༄༅། ། ཕྱི་ཟླ་༡༠ ཚེས ༢༦་གི་དགོང་མོར་ཆུ་ཚོད་༨་ཡས་མས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ། བསང་ཁོག་གསེར་ཁྲི་རུ་ཁག་བཞི་བའི་མགོ་བྷ་ཚང་གི་མག་པ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས། པཎ་ཆེན་སྐུ་ཕྲེང ༡༡ བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་བྱས་རྗེས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཁྱབ་བསྒྲགས་ཟིན་མོད།
རྗེས་སུ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཁུངས་ལྡན་འབྱོར་བར་གཞིགས་ན། བསང་ཁོག་གི་རང་སྲེག་ངོ་རྒོལ་བ་ཁོང་གི་མིང་ལ་ཚེ་དཔག་སྐྱབས་མིན་པར་ཐུབ་དབང་སྐྱབས་ཡིན་པ་དང་འདས་པོ་ཁོང་རང་ལོ་༢༣་ཡིན་འདུག སང་གནངས་གང་རུང་ཞིག་ལ་རང་སྲེག་ངོ་རྒོལ་བ་ཐུབ་དབང་སྐྱབས་ཀྱི་སྐུ་ཕུང་ཞུགས་འབུལ་ཆེད་གདན་འདྲེན་ཞུ་འཆར་ཡོད་འདུག བླ་བྲང་དགོན་པའི་གྲྭ་དམངས་དམ་པ་དེའི་ཡུལ་དུ་སྨོན་ལམ་གསུང་འདོན་དུ་ཕེབས་སྐབས་གུང་ཐང་ཟམ་ཁར་རྒྱ་གཞུང་གི་ཉེན་རྟོག་པས་མ་གློད་སྟབས་་ལག་འཛིང་ཤོར་གྲབས་བྱས་པར། བསང་ཁོག་གི་རྒད་པོ་ཚོ་ཡོང་སྟེ་གྲྭ་དམངས་སྨོན་ལམ་གསུང་དུ་མ་བཏང་བར་འཁྲུག་འཛིང་ཤོར་ན་དེའི་འགན་ཉེན་རྟོག་པས་འཁུར་དགོས་ཞེས་ཉེན་བརྡ་བཏང་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་བླ་བྲང་དགོན་པའི་གྲྭ་དམངས་བསང་ཁོག་ལ་རང་སྲེག་ངོ་རྒོལ་བ་འདས་པོ་ཐུབ་དབང་སྐྱབས་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་དུ་མ་བཏང་ཐབས་མེད་བྱུང་འདུག
ཨ་ཚ་དང་ཨ་ན་མེད་པའི་བདེ་བ་ཅན་དུ་འཕོས་བར་ཤོག། མཆོག་གསུམ་བདེན་པའི་སྟབས་ཀྱིས་ཕྱི་མ་ཐར་བའི་ལམ་སྣ་ཡོད་པར་ཤོག།
ཨ་དཀོན་མཆོག་མཁྱེན་ངོ་མ་རྒྱལ་གཅེས་དཔའ་བོ་ཟེར་ནོ་རེད།མཚམས་འཇོག་ཟིག་བྱེད་ཐུབ་ཀྱི་ན་ལེགས་སྙམ། ང་ཚོས་འདི་དགོས་མིན་འདྲ་མིན་བཅོ་བརྒྱད་ལ་བརྩོད་པ་བྱེད་བཞིན་གྲངས་ཀ་འདྲེན་རྒྱུ་མ་གཏོགས་གང་ཡོང་།འཛམ་གླིང་གིས་ཡ་བྱེད་ཀྱི་མི་འདུག
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི། །
དཀའ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོངས་པར་མཛོད། །
རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་ཅག་གིས་སྙིང་ཁོང་རུས་པའི་སྟེང་ནས་འདོད་མདུན་གང་ཡིན་ངེས་པར་བྱས་ནས་ཤུལ་ལུས་ང་ཚོས་བཀའ་དྲིན་རྗེས་དྲན་རྒྱ་མི་ཆུང་བ་ཞིག་བྱེད་དགོས།
གངས་ཅན་འགྲོ་བའི་སྡུག་བསྔལ་རྣམས། །
དེ་ཀུན་བདག་ལ་སྨིན་གྱུར་ནས། །
བདག་ལུས་མེ་མཆོད་ཕུལ་བ་ཡིས། །
བོད་འབངས་བདེ་ལ་འགོད་པར་ཤོག །
འདི་ནི་ཁོང་ཅག་འདས་ཁ་མའི་ཡིད་ཀྱི་སྨོན་ཚིག་དེ་ཁོ་ན་ཉིད་རེད།
སྙིང་ཐག་་པ་ནས་རང་་ལུས་སྦར་འཚམ་འཇོག་རོག་།