང་བོད་དོན་གྱི་ཚོགས་འདུ་མང་པོ་གོ་སྒྲིག་དང་མཉམ་ཞུགས་གནང་སྟེ་བོད་དོན་ལ་སྨན་པའི་ལས་དོན་ཅི་མང་ཞུས། སྤྱི་འཐུས་ཚོགས་གཙོའི་ལས་འགན་བཞེས་ནས་སྤྱི་འཐུས་ཕྱོགས་བགོས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་འཚམས་གཟིགས་ཕྱོགས་བསྐྱོད་དུ་ཕེབས་ཏེ་དངོས་སུ་མི་མང་གི་བདེ་སྡུག་ལ་ལྟ་བའི་ལས་དོན་གོ་སྒྲིག་གནང་བ་དང་། ༧གོང་ས་མཆོག་གིས་རང་རེའི་གྲོས་ཚོགས་ངོས་ནས་ཕྱི་རྒྱལ་གྱི་གྲོས་ཚོགས་ཁག་ལ་འབྲེལ་བ་གནང་དགོས་པའི་ལམ་སྟོན་ཕེབས་པ་ལྟར་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་བཞུགས་སྒར་རྡ་རམ་ས་ལར་མགྲོན་འབོད་ཀྱིས་གྲོས་ཚོགས་ཁག་དང་འབྲེལ་ལམ་བཟོས།
ཕྱི་ལོ་༢༠༡༠ ཟླ་༥ བའི་ནང་ཨ་རི་དང་། ཨི་ཊ་ལི། སྦར་སིལ། ནོར་ཝེ། སི་བི་ཊན། ཊན་མག སུད་སི། ཧྥ་རིན་སི་སོགས་རྒྱལ་ཁབ་ཁག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་དང་། གྲོས་ཚོགས་འཐུས་མི། བོད་རིགས་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་བོད་དོན་ཐད་གཏམ་བཤད་སོགས་རྒྱ་ཆེར་གནང་། ཕྱི་ལོ་༢༠༡༠ ཟླ་ ༦ ཚེས་༧ ཉིན་ཡུ་རོབ་ཁུལ་དུ་ཡོད་པའི་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པ་དང་མཉམ་དུ་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་དང་ལྷན་རྒྱས་མཇལ་འཕྲད་གནང་ཡོད་པ་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་གཙོའི་དམ་བཅའ་ཕུལ་རྗེས་《བོད་ཀྱི་དུས་བབ་》གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གསུངས་དོན་“ང་རང་གི་རེ་བར་འཛིན་སྐྱོང་བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་དུས་ཐོག་ལག་བསྟར་ཡོང་བ་དང་། བཀའ་ཁྲི་མཆོག་གིས་མུ་མཐུད་གྲོས་ཚོགས་ལ་བརྩི་བཀུར་ཞུ་བ་དང་། འགན་འཁུར་བ། རྩིས་རྒྱག་པ་སོགས་འཐུས་ཚང་གནང་གི་རེད་སྙམ་ཡོད། གལ་སྲིད་མ་འགྲིག་པ་དང་མ་དག་པ་ཡོད་ན་སྤྱི་འཐུས་ལྷན་ཚོགས་ནས་སྐྱོན་དག་སེལ་བྱ་རྒྱུའི་ལས་འགན་ཡོད་ཀྱང་། ད་ཆར་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཆིག་སྒྲིལ་གྱི་རྣམ་འགྱུར་སྟོན་རྒྱུ་གལ་ཆེན་ཆགས་ཡོད་ལ། ང་ཚོས་བཀའ་ཤག་དང་ཕྱུར་གྲུ་མཉམ་འདེགས་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད།”ཅེས་གསུངས་ཡོད། འདི་ཉིད་ཀྱིས་སྤྱི་འཐུས་ཀྱི་ངོས་ནས་ཁ་གཏད་ཚོགས་པའི་ལས་འགན་ལྟ་བུ་གཅིག་བུ་འཁྱེར་གྱི་མིན་པར་ད་ལྟའི་དགོས་མཁོ་ལ་འཚམས་པའི་ངོས་ནས་བཀའ་ཤག་དང་ཕྱུར་གྲུ་མཉམ་འདེགས་བྱེད་རྒྱུ་གཙོར་འདོན་བྱེད་རྒྱུའི་ལྟ་བ་འཛིན་རྒྱུ་ཡིན་པའི་དགོངས་བཞེས་གནང་ཡོད་པ་དང་། ཕུལ་དུ་བྱུང་བའི་ལྟ་བ་འདི་ཉིད་ཀྱིས་བཙན་བྱོལ་བོད་ཀྱི་ཆིག་སྒྲིལ་དང་། བོད་ཡོངས་ཀྱི་ཆིག་སྒྲིལ་ལ་ནུས་པ་འདོད་ཐུབ་པའི་གདེངས་ཚོད་རྙེད་ཡོད་པ་མ་ཟད། མང་གཙོའི་ཀ་བ་གསུམ་ནི་རང་རང་སར་འགྱིངས་ཉམས་ཀྱིས་སྡོད་པའི་དབང་ལྡན་ལས་ཁུངས་ཀྱི་ངོ་བོར་ཡོད་པ་གཅིག་བུ་མ་ཡིན་པར་བོད་དོན་ཐད་ཁ་ཡོད་ལག་ཡོད་ཀྱི་ཕན་དུ་རེ་བའི་ལམ་དུ་འཁྲི་བར་མཛད། དཔྱད་ཞིབ་པ་ཁག་ཅིག་གིས་གླེང་མོལ་བྱེད་དོན། སྤྱི་འཐུས་ཚོགས་གཙོ་མཆོག་གིས་“ཆིག་སྒྲིལ་”ཟེར་བ་ནི་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལ་འགན་འཁུར་གྱི་ལས་དོན་ཐད་གུ་ཡངས་བཏང་སྟེ་འཐུས་ཤོར་གྱི་ལམ་དུ་འགྲོ་ཉེན་ཡོང་སྲིད་པའི་ཚོད་དཔག་བྱས་མོད། གཞི་རྩའི་མང་གཙོའི་ལམ་སྲོལ་གྱི་ལས་རིམ་སྔར་བཞིན་འཐུས་ཚང་དང་མུ་མཐུད་ནས་འཐུས་ཚང་དུ་བགྲོད་ཀྱིན་པས་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞིའི་ནང་དུ་དོགས་པ་དེ་ནི་ཚོད་དཔག་མཁན་གྱི་སྐུ་ངལ་དུ་གྱུར་ཡོད།
(ཟུར་ཞུ། རྩོམ་ཡིག་འདི་ཉིད་ཀྱིས་གསལ་བོ་མ་ཆགས་པ་དང་། གསལ་ཁ་མ་ཐོན་པ་ཅི་ཡོད་གུས་པོ་རང་གིས་མ་འཁྱོངས་པ་ལགས་པས་དགོངས་དག་ཞུས་པ་དང་། གཞན་རྩོམ་ཡིག་འདི་ཡིས་ལས་འགན་གཞན་ཅི་ཡང་འཁྱེར་མེད་པར་མི་སྣ་ངོ་སྤྲོད་ཀྱི་རྩོམ་ཡིག་གི་རྩ་དོན་རང་ལ་བསམ་པ་ལགས་པས་དེ་དོན་ཡིད་འཇགས་ཞུ།)
སྐྱེས་བུ་ཁོང་འཁྲུངས་ནས་ལོ་༨༡༥ སོང་འདུག་པས་དེ་འདྲའི་ཚེ་རིང་བ་ལ། འདི་ག་རེ་ཡིན་པའི་སྐད་ཆ་རས། དཀའ་ལས་ཁག་རོགས་རེད།
བྱས་པ་དྲིན་དུ་ཚོར་སྟངས་འདི་མྱི་ངོ་ཤེས་སྟངས་ཤིག་རེད་ལ། ང་ཚོ་ཐུན་མོང་གིས་འདི་ལྟར་བཀའ་ཁྲིའི་འོས་མི་ཚོའང་ངོ་ཤེས་ཟབ་མོ་ཞིག་གནང་རྒྱུར་འབད་བརྩོན་བྱས་པ་ཡིན་ན། ད་དུང་དེ་ལས་ཀྱང་བཙན་བྱོལ་བོད་གཞུང་མང་གི་ནུས་པ་རྩ་དོན་ཐོག་སྒྲིལ་རྒྱུའི་རིགས་ལམ་རྙེད་སྲིད་པ་རེད་ལ། གང་ནས་ཐ་གུ་སྣེ་ཤོར་དུ་སོང་མ་སོང་ཡང་གསལ་བོར་མཐོང་ཐུབ་པ་ཞིག་རེད།
འཇིགས་མེད་ཚེ་རིང་ལགས་ཀྱིས་མང་གཙོའི་ཀ་བ་གསུམ་ཀ་སོ་སོའི་ས་ཆར་འགྱིང་ཉམས་ཀྱིས་བཞུགས་རྒྱུ་ལས་ཆིག་སྒྲིལ་བྱེད་རྒྱུ་དེ་དགོས་གནད་ཅན་དུ་ངོས་འཛིན་གནང་བ་ལྟར། གལ་སྲིད་ང་ཚོའི་སྤྱི་ཚོགས་འདིར་མི་རིགས་ལས་དོན་ཐད་ཀྱི་ཕྱག་རྗེས་ངོས་འཛིན་གནང་སྲོལ་ཚད་ལྡན་ཞིག་དར་ཡོད་པའི་དབང་དུ་བཏང་ན། སྐུ་ཞབས་སྤེན་པ་ཚེ་རིང་གི་བྱས་རྗེས་ནི་ཚོགས་གཙོའི་ལས་ཡུན་ཕྱེད་ཀའི་རིང་བཀའ་ཤག་དང་ཆིག་སྒྲིལ་སྔར་མེད་ཅིག་བྱས་པ་དང། དོན་ཆུང་ཞིག་གི་ཐབས་ལམ་བརྒྱུད་ནས་གྲོས་ཚོགས་ཀྱི་ངོ་གདོང་སྤྱི་ཚོགས་སུ་གསལ་སྟོན་བྱས་པ་གཉིས་ཡིན། དོན་དམ་གྱིས་དབྱེ་ཞིབ་བྱས་ན་ཁོང་གི་སྲིད་དོན་རིགས་ལམ་གྱིས་བོད་ཀྱི་མ་འོངས་པར་ཕན་རླབས་ངེས་ཅན་བྱུང་ཡོད།
ཁོང་གིས་རང་རེའི་སྤྱི་ཚོགས་ནང་དུ་ལས་ཀ་མང་བོ་བྱེད་ཡོད་པ་ཀུན་གྱིས་ཤེས་ནི་རེད། ཡིན་ན་ཡང་ཁོང་མི་སྒུར་བའི་སྒང་ལ་དམག་དྲངས་བའི་དམག་སྤྱི་དང་སྤྱི་འཐུས་གྲོས་ཚོགས་ཉིན་མཐའ་མ་བོར་བའི་ཚོགས་གཙོ་དེ་མ་ཡིན་ནམ།
ལྷག་བསམ་ལགས།
འཁྲུངས་ལོ་ཨང་ཀི ༧ དེ་ ༡༩༦ གི་རྗེས་སུ་སྣོན་རོགས་ཞུས་ན་འཐུས་རྒྱུ། མིག་བཤེར་ཡག་པོ་གནང་འདུག ཐུགས་རྗེ་ཆེ།
ཞེ་དྲག་ཡག་པོ་གསུངས་འདུག འཇིགས་མེད་ཚེ་རིང་ལ་མྱིའི་མིག་འདུག
ཚོགས་གཙོ་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་སུ་་གུས་བཀུར་ཞུ་རྒྱུ་དང་ཁོང་གི་མཛད་བྱེད་ལ་སྙིང་དབུས་ནས་ལེགས་གསོ་དང་དམིགས་དཔེར་བྱ་འོས་པ་རང་རེད། བློ་ཕམ་པ་ཞིག་ལ་སྐུ་ཉིད་བཀའ་བློན་ཁྲི་པའི་འགྲན་རྩོད་རྭ་བའི་ནང་མཐོང་རྒྱུ་མེད་པ་དེ་རེད། མ་འོངས་པར་མཇལ་ཐུབ་པའི་རེ་སྨོན་དང་སྐུ་གཟུགས་ལ་ཧ་ཅང་གནོད་གཞི་ཆེ་བའི་ཐ་མག་དང་སྨྱོ་ཆུ་ཉུང་ཙམ་བཞེས་རྒྱུའི་ཡིད་ཆེད་ཡོད།
ཤེས་འཇོན་དང་ཉམས་མྱོང་ལྡན་ལ། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གྲོས་ཚོགས་ཀྱི་དཀྱིལ་འཁོར་ལ་རྒྱུས་མངའ་གཏིང་ཟབ་ཞིང་། སྤྱི་འཐུས་མིག་ལྡན་ལོང་བ་ཅན་དེ་ཚོ་ཁྲིད་ནས་རྒྱལ་སྤྱིའི་སྡིངས་ཆ་ཁག་ཅིག་ཏུ་ཁྲིད་དེ་འགྲོ་བ་མཐོང་ཆོས་སུ་གྱུར་ཡོད་ལ། སླད་ཆར་ཁོང་ཉིད་མི་ཁའི་ཚེར་མའི་གསེང་ནས་ཐར་ཞིང་གང་ཅིའི་བྱ་བཞག་འབད་དང་བརྩོན་པའི་འགྲུབ་པར་ཡིད་ཆེས་ཀྱིས་ཁེངས་ལྡན་ཡོད།
འདིར་ཚོགས་གཙོ་ལགས་ཀྱི་བཟང་ཕྱོགས་ལས་ངན་ཕྱོགས་གླེང་མི་འདུག xxxxxxxxxxxxxxx
ངན་ཕྱོགས་གླེང་ཡ་ཡོད་ན་ཀེ་ཏ་ཀ་ཁྱེད་ཀྱི་ཅིག་གསུངས་དང་།
ཀེ་ཏ་ཀས་གསུངས་པ་ལྟར་རེད་དེ། ཡིན་ན་ཡང་ང་ཚོར་མཁོ་བ་ནི་བཟང་ཕྱོགས་ཁོ་ན་ལས་ངན་ཕྱོགས་མ་ཡིན་ཙང་། བཟང་ཕྱོགས་གླེང་ན་དེ་གས་འཐུས་པ་རེད།
དངོས་གནས་གླེང་རིན་འདུག
ཐུགས་རྗེ་ཆེ།
སྤྱིར་བཏང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཕར་ཕུད།
དེ་མིན་སོ་སྐྱེས་སུ་ལའང་སྐྱོན་ཡོན་གཉིས་རེ་ཟུང་འབྲེལ་དུ་ཡོད་པ་ལས་ཡོན་ཏན་ཁོ་ནས་སྤུད་པ་ཞིག་ས་སྟེང་གནམ་འོག་ནས་རྙེད་པར་དཀའ།
འོན་ཀྱང་ང་ཚོས་གདམ་ཀ་བྱེད་དགོས་པ་ནི་ཡོན་ཏན་ཁོ་ན་ལས་སྐྱོན་མ་རེད་ལ།
སྔོག་བཤེར་བྱེད་དགོས་པའང་ལེགས་ཆ་ཁོ་ན་ལས་སྐྱོན་ཆ་མ་རེད།
ད་དུང་ང་ཚོར་ངེས་པར་དུ་མཁོ་བ་ཞིག་ནི་་་
ལེགས་ཆ་མཐོང་ཐུབ་པའི་མིག་ཟུང་རེད།
རང་སྐྱོན་ཤེས་ཐུབ་པའི་བློ་གྲོས་རེད།
བཀའ་དྲིན་སེམས་ཐུབ་པའི་བསམ་ཤེས་རེད།
གཞན་དྲིན་འཇལ་ཐུབ་པའི་སྤོབས་པ་རེད།
ཀུན་ལ་ཕན་འདོད་ཀྱི་བསམ་བློ་རེད།
ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བའི་དམ་བཅའ་རེད།
མདོར་ན། དམ་པའི་ཞལ་ནས།
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། གསུངས་པ་དེ་རེད།
—————-_____________________________________________
འོན་ཀྱང་རང་འདོད་དབང་བཙན་དུ་བྱས་ཏེ་གླེང་འདོད་ཡོད་ན་གླེང་ཤོག
བཤད་འདོད་ཡོད་ན་འཆད་ཤོག
སྨྲ་འདོད་ཡོད་ན་སྨྲ་ཤོག
དྲན་ཚད་གླེང་ཆོག
གླེང་ཚང་ཉན་ཆོག
འོན་ཀྱང་། ཆེས་ཐོག་མར་ཁ་བརྡ་ཚང་གི་བཀའ་དང་མི་འགལ་བ་ཞིག་གྱིས།
ཆོས་ལུགས་ཆོལ་ཁའི་བར་ན་མི་འཁྲུགས་པ་ཞིག་གྱིས།
རང་གཞན་ཀུན་ཀྱི་སེམས་ལ་མི་ཕོག་པ་ཞིག་གྱིས།
ཀུན་ཕན་ཞི་བདེའི་དཔལ་ལ་མི་གནོད་པ་གྱིས།
ཀེ་ཏ་ཀའི་མིང་དོན་དང་མཚུངས་པ་ཞིག་གྱིས།
མཐའ་དོན་དུ་ཆུ་རྙོག་དྭངས་ཐུབ་པ་ཞིག་གྱིས།
དངས་བ་འདྲེན་ཐུབ་པ་ཞིག་གྱིས།
གནད་འགག་དེ་ཁོང་གིས་ཚོགས་གཙོ་བྱས་ནས་ནུས་པ་ཅི་ཡང་ཐོན་མི་འདུག་པ་མ་ཟད། གྲོས་ཆོགས་ཁག་ཁག་གཉིས་སུ་ཤོར་བ་དེ་ཧ་ཅང་གི་བློ་ཕམ་བྱུང་
ངས་བྲིས་ཟིན་པ་ཆ་ཚང་བསུབ་འདུག དེ་མ་གཏོགས་བླ་མ་ཞིག་གི་ཆུང་མ་འཕྲོག་པའི་ལོ་རྒྱུས་དང་། ཆོལ་ཁ་ཞིག་གི་མིང་བཀོལ་ནས་མི་སྒེར་བར་སྐྱོན་འཛུགས་བྱས་ནས་ནང་འཁྲུག་བསླངས་པ། སྔར་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དྲུང་ཆེ་ཡིན་དུས་རྩིས་ཆད་བྱུང་བ། ཟམ་གདོང་བླ་མའི་བཀའ་ལས་གང་ཅི་ལའང་མི་གསན་པ་དང་མི་བསམ་པ་བཅས་ལ་བལྟས་ན་ཡོན་ཏན་ལས་སྐྱོན་ཆེ་ཞིང་། ལྷག་བསམ་ལས་ངན་སེམས་རྩུབ་པ་མཐོང་གསལ་རེད། དེ་མིན་གྲོས་ཚོགས་འཚོགས་ཐེངས་གཉིས་ལ་མགོ་མ་ཆུམས་པ་དང་གོང་སའི་མདུན་ནས་དམ་བཅའ་བཞག་བཞིན་དུ་རང་ཉིད་ཀྱང་གྲོས་ཚོགས་ཚོགས་འདུར་མ་ཞུགས་པ་བཅས་ནི་སྤྱི་འཐུས་ཚོགས་གཙོ་ལགས་ཀྱི་སྐྱོན་ཡིན་པས། ད་ཐེངས་ཨ་མདོ་བས་མ་ནོར་བ་ཞིག་གནང་རྒྱུ་གལ་ཆེན་མ་ཡིན་ནམ།
ཀེ་ཏ་ཀ་ཁྱེད་སྙིང་རྗེ།
སྙིང་མི་རྗེ་སྟེ།
ཀེ་ཏ་ཀའི་ངལ་རྩོལ་དོན་མེད་དུ་སོང་བ་དེ་ཕང་པོ་ཞེ་དྲག་རེད། ཨ་ཁ་ཁ།
ཁྱེད་རང་ཚོས་ང་སྙིང་རྗེ་བཞིན་པར་ཐུགས་རྗེ་ཆེ།
ངས་ཀྱང་ཁྱོད་ཚོ་ཤིན་ཏུ་སྙིང་རྗེ་བཞིན་ཡོད། ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུའི་འདི་འདྲའི་མི་ལོ་རྒྱུས་མི་གཙང་མཁན་ཞིག་ལ་རྒྱབ་བསྐྱོར་རྒྱག་གིན་པས་ཡིན། ད་དུང་ཁྱོད་ཚོར་གོང་གི་དོགས་གཞི་རེ་རེར་ལུང་རིགས་རྒྱབ་བརྟེན་དང་བཅས་པའི་ལམ་ནས་མ་ཡིན་པ་སྒྲུབ་ཐུབ་ན་བུ་རེད་ལ། དེ་འདྲ་ཞིག་ཁྱོད་རང་ཚོའི་གྲལ་དུ་མེད་པ་འདྲ།
སྐྱེས་བོ་ཁོང་འཛམ་གླིང་་ནང་ཚེ་ལོ་རིང་ཤོས་རེད་འདུག
༡༽ བླ་མ་ཞིག་གི་ཆུང་མ་འཕྲོག་པ་མ་རེད། བླ་མ་ཞིག་གིས་ཆུང་མ་བདག་པོ་རྒྱག་མ་ཐུབ་པ་རེད། གལ་ཏེ་འཕྲོག་ཆོག་ཆོག་ཡོད་ན་ཁྱེད་རང་སོང་ནས་ཁོང་གི་ལག་ནས་འཕྲོག་དང་དེ་ནས་བལྟ་རྒྱུ་ཞིག་ཡོད་པ་རེད།
༢༽ མདོ་སྨན་པ་ཞིག་ཡིན་པའི་ཆ་ནས་མདོ་སྨད་ནང་ན་སྤྱི་ལ་གནོད་གཞི་རིགས་ཡོད་ན་ངེས་པར་དུ་འགན་ཁུར་ནས་ཕྱག་ལས་གནང་དགོས་ངེས་རེད།
༣༽ ཟམ་གདོང་རིན་པོ་ཆེའི་བཀའ་སྲུང་ཅི་སྒྲུབ་ནི་སྐབས་དང་བསྟུན་པའི་བཀའ་ཤག་ལ་རྒྱབ་སྐྱོར་རེད། དེ་ནི་བཀའ་སྤྱི་གཉིས་ཀྱི་ནུས་ཤུགས་གོང་བུ་གཅིག་སྒྲིལ་ཟེར་བ་དེ་རེད་ལགས། དེ་འདྲ་མ་ཡིན་ནམ།
སྤེན་པ་ཚེ་རིང་འདི་ལ་པན་ཆེན་རིན་པོ་ཆེ་སྐུ་གོང་མའི་གཤིས་ཀ་འདྲ་ཞིག་འདུག
ཆོལ་ཁའི་མིང་ཁྱེར་ནས་མི་སྒེར་ལ་གནོད་གཞི་བྱས་པ་མ་ཚོར། ཟམ་གདོང་བླ་མའི་བཀའ་གསུང་སྒྲུབ་ན་རྒྱལ་བ་རིན་པོ་ཆེ་དང་དགོངས་པ་གཅིག་པ་ཆགས་ཀྱི་རེད། དེ་ཡག་པོ་ཞེ་དྲག་འདུག
མ་རེད་མ་རེད།
གཞོན་ནུ་ཟླ་མེད་ལགས།
བསམ་བློ་ཐོངས་དང་། བླ་མས་ཡོད་ཚད་གཞན་དོན་དུ་བློས་བཏང་བ་ཞིག་རེད་འདུག
དེ་མིན་བདག་པོ་རྒྱག་མ་ཐུབ་པའི་རྒྱུ་མཚན་གཏན་ནས་མ་རེད་སྙམ། ཧ་ཧ།
འོ་གཅིག་བྱས་ན་ཤར་ཕྱོགས་འོད་སྣང་གི་གསུང་པ་དེ་ཡང་ཡིན་རྒྱུ་རེད། བླ་མས་ཡོད་ཚད་གཞན་དོན་དུ་བཏང་བས་ཆུང་མ་ཡང་གཞན་དོན་དུ་བཏང་བ་ཡིན་རྒྱུ་རེད། ཇི་སྐད་དུ་མདོ་ལས། བུ་དང་བུ་མོ་ཆུང་མ་དང་།། ནོར་དང་གླང་ཆེན་ཤིང་རྟ་དང་།། རིན་ཆེན་བྱང་ཆུབ་ཕྱིར་བཏང་བས།། བསྟན་པ་ཡུན་རིང་འབར་གྱུར་ཅིག། གསུངས་པ་ལྟར་ཡིན་རྒྱུ་རེད། དེ་ནས་སྤཻན་པ་ཚེ་རིང་གིས་འཕྲོག་པ་མ་རེད། བླ་མས་སྤེན་པ་ཚེ་རིང་ལ་གནང་བ་རེད།
དེ་མིན་ན་བླ་མ་ལོ་ལོན་ནས་ཆུང་མ་ལོ་ཆུང་ཞིག་བླངས། དེ་ནས་འབུ་ལི་མ་ལངས་པར་བྱས་ཡ་མེད་སོང་པ་ཡིན་རྒྱུ་རེད། སྤེན་པ་ཚེ་རིང་ནི་ལོ་ཆུང་ཤ་དར་ཁྲག་དར་ཟེར་བ་དེ་རེད། དེའི་མན་ཆད་ཤེས་ཀ ཧཧཧ
ད་འགྲིག་འདུག གཞོན་ནུ་ཟླ་མེད་དང་ཤར་ཕྱོགས་འོད་སྣང་ལྟ་བུའི་སྤེན་པ་ཚེ་རིང་ལ་རྒྱུས་ཡོད་མཁན་ཚོས་སྤེན་ཚེ་ཡིས་བླ་མའི་ཆུང་མར་བདག་པོ་བརྒྱབ་པ་ཁས་ལེན་དང་བླ་མར་འཁྲིག་པ་སྤྱོད་པའི་ནུས་པ་མེད་ཚུལ་བཅས་གསལ་བོར་གསུངས་འདུག གནད་དོན་གཉིས་ལྷག་གི་འདུག
༡ སྤྱི་དོན་སྒྲུབ་མཁན་ཞིག་ཡིན་ན་ཀུན་སྤྱོད་གཙོ་བོ་ཡིན་པས། སྤེན་ཚེ་ལ་ཀུན་སྤྱོད་ཀྱིས་ཕོངས་ཡོད་པར་མ་ཟད། བླ་མའི་ཆུང་མའང་ལོངས་སུ་སྤྱོད་ཐུབ་ན་ཁོ་བོའི་རྒྱུད་དུ་དགེ་སྡིག་དང་ངོ་ཚ། ཁྲེལ་ཞེས་པའི་དྲི་མ་ཙམ་ཡང་མི་འདུག་པས། མི་འདི་ལྟ་བུ་ཞིག་གིས་སྤྱི་དོན་ཇི་ལྟར་སྒྲུབ་རྒྱུ་ཡིན་ནམ། ནམ་ཞིག་བོད་འདིའང་བླ་མ་དེ་ནང་བཞིན་ནུས་མེད་ཆགས་ཟིན་པར་ཁ་གཡར་ནས་བཙོང་ནས་རིན་ལེན་མི་སྲིད་པའང་མ་རེད།
༢ བླ་མ་དེ་གྲོངས་སྟངས་ལའང་སྤེན་ཚེ་འབྲེལ་བ་ངེས་ཅན་ཞིག་འདུག ཆུང་མ་ཤོར་བའི་སྡུག་བསྔལ་དང་འབྲེལ་ནས་བླ་མ་དེ་གྲོངས་མ་རན་གོང་ལ་གྲོངས་འདུག་པས། གནད་དོན་དེར་བརྩད་བྱེད་རྒྱུ་ཞིག་རྩ་བ་ནས་མེད་པ་རེད་དམ།
ཁྱོད་ཀྱིས་ད་ལྟ་གངས་སྐྱིད་ནས་ཆབ་སྲིད་འཛིན་རིམ་ཁ་ཤས་ཤིག་བརྒྱུད་ཡོད་ཚོད་རེད། དྲ་ལམ་དུ་འདི་ལྟ་བུ་ཞིག་བཏང་བ་ཡང་འཛིན་རིམ་འཕར་ཆེད་དུ་ཡིན་ངེས་ལ། མི་དྲང་མོ་ཚོས་འདི་ལྟར་སྨན་དེ་བཏུང་ནས་བཟི་སྟེ། མཐར་ཟ་རྒྱུ་ལྡག་རྒྱུ་མེད་པའི་གནས་ཚུལ་འབྱུང་བཞིན་ཡོད་པ་ཤིན་ཏུ་གསལ་བོ་རེད། མཐར་སྨན་དེ་དུག་ཏུ་གྱུར་བའི་བརྒྱུད་རིམ་ཞིག་ཡོད་པ་ཡང་དང་ཐོག་ནས་ཤེས་ན་བཟང་།།
བཀྲ་ཤིས་འདི་མི་དྲང་པོ་མདའ་འདྲ་ཞིག་རེད། ངོ་མ་རེད། སྤེན་ཚེ་འདི་དུག་རེད། མི་དྲང་པོ་ཚོར་ཟ་ཀི་འཇོག་མི་ཉན་ཀི་མོ།
ཀེ་ཏ་ཀས།
༼བླ་མ་དེ་གྲོངས་སྟངས་ལའང་སྤེན་ཚེ་འབྲེལ་བ་ངེས་ཅན་ཞིག་འདུག ཆུང་མ་ཤོར་བའི་སྡུག་བསྔལ་དང་འབྲེལ་ནས་བླ་མ་དེ་གྲོངས་མ་རན་གོང་ལ་གྲོངས་འདུག་པས། གནད་དོན་དེར་བརྩད་བྱེད་རྒྱུ་ཞིག་རྩ་བ་ནས་མེད་པ་རེད་དམ།༽ ཟེར།
ཧེ་ཧེ་ཧེ་
ད་བགད་མོ་མ་སློངས།
བླ་མ་དེ་གྲོངས་མ་རན་གོང་དུ་གྲོངས་པ་ཁྱེད་ཀྱིས་མཁྱེན་འདུག་པ་མ་ཟད། བླ་མ་ག་དུས་གྲོངས་འགྲོ་བའང་ཁྱེད་ཀྱིས་མཁྱེན་རྟོག་བྱུང་ཡོད་པ་ནི་གོང་གསལ་ཚིག་དེའི་ཤུགས་ཀྱི་བསྟན་བྱ་དངོས་ཡིན་སྟབས།
ཁྱེད་ཀྱང་ས་གནས་ག་ཤེད་ཅིག་ན་ཉིན་ཞག་གི་ཕྲེང་བ་བགྲངས་ནས་བླ་མ་གཤེགས་རྒྱུའི་དུས་ཚོད་དེར་བསྒུགས་ཡོད་པ་འདྲ།
ད་བྱས་དུས་རང་ལའང་རེ་བ་ཞིག་ཡོད་པ་བསྟན་འདུག
གནད་དོན་དེ་དངོས་གནས་རྩད་གཅོད་བྱས་ན་བྱ་རྒྱུ་ཡོད་པ་ཞིག་ཏན་ཏན་རེད་འདུག་ཡ།
ཀེ་ཏ་ཀ་ལགས།
ད་རང་ཉིད་ཀྱིས་རྩིས་ལོག་ཐེབས་པའི་ཉིན་ཞག་དེ་དག་ལ་འདང་བརྒྱབ་ན་ཆོ་མེད་པ་མ་ཟད།
བསམ་བློ་ག་ཚོད་བཏང་ནའང་སེམས་ཁམས་སྡུག་གིས་མནར་རྒྱུ་ཙམ་རེད།
རེད་དེ་
འུ་མ་ཐུག་བར་དུ་ཨུ་ཚུགས་མཐར་སྐྱེལ་ཞིག་ཨེ་ཐུབ་བྱ་རྒྱུའི་གཤིས་ཀ་ཞིག་ཁྱེད་ལ་ཡོད་པ་འདྲ།
གང་ལྟར་རང་གི་བློ་ཚིམ་ཐུབ་པ་ཞིག་བྱུང་ན་རབ་རེད།
ཀེ་ཏ་ཀ་ཟེར་ན་ཆུའི་རྙོག་མ་དྭངས་བྱེད་ནོར་བུ་ཞིག་ཡིན་ཚོད། འོན་ཀྱང་དེ་རིང་ནི་ཆུའི་དྭངས་མ་རྙོག་བྱེད་ཀྱི་ཀེ་ཏ་ཀ་ཡང་འདུག་ཀ
མི་སྐོར་ལོག་ཀེ་ཏ་ཀ་འདིས།།
འདང་སྐོར་ལོག་རྐྱང་རྐྱང་བརྒྱབ་ནས།།
ཚིག་རྡོ་ལོག་འདྲ་བ་ཞིག་གིས།།
སྤེན་ངོ་ལོག་བྱེད་བཞིན་ཡོད་འདྲ།།
སྤེན་པ་ཚེ་རིང་གྱ་ཁ་ཡག་དུས་སུ།།
སྤོན་ཏྲེ་ཅ་རེ་ཡུལ་ན་སྟག་རྒོད་འདྲ།།
སྤོར་ཏོ་བླ་མའི་སྙིང་གི་ཚི་ལུ་ནི།།
སྤར་ཁ་ལོ་རིས་ཨ་འགྲིག་ཆ་འགྲིག་ཆགས།།
སྤེན་པ་ཚེ་རིང་ལྷག་བསམ་ཀེ་ལ་ཤ།
སྙིང་གི་ཚི་ལུའི་མཛེས་སྡུག་ཀེ་ས་ར།།
ཟུར་ནས་ལྐོག་བལྟ་བྱེད་མཁན་ཀེ་ཏ་ཀ།
འབུ་ལི་ཀྱེན་ཏུ་ལངས་པ་ཀེ་ལ་ཤིང་།།
རྩེད་མཚར་ཡིན་ད།
ད་འགྲིག་སོང་། ངས་ཁྱོད་ཚོར་སྤེན་པ་ཚེ་རིང་དཀར་པོ་བཟོ་ཐུབ་ནི་མ་རེད་ཅེས་བཤད་ཡོད། ཡིན་ནའང་། ཉན་མ་སོང་། ད་དཀར་པོ་བཟོས་ཡ། ཧ་ཧ།
མྱི་སྤུས་མེད་སྤེན་ཚེའི་དྲུང་ན།
ཁྱི་མདོ་མེད་ཟུག་མཁན་རེ་འགའ།
སྒོར་མཐོང་ན་མ་གཏོགས་མི་འགུལ།
ཟུག་མ་ཤེས་སྤེན་ཚེ་རྨས་ཐལ།