གཞན་གྱིས་བཀག་འགོག་ཅེས་པའི་སློབ་ཚན་ནི་ཉམས་མྱོང་མེད་པའི་སློབ་ཆེན་པས་ཀྱང་ལས་སྟབས་བདེའི་ངང་ནས་ལག་བསྟར་བྱེད་ཐུབ་པ་ཞིག་ཡིན་པར་བརྟེན། དེ་ནི་སློབ་ཆེན་དུ་བཙན་གཡེམ་ཉུང་དུ་གཏོང་བའི་ཐབས་ལམ་ཡག་ཤོས་ཡིན་སྲིད། དེའི་རྩ་དོན་ནི་རྒྱུན་ཤེས་ནས་ཡོང་ཞིང་། གལ་ཏེ་འདུ་འཛོམས་ཐོག་ར་བཟི་བའི་སློབ་མ་བུ་ཞིག་གིས་གཅིག་མཚུངས་ཀྱི་ར་བཟི་ཟིན་པའི་བུ་མོ་ཞིག་ལ་ཐུག་ཙམ་རེག་ཙམ་བྱས་ཚེ་དེ་ནས་ཟུར་དུ་མི་ཞིག་གིས་དཔའ་ངར་ཆེན་པོས་དེ་བཀག་འགོག་བྱེད་དེ་ཕོ་མོ་དེ་གཉིས་ནང་གི་གཅིག་ཕྱིར་འཁྲིད་ཐབས་བྱེད་དགོས། དེའང་དངོས་སུ་ལག་ལེན་སྐབས་སྤྱང་གྲུང་གི་རྩལ་ཏོག་ཙམ་ལྡན་ལོས་དགོས།
ཧཱམ་པུ་སློབ་ཆེན་ University of Newhampshire གྱི་ཞིབ་འཇུག་པ་ལྕམ་ཀྱཱན་སི་ཊ་ཕུ་ལིན་ཊོན་ Jane Stapleton གྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་དང་ཨ་རིའི་སློབ་ཆེན་ཁག་ཏུ་གྱོད་དོན་དེར་བཀག་འགོག་ཅི་ལྟར་དགོས་མིན་གྱི་སློབ་ཚན་ཁྱབ་སྤེལ་བཏང་གི་ཡོད། མོས་སློབ་མ་ཚོར་བཙན་གཡེམ་བྱེད་མཁན་ལ་ཁ་གཏད་དགོས་པའི་དུས་སུ་བསམ་བློ་གཏོང་སྟེ་གསར་གཏོད་རང་བཞིན་གྱི་ཐབས་ཇུས་ཀྱིས་དེ་དག་རྒྱང་ཕུད་གཏོང་དགོས་པའི་སྐོར་བཤད། ཐབས་ཇུས་དེའི་ནང་འདུ་འཛོམས་སྐབས་གློ་བུར་དུ་གློག་བསད་པའམ་རོལ་དབྱངས་བཀག་དགོས། དེའང་དོ་སྣང་དེ་ཙམ་མེད་པའི་ཟོལ་གྱིས་འཐུང་ཆུ་མངར་མོ་ཕ་རོལ་པོའི་ལུས་པར་བཤོལ་བ། ཚང་མ་མཉམ་གཞས་འཁྲབ་ཅིང་གཡོ་ཅན་དེ་བུ་མོའི་འཁྲིས་ནས་ཚང་མའི་མཉམ་དུ་བྲོ་འཁྲབ་བཅུག་པ་བཅས་བྱེད་དགོས། འོན་ཀྱང་མོ་རང་ཆེས་དགའ་ཤོས་ཀྱི་ཐབས་ཇུས་དེ་གཞོན་ནུ་སློབ་མ་བུ་མོ་ཞིག་གིས་བཏོན་པ་དེ་རེད། གཞོན་ནུ་མ་དེས་ཟེར་ན་མོ་རང་དེ་སྔོན་རག་བཟི་ཟིན་པའི་གྲོགས་མོའི་འཁྲིས་སུ་སོང་ནས་སྐད་ཤུགས་ཆེན་པོས། ཁྱོད་ལ་དགོས་པའི་ཟླ་མཚན་ལ་མཁོ་བའི་ཤོག་བུ་དེ་ངས་འཚོལ་ནས་འཁྱེར་ཡོད། ཅེས་བཤད་པ་ཡིན་ཟེར།
ལྕམ་ཀྱཱན་སི་ཊ་ཕུ་ནས་དེ་ནི་བཙན་གཡེམ་གྱི་ཉེན་ཁ་འགོག་པའི་ནུས་ཤུགས་ལེགས་ཤོས་ཤིག་རེད། ཅེས་བཤད། མདོར་ན་སློབ་ཚན་དེའི་དམིགས་ཡུལ་ནི་མི་ཚོ་འདུ་འཛོམས་སྐབས་རག་ཤུགས་ཆེར་བཟི་རྗེས་ཚད་གཞི་བརྒལ་བའི་བྱ་སྤྱོད་འགོག་ཐབས་ཕྱིར་ཡིན། དཔེར་ན་བཙན་གཡེམ་ལྟ་བུ། ལྕམ་ལགས་ཀྱིས་ང་ཚོར་གནས་སྟངས་འདི་འདྲ་འཕྲད་སྐབས་ཟུར་ལྟ་བྱེད་དེ་སྡོད་མཁན་གྱི་ཉེན་རྟོག་དཔོན་ཟེར་བ་དེ་འདྲ་རྩ་བ་ནས་མི་དགོས། ཅེས་བཤད། གནས་ཚུལ་མང་ཆེའི་འོག་རག་བཟི་བའི་ཉེས་ཅན་གྱིས་སོ་སོའི་སྤྱོད་ངན་ཐལ་ཆེ་བར་ངོས་ཟིན་མི་ཐུབ། དེ་མིན་སློབ་ཚན་དེའི་ནང་སྐྱེས་པའང་གཅིག་མཚུངས་ཀྱི་འབོད་བསྐུལ་ཞུ་ཡུལ་ཡིན། སྤྱིར་ན་མི་ཚོས་བཙན་གཡེམ་གྱི་དྲག་སྤྱོད་སྐོར་གཙོ་བོ་བུད་མེད་ཀྱི་ལུས་སེམས་ལ་རྨས་སྐྱོན་སྐོར་བགྲོ་གླེང་ཤུགས་ཆེ་བ་ཡོད་ཀྱང་། གལ་ཏེ་ཕོ་གཞོན་ཞིག་བཙན་གཡེམ་དབང་གིས་འཛིན་བཟུང་ཤོར་ན་ཉེས་མིང་དེ་ཁོའི་མི་ཚེ་དང་འགྲོག་ཏེ་དག་ཐབས་མེད་པའི་ནག་ནོག་ཅིག་ཆགས་ཀྱི་རེད།
ལོ་ཤེས་རིང་རཱིས་ཆ་ཊི་ཁང་ནེ་ Sgt. Richard Cournoyer གྲོང་གི་ཉེན་རྟོག་པ་ཆཱ་ཊི་ས་ཁུལ་སློབ་ཆེན་ University of Connecticut གྱི་སློབ་མས་བཙན་གཡེམ་དང་འབྲེལ་བའི་གྱོད་དོན་ལ་ཉམས་ཞིབ་དང་རྟག་དཔྱད་བྱས། ཁོས་དུས་ཚོད་མང་ཆེར་ཉེས་ཅན་དེ་དག་མང་ཆེར་སློབ་མ་བུ་ཡིན་ཞིང་། ཆང་རག་མང་པོ་བཏུང་རྗེས་ཉེས་དོན་བསགས་པ་ཡིན། ང་ཚོས་འདྲི་རྩེད་སྐབས་ཁོ་ཚོའི་མིག་ནས་འཇིགས་སྐྲག་གི་རྣམ་འགྱུར་ཞིག་མཐོང་ཐུབ།
ཟླ་ ༡ ཚེས་ ༢༢ ཉིན་སྲིད་འཛིན་ཨཱོ་པ་མས་ཕོ་བྲང་དཀར་པོའི་ནང་ལའང་ཆེད་དུ་བཙམ་གཡེམ་དང་འབྲེལ་བའི་ཉེས་དོན་ལ་ཁ་གཏད་ཕྱིར་ཚོགས་འདུ་ཞིག་འཚོགས། ཚོགས་ཐོག་སྲིད་འཛིན་གྱིས་སྙན་ཐོ་ཞིག་སྤེལ་བའི་ནང་སྐྱེས་པ་རྣམས་ཀྱང་བཙན་གཡེམ་འགོག་ཐབས་སུ་ཞུགས་པར་དགོས་མཁོ་ཡོད་སྐོར། ང་ཚོས་ངེས་པར་དུ་སློབ་གསོ་དང་བསྐུལ་འདེད་ཀྱི་སྒོ་ནས་ཟུར་ལྟ་བྱེད་མཁན་ཚོས་དཔའ་ངར་ཞུམ་མེད་ཀྱིས་ཕྱིར་དོན་དེ་བཙན་གཡེམ་གྱི་དྲག་སྤྱོད་འགོག་ཐབས་དགོས། ཅེས་བཤད།
མི་རྣམས་ཀྱིས་ཟུར་ལྟ་བྱེད་མཁན་གྱི་བྱ་ངན་འགོག་ཐབས་ཀྱི་སློབ་ཚན་འདི་སློབ་གྲྭའི་རིག་གནས་ལ་ནུས་ལྡན་གྱིས་ཤུགས་རྐྱེན་ཐེབས་པའི་རེ་བ་བྱེད། དེའང་ལོ་མང་རིང་ཁ་ལོ་བའི་བྱ་ལས་ལ་གཏན་འབེབས། ཅེས་པ་ལྟར་རེད། ༼ དེ་ནི་ཕྱིར་འཆམ་འཆམ་འགྲོ་བའི་མི་ཚོགས་ནང་ཁ་ལོ་བ་ཞིག་གཏན་འབེབས་ཀྱིས་དེས་ཉིན་གང་ཆང་རག་འཐུང་ཆོག་གི་མེད་པ་མ་ཟད། ཁོས་གཞན་མཉམ་འགྲོག་བྱེད་མཁན་རྣམས་ཕྱིར་ཁྱིམ་དུ་བསྐྱེལ་རྒྱུ་རེད། ༽རག་བཟི་རྗེས་ཁ་ལོ་བས་རླངས་འཁོར་གཏོང་ནས་ཉེས་རྐྱེན་བྱུང་བའི་འཕར་ཚད་སྐོར་རྗེས་མར་ཕན་ནུས་མངོན་གསལ་བྱུང་། རག་བཟི་རྗེས་རླངས་འཁོར་གཏོང་ནས་ཤི་རྐྱེན་གྱི་གྲངས་འབོར་ནི་ ༡༩༩༡་ལོའི་་༡༥༨༢༧ ནས་་༢༠༡༡་ལོའི་་༩༨༧༨་བར་ཉུང་དུ་སོང་ཡོད། དེ་མིན་ལས་འགུལ་དེ་ཁྱབ་སྤེལ་དང་ཟབ་འཁྲིད་བཅས་ཀྱང་དུས་ཡུན་ནང་བྱེད་ཆོག་པ་ཞིག་ཆགས་ཡོད། རག་བཟི་བས་རླངས་འཁོར་གཏོང་བར་རྒོལ་བའི་ཨ་མའི་མཐུན་ཚོགས། Mothers Against Drunk Driving ཅེས་པ་དེའང་་༡༩༨༠ ལོར་བཙུགས་ཀྱང་དེས་ལོ་བཅུའི་ནང་མངོན་གསལ་གྱི་ནུས་པ་མཐོན་ཡོད་པ་རེད། ལས་འགུལ་དེ་གཉིས་ཀྱི་སློབ་སྟོན་བསམ་བློ་གཅིག་མཚུངས་ཡིན་ཏེ། གལ་ཏེ་མི་རྣམས་ཀྱིས་ཆང་རག་ཚད་མེད་འཐུང་བར་བཀག་འགོག་གིས་ཤི་རྐྱེན་ཡོང་གཞིར་སྔོན་འགོག་བྱ་དགོས།
ན་ནིང་སྟོན་དུས་ཧཱམ་ཞ་ Hampshire སློབ་ཆེན་གྱི་རྐང་རྩེད་སྤོ་ལོ་རུ་ཁག་ནས་ཟུར་ལྟ་མཁན་གྱིས་བཀག་འགོག་ལས་གཞི་དེར་ཟབ་སྦྱོང་ཞིག་སྤྲད། སློབ་ཆེན་འཛིན་རིམ་གཉིས་པའི་སློབ་མ་ཏཱན་ནི་ཨར་ Daniel Rowe སློབ་ཚན་འཚོགས་སྐབས་ཁོའི་རོགས་པར་དགོས་ངེས་ཀྱི་ཐབས་ཤེས་ལག་བསྟར་གྱིས་ཁོ་ཚོར་སྐྱོན་མི་ཕོག་པར་བྱ་སྲིད་པའི་སྐོར་བཤད། ཁོས་གཅིག་བྱས་ན་ཁྱོད་ཀྱིས་བུ་མོ་དེ་རག་མེད་སྲིད། འོན་ཀྱང་སློབ་གྲྭ་ནས་ཁྱོད་ཀྱི་གཟེངས་དངུལ་ལ་འགན་སྲུང་བྱུང་སྟེ་སྤོ་ལོ་རུ་ཁག་ནས་ཕྱི་ཕུད་གཏོང་མི་སྲིད། ཅེས་བཤད། ཐེངས་ཤིག་ཁོ་རང་འདུ་འཛོམས་ཐོག་རོགས་པ་ཞིག་རག་བཟི་རྗེས་བུ་མོ་ཞིག་ལ་རྙོག་དྲ་བཤད་པར་མཐོང་བས་ཁོས་རོགས་པ་དེ་ཟུར་ཞིག་ལ་འཐེན་ནས་མོ་རང་གིས་ཁྱོད་ལ་དགའ་མོས་མི་འདུག འོན་ཀྱང་ཁང་རྩེགས་འོག་ཏུ་བུ་མོ་གཞན་ཞིག་དངོས་གནས་ཁྱོད་ལ་དགའ་བཞིན་འདུག ཅེས་བཤད། དོན་དངོས་ཐོག་དེར་བུ་མོ་ཞིག་མེད་པ་རེད།
འདུ་ཚོགས་ཆེན་མོ་འགར་ཏཱན་ཉི་ཨར་གྱིས་དམིགས་སུ་བཀལ་ནས་ཆང་རག་མ་འཐུང་བར་དམིགས་ཚད་དང་ལྡན་པའི་བཀག་འགོག་བྱེད་མཁན། ཞེས་པའི་ངོ་བོ་དེ་འདྲ་བྱེད་ཀྱི་ཡོད།
མཱ་ཟེ་ཁྱུ་ཟེ་ Massachusetts སློབ་ཆེན་གྱི་འཛིན་རིམ་བཞི་པའི་སློབ་མ་བུ་མོ་ལཱི་ན་ Lena Ngor ཡིས་སློབ་དུས་རེའི་ནང་འདུ་ཚོགས་སྐབས་ག་དུས་ཡིན་ཡང་གྲོགས་མོ་འགའ་རག་བཟི་རྗེས་མོ་རང་གིས་སྐྱོབས་དགོས་ཀྱི་ཡོད་སྐོར་དང་། ཐེངས་ཤིག་བུ་ཞིག་གིས་མོའི་གྲོགས་མོར་འཁྲེལ་ནས་བསྡད་པར་བརྟེན། ལཱིན་ན་སོང་ནས་གྲོགས་མོར་འཐམ་བཞིན། མོ་ངའི་ཡིན། ཁྱོད་ཀྱིས་མོ་རང་འཁྲིད་ཐུབ་ཀྱི་མ་རེད། ཅེས་བཤད་སྐད། བུ་དེས་སླར་ཁོ་རང་གསུམ་མཉམ་དུ་འགྲོ་འདོད་པའི་སྐོར་བཤད་ཀྱང་མོ་རང་གིས་དེར་མོས་མཐུན་བྱས་མེད། ཁྱོད་རང་གིས་བཟོད་ཐུབ་ཀྱི་མ་རེད། མོས་དེ་ལྟར་བཤད།
མཱ་ཟེ་ཁྱུ་ཟེ་གྲོང་ས་ཁུལ་གྱི་ཁྲིམས་དཔོན་ཊེ་ཝེས་ David E. Sullivan ཀྱིས་ཀྱང་ལོ་ལྟར་སློབ་གྲྭ་ཁག་ལྔ་ནས་ཐོན་པའི་བཙན་གཡེམ་སྐོར་གྱི་གྱོད་དོན་ཐག་གཅོད་བྱེད་སྲིད་ཅིང་། དེའི་ནང་གྲོང་ཁྱེར་སློབ་ཆེན་དང་ཨཱེ་མུ་སི་ཐི་སློབ་ཆེན་ Amherst College ཡང་ཚུད། ཞིབ་འཇུག་པ་མང་པོས་གསལ་བཏོན་བྱས་པ་ལྟར་བུ་མོ་སློབ་མ་ལྔ་རེའི་ནང་གི་གཅིག་ལ་དེ་སྔོན་སློབ་ཆེན་སྐབས་སུ་བཙན་གཡེམ་དང་འབྲེལ་བའི་གནས་སྟངས་གཞན་ཡང་འཕྲད་མྱོངས་ཡོད། གནས་སྟངས་དེས་སྐུ་ཞབས་ཊེ་ཝེ་ཧ་ལས་པར་གྱུར། གང་ཡིན་ཟེར་ན་ཁོ་རང་སོ་སོ་ནི་བུ་མོ་གསུམ་གྱི་ཨ་ཕ་ཡིན་པས་རེད།་ཁྱོད་ཀྱིས་ནང་མིས་གལ་ཏེ་སོ་སོའི་བུ་མོར་ཕྱིར་སོང་ནས་རླངས་འཁོར་ལ་རྡུང་ཁ་ཐེབས་པའི་ཉེན་ཁ་ལྔ་ཆ་གཅིག་ཡོད་པ་ཤེས་ན་སུ་ཡིན་ཡང་བུ་མོ་སློབ་ཆེན་དུ་གཏོང་མི་སྲིད་པ་ཞིག་རེད།་ཅེས་བཤད།
༡༩༨༠ ལོ་ཙམ་གྱི་མོ་མཆོག་རིང་ལུངས་པའི་ཕྱོགས་ནས་བཙན་གཡེམ་བྱེད་མཁན་དེ་གྲོས་འགོར་བརྗོད་རྗེས་ཨ་རིའི་སློབ་ཆེན་དུ་བྱུང་འབྲས་ཧ་ཅང་སྡུག་པའི་བཙན་གཡེམ་གྱི་གྱོན་དོན་འགའ་བྱུང་ཡོད་པ་རེད། སྲིད་འཛིན་ཨཱོ་པ་མའི་སྲིད་གཞུང་གིས་ཀྱང་དེར་ནུས་ཤུགས་ལྡན་པའི་ཁ་གཏད་ཀྱི་ཐབས་ལམ་བཏོན་ནས་ཚང་མའི་མིག་གི་རྒྱ་མོ་དེ་ཁྱོན་ཡོངས་ནས་གསར་བཏོན་གྱི་སྒོ་ནས་གནས་ཚུལ་འདིར་ལྟ་དགོས་པ་བཟོས།་འདས་སོང་གི་ཟླ་ཤས་རིང་ཧཱོ་མུ་སི་དང་མཱ་ཟེ་ཁྱུ་ཟེ་སློབ་ཆེན། ཧྥན་ཏེ་པོ་ཐི་ Vanderbilt སློབ་ཆེན་དུ་བཙན་གཡེམ་དང་འབྲེལ་བའི་སྐྱོན་ཕོག་མཁན་ཚང་མས་གནའ་འབྲེལ་སྲིད་གཞུང་ལ་ཁོ་ཚོའི་སློབ་གྲྭ་ལ་གྱོད་ཉེས་བཙུགས་ཏེ་སློབ་གྲྭའི་ཕྱོགས་ནས་ཐག་གཅོད་ནུས་ལྡན་མ་བྱུང་བའི་སྐོར་བཤད་ཡོད་པ་རེད། རྒྱུན་རིང་སློབ་གྲྭའི་ར་བར་བཙན་གཡེམ་གྱོད་དོན་ལ་ཞིབ་འཇུག་བྱེད་མཁན་ཏཱེ་ཝེས། ཉེས་བཙུགས་བྱེད་མཁན་འདི་ཚོ་ཚང་མ་གྱོད་དོན་དུ་འཛུལ་བ་ཙམ་གྱིས་རྙོག་དྲ་ཆགས་པ་ཟེར་བ་གྱུར་བ་དང་། དེའི་ནང་ཉེས་བཙུགས་བྱེད་མཁན་བུ་མོ་སློབ་མ་དང་། གྱོན་ཡ་སློབ་བུ། དེ་བཞིན་ཉེས་པ་ཡོད་མེད་ཀྱིས་ལེགས་ཉེས་དབྱེ་ཞིབ་བྱེད་འདོད་ཀྱི་སློབ་ཆེན་རྙིང་སོང་གི་ཁྲིམས་ལུགས་སྒྲོམ་གཞི་བེད་སྤྱོད་འདོད་པ་ལྟར་བྱས། ལཱི་ཟ་ཁིས་ Lysakerkretsen སློབ་ཆེན་ཚང་མ་སྐྲག་སྣང་ཆེན་པོའི་སྒོ་ནས་སོ་སོའི་ས་ནས་གནད་དོན་འདིའི་རིགས་ལ་འགོ་མཇུག་ཚང་བ་ཞིག་བཟོ་འདོད་སྐྱེ་བཞིན་ཡོད། ཅེས་བཤད།
དེ་མིན་ཕོ་བྲང་དཀར་པོའི་ནང་ཟླ་སྔོན་མར་ཚོགས་འདུའི་ཐོག་སྲིད་འཛིན་ཨཱོ་པ་མས་མཉམ་འབྲེལ་སྲིད་གཞུང་ནས་ཆེད་འཛུགས་ཚོགས་ཆུང་ཞིག་བཙུགས་ཏེ་སློབ་གླིང་དུ་བཙན་གཡེམ་འགོག་ཐབས་ཀྱི་སྒྲོམ་གཞི་ཞིག་བཟོ་སྲིད་པའི་ནང་སློབ་ཆེན་ཚང་མས་ཁྲིགས་ལུགས་སྲུང་བརྩི་དང་ནུས་ལྡན་གྱིས་བཙན་གཡེམ་གྱི་དྲག་སྤྱོད་ལ་འགོག་པའི་སྲིད་ཇུས་བཏོན་སྲིད་ལ། ད་དུང་དེའི་ཐོག་རོགས་རམ་གང་མང་བྱེད་རྒྱུའི་དམ་བཅའ་བཞག་ཡོད།
སློབ་ཆེན་ཁག་ཏུ་འདིིའི་སྐོར་རྙིག་དྲ་ཡོང་བཞིན་པ་དེ་ ༢༠༡༡ ལོའི་ཟླ་ ༤ ནས་འགོ་བརྩམས་ཡོད། སྐབས་དེར་ཨ་རིའི་སློབ་གསོ་ལས་ཁུངས་དབང་ཆ་འཁོས་མཉམ་གཞུང་ལས་ཁང་ Office of Civil Rights ནི་བརྩེ་བའི་ལས་རོགས། ཅེས་པའི་སྤྱི་ཁྱབ་ཀྱི་འཕྲིན་ཡིག་ཅིག་སྤེལ་བའི་ནང་ ༡༩༧༢ ལོར་སློབ་གསོའི་ཁྲིམས་ལུགས་བསྐྱར་བཅོས་ལེའུ་དགུ་པར་གཞིགས་དགོས་སྐོར་ཉེན་བརྡ་བཏང་ཡོད། དེའི་སྔོན་ཡིག་ཆ་འདི་གཙོ་བོ་ཕོ་མོའི་ལུས་རྩལ་ལས་འགུལ་དབར་གྱི་འདྲ་མཉམ་ཐོག་བེད་སྤྱོད་ཀྱི་གཏན་འབེབས་ནང་དོན་ལ་འགན་སྲུང་དང་། སློབ་ཆེན་ནས་སྒྲོམ་གཞི་དང་ལྡན་པའི་བཙན་གཡེམ་དང་འབྲེལ་བའི་གྱོད་གཏུག་ལས་གཞིར་ཕྱོགས་པ་ཞིག་དགོས། གལ་ཏེ་དེ་ལྟར་ལག་བསྟར་མ་ཐུབ་ཚེ་སློབ་ཆེན་འདི་དག་མཉམ་འབྲེལ་སྲིད་གཞུང་ནས་ཨ་སྒོར་ཁྲི་སྟོང་ཕྲག་མང་པོའི་རོགས་དངུལ་དེ་ཕྱི་འཐེན་བྱ་སྲིད་པ་རེད། ཅེས་བཀོད་པ་དང་། དེ་མིན་སྤྱི་ཁྱབ་ཡིག་ཆ་འདིས་ཉུང་ཤོས་ཀྱི་དཔེ་མཚོན་འགའ་ཁོ་ནར་དོན་དངོས་ཀྱི་ལམ་སྟོན་སྲིད་ཇུས་བཏོན་ཡོད། ཡིག་ཆ་དེས་གནས་སྟངས་མང་ཆེའི་འོག་སོ་སོའི་ཐབས་ལམ་འཚོལ་ཏེ་འོས་འགན་འདི་སྒྲུབ་དགོས་སྐོར་འཁོད། དེའང་རྒྱུ་མཚན་འདིར་བརྟེན་ཊ་ཐི་མོ་སི་སློབ་ཆེན་ Dartmouth University གྱིས་མི་རིང་བའི་རྗེས་ཀྱི་དབྱར་ཁར་སློབ་ཆེན་ཁག ༢༤ གདན་ཞུ་ཐོག་མཉམ་འཛོམས་ཀྱིས་ཆེས་ཕུལ་བྱུང་གི་སློབ་གླིང་གྱོད་དོན་དམིགས་བསལ་འདྲི་རྩད་སྒྲོམ་གཞི་ཞིག་ཇི་ལྟར་བཙུགས་དགོས་མིན་སྐོར་བགྲོ་གླིང་བྱ་རྒྱུ་རེད།
འདིའི་སྐོར་སློབ་ཆེན་མང་པོས་ཧུར་བརྩོན་ཆེན་པོས་ལན་འདེབས་བྱས། དཔེར་ན་ཟུར་ལྟ་བས་བཀག་འགོག ཅེས་པའི་ལས་གཞི་དང་འབྲེལ་བའི་ལས་འཆར་བརྒྱུད་དྲག་ཤུགས་སྔོན་འགོག་གི་ལས་འགུལ་འགའ་འགོ་བརྩམས་ཡོད། ལོ་ ༢༠ སྔོན་ཨ་རིའི་ཤར་བྱང་སློབ་ཆེན་གྱི་ལས་རྩལ་གྱིས་སྤྱི་ཚོགས་སུ་དེ་འཚམ་གྱི་ནུས་པ་འདོན་པའི་ཞིབ་འཇུག་ལྟེ་གནས། ཅེས་པ་ནི་ཟུར་ལྟ་བར་ཟབ་སྦྱོང་སྤྲོད་པའི་ས་ཚིགས་ཐོག་མ་དེ་ཡིན། དེ་བཞིན་འདིར་མི་རྣམས་ཀྱིས་ཟབ་སྦྱོང་དེའི་སློབ་ཚན་ལ་དགོས་མཁོ་ཇེ་ཆེར་འགྲོ་བའི་གནས་སྟངས་གསལ་བཏོན་བྱས། ཟབ་སྦྱོང་འགན་འཛིན་སྐུ་ཞབས་ཀྱཱ་རོ་ཆིང་ Jarrod Chin གིས་མ་རྩ་བརླགས་པ་ལས་གཞན་མི་རྣམས་ལ་དོ་སྣང་གཞན་ཞིག་ཡོང་ཐབས་མེད། ཅེས་བཤད་ཡོད།
ན་ནིང་ཧྲཱ་ལི་ཝན་ཞིབ་དཔྱོད་དཔོན་ཡོད་སའི་སྡེ་ཚན་ནས་རོགས་སྐྱོར་འོག་མཱ་ཟེ་ཁྱུ་ཟེ་སློབ་ཆེན་དུ་སྐད་གྲགས་ཆེ་བའི་ལས་འགུལ་ཞིག་སྤེལ་ཏེ་མི་རྣམས་ཀྱིས་བཙན་གཡེམ་སྐོར་གྱི་ཤེས་བྱ་མཐོར་འདེགས་ཡོང་ཐབས་བྱས། སློབ་གླིང་དུ་གང་སར་ཡིན་ལུགས་ཚུལ་ལྡན་གྱི་སྐྱེས་པ་ཕོ་ཞིག་བྱེད་དགོས། ང་ལ་བརྩི་འཇོག་ཏོག་ཙམ་བྱོས། གྲང་ཤུལ་ཤུལ་གྱི་ཟུར་ལྟ་བ་ཞིག་མ་བྱེད། ཟུར་ནས་བལྟས་ཏེ་མ་སྡོད། སོགས་ཀྱི་སྦྱར་ཡིག་དེ་དག་དཔེ་མཛོད་ཁང་དང་། གྱོན་ཆས་བརྗེ་སའི་ཁང་པ། དེ་བས་སྤྱི་སྤྱོད་རླངས་འཁོར་བཅས་གང་སར་མཐོང་རྒྱུ་ཡོད། དེ་མིན་སློབ་ཆེན་འདིའི་ཉལ་ཁང་དུ་ཡོད་པའི་སློབ་མའི་ཉལ་ཁང་གི་ལས་རོགས་གྲངས་ ༤༥༠ ཡང་ལས་འཆར་འདིའི་ཟབ་སྦྱོང་ལ་མཉམ་ཞུགས་བྱས་པ་དང་། སློབ་ཚན་དུ་སློབ་མ་རང་གིས་གཙོ་བོ་འཁྲབ་སྟོན་བྱས་པའི་སྤྱི་ཁྱབ་ཀྱི་ཞབས་ཞུའི་རིགས་ཀྱི་གློག་བརྙན་ཞིག་ཀྱང་མིག་བཏོན་བྱས། དེའི་ནང་གི་དུམ་བུ་གཅིག་ནི་སློབ་ཆེན་གྱི་སློབ་སྤྱི་སྐུ་ཞབས་ཁཱང་པོ་ Kumble R. Subbaswamy ཡིས་བཀླགས་པའི་གསལ་བཤད་ཅིག་ཡིན། སློབ་ཆེན་འདིར་དབྱར་གཞུང་བསུ་བའི་ལས་འགུལ་ཞིག་དང་སློབ་གྲྭ་འགོ་ཚུགས་ནས་གཟའ་འཁོར་གཅིག་ནང་ཉལ་འདོད་མེད་པའི་འཁྲབ་སྟོན་པ། ཞེས་པའི་སློབ་གླིང་གི་ཟློས་གར་ཚོགས་པས་ Not Ready for Bedtime Players ཀྱང་བཙན་གཡེམ་ཇི་ལྟར་སྔོན་འགོག་དགོས་མིན་སྐོར་གྱི་འཁྲབ་གཞུང་འཁྲབ་སྟོན་བྱས་ཡོད་པ་རེད།
སློབ་མ་གསར་པ་ནི་བཙན་གཡེམ་ཕོག་སླ་བའི་རིགས་ཤིག་ཡིན། ཨ་རིའི་སློབ་གསོའི་འགན་སྲུང་ཚོགས་པ་ United Educators ནས་ཞིབ་འཇུག་གི་སྙན་ཐོ་ཞིག་སྤེལ་བའི་ནང་བརྒྱ་ཆ་ ༦༣ གྱི་བཙན་གཡེམ་སྤེལ་ཡུལ་ནི་འཛིན་རིམ་དང་པོའི་སློབ་མ་གསར་པ་ཡིན་པའི་སྐོར་མཁོ་འདོན་བྱས། ཚོགས་པ་འདིའི་ཁྱབ་ཁོངས་མི་སྣ་སློབ་ཆེན་ཁག་མི་འདྲ་བ་ ༡༢༠༠ ལ་ཁྱབ་ཡོད་པ་རེད། ལས་གཞི་འདིར་དོ་དམ་བྱེད་མཁན་སློབ་སྤྱི་གཞོན་པ་ལྕམ་ཨིན་ཁུ་ Enku Gelaye ཡིས་དམིགས་འཛུགས་བྱས་པའི་ཁ་ལོ་བ། ཞེས་པའི་ལས་འགུལ་ལྟར་བྱ་བ་འདིའི་བརྗོད་གཞི་གཙོ་བོ་ནི་སྔོན་འགོག་བྱེད་པོ་ལ་ལུགས་མཐུན་གྱི་མིང་ཞིག་སྤྲོད་པའི་ཆེད་དུ་ཡིན་སྐོར་བཤད་པ་དང་། དེ་བཞིན་མིང་འདི་དང་གཞན་དམིགས་འཛུགས་བྱས་པའི་ཚོར་ཤུགས་གཞན་དང་འབྲེལ་མཐུད་ཀྱིས་གནད་དོན་བྱུང་དུས་སློབ་མའི་བསམ་བློར་བརྡ་ཞིག་སྤྲོད་དེ་སོ་སོའི་མིག་མདུན་དུ་གནས་ཚུལ་ག་རེ་ལྷག་མིན་དང་། དེར་ཁ་གཏད་གང་འདྲ་དགོས་མིན་བཅས་རེད། ལྕམ་གྱིས་དེ་ནི་རབ་རུམ་མི་གསལ་བའི་བསམ་བློ་ཞིག་མེད་པར་ཆགས་པ་རེད། ཅེས་བཤད།
ན་ནིང་སྟོན་ཀར་སློབ་གྲྭ་འགོ་བཙུགས་ཙམ་རྗེས་ཟབ་སྦྱོང་འདི་ད་དུང་མཱ་ཟེ་ཁྱུ་ཟི་སློབ་ཆེན་དུ་བྱུང་བའི་བཙན་གཡེམ་གྱོད་དོན་ནང་ཉེས་གཞི་དོགས་ཅན་མི་སྣ་འཛིན་བཟུང་ལ་ཕན་ཐོག་ཀྱང་བྱུང་ཡོད་པ་རེད། ཉེན་རྟོག་པའི་ཕྱོགས་ཀྱི་སྙན་ཐོ་དང་ཞིབ་དཔྱོད་དཔོན་ལ་བཅའ་འདྲི་བཅས་ནས་ན་ནིང་ངལ་བཟོ་དུས་ཆེན་གྱི་མཚན་གཞུང་ཆུ་ཚོད་ ༡། ༡༦ ཐོག་རང་ལོ་ ༡༨ ཟིན་པའི་སློབ་མ་གསར་པས་ལམ་བར་ནས་འདུ་འཛོམས་ལ་སོང་ནས་ཁེར་རྐྱང་གིས་ཕྱིར་ཉལ་ཁང་དུ་ལོག་པའི་བུ་མོ་ཞིག་གི་ལམ་ཁ་བཀག སློབ་བུ་ཕོ་མོ་དེ་གཉིས་ཀས་ཆང་རག་མ་ཉུང་བ་ཞིག་འཐུང་། དེ་ནས་བུ་དེས་བུ་མོ་དེ་ལྕང་སྡོང་ཞིག་ལ་བསྣན་རྗེས་མོ་ལ་འོ་སྦྱོར་བ་དང་སྐེ་ལ་སོ་རྒྱག་པ་བཅས་བྱས། དེ་རྗེས་བུ་མོ་དེས་ཉེན་རྟོག་པར་ཁོས་ངའི་སྐེ་བསྡམ་སྟེ་ང་རང་དབུགས་ཀྱང་གཏོང་དཀའ་བ་བཟོས་པ་དེ་ཁོ་ནར་དྲན་སོས་ཀྱི་འདུག ཅེས་བཤད། ད་དུང་མོས་ངས་མི་འབོད་བསམ་ཡང་འབོད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ཁོས་ངའི་སྐེ་ཤུགས་ཀྱིས་བཙིར་པས་ཡིན། ཞེས་དང་། སྐར་མ་བཅུའི་རྗེས་བུ་མོ་དེ་སར་རིལ་རྗེས་བཙན་གྱིས་རྐང་པ་གཉིས་ཁ་བཀྲམ་བཅུག་པ་དང་། ནང་འཇམ་བཤུས་ནས་ཟུར་ཞིག་ལ་གཡུག་སྟེ་བཙན་གཡེམ་ཐེབས།
རྒྱུད་རིམ་དེའི་ནང་སློབ་མ་བུ་མོ་ ༥ དང་བུ་ ༣ བཅས་བསྡོམས་སློབ་མ་ ༨ ཟུར་ནས་བལྟས་བསྡད་པ་དང་། དེ་མིན་སློབ་ཆེན་འཛིན་གྲྭ་གསུམ་པའི་སློབ་མ་གསར་པ་མང་པོ་ཞིག་ཀྱང་བཀག་འགོག་བྱེད་པའི་ལས་འགུལ་ནང་བཞུགས་ཡོད་པ་རེད། ད་བར་དེ་དག་གི་ངོ་བོ་ཅི་ཡིན་ཞིབ་བརྩད་ཐུབ་མེད་ཀྱང་དོན་དངོས་ཐོག་ལོ་དེའི་འཛིན་རིམ་དང་པོའི་སློབ་ཆེན་སློབ་མ་ཚང་མས་དགུང་སེང་དེའི་གཟའ་མཇུག་ཏུ་བཙན་གཡེམ་བཀག་འགོག་ལས་གཞིའི་སྙན་ཐོ་ལ་ཉན་ཡོད་པ་ངོས་ཟིན་ཐུབ། དེ་མིན་ཟུར་ལྟ་བ་སློབ་མ་༨ ནང་གི་གཅིག་ནི་ཉལ་ཁང་དོ་དམ་རོགས་སྐྱོར་བའམ་འཛིན་རིམ་གསུམ་པའི་སློབ་མ་ཞིག་རེད།
ཉེན་རྟོག་པས་སྙན་སྒྲོན་ནང་དེ་མཐོང་མཁན་ཞིག་གིས་ཁ་པར་ནས་སྐེད་པ་དམར་ཧྲིང་ཅན་གྱི་བུ་ཞིག་བུ་མོ་ཞིག་གི་ལུས་ལ་འཛེགས་པའི་སྐོར་བརྙན་ཐུང་ལེན་འདུག དེ་མིན་མཐོང་མཁན་རྣམས་ཀྱིས་བུ་མོ་དེ་ཡར་སྐྱོར་ཞིང་གཞན་ལ་འཁྲིད་དེ་བུ་མོ་དེ་བདེ་འཇགས་སུ་གནས་པར་ངོས་བཟུང་རྗེས་དེ་དག་གིས་ཁ་པར་བརྒྱུད་ཉེན་རྟོག་པར་བརྡ་བཏང་རྗེས་ཉེན་རྟོག་པ་དུས་ཡུན་རྗེས་དེར་སླེབས་ནས་སློབ་བུ་དེ་འཛིན་བཟུང་ཐུབ་པ་བྱུང་བ་རེད། དེ་རྗེས་སློབ་བུ་མིང་ལ་ཕཱ་ཊི་ཁི་ཟེར་བའི་རང་ལོ་ ༡༨ ཅན་འདིར་ཚབ་ཆེན་གྱིས་བཙན་གཡེམ་བྱས་པའི་ཉེས་མིང་བཀལ་བ་དང་། དེ་རྗེས་ཀྱང་ཁོས་སོ་སོར་ཉེས་པ་མེད་སྐོར་འགྲེལ་བརྗོད་ཀྱང་བྱས་ཡོད།
ཧཱན་པུ་ཧྲིན་སློབ་ཆེན་གྱིས་རྒྱལ་ཡོངས་རང་བཞིན་གྱི་བཙན་གཡེམ་དང་འབྲེལ་བའི་ཞིབ་འཇུག་དང་ཟབ་སྦྱོང་། དེ་བཞིན་སྔོན་འགོག་གི་ལས་འཆར་ཞིག་སྒྲིག་ཡོད། འཆར་གཞི་འདི་ཕྱོགས་ག་གེ་མོ་ནས་བཤད་ན་སློབ་གླིང་དུ་གདུག་རྩུབ་ཀྱི་བཙན་གཡེམ་གྱོད་དོན་ནས་བྱུང་བ་ཞིག་ཡིན། གྱོན་དོན་དེ་ ༡༩༨༧ ལོར་བྱུང་ཞིང་སྐབས་དེར་བཀག་འགོག་བྱེད་མཁན་མེད་པ་རེད། སྐབས་དེའི་ཨཱིན་གྷི་ལན་ཟླ་རེའི་ཚགས་ཤོག་ New England Monthly ཐོག་སྤེལ་བའི་གནས་ཚུལ་ལྟར་ན་འཛིན་རིམ་དང་པོའི་སློབ་མ་ཞིག་རག་བཟི་ནས་རིག་པ་དྭངས་གསལ་མེད་པར་གྱུར་རྗེས་འཛིན་རིམ་གཉིས་པའི་སློབ་མ་བུ་གཉིས་ཀྱིས་ཉལ་ཁང་ཞིག་ཏུ་འཁྲིད་ནས་སྡེབས་རུབ་ཀྱིས་བཙན་གཡེམ་ཕོག་པའི་སྐོར་འཁོད། དེའི་ནང་གི་སློབ་མ་བུ་ཞིག་ད་དུང་སྐེས་ཐེམ་ཐོག་གི་འགྲོ་ལམ་དུ་སོང་ནས་གཞན་རྣམས་ལ་ཁོ་ཚོས་ཉལ་ཁང་དུ་འབྲུག་བརྒྱུད་པའི་རྩེད་མོ་ཟེར་བ་ཞིག་རྩེད་བཞིན་པའི་སྐོར་འུར་བརྗོད་ཀྱང་བྱས་པ་མ་ཟད། ད་དུང་གྲོགས་པོ་གཞན་དང་ལག་པ་རྡེབ་ནས་དགའ་མདོག་ཀྱང་བཏོན། བསྡོམས་སློབ་མ་གཞན་ཁ་ཤས་དང་། དེའི་ནང་ཁང་རྩེགས་དེའི་ཉལ་ཁང་དོ་དམ་ལས་རོགས་ཀྱིས་ཀྱང་ཁོ་ཚོས་ག་རེ་བྱེད་ཀྱི་ཡོད་མེད་ཤེས་ཀྱི་ཡོད། འོན་ཀྱང་ཚང་མ་ཕྱིར་དོན་ནས་དེར་བཀག་འགོག་བྱས་མེད། དེ་རྗེས་སློབ་བུ་དེ་གསུམ་གྱིས་བཙན་གཡེམ་ཕོག་པའི་བུ་མོར་གནོན་ཤུགས་སྤྲད་དེ་མོས་སྐབས་དེར་རང་འདོད་ཀྱིས་དེ་འདྲ་བྱས་སྐོར་ངོས་ལེན་བྱེད་བཅུག་པར་ཁོ་ཚོའི་ཉལ་ཁང་གཅིག་པས་ཀྱང་དེར་བཀག་འགོག་བྱས་མེད།
ཉིན་གཉིས་པར་བུ་མོ་དེ་ཧ་ཅང་རག་བཟི་བའི་དབང་གིས་ཉིན་སྔོན་བྱུང་བའི་གནས་ཚུལ་དེའང་དྲན་མ་སོས། འོན་ཀྱང་ཉིན་འགའི་རྗེས་མོས་སྔ་ཕྱི་བྱུང་བའི་གནས་ཚུལ་རྣམས་ཕྱོགས་བསྡུས་ཀྱིས་སློབ་ཆེན་དེ་ཁྲིམས་ལ་གཏུགས་རྗེས་སློབ་གྲྭར་ཉེས་དོན་ཉན་ཞིབ་ཀྱི་ཚོགས་འདུ་ཐེངས་བཞི་ཙམ་འཚོགས་རྗེས་མི་གྲངས་ ༡༧༠ ཤོང་བའི་ཚོགས་ཁང་དུ་སློབ་གླིང་གི་དམིགས་བསལ་ཁྲིམས་ར་ཞིག་འཚོགས་ནས་ཚང་མ་འོང་ཆོག་པ་བྱས། ཁྲིམས་ཁང་དེའི་ཐོག་སློབ་མ་བུ་གཉིས་ཀྱིས་གཞན་ལ་བརྩི་འཇོག་དགོས་པའི་སློབ་གྲྭའི་སྒྲིག་ཁྲིམས་འགལ་འཛོལ་ཙམ་བྱུང་བ་མ་ཟད། ལོ་དེའི་སྟོན་དུས་ཡོངས་སློབ་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་། ཉེས་དོན་ཁྲིམས་རའི་ནང་དུའང་ཁོ་ཚོས་སོ་སོའི་བྱ་སྤྱོད་ངན་པ་སྤེལ་བའི་སྐོར་ངོས་ལེན་གྱིས་ཟླ་བ་གཉིས་བཙོན་དུ་ཚུད། གཞན་སློབ་མ་དེ་ཉེས་མེད་ཀྱིས་གློད་གྲོལ་ཐོབ།
དེ་རྗེས་སློབ་གྲྭའི་བུ་མོ་སློབ་མ་རྣམས་དང་། ཟཱ་ཕུ་ལིན་ཞིབ་འཇུག་པ་ཚུད་ཚང་མས་ངོ་རྒོལ་གྱི་ཁྲོམ་བསྐོར་ལས་འགུལ་སྤེལ་ནས་སློབ་སྤྱིའི་གཞུང་ལས་ཁང་མཐའ་བསྐོར། ད་དུང་དུས་ཡུན་ནང་ཁོ་རང་མཐའ་བསྐོར་ནས་ཁོ་ཚོའི་རེ་འདུན་ལ་ལན་འདེབས་བྱུང་བ་རྗེས་སུ་གཞི་ནས་དེ་ནས་གློད། ངོ་རྒོལ་ལས་འགུལ་དེ་འདྲ་ཟླ་བ་ཁ་ཤས་རིང་སྤེལ་རྗེས་སློབ་གྲྭའི་ངོས་ནས་གཞི་ནས་བཅོས་བསྒྱུར་རིམ་པ་འགོ་བརྩམས་ཤིང་དུས་མཚུངས་སུ་དེང་ང་ཚོས་མཐོང་ཐུབ་པའི་གྲུབ་འབྲས་འདི་དག་བྱུང་ཡོད་པ་རེད།
ཧཱན་པུ་ཧྲིན་སློབ་ཆེན་གྱིས་རོགས་དངུལ་གཏོང་སྟེ་བཙན་གཡེམ་ཉེན་ཚབ་བཅོས་ཐབས་ལྟེ་གནས་ཤིག་གསར་འཛུགས་བྱས་པ་མ་ཟད། དེར་མི་འགྲོ་མདང་ངེས་བསྐོ་འཛུགས་བྱས། ད་དུང་སློབ་དཔོན་ ༡༢ དང་ཞིབ་འཇུག་པས་གྲུབ་པའི་ཟུར་ལྟ་བའི་ལས་འཆར་ལ་རྟོག་དཔྱོད་དང་ཁྱབ་སྤེལ་གྱི་ལྟེ་གནས་ཀྱང་བཙུགས། དེ་མིན་སློབ་ཆེན་གྱི་ལུས་རྩལ་སྡེ་ཚན་ནས་ཀྱང་སློབ་གྲྭའི་ལུས་རྩལ་རུ་ཁག་གི་ཚོགས་མི་རྣམས་ལ་དེའི་སྐོར་གྱི་སློབ་ཚན་གཏན་འབེབས་བཟོས།
དེང་ཐབས་ལམ་དེར་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོན་ཡོད། ༡༩༨༧ ལོར་བྱུང་བའི་བཙན་གཡེམ་གྱི་གྱོད་དོན་དེ་བྱུང་རྗེས་བུ་མོ་སློབ་མ་བརྒྱ་ཆ་སུམ་བཅུས་སོ་སོ་དེ་སྔོན་འདོད་མོས་མེད་པའི་གཉིས་སྦྱོར་དང་ཡང་ན་དེ་མཚུངས་ཀྱི་བྱ་ལས་སྤེལ་དགོས་བྱུང་བའི་སྐོར་བཤད་ཡོད། ༢༠༠༦ ལོར་བརྒྱ་ཆ་ ༢༡ ལ་ཉུང་དུ་སོང་ཞིང་། ༢༠༡༢ ལོར་བརྒྱ་ཆ་ ༡༦ བར་ཉུང་དུ་སོང་ཡོད། སློབ་གྲྭ་མང་ཆེར་ལུས་རྩལ་བས་བཙན་གཡེམ་གྱི་བྱས་ཉེས་བསགས་པའི་གྲངས་འབོར་དེ་མི་གཞན་སྤྱི་བཏང་བ་ལས་མང་བ་མངོན།
སློབ་གྲྭ་མང་ཆེའི་ནང་ལུས་རྩལ་བས་བཙན་གཡེམ་གྱི་གྱོན་དོན་དེ་སྤྱི་བཏང་མིས་དེའི་སྐོར་ནག་ཉེས་ཤོར་བ་ལས་བརྒལ་འདུག ཨ་རིའི་སློབ་གསོ་མཁས་དབང་གི་ཞིབ་འཇུག་གྲུབ་དོན་ཞིག་ཏུ་སློབ་མ་ལུས་རྩལ་བ་སྤྱི་བཏང་སློབ་མའི་བརྒྱ་ཆ་ ༡༠ ནས་ ༡༥ བར་ཟིན་གྱི་ཡོད་ཀྱང་ཁོ་ཚོས་བཙན་གཡེམ་སྐོར་གྱི་ཉེས་དོན་དེ་གྱོད་གཞིའི་བསྡོམས་གྲངས་ལས་བརྒྱ་ཆ་ ༢༥ ཙམ་ཟིན། དགའ་འོས་པ་ཞིག་ལ་གྲངས་ཀ་དེ་ཧཱན་པུ་སློབ་ཆེན་དུ་བེད་སྤྱོད་མེད་པ་རེད།
༢༠༠༧ ལོར་སློབ་ཆེན་འདིའི་ལུས་རྩལ་སྡེ་ཚན་ནས་ཁོ་ཚོའི་སྤྱི་ཁྱབ་ཀྱི་བདེ་ཐང་འཆར་གཞིར་བཅོས་བསྒྲིགས་ཀྱིས་སློབ་གྲྭར་ཞུགས་མཁན་ལུས་རྩལ་བ་སློབ་མ་ཚང་མ་དེ་འབྲེལ་གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུར་ཞུགས་དགོས་པའི་རེ་འདུན་བཏོན། ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་ཉམས་ཆུང་ལ་ཐུབ་ཚོད་དང་རག་བཟི་བཤད་པ། ཐ་མག་ནག་པོ་འཐེན་པ། ཕོ་མོའི་དབར་གྱི་འོས་འགན་དང་མོས་འདོད། མི་ཚོགས་ཀྱི་སྣ་མང་གནས་སྟངས་བཅས་རེད། སློབ་དུས་སྔོན་མར་ང་ཚོས་སློབ་ཆེན་འཛིན་རིམ་གཉིས་པའི་སློབ་མ་ཚོར་ཟུར་ནས་ལྟད་མོ་རྣམས་ཀྱིས་སྔོན་འགོག་བྱེད་སྟངས་ཀྱི་སློབ་ཚན་བཀོད་བསྒྲིག་གིས་དེ་ངེས་པར་དུ་སྦྱོང་དགོས་པའི་རེ་འདུན་བཏོན་ཡོད། བཀོད་སྒྲིག་དེར་གྲུབ་འབྲས་ཧ་ཅང་མངོན་མཚན་ཐོན་ཡོད། ༢༠༡༣ ལོར་སློབ་མ་ ༧ ཁོ་ནས་ཁོ་ཚོའི་ཁྲིམས་སྲིད་གཞུང་ལས་ཁང་དཀྲོག་པ་དང་། དེའི་སློབ་མའི་གྲངས་ཀ་དེའང་ ༢༠༠༧ ལོར་གྲངས་མི་༧༥ ཙམ་རེད།
སྤྱི་བཏང་སློབ་ཆེན་དུ་གལ་ཏེ་སློབ་མ་བུས་གཞན་བུ་ཞིག་གི་གནས་ཚུལ་ལ་འགོག་རྐྱེན་བཟོས་ཚེ་ཁོ་ཚོས་ཚིག་བརྗོད་གཉིས་ཀྱིས་དེའི་གནས་སྟངས་མཚོན་ཐབས་བྱེད། འོན་ཀྱང་ཚིག་དེ་གཉིས་ནི་ཟུར་ལྟ་བས་སྔོན་འགོག་བྱེད་སྟངས། ཅེས་པ་དེ་མིན། དེའང་སྐྱ་སེར་ཕོ་མོ་ཡོངས་ལ་སྤྱོད་ཆོག་པའི་ཚགས་ཤོག་ཅིག་ཡིན་ཕྱིན། ང་ཚོས་དུས་ཡུན་ནང་དེར་ཞྭ་མོ་གྱོན་པ་ཞེས་མིང་བཏགས་ཀྱི་ཡིན།
མཱེ་ཐི་མ་ཐིར་དང་ཁོའི་གྲོགས་པ་ཞིག་མཱ་ཟེ་ཁྱུ་ཟེའི་སློབ་ཆེན་དུ་འདུ་འཛོམས་ཤིག་ཏུ་བཞུགས་རྗེས་དེ་ནས་རག་བཟི་ཚར་བའི་སློབ་མ་བུ་མོ་ཞིག་དང་མཉམ་དུ་རླངས་འཁོར་གླས་ཏེ་ཕྱིར་ལོག་སྐབས་མཐོ་སློབ་འཛིན་རིམ་གསུམ་པའི་མཱེ་ཐིས་སྐབས་དེར་ཁོ་གཉིས་ཀྱི་དེར་རེག་ཅིང་འཐམ་པ་བྱས་ཀྱང་བུ་མོ་དེ་ནི་ག་རེ་ཡིན་ཡང་བྱེད་འདོད་པར་གྱུར་ཟིན་སྙམ། སྐུ་ཞབས་མཱེ་ཐིས་མོ་རང་ལ་འཛེམ་ཟོན་མེད་པ་གྱུར་ཟིན་སྟབས་མོ་རང་དང་ཁྱོན་ནས་ངོ་མི་ཤེས་པའི་སྐྱེས་པ་ཞིག་དང་མཉམ་དུ་ཕྱིར་ལོག་ཀྱང་དེ་ནི་བྱ་བ་སྡུག་ཆགས་ཤིག་མིན་པ་རེད། ཅེས་བཤད།
འོན་ཀྱང་མཱེ་ཐིས་མཐར་དེར་བཀག་འགོག་བྱས་ཅིང་མོ་རང་ཕྱིར་ཉལ་ཁང་དུ་བསྐྱེལ་རོགས་བྱས། ཁོས་ངས་རོགས་པ་དེར་གྲོགས་པོ། དེ་འདྲ་མ་བྱེད། མོ་རག་བཟི་འདུག ཅེས་བཤད་པའི་སྐོར་ཕྱི་དྲན་བྱས། ཁོའི་གྲོགས་པོ་དེ་ཁོང་ཁྲོའང་ལངས་འདུག དེ་ནི་ཁ་སྐྱེངས་པའི་གནས་སྟངས་ཤིག་རེད། སྐུ་ཞབས་མཱེ་ཐིས་དེ་ལྟར་བཤད། ཕྱི་ཉིན་བུ་མོ་དེ་ང་སར་ཡོང་ནས་ཐུགས་རྗེ་ཆེ་ཞུས་སོང་། འོན་ཀྱང་མཱེ་ཐིས་བརྒྱུད་རིམ་དེ་ནས་སྤྲོ་བ་དེ་ཙམ་འཕེལ་མེད། ངས་དོན་དངོས་ཐོག་བུ་མོ་དེས་ང་ལ་ཐུགས་རྗེ་ཆེ་ཟེར་དགོས་དོན་གང་ཡིན་མིན་ཙམ་ཤེས་ཀྱི་མེད་པ་དང་། དེའང་གཞན་གྱིས་མོ་རང་གིས་དེ་ལྟར་བྱ་དགོས་པ་བཤད་སྟབས་ཡོང་བ་ཞིག་རེད། ཅེས་བཤད།
༢༠༠༥ ནས་༢༠༡༠ ལོའི་བར་ཨ་རིའི་སློབ་གསོ་མཁས་དབང་གིས་དྲག་ཤུགས་ཀྱི་བཙམ་གཡེམ་དང་འབྲེལ་བའི་གྱོད་དོན་དུ་ཚུད་དེ་ཉེས་ཆད་ཕོགས་ཅིང་དེའི་ནང་གྱོད་དོན་བརྒྱ་ཆ་ ༦༠ ཙམ་བུ་མོ་དེ་དག་ཧ་ཅང་རག་བཟི་བར་བརྟེན་བཙན་གཡེམ་གྱི་གོ་རིམ་དེ་ཙམ་གསལ་པོ་བཤད་པའམ་ཕྱི་དྲན་མི་ཐུབ་པ་དང་འབྲེལ་བ་ཡོད་པའི་སྐོར་བཤད་ཡོད། སློབ་ཆེན་གྱི་འགོ་དཔོན་རྣམས་ཀྱིས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་བཙན་གཡེམ་གྱོན་དོན་ཐད་སློབ་གྲྭའི་ནང་གི་ཞིབ་དཔྱོད་ལྷན་ཚོགས་དེ་ནི་རྗེས་ལུས་ཐེབས་ཟིན་པར་ངོས་འཛིན་དང་། དེ་བཞིན་གྱོད་དོན་དེ་དག་ཀྱང་ཕོ་མོ་ཕྱོགས་གཉིས་ཀྱིས་དེར་འགྲེལ་བརྗོད་མི་འདྲ་བ་ཡིན། ཇག་འཕྲོག་དང་འཛིང་རྩོད། རག་བཟི་དང་དུ་ནག་འཐེན་པའི་སྐོར་མཐོ་སློབ་ནས་དེ་འབྲེལ་གྱི་གཟེངས་གསོལ་གྱི་སྒྲིག་ལམ་བཟོས་ཡོད། འོན་ཀྱང་དེ་ནི་བཙན་གཡེམ་ལ་ཁ་གཏད་ནས་བཟོས་པ་ཞིག་ཆགས་མེད། སློབ་གླིང་གི་ཞིབ་དཔྱོད་ལྷན་ཚོགས་དེ་ནི་རྒྱུན་གཏན་སློབ་མ་དང་དགེ་རྒན་བཅས་སྲིད་འཛིན་མི་སྣས་གྲུབ་པ་ཞིག་ཡིན། སློབ་གསོ་མཁས་དབང་ཚོགས་པ་དེའི་སྤྱི་ཁྱབ་འགོ་འཁྲིད་གཞོན་པ་རཱོ་པུ་ཀྱོན་ Robb Jones གྱིས་གིས་མི་སྣ་དེ་དག་ཚང་མ་དེའི་སྐོར་གྱི་ཆེད་ལས་མི་སྣ་མ་རེད། ཅེས་ཀྱང་བཤད་ཡོད།
དེ་སྔོན་སློབ་གྲྭའི་ནང་ཉེས་དོན་བྱུང་བར་ཞེད་སྣང་དབང་གིས་དོ་སྣང་མང་ཙམ་བྱུང་ཞིང་། སློབ་ཆེན་ནས་ས་ཁུལ་རང་གི་ཉེས་དོན་ཞིབ་དཔྱོད་དཔོན་དང་མཉམ་འབྲེལ་བྱ་བར་ཐོག་མཐའ་བར་གསུམ་དུ་མཐུན་རྐྱེན་སྦྱོར་གྱི་མེད། ཡིན་ཡང་མཉམ་འབྲེལ་སྲིད་གཞུང་གིས་ཁྲིམས་སྒྲིག་དོ་དམ་ནན་དུ་གཏོང་ཞིང་ཕྱི་གསལ་ནང་གསལ་ལེགས་སུ་གཏོང་དགོས་པའི་རེ་འདུན་བཏོན་པའི་དབང་གིས་གནས་སྟངས་དེར་འགྱུར་ལྡོག་འགྲོ་བཞིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་ས་ཁུལ་ཞིབ་དཔྱོད་དཔོན་སྐུ་ཞབས་ཧྲཱ་ལི་ཝུན་གྱི་གཞུང་ལས་ཁང་དང་མཱ་ཟེ་ཁྱུ་ཟེ་སློབ་ཆེན་དང་དེ་འབྲེལ་ཉེ་འཁོར་གྱི་སློབ་ཆེན་གྱི་འཐུས་མིའི་དབར་ཟླ་རེར་ཐེངས་རེ་ཐུག་སྟེ་བཙན་གཡེམ་སྐོར་གྱི་གྱོད་དོན་སྐོར་ཞིབ་དཔྱོད་སྟབས་བདེ་ཡོང་ཐབས་བྱེད་ཀྱི་ཡོད། སྐུ་ཞབས་ཧྲཱ་ལི་ཝུན་གྱིས་བཙན་གཡེམ་སྐོར་ཆེད་གཉེར་ཞིབ་དཔྱོད་དཔོན་ལྕམ་ཀྱཱན་ཉི་ཧྥུར་ Jennifer Suhl ང་ཚོས་སློབ་གྲྭ་ནས་བྱུང་བའི་གྱོད་དོན་ཚང་མར་ལྟ་ཡི་ཡོད། ཁོ་ཚོས་ང་ཚོར་དེའི་སྐོར་སྦ་གསང་བྱེད་རྒྱུའི་རེ་བ་མེད། ཅེས་བཤད།
ཕལ་ཆེར་ལོ་གཅིག་དང་ཕྱེད་ཀྱི་སྔོན་ཨི་ཀྲོའི་ཞཱེ་ཝེར་སློབ་ཆེན་ Xavier University of Ohio ནས་ཀྱང་ས་ཁུལ་རང་གི་ཞིབ་དཔྱོད་དཔོན་དང་མཉམ་འབྲེལ་བྱེད་པར་ངོ་རྒོལ་གྱིས་དེའི་ཐད་ཁོ་ཚོས་གྱོང་རྒུད་ཀྱང་མངོན་གསལ་བཏང་དགོས་བྱུང་ཡོད་པ་རེད། ༡༠༡༢ ཟླ་༧ པར་སློབ་མ་བུ་མོ་ཞིག་གིས་སློབ་གྲྭའི་ཉེས་རྟོག་དཔོན་ལ་མོ་རང་སློབ་གྲྭ་དེའི་ལག་རྩལ་སྤོ་ལོ་རྩེད་མཁན་ལུས་རྩལ་བ་མངོན་མཚན་ཅན་ཏཱེ་ཟི་ཝེས་ཀྱིས་བཙན་གཡེམ་བྱས་སྐོར་གྱོད་གཏུག་བྱས། སྐུ་ཞབས་ཏཱེ་ཟི་ཝེས་ཀྱིས་ཀྱང་ཁོ་རང་བུ་མོ་དེ་དང་ལུས་འབྲེལ་བྱུང་ཡོད་ཚུལ་བཤད། འོན་ཀྱང་དེ་ནི་ཕན་ཚུན་གཉིས་མོས་ཀྱིས་ཡིན་པ་དང་། དེའི་བརྒྱུད་རིམ་ལའང་འགྱིག་ཤུབ་གྱོན་ཡོད་ལུགས་བཤད། སྐུ་ཞབས་ཏཱ་ཟི་ཝེས་དེའི་སྐོར་འགྲེལ་བརྗོད་བྱེད་སྐབས་མཚན་མོ་དེར་ཁོ་རང་གཉིས་ཀ་ཉལ་ཁང་ནས་སྐད་ཆ་བདེན་པ་བཤད་པའི་ཉེན་མཆོང་། ཟེར་བའི་ལས་འགུལ་ཞིག་ཏུ་མཉམ་བཞུགས་བྱས་ཤིང་། ད་དུང་དེར་གྲོགས་པོ་གཞན་ཁག་ཅིག་ཀྱང་ཡོད་པར་བཤད། སྐུ་ཞབས་ཏཱ་ཟི་ཝེས་ད་དུང་མཚན་མོ་དེར་ཉེན་མཆོང་ཆེན་པོ་ཟེར་བ་དེ་ཚང་མ་ཕོ་མོའི་ལུས་འབྲེལ་སྐོར་དང་འབྲེལ་བ་ཡོད། དཔེར་ན་བུ་མོ་དེས་ཁོའི་གཟུགས་པོའི་ཐོག་ནས་འདོད་བྲོ་དུམ་ཞིག་ཀྱང་འཁྲབ་ཅིང་། དེ་རྗེས་ཀྱང་མོའི་འོ་མ་གཉིས་ཕྱིར་བཏོན་པ་བཅས་བྱས། དེ་ནས་ཁོ་རང་གཉིས་བུ་མོ་དེའི་ཉལ་ཁང་དུ་སོང་ནས་ལུས་འབྲེལ་བྱུང་། མཇུག་གི་ཆུ་ཚོད་འགའི་རྗེས་སུ་བུ་མོ་དེས་ཉེན་རྟོག་པར་གྱོད་གཏུག་གིས་མོ་རང་ལ་བཙན་གཡེམ་ཕོག་ཡོད་ལུགས་བཤད་ཡོད་པ་རེད།
སཱིན་སིན་ན་ཐི་ Cincinnati གྲོང་གྱི་ཧཱན་མི་ཊོན་ཞིབ་དཔྱོད་དཔོན་སྐུ་ཞབས་ཀྱཱོ་ཟོ་ཧྥིས་ Joseph T. Deters གྱོད་དོན་དེའི་ཕྱིར་ཁོས་གཤམ་འོག་གི་ཆེས་ནུས་ལྡན་གྱི་རོགས་པ་གཉིས་བཏང་བའི་ནང་གྱོད་དོན་ཁང་གི་འགོ་འཛིན་ཡང་ཡོད་པ་དང་། ཁོ་ཚོས་ཚང་མས་གནད་དོན་དེ་བཙན་གཡེམ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། དེའང་བཙན་གཡེམ་དང་འབྲེལ་མེད་ཡིན་སྐོར་བཤད། དེ་རྗེས་ཁོ་ཚོས་གྱོད་དོན་དེ་ཞིབ་དཔྱོད་ཚོགས་ཆུང་དུ་རྩིས་འབུལ་ཞུས། དེ་ནས་ཀྱང་གྱོད་ཡར་གྱོད་གཏུག་བྱེད་མེད་པ་རེད།
སྐུ་ཞབས་ཏཱི་ཐི་ཟིས་ཁོ་རང་གིས་ཟཱེ་ཝུ་ཨར་སློབ་ཆེན་ཕྱོགས་དང་ཐེངས་མང་འབྲེལ་མཐུད་ཀྱིས་ཁ་བརྡ་ཡོང་ཐབས་བྱས་ཀྱང་ཕར་ཕྱོགས་ནས་ལེན་འདེབས་མེད་པ་དང་། གྱོད་དོན་དེ་ཐད་ཀར་སློབ་གླིང་ཞིབ་དཔྱོད་ལྷན་ཁང་དུ་རྩིས་སྤྲད་བྱས་སྐོར་བཤད་ཡོད། དེ་རྗེས་ཁོས་གྱོད་དོན་དེར་ཞིབ་བཤེར་སྐབས་ཀྱི་ཟིན་ཐོར་ལྟ་སྐབས་ང་རང་ཧ་ལས་སོང་། གྱོད་དོན་དེར་ཞིབ་དཔྱོད་ཀྱི་ལྷན་ཁང་གི་སྒྲིག་འཛུགས་ནང་ད་དུང་སློབ་མ་ཡང་ཡོད་པར་ཤེས་རྟོགས་བྱུང་བ་དང་། ཁོ་ཚོས་བཙན་གཡེམ་དང་འབྲེལ་བའི་དཔང་རྟགས་ཀྱི་སྒམ་ཆུང་དེ་མཐོང་དུས་དེ་ག་རེ་ཡིན་མིན་ཙམ་ཡང་མི་ཤེས། ཅེས་བཤད་པ་ཙམ་ཡིན་སྐོར་འགྲེལ་བརྗོད་བྱས།
གནས་སྟངས་འདི་འདྲའི་འོག་སློབ་གྲྭའི་ཞིབ་དཔྱོད་ལྷན་ཁང་ནས་ཏཱ་ཝེ་ཟིས་བཙན་གཡེམ་གྱི་ཉེས་པ་བསགས་པར་ངོས་འཛིན་གྱིས་ཁོ་པ་སློབ་གྲྭ་ནས་ཕྱི་ཕུད་བཏང་། དེ་རྗེས་དུས་ཡུན་ནང་ཁོ་རང་སློབ་ཆེན་གཞན་ཞིག་སྟེ་མཱ་རི་ལན་སློབ་ཆེན་ the University of Maryland གྱིས་ངོས་ལེན་གྱིས་སློབ་འཇུག་བྱས། དེ་སྔོན་ཨ་རིའི་རྒྱལ་ཡོངས་ལུས་རྩལ་མཐུན་ཚོགས་ NCAA ཡི་དགོས་དོན་ལྟར་སློབ་མའི་ལུས་རྩལ་བ་ཞིག་སློབ་གྲྭ་ནས་ཕྱི་ཕུད་བཏང་རྗེས་ལོ་གཅིག་རྗེས་གཞི་ནས་སློབ་གྲྭ་གཞན་དུ་སྤོ་ཆོག་པར་བཀོད་ཡོད་ཀྱང་སྐུ་ཞབས་ཏཱི་ཐེ་ཟིར་འདྲི་རྩེད་བྱས་རྗེས་ཁོ་ཚོས་སྐུ་ཞབས་ཏཱ་ཝེ་ཟིར་ཁྲིམས་ལུགས་ཕྱི་ནས་གུ་ཡངས་སྤྲད་ཡོད།
སྐུ་ཞབས་ཏཱི་ཐི་ཟིས་ངས་ཁོ་ཚོར་ཏཱེ་ཝེ་ཟི་ནི་ངོ་མ་ཕྲུ་གུ་འགྲིག་ཐག་ཆོད་ཅིག་རེད། དེ་སྔོན་ཉེས་དོན་གྱི་བྱ་བ་གང་ཡང་བྱས་མྱོངས་མེད་པ་མ་ཟད། ངས་ཁོ་རང་གིས་ནོར་འཁྲུལ་བྱས་པར་ངོས་ལེན་མེད། ཅེས་བཤད། ད་ལྟའི་ཆར་ཟཱེ་ཝུ་ཨར་སློབ་ཆེན་གྱིས་བཙན་གཡེམ་གྱི་གྱོད་དོན་དང་འབྲེལ་བ་ཡོངས་སྐུ་ཞབས་ཏཱི་ཐི་ཟིར་རྩིས་སྤྲོད་ཀྱིས་ཐག་གཅོད་ཡོང་བར་བྱས་ཡོད། སློབ་གྲྭ་ནས་ཕྱི་ཕུད་བཏང་བའི་ཏཱ་ཝེ་ཟིའི་སྐོར་ཁོ་རང་འགྲན་བསྡུར་སྔོན་མའི་ནང་འགྲན་རྩོད་ཁ་ཤས་སུ་ཞུགས་པར་དེ་སྔོན་ཁོ་རང་ལ་དགའ་བསུ་ཞུ་མཁན་གྱིས་འཕྱ་དམོད་བྱས་པ་དཔེར་ན། ཁོ་ལ་ཕྱོགས་ཏེ་མི་དགའ་ན་མ་དགའ་བ་རེད། ཅེས་འབོད། ཁོ་རང་ཏཱོ་ཁི་སློབ་ཆེན་ Duke University གྱི་འགྲན་བསྡུར་ཐེངས་ཤིག་ཏུ་ཐོབ་གྲངས་སྐར་བ་ ༣༠ ཙམ་ལེན་ཐུབ་པ་བྱུང་ཡང་གཞན་གྱིས་སྔར་བཞིན་ཁོ་པར་འཕྱ་དམོད་བྱས་པ་རེད། ད་ལྟའི་ཆར་ཁོ་རང་ཟཱེ་ཝེ་ཨར་སློབ་ཆེན་ནས་༼དོན་མེད།༽ཕྱི་ཕུད་བཏང་བའི་སྐོར་གོང་རིམ་ལ་ཞུ་གཏུག་བྱེད་བཞིན་ཡོད།
འཇིག་རྟེན་འདིའི་ཐོག་བཙན་གཡེམ་ལ་འགོག་པའི་ཧུར་བརྩོན་ཅན་གྱི་སྡེ་ཚན་དང་། བཙན་གཡེམ་འགོག་ཐབས་ཀྱི་ལྟེ་བའི་ཚོགས་པ། བཙན་གཡེམ་སྐོར་གྱི་ཁ་པར་ཉེན་པ། དེ་འབྲེལ་གྱི་ཞིབ་འཇུག་དང་། ང་ལ་བདེ་འཇགས་ཀྱི་མཚན་མོ་ཞིག་ཕྱིར་སྤྲོད་ཅིག ཅེས་པའི་དྲག་ཤུགས་ལ་རྒོལ་བའི་ཁྲོམ་བསྐོར་ལས་འགུལ། དེ་བཞིན་ཕོ་མོ་ལུས་འབྲེལ་ལ་མོས་མཐུན། ཞེས་པའི་ལས་འགུལ་འདི་དག་ཚང་མ་སྤེལ་མཁན་མང་ཆེར་བུད་མེད་རེད། དུས་མཚུངས་འཇིག་རྟེན་འདིའི་ཐོག་དྲག་ཤུགས་སྤྱོད་ཅིང་ཉེས་ཅན་མང་ཆེར་ནི་སྐྱེས་པ་ཤ་སྟག་རེད།
དོན་དངོས་ཐོག་སྐྱེས་པ་མང་ཆེར་དེ་ལྟར་མིན་ཞིང་སྐྱེས་པས་སོ་སོ་གཞན་གྱི་དགྲ་བོ་གྱུར་བ་ལྟར་ཚོར་སྲིད། མཱ་ཟེ་ཁྱུ་ཟི་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ལྕམ་གྷི་ལེ་ཨར་གྱིས་ངས་སྐྱེས་པའི་ཕྱོགས་ནས་ཉན་པའི་བསམ་འཆར་དེ་ནི་ཁོ་ཚོས་སོ་སོ་གཞན་གྱི་ཁ་གཏད་དུ་དམིགས་འབེམ་ཆགས་པ་ལྟར་དོན་དངོས་ཐོག་སྐྱེས་པ་མང་ཆེར་དེ་འདྲ་མིན། སྐུ་ཞབས་ལཱི་ཟ་ཁིས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་སློབ་གྲྭའི་ནང་གི་བཙན་གཡེམ་གྱོན་དོན་བརྒྱ་ཆ་ ༩༠ ནས་ ༩༥ བར་གྱི་བརྒྱ་ཆ་ ༣ ནི་སློབ་ཆེན་གྱི་སློབ་མ་བུ་ཡིས་བྱས་པ་དང་། དེ་བས་ལྕམ་གྷི་ལེ་ཨར་ཟུར་ནས་ལྟ་མཁན་གྱིས་བཀག་འགོག ཅེས་པའི་ལས་འཆར་དེར་འདོད་མོས་དགོས་པའི་རྒྱུ་མཚན་གཅིག་ནི་ལས་འཆར་དེས་བརྒྱ་ཆ་ ༩༧ གྱི་སློབ་མ་བུ་དེ་ཚོའང་ལས་འཆར་འདིའི་ནང་མཉམ་བཞུགས་ཀྱིས་གནད་དོན་དེ་ཐག་གཅོད་ཡོང་བར་རོགས་ཕན་དགོས་པ་དེ་རེད།
ཨ་རིའི་ཤར་བྱང་སློབ་ཆེན་གྱི་སློབ་མ་བུ་ཚོས་ཟུར་ལྟ་བ་ཚོས་སློབ་ཚན་དེ་བཟོ་མཁན་སྐུ་ཞབས་ཀྱཱེ་ཁེ་ཞུན་ཁ་ཙིས་ Jackson Katz ༢༠༡༢ ལོར་གཏམ་བཤད་ཐེངས་ཤིག་ཐོག་བཙན་གཡེམ་ནི་ཐོག་མཐའ་བར་གསུམ་དུ་བུད་མེད་ཚོས་བརྗོད་གཞི་ཞིག་ཏུ་གླེང་བཞིན་ཡོད། དེ་བས་སེམས་བཟང་ཅན་གྱི་སློབ་མ་བུ་འགའ་ཡིས་མོ་རང་ཚོར་རོགས་རམ་བྱེད་དུས་ངས་དེ་འདྲ་ངོས་འཛིན་བྱེད་ཀྱི་མེད། པར་བཤད། ཁོས་ངས་དུས་མཚུངས་སུ་གནད་དོན་འདི་ནི་སྐྱེས་པ་ཚོའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པར་བཤད་འདོད། ཅེས་བཤད།
ཁོར་ཡུག་དེའི་ནང་གི་ཞིབ་འཇུག་གྲུབ་དོན་ནི་སྔོན་འགྲོའི་དུས་སུ་ཡོད་ཅིང་། འོན་ཀྱང་བརྗོད་གཞི་དེའི་མ་འོངས་མདུན་ལམ་ནི་ལྟ་རིན་ཡོད་པ་ཞིག་རེད། མཱ་ཟེ་ཁྱུ་ཟེ་སློབ་ཆེན་གྱི་ལས་འགུལ་དང་མཚུངས་པར་ཧཱན་པུ་སློབ་ཆེན་གྱི་ཞིབ་འཇུག་ཅིག་གིས་སློབ་མ་བུ་ཁྱུ་ཞིག་ཟུར་ལྟ་བས་སྔོན་འགོག་གི་ལས་འགུལ་དེའི་ནང་ཞུགས་ཐུབ་པ་བཟོས། གཟའ་འཁོར་འགའི་རྗེས་སློབ་མ་བུ་དེ་ཚོའི་ནང་གི་བརྒྱ་ཆ་ ༣༣ ཚང་མས་སྙན་ཐོའི་ནང་ཁོ་ཚོས་བཙན་གཡེམ་འགོག་ཐབས་ཀྱི་ལས་འགུལ་ཐེངས་རེར་ཞུགས་པའི་སྐོར་འཁོད་ཡོད། དེ་བས་གྲངས་ཀ་དེ་ནི་ཟབ་སྦྱོང་དེའི་ནང་མ་ཞུགས་པའི་ཚོགས་པའི་ནང་གི་བརྒྱ་ཆ་༡༢ ལས་ཟིན་གྱི་མེད།
ཨཱི་ཧའི་སློབ་ཆེན་དུ་ཟླ་བ་བཞིའི་རིང་གི་ཟབ་སྦྱོང་བརྒྱུད་སློབ་མ་བུ་ཁག་ཅིག་ལ་བཙན་གཡེམ་དང་འབྲེལ་བའི་བྱ་སྤྱོད་སྤེལ་མིན་སྐོར་དྲིས་པར་དེའི་ནང་གི་བརྒྱ་ཆ་ ༡་༥ ཡིས་དེ་འདྲ་ཡོད་མྱོངས་པའི་སྐོར་དང་། ཟབ་སྦྱོང་རག་མྱོངས་མེད་པའི་དབར་གྱི་བསྡུར་ཚད་དུ་བརྒྱ་ཆ་དེ་ནི་༦་༧། ཡིན་པ་རེད། དེ་ནི་སོ་སོའི་ཁེ་ཕན་དེ་ངོས་འཛིན་བྱས་པར་འགུལ་ཤུགས་ཆེན་པོ་ཞིག་རེད། ཟླ་སྔོན་མར་དེ་འབྲེལ་གྱི་ཟབ་སྦྱོང་དུ་ཞུགས་པའི་ལུས་རྩལ་བ་ཚང་མས་ཟུར་ལྟ་བས་བཀག་འགོག་དེ་ནི་བུད་མེད་རྣམས་ལ་སྡུག་གྱོང་ཕོག་པར་བཀག་འགོག་ཙམ་མ་ཟད། དེའང་སྐྱེས་པའི་གྲོགས་པོ་ཚོར་སྲུང་སྐྱོར་དང་ཁོ་ཚོར་རྙོག་འཛིང་མ་ཡོང་བའང་ཡིན་པ་རེད།
སྐུ་ཞབས་ཆཱ་ཕུ་ཐིས། ཧཱན་ཕུ་ཧྲན་སློབ་ཆེན་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚོགས་མི་ཨཱན་ཊེ་རོས་གསར་འགོད་པར་ཁོ་རང་དེ་སྔོན་གྲོགས་མོ་ཞིག་གི་འཕྲིན་ཐུང་ཞིག་འབྱོར་བའི་ནང་ཁོའི་རོགས་པ་ཞིག་མོ་རང་གི་སྒོ་ཁར་བསྡད་དེ་མ་འགྲོ་བའི་སྐོར་བཏང་ཡོད། དེའི་ནང་ངས་ཁོ་རང་ལ་རྙོག་དྲ་བཟོ་འདོད་མེད་པས་དེ་ནས་ཁོ་རང་ཕྱིར་ལོག་འཁྲིད་པ་ཡིན། ཞེས་བྲིས་པའི་སྐོར་བཤད་ཡོད།
སྐུ་ཞབས་ཏཱན་ཉི་ལོས་གཞན་ཡང་ཁོ་ཚོའི་ལུས་རྩལ་དགེ་རྒན་གྱིས་ཀྱང་ཡང་ནས་བསྐྱར་དུ་ཁོ་ཚོར་སློབ་མ་བུ་མོ་ཞིག་གིས་མིན་ཟེར་བ་དེ་མོ་རང་གིས་ངོས་ལེན་ཡོད་པར་མཚོན་མི་ཐུབ། དེའི་སྐོར་བརྒྱ་ཆ་ ༡ ལས་གཏན་འཁེལ་མེད་པའི་གནས་སྟངས་ཡིན་ཡང་བྱ་བ་དེ་སྤེལ་རྒྱུ་མེད། བུ་མོས་མོས་མཐུན་མ་བྱས་ཚེ་མོ་རང་གིས་ག་དུས་ཡིན་ཡང་ང་ལ་བཙན་གཡེམ་ཐེབས་སོང་། ཞེས་བཤད་ཆོག་ཆོག་ཡིན། དེ་བས་སྐབས་དེར་ཕྱོགས་གཉིས་ཀྱིས་སོ་སོའི་ངོས་ཀྱི་རྒྱུ་མཚན་རེ་བཤད་དེ་ཁྲིམས་ཁང་དུ་ཁ་རྩོད་རྒྱག་ངེས་རེད། ཅེས་བཤད། ཏཱན་ཉི་ལོས་མུ་མཐུད་བཤད་དོན། གལ་ཏེ་བུ་མོ་སློབ་མ་ཞིག་ཁྱོད་དང་ཉལ་འདོད་ན་དེ་ནི་ཁྱོད་ཀྱིས་ཚོར་ཐུབ་ངེས་ཡིན། མོའི་མིག་མདང་ནས་ཀྱས་མི་འདྲ་བ་ཞིག་ཚོར་ཐུབ། དེ་བཞིན་མོས་རང་འགུལ་གྱིས་ཁྱོད་དང་ཁ་བརྡ་བྱེད་པ། དོན་དག་ཡོད་མེད་ལ་མ་ལྟོས་པར་ཁྱོད་རང་འཚོལ་བ། མཚན་གང་ཁྱོད་དང་མཉམ་དུ་གོམ་བགྲོད་འགྲོ་བ་བཅས་བྱེད་ངེས། སྐབས་དེར་ཁྱོད་ཚོའི་དབར་ཁ་བརྡ་བྱེད་པ་དང་། དེ་རྗེས་རང་བཞིན་གྱིས་མུ་མཐུད་ལས་སུ་འཇུག་ན་འགྲིག བཤད་མཚམས་འདིར་སླེབས་དུས་སྐུ་ཞབས་ཆཱ་ཕུ་ཐིས་བཤད་མཚམས་བཞག་ཙམ་བཤད་ཙམ་བྱེད། འོན་ཀྱང་ཁོ་པས་སྔར་བཞིན་ཞི་ལྷོད་ཀྱིས་སྐད་མདང་ཐོག་ནས། ངའི་ཐོག་དང་པོ་དེ་ནི་བུ་མོའི་ཕྱོགས་ནས་ཐོག་མར་རང་འགུལ་བྱས་ཏེ་བྱུང་བ་ཞིག་ཡིན། ཞེས་ཀྱང་ཁ་གསབ་རྒྱག་ཡོད་པ་རེད།
༼ མཱེ་ཁིར་ཝུན་ལི་ཕུ་ Michael Winerip ཡིས་ཉེའུ་ཡོག་དུས་བབ། ཐོག་སློབ་གསོ་དང་ཁྱིམ་ཚང་སློབ་གསོའི་སྐོར་སྤེལ་བ། ༽
རྩོམ་ཡིག་འདི་༢༠༡༤་ཟླ་༢ ཚེས་༩ ནས་སྤེལ་འགོ་བརྩམས།
རྒྱ་སྒྱུར་ལོ་ཙ་བ།老S
མ་རྩོམ་འབྲེལ་ཐག
http://cn.nytstyle.com/education/20140331/t31sexassault/
དག་ཆ་དང་ཚིག་སྦྱོར་དེ་འདྲའི་སྐྱོ་བ་ལ་་་་་་་་་་ད་དུང་བོད་ཡིག་སྦྱོངས།
མ་གཞི་ནས། ཁྱི་མོས་རྔ་མ་མ་གཡུག་ན། ཁྱི་ཕོས་སྣ་ཡིས་སྣུམ་མདོག་མེད། ཟེར་བ་རེད། བུ་མོ་དེ་ཚོས་བྱེད་རྒྱུ་མང་དྲག་ནས་བཙན་གཡེམ་བྱེད་དགོས་བྱུང་བ་ཡིན་གྱི་རེད། མ་གཞི་ནས་བུ་མེད་དེ་ཚོས་ཕོ་མོ་འདྲ་མཉམ་དགོས་ཟེར་ནས་གྲོས་ཆོད་མང་པོ་ཞིག་བཞག་ཡོང་གི་འདུག ཕོ་མོ་འདྲ་མཉམ་སྲིད་པའི་སྐོས་ལ་མེད་དུས་གསར་པ་ཞིག་ཡོང་རྒྱུ་དཀའ་མོ་རེད། དཔེར་ན་ཁ་སང་དྷ་སར་བོད་པའི་ཕོ་གསར་དེ་དང་མཉམ་དུ་ཡོད་མཁན་གྱི་བུ་མོ་དེ་ལ་ལྟོས་དང་མགོ་ལ་རྡོ་ཞིག་ཀྱང་བཞུ་མ་ཐུབ། མ་ཟད་བག་བག་གི་ཨང་ཀི་ཙམ་ཅིག་ཀྱང་བློར་འཛིན་མ་ཐུབ། དེ་ལ་ལྟས་ན་བུ་མོ་དེའི་མི་གོ་ཆོད་མི་འདུག་ག དེ་དུས་བུ་ཞིག་ཡོད་རྒྱུ་ནི་རྒྱ་གར་བ་གཅིག་གི་མགོ་ལ་ཁྲག་ཅིག་བཏོན་ཡོད་ཁོ་ཐག་རེད། ད་ཕོ་མོ་འདྲ་མཉམ་ཟེར་བ་དེ་ཚོ་ཡོང་རྒྱུ་མེད་པའི་སྐད་ཆ་རེད་དོ།
བུད་མེད་ཀྱི་རིགས་ལ་རྒྱབ་སྐྱོར་བྱེད་ཁུལ་བྱས་ཏེ། དཔའ་ངར་ཆེན་པོས་བཙན་གཡེམ་འགོག་དགོས་ཞེས་པ་དེ་ནི་མ་རྟགས་པའི་གཏམ་ཞིག་ཏུ་སྣང་སྟེ། གཙོ་བོ་བཙན་གཡེམ་བྱེད་རྒྱུའི་ཆ་རྐྱེན་ཆ་ཚང་བུད་མེད་ཁོ་རང་ཚོས་སྐྲུན་ཡོད་པ་ནི། རྒྱལ་ས་ཁག་གི་ཁྲོམ་གཞུང་དུ་ཁོག་སྟོད་ཁོག་སྨད་ལ་གྱོན་རྒྱུ་ལྷེབ་ཙམ་ཞིག་གྱོན་ནས་འགྲོ་བཞིན་པ་རྣམས་ལ་གཟིགས་དང་ཤེས་པར་གྱུར་ན། ད་དུང་དཔའ་ངར་ཆེན་པོས་འགོག་དགོས་ཞེས་པའི་མཛུབ་མོ་དེ་སུ་ལ་འཛུགས་ཀྱི་ཡིན་ནམ། ཁྱིའི་སྔས་མགོར་ཤ་བཞག་ན། ཤ་མི་ཟ་བའི་ཁྱི་ཞིག་ཡོད་མིན་དང༌། འདོད་ལྡན་གྱི་ཁྲིས་ལ། གཅེར་རྒྱུག་གི་བུད་མེད་ཅིག་མཐོང་ན། འདོད་ཆགས་མི་སྐྱེ་མབའི་མི་ཞིག་ཡོད་མིན་བསམ་བློ་གཏང་ན་ཤེས་ཐུབ་པས། བུད་མེད་ངར་ངོས་ནས་ངོ་ཚ་ཁྲེལ་ཡོད་ཀྱིས་སྒོ་ནས་གྱོན་ཆས་ཚུལ་ལྡན་གྱོན་ན། གཞན་ཞིག་ནས་དཔའ་ངར་ཆེན་པོས་འགོག་དགོས་དོན་མི་འདུག་སྙམ།