བསམ་གླིང་ཚེ་རིང་ལྷ་མོ།
བོད་གངས་ཅན་པའི་སྐྱེ་བོ་ཀུན་ལ་སེམས་བསམ་པའི་ནང་བདེ་སྐྱིད་སྣུམ་པོ་ཞིག་གིས་ཁེངས་ཡོད། ཅེས་ན་མི་འགྲིག་པ་ཞིག་མེད། དེ་ནི་ང་ཚོའི་མི་རིགས་འདི་དང་ཡང་སྒོས་ནང་པ་ཡོངས་ལ་དམ་པའི་ལྷ་ཆོས་ཀྱིས་གནང་བའི་སེམས་ཀྱི་རྒྱགས་ཕྱེ་ཞིག་ཡོད་པས་རེད། ཕྲུ་གུ་སྐྱེས་ནས་མི་ཡུལ་དུ་འདྲེན་བྱེད་ཐོག་མར་ཕྱེ་དུས་ནས་བཟུང། ཕ་མ་གཉིས་ཀྱིས་རང་གི་སྙིང་ནས་གཅེས་པའི་ཕྲུ་གུ་དེ་དགོན་པ་མཇལ་བར་འཁྲིད་པ་དང། བླ་མའི་ཕྱག་དབང་ཞུ་ཨེ་ཐུབ་བལྟ།
ཕྲུ་གུའི་ཆེས་ཐོག་མའི་གོམ་སྒྲ་དེ་ཡང་མཆོད་རྟེན་དང། དགོན་པ། གནས་སྐོར་སོགས་ལས་མཐོང་རྒྱུ་ཡོད། ཕྲུ་གུའི་སྐད་ངག་ཕྲ་མོས་སྐད་བརྡ་ཐོག་མར་སྤྲོད་དུས། ཕ་མ་གཉིས་ཀྱིས་རང་གི་གཅེས་ཕྲུག་ལ། ཨོ་མ་མ་ཞེས་འབོད་དུ་སྐུལ་ཞིང། ལག་གཉིས་ཐལ་མོ་སྦྱོར་དུ་འཇུག ཨ་མ་ལགས་ཀྱིས་ཕྱག་འཚལ་སྟངས་སློབ་ཅིང། པ་ལགས་ཀྱིས་ཞལ་འདོན་སྐྱོར་སྟངས་སློབ་པར་བྱེད།
ཡང་སྒོས་ཕྲུ་གུ་མང་ཆེ་བའི་ཆོས་ཀྱི་དགེ་རྒན་དང་པོ་དེ་རང་རང་གི་རྨོ་བོ་ལགས་དང་སྤོ་བོ་ལགས་ཡིན། ཁོང་རྣམ་པས་རང་གི་ཚ་མོ་དང་ཚ་བོ་ཚོར་སྡིག་པ་སྤོངས་སྟངས་སློབ་ཅིང། དགེ་བ་གསོག་སྟངས་སློབ་པར་བྱེད། ད་དུང་ཕ་མ་གཉིས་པོས་དགའ་བ་དང་སྤོབས་པའི་ངང་ནས་ཕྲུ་གུ་འདི་ཕྲེང་བ་ལ་དགའ་པོ་འདུག་ལ་དགོན་པར་འགྲོ་རྒྱུར་ཧ་ཅང་དགའ་པོ་འདུག་ཅེས་བརྗོད་པར་སྤྲོ། ཕ་མ་གཉིས་པོས་བརྗོད་པར་སྤྲོ་བའི་གཏམ་དེ་བདེན་མིན་མ་ངེས་ཀྱང། གང་ལྟར་བོད་གངས་ཅན་པའི་ཕྲུ་གུ་ཞིག་ཡིན་ཕྱིན་ཆུང་དུས་ནས་འབུ་གསོད་པར་འཛེམ་ཞིང། བྱ་བྱིའུ་གསོད་པར་འཛེམ་ཟོན་ཆེ།
འཚར་ལོངས་བྱུང་བའི་དུས་རིམ་ནང་། སེམས་ནང་དུ་ཅི་ཞིག་རང་ཉིད་ཀྱི་མགོན་སྐྱབས་སུ་ཡོད་པར་རློམ་ཞིང། ཁ་ཞོར་དང་ལག་ཞོར་དུ་སེམས་ཅན་ལ་གནོད་འཚེ་རེ་ཕོག་སོང་ནའང་། སྡིག་བཤགས་རེ་བྱེད་པར་གོམས། སྐབས་རེ་ལུས་དང་ཡིད་ལ་སྡུག་བསྔལ་ལྕི་པོ་རེ་བྱུང་ནའང། རང་གི་ལས་འབྲས་རང་ལ་འཁོར་བར་བརྩི་ལ། བདེ་བ་བླ་མེད་ཅིག་བྱུང་ནའང་དེ་ནི་མཆོག་གསུམ་གྱི་ཐུགས་རྗེར་དྲན། ཚུལ་མཐུན་དང་སྤྱོད་བཟང་ནི་མཆོག་གསུམ་གྱི་དགོངས་པ་ཡིན་པར་བརྩི་ལ། གཞན་ཕན་དང་བསམ་ཤེས་ནི་དགེ་བའི་ལམ་ཡིན་པར་ཨུ་ཚུགས་བྱེད།
ལྷག་པར་དུ་ངེད་བོད་མི་རིགས་ཀྱི་མི་རྒྱུད་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང། མ་བྲག་སྲིན་མོ་འཕགས་མ་སྒྲོལ་མའི་སྤྲུལ་པ་ཡིན་པར་ཐོག་མར་ཐོས་སྐབས་ནས་བཟུང་། ཡིད་ལ་དགའ་བ་དང། སྤྲོ་བ། སྤོབས་པ་བརྗོད་ཀྱིས་མི་ལངས་པ་ཞིག་གིས་མི་ཚེའི་རིན་ཐང་མཐོ་རུ་འདེགས། ཡིད་ཆེས་དང། དད་པ། སྤོབས་སེམས་ནི་མིའི་སེམས་ཁམས་ཀྱི་ཟུངས་བཅུད་ཉག་ཅིག་ཡིན་པ་འདྲ་ལ། འདོད་ཆུང་དང། ཆོག་ཤེས་ནི་མིའི་སེམས་ཁམས་ཀྱི་བདེ་སྐྱིད་ཅིག་ཀྱང་ཡིན་ངེས།
རེད་ཨང། དད་པ་དང་ཡིད་ཆེས་ལས་གྲུབ་པའི་བོད་མིའི་སེམས་ཁམས་ནི་ཞི་ཞིང་དུལ་བའི་དག་ཞིང་ཞིག་དང་། ལྷིང་འཇགས་དང་འཛུམ་མདངས་ནི་ནམ་ཡང་བདེ་སྐྱིད་ཅིག་གི་འབྱུང་རྩ་ཡིན་པ་འདྲ། རེ་བ་དང་ཕུག་བསམ་མི་ཆེ་ཡང། ཚེ་རབས་ཕྱི་མ་དང་ཕྱི་མར་རེ་བ་ནི་སེམས་ཁམས་ཀྱི་ཞག་ཚི་ཁྱད་འཕགས་ཤིག
བདེ་སྐྱིད་དེ་ནི་མཚན་མོ་གཉིད་ཉལ་ཁར་ཡང་། རང་ཉིད་བོད་གངས་ཅན་པའི་མི་རིགས་ཡིན་པར་སྤོབས་ལ། གངས་ཅན་པར་མགོན་སྐྱབས་བླ་ན་མ་མཆིས་པ་༸གོང་ས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ལྷན་ནེ་བར་བཞུགས་ཡོད་པར་ཡིད་ཀྱི་དང་བ་ཡོངས་སུ་འདྲེན། ལྷག་པར་དུ་སྟོན་པ་ཐུབ་པའི་དབང་པོ་དང་། སངས་རྒྱས་བྱང་སེམས་གྲངས་ལས་འདས་པས་སེམས་ཅན་ཀུན་ལ་བྱམས་པའི་སྤྱན་གྱིས་གཟིགས་ནས་བཞུགས་ཡོད་པའི་དག་སྣང་ལྷད་མེད་པ་ཞིག་རང་བཞིན་གྱིས་ལྡན།
ཞོགས་པ་གཉིད་སད་དུས་ཀྱང་སེམས་ལ་ཤར་བ་ནི་མཆོག་གསུམ། ཐ་ན་མཆོག་གསུམ་གྱི་གྲངས་འདྲེན་མ་ཤེས་མཁན་མང་ཡང། གང་ལྟར་སེམས་ནང་དད་སེམས་ཤིག་གིས་ཁེངས། དེ་ལྟར་ཉིན་ནས་ཉིན་དང་མཚན་མོ་ནས་མཚན་མོ་ཀུན་ཏུ། མཆོག་གསུམ་ཡིད་ལ་བྱེད་པའི་བོད་གངས་ཅན་པའི་སེམས་ཁམས་ནི། དུས་ནམ་ཡང་བདེ་ཞིང་སྐྱིད་པའི་སྐྱེ་གནས་ཤིག་དང་། དུས་ནམ་ཡང་དོན་དང་མཐུན་པའི་བདེ་འགྲོ་ཞིག
མ་གཞི་བྱས་ན་དགེ་སློང་བསམ་གཏན་དང་པོ་ཐོབ་པའི་བདེ་བ་ལྟར་ཞེས་པ་དེ་ཡང་ཡང་ཐོས་ནའང་། རང་ཉིད་ཚུད་པའི་གངས་ཅན་པ་མང་ཆེ་བས་ནི་དེ་དག་དང་རྒྱང་ཁད་དུ་མས་ཆོད་ཡོད་པས་ག་ལ་ཤེས། འོན་ཀྱང་འཛམ་གླིང་གི་ནང་པ་ཡོངས་དང་གངས་ཅན་པའི་ཆོས་ཀྱི་གོ་རྟོགས་དམའ་རིམ་དུ་གནས་པའི་ཡིད་ཀྱི་བདེ་བ་ནི་འདི་ལྟར་ཡིན་ཞེས་བརྗོད་ཆོག་ལ། དེ་ཡང་སེམས་གཏིང་གི་ཞི་ཞིང་དུལ་བའི་བདེ་བ་ཞིག་དང་། དྭངས་ཤིང་གཙང་ལ་སྣུམ་བག་ལྡན་པའི་བདེ་བ་ཞིག་ཡིན།
དེས་ན་འཆི་ཁར་ཡང་ཚེ་ཕྱི་མར་བཅོལ་བའི་རེ་བ་དེ་གསལ་ལྷང་ངེར་འཆར་ལ། སེམས་གཏིང་དུ་ཡོད་པའི་མགོན་སྐྱབས་དཔུང་གཉེན་རྣམས་དུས་ནམ་ཡང་རྣམ་ཤེས་དང་ལྷན་དུ་དམ་པོས་སྦྲེལ་ཅིང་གནས། མདོར་ན་བོད་མི་མང་ཆེ་བས་བོད་དོན་འཐབ་རྩོད་ནི་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ཞིག་ཏུ་ངོས་འཛིན་ལ། དེའི་དོན་དུ་དཀའ་སྡུག་མྱོང་དགོས་ཀྱང། གདོན་མི་ཟ་བར་མཆོག་གསུམ་གྱི་བྱིན་མཐུ་ངོ་མ་ཞིག་མཉམ་དུ་ཡོད་པར་ཡིད་ཆེས་བྱེད།
དེར་བརྟེན། དད་པ་དང་ཡིད་ཆེས་ནི་གངས་ཅན་བོད་མིའི་སེམས་ནང་དུ་དུས་ནམ་ཡང་འགྱུར་བ་མེད་པའི་བདེ་སྐྱིད་ཀྱི་མེ་ཏོག་ཅིག་དང་། དེ་ནི་དེང་རབས་ཀྱི་འབྱོར་ཕྱུག་གང་གིས་ཀྱང་དོ་ཟླ་མ་ཆོག་པའི་སེམས་ནང་གི་རྒྱགས་ཕྱེ་ཞིག དེ་ནི་མི་རབས་ནས་མི་རབས་བར་བརྒྱུད་པའི་བདེ་སྐྱིད་ཀྱི་སྣང་བ་དཀར་པོ་ཞིག
བྲིས་བ་བཟང་། བརྗོད་བྱ་ཡག་པོ་འདུག་ལ་གོ་རྒྱུ་ཆེན་པོ་འདུག དད་པ་ཙམ་གྱིས་མི་ཆོག་པར་ནང་ཆོས་ཀྱི་གཞིའི་རྣམ་བཞག་དང་ལམ་གྱི་རྣམ་བཞག འབྲས་བུའི་རྣམ་བཞག་ཡག་པོ་ཞིག་ཤེས་དགོས་ཞེས་གོང་ས་མཆོག་གིས་གསུངས་པ་དེ་འཛིན་རྒྱུ་གལ་ཆེན་པོ་རེད། སེམས་ཀྱི་བདེ་བ་དད་པ་ཁོ་ནས་བསྒྲུབ་མི་ཐུབ། རྣམ་དཔྱོད་ཀྱི་གྲོགས་དང་བཅས་བའི་སྒྲུབ་དགོས་པ་ཡིན།
དྲ་གྲོགས་མིག་བརྒྱད་པ་ལགས་ཕེབས་པར་ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་གང་གསུངས་པ་རྣམས་དོན་ལ་ཤིན་ཏུ་གནས།
འོན་ཀྱང་རང་ཉིད་དང་རང་ཉིད་འདྲ་བའི་གངས་ཅན་པ་མང་དག་ཅིག
ཞི་ལམ་འབྲས་གསུམ་ལ་གྲོགས་འདྲིས་རྣམ་དག་ཅིག་ཡོང་རྒྱུར་ད་དུང་ལྷག་འདུག
མིག་བརྒྱད་པས་བཤད་པ་ལྟར་རང་ཉིད་ནང་པ་ཞིག་ཡིན་པ་ངོ་ཤེས་པ་ལ། ཕྱི་ནང་གྲུབ་མཐའི་ལྟ་སྤྱོད་ལ།
ཁྱད་གང་གིས་འབྱེད་དགོས་མིན་གསལ་པོར་ངེས་མོད།
བུ་མོ་མཆོག་གི་གསུངས་ལ་མངོན་པར་བསྟོད་དོ། མུ་འཐུད་ཕྱག་རྩོམ་དག་གནང་བར་མཁྱེན་ནོ། ཤྲྰིས་གུས་ཕུལ།
བྲིས་པ་ཡག་ཐོག་་ཀུན་སློང་ཡང་བཟང་གི ཚེ་རིང་ལྷ་མོས་བོད་པ་ཚོར་བསྟོད་ར་བསམ་གྱིས་མི་ཁྱབ་པ་གཡག་འདྲ་བ་ཞིག་འཐེན་འདུག
སྔོན་ཆད་ཀྱང་རྩོམ་ཡག་འདི་འདྲ་བཀླགས་རྗེས་རང་ཉིད་པོད་པ་ཡིན་ཙང་མི་རིགས་གཞན་ལས་གང་མིན་ཚད་ཅིག་ཡིན་བསམ་ནས་རང་གིས་རང་རང་ལ་དབུགས་བརྒྱབ་པ་ལྟ་བུའི་སྤོབས་ཡང་ཡང་སྐྱེས་མྱོང་ཡོད། འོན་ཀྱང་ད་ལྟ་་མི་རིགས་དང་སྤྱི་ཚོགས་གཞན་དུ་འགྲོགས་དུས་་་་ཨུམ་ཨུམ་ཨུམ་་་་་་བོད་ཕྲུག་ཚོས་་འབའ་འབུ་བྱ་བྱེའུ་མི་གསོད་པ་དང་། བོད་མི་ཚོའི་སེམས་ནང་ན་མི་རིགས་གཞན་ལས་བདེ་སྐྱིད་ཁྱད་པར་ཅན་མཆིས་པ་སོགས་ངོ་ནས་རེད། དངོས་ནས་རེད། རྫུན་གཅིག་ཀྱང་མི་འདུག ཐོ་ལོ་བཤགས།
ས་མཐོན་པོ་མ་སུ་རི་བོ་ལ༎སྨན་མཛངས་མ་ཚེ་དབང་ལྷ་མོ་བཞུགས༎དད་པ་དང་དད་པ་གསུངས་ལུགས་ལ༎དོན་དམ་པ་རྟོགས་རན་ཡིན་པ་འདྲ༎མི་ལ་ལའི་དད་པ་བདེ་སྐྱིད་ཡིན༎མི་ལ་ལའི་དད་པ་སྡུག་བསྔལ་ཡིན༎མི་ལ་ལའི་དད་པ་འཆིངས་བྱེད་ཡིན༎མི་ལ་ལའི་དད་པ་གྲོལ་བྱེད་ཡིན༎མི་ལ་ལའི་དད་པས་ཞི་བདེ་སྤེལ༎མི་ལ་ལའི་དད་པས་གཏོར་བཤིག་བྱེད༎དད་པ་དད་པ་མ་ཟེར་དང་༎དམ་ཚིག་དེ་ལས་གལ་ཆེན་རེད༎དད་པ་ལ་དམ་ཚིག་མ་འགྲོགས་ན༎ཚྭ་མེད་པའི་ཚོད་མ་ལྟ་བུ་རེད༎གླུ་གོ་ན་རྣ་བའི་བུ་རམ་མཛོད༎
བཀུར་འོས་དྲ་གྲོགས་འཚུབ་དགའ་ལགས་ཕེབས་པར་བསུ་བ་ཞུ།
བཀུར་འོས་དྲ་གྲོགས་དཔལ་དགྱེས་པ་རྡོ་རྗེ་ལགས་ཕེབས་ནས་སྐུལ་མ་གནང་བར་ཐུགས་རྗེ་ཆེ།
བཀུར་འོས་དྲ་གྲོགས་འདོད་ལྷ་ཁམས་པ་ལགས།
སྐུ་ཉིད་ནས་གང་གསུངས་པ་གུས་མོས་རྟོགས་ཡོད།
བཀུར་འོས་དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
གླུ་སྙན་པོ་ཁྱེད་ཀྱིས་ལེན་ལུགས་འདིས།།
གླུ་གོ་བས་མ་ཚད་ཡིད་དབང་འཕྲོག
ལར་མི་རེར་ཁམས་དང་མོས་པ་རེ།།
ཚ་ཚོད་མ་སྡོར་ཡང་བསྣམས་ནས་འདུག
དད་པ་མེད་པའི་མི་དག་ལ།།དཀར་པོ་ཆོས་རྣམས་མི་སྐྱེས་ཏེ།།ས་བོན་མེ་ཡིས་ཚིག་པ་ལ།།མྱུ་གུ་སྔོན་པོ་ཇི་བཞིན་ནོ།།
ཞེས་པ་ལྟར་དད་པ་དེ་ལ་མངོན་འདོད་ཀྱི་དད་པ། དང་བའི་དད་པ། ཡིད་ཆེས་ཀྱི་དད་པ་གསུམ་ཡོད། དེ་ཡང་རྨོངས་དད་ཙམ་མིན་པ་རྒྱུ་མཚན་དྲངས་བའི་དད་པ་ལ་ཟེར། སངས་རྒྱས་ལ་དགའ་བ་དད་པ་ཡིན་ལ་བུད་མེད་ལ་དགའ་བ་དད་པ་མིན། དེས་ན་དགའ་བ་དང་དད་པ་ལ་ཡིན་མིན་གྱི་མུ་བཞི་ཡོད། དགའ་བ་ཡིན་ལ་དད་པ་མིན་པ་བུད་མེད་ལ་དགའ་བ། དགའ་དད་གཉིས་ཀ་ཡིན་པ་ནི་སངས་རྒྱས་ལ་དགའ་བ། ལྷག་མ་དྲ་གྲོགས་རྣམ་པས་འཇོག་རྒྱུའི་རེ་བ་ཡོད།།
༼འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་སྤྱོད༽
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས་པ་ཐོག་མའི་འདུན་པ་ཡིན་ལ། དེ་ང་རང་སྒེར་གྱི་བསམ་ཚུལ་ཡང་ཡིན། དེ་མིན་སྒེར་གྱི་བསམ་ཚུལ་རྣམས་ལ་བདེན་པ་མེད་ན་ཧ་ཅང་ཐལ་ཆེ། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་ པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ།། དཔེར་ན། མི་གཅིག་གིས་མངོན་སུམ་དུ་མཐོང་སོང་ན་དེ་ཡོད་པའི་གྲས་སུ་བཞག་དགོས་ལ། མི་གཅིག་གིས་མངོན་སུམ་དུ་མ་མཐོང་ན་དེ་མེད་པའི་གྲས་སུ་བཞག་མི་དགོས་པ་དེ་ལ་མངོན་སུམ་ཚད་གྲུབ་ཟེར། ལྟ་ལོག་ཅེས་པ་ལྟ་བ་ཡིན་པ་ལས་ལོག་པ་ཙམ་ལ་བྱེད་རྒྱུ་མ་རེད། གང་ལས་ལོག་རྒྱུའི་ལྟ་བ་དེ་ལ་ཡང་དག་ཅིག་དགོས། དཔེར་ན། མི་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་པར་ལྟ་བ་ལ། གཞན་པ་ཞིག་གིས་མི་དེ་ལ་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་འདྲ་ཆགས་པོ་མང་པོ་ ཞིག་དྲངས་ནས་མི་དེའི་སྐྱེ་བ་སྔ་ཕྱི་ཡོད་འཛིན་གྱི་བློ་དོར་ནས་མེད་འཛིན་གྱི་ བློ་སྐྱེས་སོང་ན་མི་དེའི་ལྟ་བ་ལོག་ཅེས་ཟེར་གི་རེད། བློ་དེའི་བྱེད་པ་དེ་ལ་བརྟེན་ནས་མི་དེ་ལ་ལྟ་ལོག་ཅེས་བརྗོད་ན་ཆོག སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། ལྟ་བ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད། འཁོར་བའི་རྩ་བར་གྱུར་བའི་ལྟ་བ་ནི་ལྷན་སྐྱེས། གྲུབ་མཐའི་དབང་གིས་བཞག་པའི་ལྟ་བ་ནི་ཀུན་བཏགས་ཡིན། གྲྭ་བ་ཞིག་བུ་མོ་མཛེས་མའི་རྣམ་འགྱུར་གྱིས་སེམས་ཤོར་ཏེ་དེ་ལ་བློ་ཞིག་སྐྱེས་པ་དེ་ནི་ལྟ་བ་ཟེར་གི་མ་རེད། དེ་ལ་འདོད་ཆགས་ཟེར་གྱི་རེད། ཁྱི་ལ་བུ་མོ་མཛེས་མའི་འདྲ་པར་ཞིག་བསྟན་ན་སེམས་ཤོར་གྱི་མ་རེད། དེ་ལས་ཤ་ཞིག་བསྟན་ན་ལམ་སང་སེམས་ཤོར་གི་རེད། སེམས་ཀྱི་བྱེད་ལས་མ་འདྲ་བ་རེད། འགྲོ་བ་སོ་སོར་ལས་ཀྱིས་གོ་སྒྲིག་མ་འདྲ་བ་རེད། འདོད་ཆགས་ཀྱི་དམིགས་པ་ལ་ཡུལ་ཡིད་དུ་འོང་བ་ཞིག་བཞག་དགོས་མོད། དུད་འགྲོའི་རིགས་ལ་དབང་པོ་རྟུལ་དྲགས་པས་མཛེས་སྣང་ཡོང་གི་མེད་པ་རེད། བྱས་ཙང་ལྟ་བ་ཟེར་བ་མིའི་སེམས་ཀྱི་འཆར་སྣང་ལ་བརྟེན་ནས་འཇོག་གི་ཡོད་པ་རེད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། དུད་འགྲོ་རྣམས་ལ་བསམ་བློ་ཟེར་བ་ཡོད་པ་མ་རེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་མདའ་དཀྲུག་ ཕུ་དཀྲུག་བྱེད་པའི་རྣམ་དཔྱོད་མེད་ལ། མཛོད་ལས། ལོག་པར་ལྟ་བས་དགེ་རྩ་གཅོད།།ཅེས་པ་ལྟར་འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། རང་རྒྱལ་གཞན་ཕམ་དང་གཞན་ཕན་གྱི་ལྟ་བ། རང་ཉིད་སྲུང་སྐྱོབ་དང་འཐེན་ཁྱེར་གྱི་ལྟ་བས་བེད་སྤྱོད་བྱེད་ཀྱི་རེད། དཔེར་ན། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ཕར་ཕྱོགས་ཀྱི་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་ མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ལྟ་བ་ཐམས་ཅད་སྤངས་མཛད་པ།།གོའུ་དམ་དེ་ལ་ཕྱག་འཚལ་ལོ།།ཞེས་སྟོན་པ་ཤཱཀྱ་ཐུབ་པའི་ རྟེན་འབྱུང་གི་ལྟ་བ་ལ་བསྔགས་བརྗོད་གནང་བ་ཡང་རྒྱུ་མཚན་མཐོང་བའི་སྒོ་ནས་བསྟོད་པ་རེད།
དེར་བརྟེན། ནང་ཆོས་ཀྱི་ལྟ་བ་ཟེར་ན། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་ པའི་ལྟ་བ་ཞིག་རེད། ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། སངས་རྒྱས་ཀྱི་ཆོས་ཚུལ་ཟབ་ པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་ དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་ རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་ མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཐེག་པའི་སྒོ་ནས་ཕྱེ་ན་ཉན་ཐོས་རྣམས་ཀྱི་ ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད། དེ་བཞིན་དུ་ལྟ་བ་ལའང་གཙོ་ཕལ་ཡོད་པ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་ནི། ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་ དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་ གྱིས་གནོན་པ་ལྟ་བུ། དགེ་སློང་ལྷས་བྱིན་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོང་རྟེན་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
ལྟ་ལོག་དང་ལོག་ལྟ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སྤྱིར་ལོག་ལྟ་ཟེར་ན་རྒྱུ་འབྲས་བྱ་བྱེད་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་འཛིན་ཅིང་བྱེད་ལས་དགེ་བ་ལ་མི་འཇུག་ཅིང་དགེ་རྩ་གཅོད་པ་དང་། མི་དགེ་བ་ལ་འཇུག་ཅིང་སྡིག་སེམས་དམ་འཆའ་བ་སོགས་བླང་དོར་ལོག་པར་སྒྲུབ་པར་ བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ།། ལྟ་ལོག་ཟེར་ན་ལྟ་བ་ལོག་པའི་བསྡུས་ཚིག་ཅིག་རེད། དེས་ན་འདོད་ཆགས་ཀྱིས་རྐྱེན་བྱས་ནས་གྲྭ་བ་ལོག །ལོག་ལྟའི་རྐྱེན་བྱས་ནས་ལྟ་བ་ལོག་ཅེས་སྦྱར་ན་འདུམ་བདེ་ལ། ལོག་སྟངས་ཁ་ཁ་རེད། མཐར་ལྟ་ཟེར་ན། འཇིག་ལྟའི་ཡུལ་གྱི་བདག་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ་ཕྱི་མར་ཉིང་མཚམས་ སྦྱོར་བ་མེད་པའི་ཆད་པར་ལྟ་བའི་རྣམ་པ་ཅན། བྱེད་ལས་དབུ་མའི་ལམ་གྱི་ངེས་བར་འབྱུང་བ་ལ་བར་དུ་གཅོད་པའི་ཤེས་རབ་ཉོན་མོངས་ཅན། ལྟ་བ་དེ་དག་གི་འབྱུང་རྩ་འཇིག་ལྟ་དང་། ངར་འཛིན་ཡིན། ང་ཚོའི་རྒྱུད་ལ་ལྟ་ངན་དེ་དག་ཡོད་མེད་ཞིབ་འཇུག་ཡག་པོ་ཞིག་བྱས་ན་ཧ་གོ་ངེས་རེད། ཁ་ཤས་གྲུབ་མཐའི་དབང་གིས་སྐྱེས་པ་ཡང་ཡོད་ལ་གྲོགས་ཀྱི་དབང་གིས་སྐྱེས་པ་ཡང་ཡོད་དོ།། མཛོད་རྩ་ལས། མེད་པར་ལྟ་བས་རྩ་བ་གཅོད།།འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས།།ཅེས་གསུངས་པ་ལྟར་ ལས་འབྲས་མེད་པར་ལྟ་བས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ཐོབ་རྣམས་གཅོད་པར་ བྱེད་ཅིང་བཅོམ་པས་མ་ཁྱབ་པའི་ཞིབ་ཆ་དགོས། དགེ་རྩ་གཅོད་ཚུལ་ནི། མཛོད་ལས། རྒྱུ་དང་འབྲས་ལ་སྐུར་འདེབས་པས།། ཞེས་གསུངས་པ་ལྟར་དགེ་སྡིག་གི་རྒྱུ་འབྲས་ལ་སྐུར་བ་འདེབས་པས་གཅོད་དོ།། དེ་ལས། ཀུན་གྱིས་རིམ་གྱིས་མིའི་ནང་དུའོ།། ཞེས་གསུངས་པ་ལྟར་བྱེ་སྨྲ་ལྟར་ན་འདོད་པའི་ལོག་ལྟ་ཀུན་གྱིས་སྐྱེས་ཐོབ་དགེ་བ་སྐོར་དགུ་རིམ་ གྱིས་གཅོད་པར་བྱེད་དོ།། དེ་ཡང་འགྲོ་བ་མིའི་ནང་དུ་དགོས་སོ།། ཚེ་འདིར་ལོག་ལྟས་དགེ་རྩ་ཆད་པ་སླར་ཡང་མཚམས་སྦྱོར་བ་ཡོད་དམ་མེད་སྙམ་ན། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བའི།།མཚམས་མེད་བྱེད་པའི་འདི་ལ་མིན།།ཞེས་གསུངས་པ་ལྟར་ མཚམས་མེད་ཀྱི་ལས་བྱེད་པའི་དགེ་རྩ་ཆད་པ་རྣམས་ལ་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ མེད་ཅིང་ལོག་ལྟས་དགེ་རྩ་ཆད་པ་རྣམས་སླར་ཡང་ལས་འབྲས་ཡོད་པར་ལ་ཐེ་ཚོམ་དང་ལྟ་ བས་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ཡོད་པར་བཤད་དོ།། སྐབས་འདིར་ངས་ལྟ་ལོག་ཅེས་པའི་ལྟ་བ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། དཀོན་མཆོག་གསུམ་མེད་པར་ལྟ་མཁན་གྱི་གང་ཟག་དེ་ལ་ལྟ་ལོག་ཅེས་བརྗོད་ཀྱི་ཡོད།
གྲྭ་ལོག་དང་ལྟ་ལོག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། རབ་བྱུང་བ་དང་ཆོས་པ་རྣམ་དག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། མུ་བཞིའི་རྩིས་ཚུལ་དེ་ཚོ་ཁུངས་ལུང་མེད་པ་ཁ་ནས་གང་བྱུང་ཤོད་པ་དེ་འདྲ་གཏན་ནས་མིན་ཏེ། དང་པོ། གྲྭ་ལོག་ཡིན་ལ་ལྟ་ལོག་ཡིན་མི་དགོས་པའི་ཁུངས་ནི། མདོ་ལས། ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་།།འཇིག་རྟེན་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།། ཞེས་པ་འདི་ནི་ཚུལ་ཁྲིམས་འཆལ་ཀྱང་ལྟ་བ་ཡང་དག་པ་ཡོད་པའི་ཆ་ནས་གསུང་གི་ཡོད། ལམ་རིམ་སོགས་ན་མང་པོ་ཡོད་རེ་རེ་བཞིན་བཤད་པར་མི་སྤོབས། གཉིས་པ་ལྟ་ལོག་ཡིན་ལ་གྲྭ་ལོག་མིན་པ་ནི། དགེ་སློང་ལེགས་སྐར་ལྟ་བུ། ཁོང་གིས། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་ སངས་རྒྱས་ཤཱཀྱ་ཐུབ་པའི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་དེ་ནི་ལྟ་ལོག་རེད། ལས་དེའི་དབང་གིས་དམྱལ་བར་སྐྱེས་བར་མདོ་ལས་གསུངས། གསུམ་པ་གྲྭ་ལོག་དང་ལྟ་ལོག་གཉིས་ཀ་ཡིན་པ་ནི། དང་པོར་དགེ་སློང་ཡིན་པ་གང་ཞིག་ལ་གྲོགས་མི་སྟེགས་ཅན་དང་འགྲོགས་ནས་ལྟ་སྤྱོད་ གཉིས་ཀ་ཉམས་པ་མདོ་དང་འདུལ་བ་སོགས་ན་མང་པོ་ཡོད་པ་དེ་ཚོ་རེད། བཞི་པ་གང་ཡང་མིན་པ་ནི། དགེ་སློང་འཆར་ཀ་ལྟ་བུའོ།། འདི་དག་མདོ་ལས་གསུངས་པ་གཞིར་བཞག་ནས་བཤད་ཀྱི་ཡོད། རང་རེའི་སྤྱི་ཚོགས་འདི་ལའང་དེ་ལྟ་བུ་མུ་བཞིའི་དབྱེ་བ་མེད་ཅེས་ག་ལ་ཟེར་ནུས། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ།།སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས།། སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད།།རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ།།ཞེས་ གསུངས་པ་ལྟར་ཐོས་པ་དང་བསམ་པ་ཙམ་གྱིས་མི་ཆོག་པ། རྗེ་རིན་པོ་ཆེས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། ཞེས་པ་ལྟར་ཐོས་དོན་རྒྱུད་ལ་མི་སྦྱོར་བའི་རབ་བྱུང་བ་དེ་ཚོ་ཆོས་པ་ཡིན་ཀྱང་ཆོས་པ་རྣམ་དག་མ་རེད། སྤྱོད་འཇུག་ལས་ཀྱང་། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།།ནད་པ་དག་ལ་ཕན་འགྱུར་རམ།། ཞེས་གསུངས་པ་ལྟར་ཆོས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་སྨན་དེ་འཐུང་དགོས་བ་རེད། །།
ཚུལ་དང་མཐུན་པ་ལ་ལྟ་སྤྱོད་བཟང་པོ་ཡོད་ལ་དེ་མེད་ན་དཀའ་བས། ཚུལ་ཞེས་པ་དོན་དུ་མ་ལ་འཇུག་སྟེ། རྣམ་དཔྱད་རིག་པ་ལས། ཚུལ་གྱི་སྒྲ་ནི་བདེན་པ་དང་།།ལམ་དང་འབྲེལ་འབྱུང་རིག་པ་དང་། ཞེས་གསུངས་པ་དང་། སྨྲ་སྒོ་ལས། ཚུལ་ནི་འདྲ་དང་སྨད་པ་དང་།།སྒོ་དང་སྡོམ་པ་མཚན་ཉིད་དང།།ཐབས་དང་རིག་པ་དོན་དང་ འདོད།།ལེགས་པ་དག་ལ་འཇུག་པ་ལས།། ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཞེས་པའི་ཚུལ་ནི་སྡོམ་པ་ལ་གོ ལུས་ངག་གི་ཉེས་སྤྱོད་སྡོམ་པར་བྱེད་པས་ན་སྡོམ་པ་ཟེར། ཁ་ཤས་ཀྱིས་སྡོམ་པ་འཆིང་ཐག་ལ་ལྟ་བུ་ལ་སྦྱར་འདུག་མོད། ལུས་ངག་འཆིང་བྱེད་མ་རེད་ལུས་ངག་གི་ཉེས་སྤྱོད་སྡོམ་པ་རེད། སྡོམ་པ་དང་ཚུལ་ཁྲིམས་གཉིས་ལ་ཁྱད་པར་ཡོད་དེ། སྡོམ་པ་ལ་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པའོ།། དེ་གསུམ་ག་ལྡན་པ་ལ་སྡོམ་པ་གསུམ་ལྡན་ཟེར་རོ།། ཚུལ་ཁྲིམས་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་མཁན་སློབ་ལས་ཐོབ་པ་ཞིག་མིན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བྱང་སེམས་ཀྱི་ཚུལ་ཁྲིམས་ཟེར། དེས་ན། སྡིག་པ་དང་ལྟུང་བ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཁྱིམ་པས་སྲོག་བཅད་པ་སྡིག་པ་ཡིན་ཀྱང་ལྟུང་བ་མ་ཡིན། དགེ་སློང་གིས་སྲོག་བཅད་པ་སྡིག་ལྟུང་གཉིས་ཀ་ཡིན། དགེ་སློང་གིས་མཚན་མཐུན་ཆགས་སྤྱོད་བྱས་པ་ལྟུང་བ་ཡིན་ཀྱང་སྡིག་པ་མིན། ཁྱིམ་པས་ཤིང་བཅད་པ་སྡིག་ལྟུང་གཉིས་ཀ་མིན།
དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་དབང་པོ་ཁོ་ནས་བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་ སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། གནའ་སྔ་མོའི་དུད་འགྲོའི་རིགས་ལ་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་དང་གཏུམ་འབྲུག་སོགས་མང་པོ་ཞིག་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པ་དང་། དེ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ལ་གནོད་རྐྱེན་ཐེབས་པའི་དབང་གིས་རྩ་སྟོང་ཕྱིན་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་ འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་ པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་ དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་ འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་ མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་ བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ ལག་པ་ཡོད། ནམ་མཁའི་རླུང་ལ་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་ སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་དུད་ འགྲོ་གཞན་དང་བསྡུར་ན་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་ རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་ དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་ པགས་པ་ཡོད་པ་དང་ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་ སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་ཁོ་ཚོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་སྟེང་ན་ཡོད་པ་རེད། མི་ལ་གཞན་གྱི་ས་ཆ་བདག་བཟུང་བྱེད་པའི་ནུས་པ་དང་བཙན་འཕྲོག་བྱེད་པའི་ནུས་པ། ཁང་པ་དང་ཉལ་ཆས་སྒྲིག་པའི་ནུས་པ། རང་ཁ་རང་གསོའི་ནུས་པ། ཐ་ན་རང་དགྲ་གསོད་པའི་ནུས་པ་སོགས་ཚང་མ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ ཡོད་པ་དང་། རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ ཐུབ་པ་དང་མདོར་ན་མི་དང་སེམས་ཅན་ཡོད་དོ་ཅོག་རྩི་ཤིང་ལ་བརྟེན་བཞིན་ཡོད་པ་གསལ་ བོ་རེད། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
སྤྱིར་བཏང་ང་ཚོའི་འཛམ་གླིང་འདིར་སེམས་ཅན་མི་འདྲ་བ་ཧ་ཅང་མང་པོ་རེད། ལ་ལ་ནི་ཧ་ཅང་ཆེན་པོ་དང་ལ་ལ་ནི་ཧ་ཅང་ཆུང་ཆུང་ཡིན་པས་མིག་རྗེན་པས་མཐོང་མི་ཐུབ་པ་ཡང་སྨོས་མེད་རེད། འཛམ་གླིང་སྟེང་གི་སེམས་ཅན་ལུས་བོངས་ཆེ་ཤོས་ནི་ཉ་ཆེན་ཝེལ་ཟེར་བ་དེ་རེད། ཆུང་ཤོས་ནད་འབུ་ཕྲ་རབ་དང་སེམས་ཅན་གྱི་ཐོག་མའི་འབྱུང་ཁུངས་བྷེཀི་ཊེ་ར་ཡ་ནས་ མགོ་ཚུགས་པར་ཡང་བཤད་ཀྱི་ཡོད། ང་ཚོའི་གཞུང་ན་དུད་འགྲོའི་རིགས་མི་འདྲ་བ་བྱེ་བ་སོ་དྲུག་ཙམ་ཡོད་པ་ཡང་གསུངས་ ཡོད་པ་རེད། རིགས་གཅིག་ཡིན་པ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ལ་སྤྱི་ཚོགས་སེམས་ཅན་ཟེར། དཔེར་ན། མི་དང་སྦྲང་མ། གྲོག་མ་ལྟ་བུའོ། །སེམས་ཅན་དང་རྩི་ཤིང་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་པ་ཚན་རིག་པ་ ཚོས་གླེང་གི་ཡོད་ལ་དངོས་པོའི་གནས་ཚུལ་ཡང་རེད། སེམས་ཅན་དང་རྩི་ཤིང་གང་ཡིན་རུང་ཁམས་ཟས་ལ་ལ་བརྟེན་ནས་འཚོ་དགོས་བ་དང་། ཤ་ཟན་སེམས་ཅན་དང་རྩ་ཟན་སེམས་ཅན། ནུ་གསོའི་སེམས་ཅན་དང་ནུ་གསོ་མ་ཡིན་པའི་སེམས་ཅན། སྒལ་རུས་སེམས་ཅན་དང་སྒལ་རུས་མེད་པའི་སེམས་ཅན། རྐང་ལག་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། གཤོག་པ་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། བདག་ཡོད་སེམས་ཅན་དང་བདག་མེད་སེམས་ཅན་ཚང་མས་ཁ་ཟས་ལ་བརྟེན་དགོས། མཛོད་འགྲེལ་སོགས་ལས་ཚེ་སྲོག་གསོ་བར་བྱེད་པ་ལ་ཟས་ཞེས་གསུང་གི་ཡོད། ཟས་བཞིའི་ནང་གི་ཁམས་ཟས་དེ་རེད། ཏིང་ངེ་འཛིན་གྱི་ཟས་དང་རྣམ་ཤེས་ཀྱི་ཟས། གཉིད་ཀྱི་ཟས་སོགས་མང་པོ་ཡོད་པ་རེད། ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་རེད། འབུ་དེ་དག་མེད་ན་ང་ཚོ་འཚོ་གནས་མི་ཐུབ་པ་ཡང་གསལ་བོ་རེད། འབུ་མེད་ན་ནད་མེད། ནད་མེད་ན་སྨན་མེད། སྨན་མེད་ན་འཚོ་གནས་མི་ཐུབ་པ་ཡིན། འཇིག་རྟེན་འདི་ན་སྨན་མ་ཡིན་པ་ཡང་མེད་ལ་དུག་མ་ཡིན་པ་ཡང་མེད། འདུས་པའི་རང་བཞིན་ལས་སྨན་དང་དུག་ཏུ་འགྱུར་བ་ཡིན། སྨན་ཡང་དུག་ཏུ་འགྱུར་ལ་དུག་ཡང་སྨན་དུ་འགྱུར་བ་ཡོད། ལ་ལས་དམ་པའི་ཆོས་དུག་ཏུ་ངོས་འཛིན་ལ་ལ་ལས་སྨན་དུ་ངོས་འཛིན། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་གེགས་སུ་ངོས་འཛིན་ལ། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་མཐུན་རྐྱེན་དུ་ངོས་འཛིན། འདི་ཚང་མ་ལྟོས་འཇོག་གི་རང་བཞིན་རེད། མི་མཐུན་ཕྱོགས་མེད་ན་ཡར་རྒྱས་མེད། དཔེར་ན། སངས་རྒྱས་བཞིན། རྗེ་མི་ལས། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།ཞེས་གསུངས་ལ་ལྟར། ལྟ་ངན་གྱི་དྲ་བ་ཐམས་ཅད་གཅོད་བྱེད་རྟེན་འབྱུང་གི་རིགས་པ་ཟེར་བ་དེ་རེད། དེང་དུས་ཚན་རིག་པ་མང་པོས་ཀྱང་ལྟོས་གྲུབ་ཀྱི་རིགས་པ་ལ་ཚད་མཐོ་བའི་གདེངས་འཇོག་བྱེད། འགྲོ་བ་མིས་རྣམ་དཔྱོད་འདི་བེད་སྤྱད་དེ་བྱམས་དང་སྙིང་རྗེའི་ལྟ་བ་ཞིག་དང་། ཀུན་དང་མཐུན་པའི་ལྟ་བ་ཞིག་དང་། འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་བ་ཞིག་ལ་བརྟེན་ནས་གཅིག་ལ་གཅིག་རྟེན་གྱི་མཛའ་བརྩེ་ཟབ་མོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་རེད།
༼འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་སྤྱོད༽
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས་ལ་དེ་ཐོག་མའི་འདུན་པ་ཡང་རེད། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་ པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ། དཔེར་ན། མི་གཅིག་གིས་མངོན་སུམ་དུ་མཐོང་སོང་ན་དེ་ཡོད་པའི་གྲས་སུ་བཞག་དགོས་ལ། མི་གཅིག་གིས་མངོན་སུམ་དུ་མ་མཐོང་ན་དེ་མེད་པའི་གྲས་སུ་བཞག་མི་དགོས་པ་དེ་ལ་མངོན་སུམ་ཚད་གྲུབ་ཟེར། ལྟ་ལོག་ཅེས་པ་ལྟ་བ་ཡིན་པ་ལས་ལོག་པ་ཙམ་ལ་བྱེད་རྒྱུ་མ་རེད། གང་ལས་ལོག་རྒྱུའི་ལྟ་བ་དེ་ལ་ཡང་དག་ཅིག་དགོས། དཔེར་ན། མི་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་པར་ལྟ་བ་ལ། གཞན་པ་ཞིག་གིས་མི་དེ་ལ་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་འདྲ་ཆགས་པོ་མང་པོ་ ཞིག་དྲངས་ནས་མི་དེའི་སྐྱེ་བ་སྔ་ཕྱི་ཡོད་འཛིན་གྱི་བློ་དོར་ནས་མེད་འཛིན་གྱི་ བློ་སྐྱེས་སོང་ན་མི་དེའི་ལྟ་བ་ལོག་ཅེས་ཟེར་གི་རེད། བློ་དེའི་བྱེད་པ་དེ་ལ་བརྟེན་ནས་མི་དེ་ལ་ལྟ་ལོག་ཅེས་བརྗོད་ན་ཆོག སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། ལྟ་བ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད། འཁོར་བའི་རྩ་བར་གྱུར་བའི་ལྟ་བ་ནི་ལྷན་སྐྱེས། གྲུབ་མཐའི་དབང་གིས་བཞག་པའི་ལྟ་བ་ནི་ཀུན་བཏགས་ཡིན། གྲྭ་བ་ཞིག་བུ་མོ་མཛེས་མའི་རྣམ་འགྱུར་གྱིས་སེམས་ཤོར་ཏེ་དེ་ལ་བློ་ཞིག་སྐྱེས་པ་དེ་ནི་ལྟ་བ་ཟེར་གི་མ་རེད། དེ་ལ་འདོད་ཆགས་ཟེར་གྱི་རེད། ཁྱི་ལ་བུ་མོ་མཛེས་མའི་འདྲ་པར་ཞིག་བསྟན་ན་སེམས་ཤོར་གྱི་མ་རེད། དེ་ལས་ཤ་ཞིག་བསྟན་ན་ལམ་སང་སེམས་ཤོར་གི་རེད། སེམས་ཀྱི་བྱེད་ལས་མ་འདྲ་བ་རེད། འགྲོ་བ་སོ་སོར་ལས་ཀྱིས་གོ་སྒྲིག་མ་འདྲ་བ་རེད། འདོད་ཆགས་ཀྱི་དམིགས་པ་ལ་ཡུལ་ཡིད་དུ་འོང་བ་ཞིག་བཞག་དགོས་མོད། དུད་འགྲོའི་རིགས་ལ་དབང་པོ་རྟུལ་དྲགས་པས་མཛེས་སྣང་ཡོང་གི་མེད་པ་རེད། བྱས་ཙང་ལྟ་བ་ཟེར་བ་མིའི་སེམས་ཀྱི་འཆར་སྣང་ལ་བརྟེན་ནས་འཇོག་གི་ཡོད་པ་རེད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། དུད་འགྲོ་རྣམས་ལ་བསམ་བློ་ཟེར་བ་ཡོད་པ་མ་རེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་མདའ་དཀྲུག་ ཕུ་དཀྲུག་བྱེད་པའི་རྣམ་དཔྱོད་མེད་ལ། མཛོད་ལས། ལོག་པར་ལྟ་བས་དགེ་རྩ་གཅོད།།ཅེས་པ་ལྟར་འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། རང་རྒྱལ་གཞན་ཕམ་དང་གཞན་ཕན་གྱི་ལྟ་བ། རང་ཉིད་སྲུང་སྐྱོབ་དང་འཐེན་ཁྱེར་གྱི་ལྟ་བས་བེད་སྤྱོད་བྱེད་ཀྱི་རེད། དཔེར་ན། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ཕར་ཕྱོགས་ཀྱི་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་ མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད།
དེར་བརྟེན། ནང་ཆོས་ཀྱི་ལྟ་བ་ཟེར་ན། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་པའི་ལྟ་བ་ཞིག་རེད། ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། སངས་རྒྱས་ཀྱི་ཆོས་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་ དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་ རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་ མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཐེག་པའི་སྒོ་ནས་ཕྱེ་ན་ཉན་ཐོས་རྣམས་ཀྱི་ ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད། དེ་བཞིན་དུ་ལྟ་བ་ལའང་གཙོ་ཕལ་ཡོད་པ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་ནི། ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་ དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་ གྱིས་གནོན་པ་ལྟ་བུ། དགེ་སློང་ལྷས་བྱིན་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོང་རྟེན་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
ལྟ་ལོག་དང་ལོག་ལྟ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སྤྱིར་ལོག་ལྟ་ཟེར་ན་རྒྱུ་འབྲས་བྱ་བྱེད་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་འཛིན་ཅིང་བྱེད་ལས་དགེ་བ་ལ་མི་འཇུག་ཅིང་དགེ་རྩ་གཅོད་པ་དང་། མི་དགེ་བ་ལ་འཇུག་ཅིང་སྡིག་སེམས་དམ་འཆའ་བ་སོགས་བླང་དོར་ལོག་པར་སྒྲུབ་པར་ བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ།། ལྟ་ལོག་ཟེར་ན་ལྟ་བ་ལོག་པའི་བསྡུས་ཚིག་ཅིག་རེད། དེས་ན་འདོད་ཆགས་ཀྱིས་རྐྱེན་བྱས་ནས་གྲྭ་བ་ལོག །ལོག་ལྟའི་རྐྱེན་བྱས་ནས་ལྟ་བ་ལོག་ཅེས་སྦྱར་ན་འདུམ་བདེ་ལ། ལོག་སྟངས་ཁ་ཁ་རེད། མཐར་ལྟ་ཟེར་ན། འཇིག་ལྟའི་ཡུལ་གྱི་བདག་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ་ཕྱི་མར་ཉིང་མཚམས་ སྦྱོར་བ་མེད་པའི་ཆད་པར་ལྟ་བའི་རྣམ་པ་ཅན། བྱེད་ལས་དབུ་མའི་ལམ་གྱི་ངེས་བར་འབྱུང་བ་ལ་བར་དུ་གཅོད་པའི་ཤེས་རབ་ཉོན་མོངས་ཅན། ལྟ་བ་དེ་དག་གི་འབྱུང་རྩ་འཇིག་ལྟ་དང་། ངར་འཛིན་ཡིན། ང་ཚོའི་རྒྱུད་ལ་ལྟ་ངན་དེ་དག་ཡོད་མེད་ཞིབ་འཇུག་ཡག་པོ་ཞིག་བྱས་ན་ཧ་གོ་ངེས་རེད། ཁ་ཤས་གྲུབ་མཐའི་དབང་གིས་སྐྱེས་པ་ཡང་ཡོད་ལ་གྲོགས་ཀྱི་དབང་གིས་སྐྱེས་པ་ཡང་ཡོད་དོ།། མཛོད་རྩ་ལས། མེད་པར་ལྟ་བས་རྩ་བ་གཅོད།།འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས།།ཅེས་གསུངས་པ་ལྟར་ ལས་འབྲས་མེད་པར་ལྟ་བས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ཐོབ་རྣམས་གཅོད་པར་ བྱེད་ཅིང་བཅོམ་པས་མ་ཁྱབ་པའི་ཞིབ་ཆ་དགོས། དགེ་རྩ་གཅོད་ཚུལ་ནི། མཛོད་ལས། རྒྱུ་དང་འབྲས་ལ་སྐུར་འདེབས་པས།། ཞེས་གསུངས་པ་ལྟར་དགེ་སྡིག་གི་རྒྱུ་འབྲས་ལ་སྐུར་བ་འདེབས་པས་གཅོད་དོ།། དེ་ལས། ཀུན་གྱིས་རིམ་གྱིས་མིའི་ནང་དུའོ།། ཞེས་གསུངས་པ་ལྟར་བྱེ་སྨྲ་ལྟར་ན་འདོད་པའི་ལོག་ལྟ་ཀུན་གྱིས་སྐྱེས་ཐོབ་དགེ་བ་སྐོར་དགུ་རིམ་ གྱིས་གཅོད་པར་བྱེད་དོ།། དེ་ཡང་འགྲོ་བ་མིའི་ནང་དུ་དགོས་སོ།། ཚེ་འདིར་ལོག་ལྟས་དགེ་རྩ་ཆད་པ་སླར་ཡང་མཚམས་སྦྱོར་བ་ཡོད་དམ་མེད་སྙམ་ན། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བའི།།མཚམས་མེད་བྱེད་པའི་འདི་ལ་མིན།།ཞེས་གསུངས་པ་ལྟར་ མཚམས་མེད་ཀྱི་ལས་བྱེད་པའི་དགེ་རྩ་ཆད་པ་རྣམས་ལ་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ མེད་ཅིང་ལོག་ལྟས་དགེ་རྩ་ཆད་པ་རྣམས་སླར་ཡང་ལས་འབྲས་ཡོད་པར་ལ་ཐེ་ཚོམ་དང་ལྟ་ བས་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ཡོད་པར་བཤད་དོ།། སྐབས་འདིར་ངས་ལྟ་ལོག་ཅེས་པའི་ལྟ་བ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། དཀོན་མཆོག་གསུམ་མེད་པར་ལྟ་མཁན་གྱི་གང་ཟག་དེ་ལ་ལྟ་ལོག་ཅེས་བརྗོད་ཀྱི་ཡོད།
དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་དབང་པོ་ཁོ་ནས་ བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་ སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། གནའ་སྔ་མོའི་དུད་འགྲོའི་རིགས་ལ་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་དང་གཏུམ་འབྲུག་སོགས་མང་པོ་ཞིག་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པ་དང་། དེ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ལ་གནོད་རྐྱེན་ཐེབས་པའི་དབང་གིས་རྩ་སྟོང་ཕྱིན་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་ འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་ པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་ བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ ལག་པ་ཡོད། ནམ་མཁའི་རླུང་ལ་བརྟེན་པའི་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་ སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་དུད་ འགྲོ་གཞན་དང་བསྡུར་ན་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་ རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་ དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་ པགས་པ་ཡོད་པ་དང་ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་ སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་ཁོ་ཚོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་སྟེང་ན་ཡོད་པ་རེད། མི་ལ་གཞན་གྱི་ས་ཆ་བདག་བཟུང་བྱེད་པའི་ནུས་པ་དང་བཙན་འཕྲོག་བྱེད་པའི་ནུས་པ། ཁང་པ་དང་ཉལ་ཆས་སྒྲིག་པའི་ནུས་པ། རང་ཁ་རང་གསོའི་ནུས་པ། ཐ་ན་རང་དགྲ་གསོད་པའི་ནུས་པ་སོགས་ཚང་མ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ ཡོད་པ་དང་། རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ ཐུབ་པ་དང་མདོར་ན་མི་དང་སེམས་ཅན་ཡོད་དོ་ཅོག་རྩི་ཤིང་ལ་བརྟེན་བཞིན་ཡོད་པ་གསལ་ བོ་རེད། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
སྤྱིར་བཏང་ང་ཚོའི་འཛམ་གླིང་འདིར་སེམས་ཅན་མི་འདྲ་བ་ཧ་ཅང་མང་པོ་རེད། ལ་ལ་ནི་ཧ་ཅང་ཆེན་པོ་དང་ལ་ལ་ནི་ཧ་ཅང་ཆུང་ཆུང་ཡིན་པས་མིག་རྗེན་པས་མཐོང་མི་ཐུབ་པ་ཡང་སྨོས་མེད་རེད། འཛམ་གླིང་སྟེང་གི་སེམས་ཅན་ལུས་བོངས་ཆེ་ཤོས་ནི་ཉ་ཆེན་ཝེལ་ཟེར་བ་དེ་རེད། ཆུང་ཤོས་ནད་འབུ་ཕྲ་རབ་དང་སེམས་ཅན་གྱི་ཐོག་མའི་འབྱུང་ཁུངས་བྷེཀི་ཊེ་ར་ཡ་ནས་ མགོ་ཚུགས་པར་ཡང་བཤད་ཀྱི་ཡོད། ང་ཚོའི་གཞུང་ན་དུད་འགྲོའི་རིགས་མི་འདྲ་བ་བྱེ་བ་སོ་དྲུག་ཙམ་ཡོད་པ་ཡང་གསུངས་ ཡོད་པ་རེད། རིགས་གཅིག་ཡིན་པ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ལ་སྤྱི་ཚོགས་སེམས་ཅན་ཟེར། དཔེར་ན། མི་དང་སྦྲང་མ། གྲོག་མ་ལྟ་བུའོ། །སེམས་ཅན་དང་རྩི་ཤིང་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་པ་ཚན་རིག་པ་ ཚོས་གླེང་གི་ཡོད་ལ་དངོས་པོའི་གནས་ཚུལ་ཡང་རེད། སེམས་ཅན་དང་རྩི་ཤིང་གང་ཡིན་རུང་ཁམས་ཟས་ལ་ལ་བརྟེན་ནས་འཚོ་དགོས་བ་དང་། ཤ་ཟན་སེམས་ཅན་དང་རྩ་ཟན་སེམས་ཅན། ནུ་གསོའི་སེམས་ཅན་དང་ནུ་གསོ་མ་ཡིན་པའི་སེམས་ཅན། སྒལ་རུས་སེམས་ཅན་དང་སྒལ་རུས་མེད་པའི་སེམས་ཅན། རྐང་ལག་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། གཤོག་པ་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། བདག་ཡོད་སེམས་ཅན་དང་བདག་མེད་སེམས་ཅན་ཚང་མས་ཁ་ཟས་ལ་བརྟེན་དགོས། མཛོད་འགྲེལ་སོགས་ལས་ཚེ་སྲོག་གསོ་བར་བྱེད་པ་ལ་ཟས་ཞེས་གསུང་གི་ཡོད། ཟས་བཞིའི་ནང་གི་ཁམས་ཟས་དེ་རེད། ཏིང་ངེ་འཛིན་གྱི་ཟས་དང་རྣམ་ཤེས་ཀྱི་ཟས། གཉིད་ཀྱི་ཟས་སོགས་མང་པོ་ཡོད་པ་རེད། ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་རེད། འབུ་དེ་དག་མེད་ན་ང་ཚོ་འཚོ་གནས་མི་ཐུབ་པ་ཡང་གསལ་བོ་རེད། འབུ་མེད་ན་ནད་མེད། ནད་མེད་ན་སྨན་མེད། སྨན་མེད་ན་འཚོ་གནས་མི་ཐུབ་པ་ཡིན། འཇིག་རྟེན་འདི་ན་སྨན་མ་ཡིན་པ་ཡང་མེད་ལ་དུག་མ་ཡིན་པ་ཡང་མེད། འདུས་པའི་རང་བཞིན་ལས་སྨན་དང་དུག་ཏུ་འགྱུར་བ་ཡིན། སྨན་ཡང་དུག་ཏུ་འགྱུར་ལ་དུག་ཡང་སྨན་དུ་འགྱུར་བ་ཡོད། ལ་ལས་དམ་པའི་ཆོས་དུག་ཏུ་ངོས་འཛིན་ལ་ལ་ལས་སྨན་དུ་ངོས་འཛིན། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་གེགས་སུ་ངོས་འཛིན་ལ། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་མཐུན་རྐྱེན་དུ་ངོས་འཛིན། འདི་ཚང་མ་ལྟོས་འཇོག་གི་རང་བཞིན་རེད། མི་མཐུན་ཕྱོགས་མེད་ན་ཡར་རྒྱས་མེད། དཔེར་ན། སངས་རྒྱས་བཞིན། རྗེ་མི་ལས། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།ཞེས་གསུངས་ལ་ལྟར། ལྟ་ངན་གྱི་དྲ་བ་ཐམས་ཅད་གཅོད་བྱེད་རྟེན་འབྱུང་གི་རིགས་པ་ཟེར་བ་དེ་རེད། དེང་དུས་ཚན་རིག་པ་མང་པོས་ཀྱང་ལྟོས་གྲུབ་ཀྱི་རིགས་པ་ལ་ཚད་མཐོ་བའི་གདེངས་འཇོག་བྱེད། འགྲོ་བ་མིས་རྣམ་དཔྱོད་འདི་བེད་སྤྱད་དེ་བྱམས་དང་སྙིང་རྗེའི་ལྟ་བ་ཞིག་དང་། ཀུན་དང་མཐུན་པའི་ལྟ་བ་ཞིག་དང་། འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་བ་ཞིག་ལ་བརྟེན་ནས་གཅིག་ལ་གཅིག་རྟེན་གྱི་མཛའ་བརྩེ་ཟབ་མོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་རེད།
༼འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་སྤྱོད༽
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས་པ་དང་ཐོག་མའི་འདུན་པ་ཡང་ཡིན་ལ། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་ པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ།། དཔེར་ན། མི་གཅིག་གིས་མངོན་སུམ་དུ་མཐོང་སོང་ན་དེ་ཡོད་པའི་གྲས་སུ་བཞག་དགོས་ལ། མི་གཅིག་གིས་མངོན་སུམ་དུ་མ་མཐོང་ན་དེ་མེད་པའི་གྲས་སུ་བཞག་མི་དགོས་པ་དེ་ལ་མངོན་སུམ་ཚད་གྲུབ་ཟེར། ལྟ་ལོག་ཅེས་པ་ལྟ་བ་ཡིན་པ་ལས་ལོག་པ་ཙམ་ལ་བྱེད་རྒྱུ་མ་རེད། གང་ལས་ལོག་རྒྱུའི་ལྟ་བ་དེ་ལ་ཡང་དག་ཅིག་དགོས། དཔེར་ན། མི་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་པར་ལྟ་བ་ལ། གཞན་པ་ཞིག་གིས་མི་དེ་ལ་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་འདྲ་ཆགས་པོ་མང་པོ་ཞིག་དྲངས་ནས་མི་དེའི་སྐྱེ་བ་སྔ་ཕྱི་ཡོད་འཛིན་གྱི་བློ་དོར་ནས་མེད་འཛིན་གྱི་ བློ་སྐྱེས་སོང་ན་མི་དེའི་ལྟ་བ་ལོག་ཅེས་ཟེར་གི་རེད། བློ་དེའི་བྱེད་པ་དེ་ལ་བརྟེན་ནས་མི་དེ་ལ་ལྟ་ལོག་ཅེས་བརྗོད་ན་ཆོག སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། ལྟ་བ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད། འཁོར་བའི་རྩ་བར་གྱུར་བའི་ལྟ་བ་ནི་ལྷན་སྐྱེས། གྲུབ་མཐའི་དབང་གིས་བཞག་པའི་ལྟ་བ་ནི་ཀུན་བཏགས་ཡིན། གྲྭ་བ་ཞིག་བུ་མོ་མཛེས་མའི་རྣམ་འགྱུར་གྱིས་སེམས་ཤོར་ཏེ་དེ་ལ་བློ་ཞིག་སྐྱེས་པ་དེ་ནི་ལྟ་བ་ཟེར་གི་མ་རེད། དེ་ལ་འདོད་ཆགས་ཟེར་གྱི་རེད། ཁྱི་ལ་བུ་མོ་མཛེས་མའི་འདྲ་པར་ཞིག་བསྟན་ན་སེམས་ཤོར་གྱི་མ་རེད། དེ་ལས་ཤ་ཞིག་བསྟན་ན་ལམ་སང་སེམས་ཤོར་གི་རེད། སེམས་ཀྱི་བྱེད་ལས་མ་འདྲ་བ་རེད། འགྲོ་བ་སོ་སོར་ལས་ཀྱིས་གོ་སྒྲིག་མ་འདྲ་བ་རེད། འདོད་ཆགས་ཀྱི་དམིགས་པ་ལ་ཡུལ་ཡིད་དུ་འོང་བ་ཞིག་བཞག་དགོས་མོད། དུད་འགྲོའི་རིགས་ལ་དབང་པོ་རྟུལ་དྲགས་པས་མཛེས་སྣང་ཡོང་གི་མེད་པ་རེད། བྱས་ཙང་ལྟ་བ་ཟེར་བ་མིའི་སེམས་ཀྱི་འཆར་སྣང་ལ་བརྟེན་ནས་འཇོག་གི་ཡོད་པ་རེད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། དུད་འགྲོ་རྣམས་ལ་བསམ་བློ་ཟེར་བ་ཡོད་པ་མ་རེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་མདའ་དཀྲུག་ ཕུ་དཀྲུག་བྱེད་པའི་རྣམ་དཔྱོད་མེད་ལ། མཛོད་ལས། ལོག་པར་ལྟ་བས་དགེ་རྩ་གཅོད།།ཅེས་པ་ལྟར་འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། རང་རྒྱལ་གཞན་ཕམ་དང་གཞན་ཕན་གྱི་ལྟ་བ། རང་ཉིད་སྲུང་སྐྱོབ་དང་འཐེན་ཁྱེར་གྱི་ལྟ་བས་བེད་སྤྱོད་བྱེད་ཀྱི་རེད། དཔེར་ན། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ཕར་ཕྱོགས་ཀྱི་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་ མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད།
དེར་བརྟེན། ནང་ཆོས་ཀྱི་ལྟ་བ་ཟེར་ན། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་ པའི་ལྟ་བ་ཞིག་རེད། ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། སངས་རྒྱས་ཀྱི་ཆོས་ཚུལ་ཟབ་ པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་ དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་ རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་ མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཐེག་པའི་སྒོ་ནས་ཕྱེ་ན་ཉན་ཐོས་རྣམས་ཀྱི་ ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད། དེ་བཞིན་དུ་ལྟ་བ་ལའང་གཙོ་ཕལ་ཡོད་པ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་ནི། ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་ དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་ གྱིས་གནོན་པ་ལྟ་བུ། དགེ་སློང་ལྷས་བྱིན་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོང་རྟེན་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
ལྟ་ལོག་དང་ལོག་ལྟ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སྤྱིར་ལོག་ལྟ་ཟེར་ན་རྒྱུ་འབྲས་བྱ་བྱེད་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་འཛིན་ཅིང་བྱེད་ལས་དགེ་བ་ལ་མི་འཇུག་ཅིང་དགེ་རྩ་གཅོད་པ་དང་། མི་དགེ་བ་ལ་འཇུག་ཅིང་སྡིག་སེམས་དམ་འཆའ་བ་སོགས་བླང་དོར་ལོག་པར་སྒྲུབ་པར་ བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ།། ལྟ་ལོག་ཟེར་ན་ལྟ་བ་ལོག་པའི་བསྡུས་ཚིག་ཅིག་རེད། དེས་ན་འདོད་ཆགས་ཀྱིས་རྐྱེན་བྱས་ནས་གྲྭ་བ་ལོག །ལོག་ལྟའི་རྐྱེན་བྱས་ནས་ལྟ་བ་ལོག་ཅེས་སྦྱར་ན་འདུམ་བདེ་ལ། ལོག་སྟངས་ཁ་ཁ་རེད། མཐར་ལྟ་ཟེར་ན། འཇིག་ལྟའི་ཡུལ་གྱི་བདག་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ་ཕྱི་མར་ཉིང་མཚམས་ སྦྱོར་བ་མེད་པའི་ཆད་པར་ལྟ་བའི་རྣམ་པ་ཅན། བྱེད་ལས་དབུ་མའི་ལམ་གྱི་ངེས་བར་འབྱུང་བ་ལ་བར་དུ་གཅོད་པའི་ཤེས་རབ་ཉོན་མོངས་ཅན། ལྟ་བ་དེ་དག་གི་འབྱུང་རྩ་འཇིག་ལྟ་དང་། ངར་འཛིན་ཡིན། ང་ཚོའི་རྒྱུད་ལ་ལྟ་ངན་དེ་དག་ཡོད་མེད་ཞིབ་འཇུག་ཡག་པོ་ཞིག་བྱས་ན་ཧ་གོ་ངེས་རེད། ཁ་ཤས་གྲུབ་མཐའི་དབང་གིས་སྐྱེས་པ་ཡང་ཡོད་ལ་གྲོགས་ཀྱི་དབང་གིས་སྐྱེས་པ་ཡང་ཡོད་དོ།། མཛོད་རྩ་ལས། མེད་པར་ལྟ་བས་རྩ་བ་གཅོད།།འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས།།ཅེས་གསུངས་པ་ལྟར་ ལས་འབྲས་མེད་པར་ལྟ་བས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ཐོབ་རྣམས་གཅོད་པར་ བྱེད་ཅིང་བཅོམ་པས་མ་ཁྱབ་པའི་ཞིབ་ཆ་དགོས། དགེ་རྩ་གཅོད་ཚུལ་ནི། མཛོད་ལས། རྒྱུ་དང་འབྲས་ལ་སྐུར་འདེབས་པས།། ཞེས་གསུངས་པ་ལྟར་དགེ་སྡིག་གི་རྒྱུ་འབྲས་ལ་སྐུར་བ་འདེབས་པས་གཅོད་དོ།། དེ་ལས། ཀུན་གྱིས་རིམ་གྱིས་མིའི་ནང་དུའོ།། ཞེས་གསུངས་པ་ལྟར་བྱེ་སྨྲ་ལྟར་ན་འདོད་པའི་ལོག་ལྟ་ཀུན་གྱིས་སྐྱེས་ཐོབ་དགེ་བ་སྐོར་དགུ་རིམ་ གྱིས་གཅོད་པར་བྱེད་དོ།། དེ་ཡང་འགྲོ་བ་མིའི་ནང་དུ་དགོས་སོ།། ཚེ་འདིར་ལོག་ལྟས་དགེ་རྩ་ཆད་པ་སླར་ཡང་མཚམས་སྦྱོར་བ་ཡོད་དམ་མེད་སྙམ་ན། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བའི།།མཚམས་མེད་བྱེད་པའི་འདི་ལ་མིན།།ཞེས་གསུངས་པ་ལྟར་ མཚམས་མེད་ཀྱི་ལས་བྱེད་པའི་དགེ་རྩ་ཆད་པ་རྣམས་ལ་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ མེད་ཅིང་ལོག་ལྟས་དགེ་རྩ་ཆད་པ་རྣམས་སླར་ཡང་ལས་འབྲས་ཡོད་པར་ལ་ཐེ་ཚོམ་དང་ལྟ་ བས་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ཡོད་པར་བཤད་དོ།། སྐབས་འདིར་ངས་ལྟ་ལོག་ཅེས་པའི་ལྟ་བ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། དཀོན་མཆོག་གསུམ་མེད་པར་ལྟ་མཁན་གྱི་གང་ཟག་དེ་ལ་ལྟ་ལོག་ཅེས་བརྗོད་ཀྱི་ཡོད།
གྲྭ་ལོག་དང་ལྟ་ལོག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། རབ་བྱུང་བ་དང་ཆོས་པ་རྣམ་དག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། མུ་བཞིའི་རྩིས་ཚུལ་དེ་ཚོ་ཁུངས་ལུང་མེད་པ་ཁ་ནས་གང་བྱུང་ཤོད་པ་དེ་འདྲ་གཏན་ནས་མིན་ཏེ། དང་པོ། གྲྭ་ལོག་ཡིན་ལ་ལྟ་ལོག་ཡིན་མི་དགོས་པའི་ཁུངས་ནི། མདོ་ལས། ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་།།འཇིག་རྟེན་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།། ཞེས་པ་འདི་ནི་ཚུལ་ཁྲིམས་འཆལ་ཀྱང་ལྟ་བ་ཡང་དག་པ་ཡོད་པའི་ཆ་ནས་གསུང་གི་ཡོད། ལམ་རིམ་སོགས་ན་མང་པོ་ཡོད་རེ་རེ་བཞིན་བཤད་པར་མི་སྤོབས། གཉིས་པ་ལྟ་ལོག་ཡིན་ལ་གྲྭ་ལོག་མིན་པ་ནི། དགེ་སློང་ལེགས་སྐར་ལྟ་བུ། ཁོང་གིས། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་ སངས་རྒྱས་ཤཱཀྱ་ཐུབ་པའི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་དེ་ནི་ལྟ་ལོག་རེད། ལས་དེའི་དབང་གིས་དམྱལ་བར་སྐྱེས་བར་མདོ་ལས་གསུངས། གསུམ་པ་གྲྭ་ལོག་དང་ལྟ་ལོག་གཉིས་ཀ་ཡིན་པ་ནི། དང་པོར་དགེ་སློང་ཡིན་པ་གང་ཞིག་ལ་གྲོགས་མི་སྟེགས་ཅན་དང་འགྲོགས་ནས་ལྟ་སྤྱོད་ གཉིས་ཀ་ཉམས་པ་མདོ་དང་འདུལ་བ་སོགས་ན་མང་པོ་ཡོད་པ་དེ་ཚོ་རེད། བཞི་པ་གང་ཡང་མིན་པ་ནི། དགེ་སློང་འཆར་ཀ་ལྟ་བུའོ།། འདི་དག་མདོ་ལས་གསུངས་པ་གཞིར་བཞག་ནས་བཤད་ཀྱི་ཡོད། རང་རེའི་སྤྱི་ཚོགས་འདི་ལའང་དེ་ལྟ་བུ་མུ་བཞིའི་དབྱེ་བ་མེད་ཅེས་ག་ལ་ཟེར་ནུས། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ།།སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས།། སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད།།རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ།།ཞེས་ གསུངས་པ་ལྟར་ཐོས་པ་དང་བསམ་པ་ཙམ་གྱིས་མི་ཆོག་པ། རྗེ་རིན་པོ་ཆེས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། ཞེས་པ་ལྟར་ཐོས་དོན་རྒྱུད་ལ་མི་སྦྱོར་བའི་རབ་བྱུང་བ་དེ་ཚོ་ཆོས་པ་ཡིན་ཀྱང་ཆོས་པ་རྣམ་དག་མ་རེད། སྤྱོད་འཇུག་ལས་ཀྱང་། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།།ནད་པ་དག་ལ་ཕན་འགྱུར་རམ།། ཞེས་གསུངས་པ་ལྟར་ཆོས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་སྨན་དེ་འཐུང་དགོས་བ་རེད། །།
ཚུལ་དང་མཐུན་པ་ལ་ལྟ་སྤྱོད་བཟང་པོ་ཡོད་ལ་དེ་མེད་ན་ཡོང་དཀའ། ཚུལ་ཞེས་པ་དོན་དུ་མ་ལ་འཇུག་སྟེ། རྣམ་དཔྱད་རིག་པ་ལས། ཚུལ་གྱི་སྒྲ་ནི་བདེན་པ་དང་།།ལམ་དང་འབྲེལ་འབྱུང་རིག་པ་དང་། ཞེས་གསུངས་པ་དང་། སྨྲ་སྒོ་ལས། ཚུལ་ནི་འདྲ་དང་སྨད་པ་དང་།།སྒོ་དང་སྡོམ་པ་མཚན་ཉིད་དང།།ཐབས་དང་རིག་པ་དོན་དང་ འདོད།།ལེགས་པ་དག་ལ་འཇུག་པ་ལས།། ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཞེས་པའི་ཚུལ་ནི་སྡོམ་པ་ལ་གོ ལུས་ངག་གི་ཉེས་སྤྱོད་སྡོམ་པར་བྱེད་པས་ན་སྡོམ་པ་ཟེར། ཁ་ཤས་ཀྱིས་སྡོམ་པ་འཆིང་ཐག་ལ་ལྟ་བུ་ལ་སྦྱར་འདུག་མོད། ལུས་ངག་འཆིང་བྱེད་མ་རེད་ལུས་ངག་གི་ཉེས་སྤྱོད་སྡོམ་པ་རེད། སྡོམ་པ་དང་ཚུལ་ཁྲིམས་གཉིས་ལ་ཁྱད་པར་ཡོད་དེ། སྡོམ་པ་ལ་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པའོ།། དེ་གསུམ་ག་ལྡན་པ་ལ་སྡོམ་པ་གསུམ་ལྡན་ཟེར་རོ།། ཚུལ་ཁྲིམས་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་མཁན་སློབ་ལས་ཐོབ་པ་ཞིག་མིན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བྱང་སེམས་ཀྱི་ཚུལ་ཁྲིམས་ཟེར། དེས་ན། སྡིག་པ་དང་ལྟུང་བ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཁྱིམ་པས་སྲོག་བཅད་པ་སྡིག་པ་ཡིན་ཀྱང་ལྟུང་བ་མ་ཡིན། དགེ་སློང་གིས་སྲོག་བཅད་པ་སྡིག་ལྟུང་གཉིས་ཀ་ཡིན། དགེ་སློང་གིས་མཚན་མཐུན་ཆགས་སྤྱོད་བྱས་པ་ལྟུང་བ་ཡིན་ཀྱང་སྡིག་པ་མིན། ཁྱིམ་པས་ཤིང་བཅད་པ་སྡིག་ལྟུང་གཉིས་ཀ་མིན།
དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་དབང་པོ་ཁོ་ནས་ བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་ སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། གནའ་སྔ་མོའི་དུད་འགྲོའི་རིགས་ལ་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་དང་གཏུམ་འབྲུག་སོགས་མང་པོ་ཞིག་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པ་དང་། དེ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ལ་གནོད་རྐྱེན་ཐེབས་པའི་དབང་གིས་རྩ་སྟོང་ཕྱིན་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་ འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་ པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་ དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་ འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་ མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་ བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ ལག་པ་ཡོད། ནམ་མཁའི་རླུང་ལ་བརྟེན་པའི་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་ སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་དུད་ འགྲོ་གཞན་དང་བསྡུར་ན་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་ རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་ དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་ པགས་པ་ཡོད་པ་དང་ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་ སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་ཁོ་ཚོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་སྟེང་ན་ཡོད་པ་རེད། མི་ལ་གཞན་གྱི་ས་ཆ་བདག་བཟུང་བྱེད་པའི་ནུས་པ་དང་བཙན་འཕྲོག་བྱེད་པའི་ནུས་པ། ཁང་པ་དང་ཉལ་ཆས་སྒྲིག་པའི་ནུས་པ། རང་ཁ་རང་གསོའི་ནུས་པ། ཐ་ན་རང་དགྲ་གསོད་པའི་ནུས་པ་སོགས་ཚང་མ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ ཡོད་པ་དང་། རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ ཐུབ་པ་དང་མདོར་ན་མི་དང་སེམས་ཅན་ཡོད་དོ་ཅོག་རྩི་ཤིང་ལ་བརྟེན་བཞིན་ཡོད་པ་གསལ་ བོ་རེད། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
སྤྱིར་བཏང་ང་ཚོའི་འཛམ་གླིང་འདིར་སེམས་ཅན་མི་འདྲ་བ་ཧ་ཅང་མང་པོ་རེད། ལ་ལ་ནི་ཧ་ཅང་ཆེན་པོ་དང་ལ་ལ་ནི་ཧ་ཅང་ཆུང་ཆུང་ཡིན་པས་མིག་རྗེན་པས་མཐོང་མི་ཐུབ་པ་ཡང་སྨོས་མེད་རེད། འཛམ་གླིང་སྟེང་གི་སེམས་ཅན་ལུས་བོངས་ཆེ་ཤོས་ནི་ཉ་ཆེན་ཝེལ་ཟེར་བ་དེ་རེད། ཆུང་ཤོས་ནད་འབུ་ཕྲ་རབ་དང་སེམས་ཅན་གྱི་ཐོག་མའི་འབྱུང་ཁུངས་བྷེཀི་ཊེ་ར་ཡ་ནས་ མགོ་ཚུགས་པར་ཡང་བཤད་ཀྱི་ཡོད། ང་ཚོའི་གཞུང་ན་དུད་འགྲོའི་རིགས་མི་འདྲ་བ་བྱེ་བ་སོ་དྲུག་ཙམ་ཡོད་པ་ཡང་གསུངས་ ཡོད་པ་རེད། རིགས་གཅིག་ཡིན་པ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ལ་སྤྱི་ཚོགས་སེམས་ཅན་ཟེར། དཔེར་ན། མི་དང་སྦྲང་མ། གྲོག་མ་ལྟ་བུའོ། །སེམས་ཅན་དང་རྩི་ཤིང་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་པ་ཚན་རིག་པ་ ཚོས་གླེང་གི་ཡོད་ལ་དངོས་པོའི་གནས་ཚུལ་ཡང་རེད། སེམས་ཅན་དང་རྩི་ཤིང་གང་ཡིན་རུང་ཁམས་ཟས་ལ་ལ་བརྟེན་ནས་འཚོ་དགོས་བ་དང་། ཤ་ཟན་སེམས་ཅན་དང་རྩ་ཟན་སེམས་ཅན། ནུ་གསོའི་སེམས་ཅན་དང་ནུ་གསོ་མ་ཡིན་པའི་སེམས་ཅན། སྒལ་རུས་སེམས་ཅན་དང་སྒལ་རུས་མེད་པའི་སེམས་ཅན། རྐང་ལག་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། གཤོག་པ་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། བདག་ཡོད་སེམས་ཅན་དང་བདག་མེད་སེམས་ཅན་ཚང་མས་ཁ་ཟས་ལ་བརྟེན་དགོས། མཛོད་འགྲེལ་སོགས་ལས་ཚེ་སྲོག་གསོ་བར་བྱེད་པ་ལ་ཟས་ཞེས་གསུང་གི་ཡོད། ཟས་བཞིའི་ནང་གི་ཁམས་ཟས་དེ་རེད། ཏིང་ངེ་འཛིན་གྱི་ཟས་དང་རྣམ་ཤེས་ཀྱི་ཟས། གཉིད་ཀྱི་ཟས་སོགས་མང་པོ་ཡོད་པ་རེད། ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་རེད། འབུ་དེ་དག་མེད་ན་ང་ཚོ་འཚོ་གནས་མི་ཐུབ་པ་ཡང་གསལ་བོ་རེད། འབུ་མེད་ན་ནད་མེད། ནད་མེད་ན་སྨན་མེད། སྨན་མེད་ན་འཚོ་གནས་མི་ཐུབ་པ་ཡིན། འཇིག་རྟེན་འདི་ན་སྨན་མ་ཡིན་པ་ཡང་མེད་ལ་དུག་མ་ཡིན་པ་ཡང་མེད། འདུས་པའི་རང་བཞིན་ལས་སྨན་དང་དུག་ཏུ་འགྱུར་བ་ཡིན། སྨན་ཡང་དུག་ཏུ་འགྱུར་ལ་དུག་ཡང་སྨན་དུ་འགྱུར་བ་ཡོད། ལ་ལས་དམ་པའི་ཆོས་དུག་ཏུ་ངོས་འཛིན་ལ་ལ་ལས་སྨན་དུ་ངོས་འཛིན། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་གེགས་སུ་ངོས་འཛིན་ལ། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་མཐུན་རྐྱེན་དུ་ངོས་འཛིན། འདི་ཚང་མ་ལྟོས་འཇོག་གི་རང་བཞིན་རེད། མི་མཐུན་ཕྱོགས་མེད་ན་ཡར་རྒྱས་མེད། དཔེར་ན། སངས་རྒྱས་བཞིན། རྗེ་མི་ལས། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།ཞེས་གསུངས་ལ་ལྟར། ལྟ་ངན་གྱི་དྲ་བ་ཐམས་ཅད་གཅོད་བྱེད་རྟེན་འབྱུང་གི་རིགས་པ་ཟེར་བ་དེ་རེད། དེང་དུས་ཚན་རིག་པ་མང་པོས་ཀྱང་ལྟོས་གྲུབ་ཀྱི་རིགས་པ་ལ་ཚད་མཐོ་བའི་གདེངས་འཇོག་བྱེད། འགྲོ་བ་མིས་རྣམ་དཔྱོད་འདི་བེད་སྤྱད་དེ་བྱམས་དང་སྙིང་རྗེའི་ལྟ་བ་ཞིག་དང་། ཀུན་དང་མཐུན་པའི་ལྟ་བ་ཞིག་དང་། འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་བ་ཞིག་ལ་བརྟེན་ནས་གཅིག་ལ་གཅིག་རྟེན་གྱི་མཛའ་བརྩེ་ཟབ་མོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་རེད།
ཧ་ལས་པའི་ཚད་མཐོའི་རྣམ་བཞག་ནི་བཀུར་འོས་པ་ཞིག་ལོས་ཡིན། འོན་ཀྱང་སྡོམ་པ་ཅེས་པ་བསྡམ་བྱའི་
ཡུལ་ལ་བཞག་ཚུལ་ཞིག་དང་སྡོམ་བྱེད་རང་ལ་ངོས་འཛིན་ཚུལ་གཉིས་ལས་དང་པོ་ལྟར་ན་ཤེས་རབ་དང་མི་མཐུན་པའི་ལས་ཉོན་ལ་སོགས་དང། གཉིས་པ་གོང་དེའི་ལྡོག་ཕྱོགས་ལ་ངོས་བཟུང་མོད། ཚུལ་ཁྲིམས་ནི་ཐབས་ཤེས་གཉིས་ཀྱི་ཆ་ཁོ་ནར་འཇོག་པ་ལས་བསྲང་བྱའི་ལས་ཉོན་ལ་ངོས་འཛིན་མི་བྱེད།
ལྟ་བ་ནི་ཁྱེད་ཀྱི་གསུངས་པ་བཞིན་གང་ཟག་རེ་ལ་ལྟ་ཚུལ་མི་མཐུན་པ་གྲངས་ཀྱིས་མི་ཆོད་ཀྱང། ཕྱི་ནང་གཉིས་སུ་འདུས། འོན་ཏང་མི་ཞིག་གིས་བརྗོད་ཚིག་ལ་ལྟོས་ཏེ་བརྗོད་དོན་གོ་བ་མི་འདྲ་བ་སྐྱེ་སྲིད་
ལ། དེ་ཡང་ལྟ་ཚུལ་མི་འདྲ་བས་རྐྱེན་གྱིས་ཡིན། དེས་མ་ཚད་ཡག་ཉེས་གོ་ལོག་ཡོང་སྲིད་པ་ནི་གསལ་པོར་རེད། སྤྱིར་ན་ཡོ་ཚད་དང་མཐུན་པའི་ལྟ་བ་ནི་ཀུན་མཐུན་གྱི་ལྟ་བ་ཡིན་ལ་དེ་ནི་རིན་ཐང་ཤིན་ཏུ་ཆེ།
དྲ་གྲོགས་རྣམ་པའི་བཀའ་ཆོས་ཡག་པོ་འདི་འདྲ་ཞུ་རྒྱུ་བྱུང་བ་ནི་གུས་མོའི་བསོད་བདེ་བསོད་ནམས་རང་ཡིན། ཐུགས་རྗེ་ཆེ།