གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།
ཕྱི་ཟླ་༥ ཚེས་༡༦ ཉིན་བྷེལ་ཇམ་ནང༼དཔའ་བོ་དཔའ་མོ་རྗེས་དྲན་༽ཞེས་པའི་བོད་དོན་སྒྱུ་རྩལ་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་འདུག་པ་དང་། ལས་འགུལ་འདི་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སྒྱུ་རྩལ་གྱི་ལམ་ནས་རྗེས་དྲན་ཞུ་སྟངས་ཞིག་ཡིན་ཞེས་འཁོད་ཡོད་འདུག་ལ། ལས་འགུལ་འདིར་བྷེལ་ཇམ་ནང་བཞུག་པའི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་བག་གྲོ་ལགས་དང་། ནོར་བུ། ངག་དབང་བྱམས་པ།ལྷགས་པ་དབང་རྒྱལ། ཆོས་སྒྲོན། རྡོ་རྗེ་མཚོ་མོ། ནོར་འཛོམས།གནམ་སྒྲོལ་ལྷ་མོ། རིག་ཆོས། བློ་བཟང་སྒྲོལ་མ། ཉི་མ། དམ་ཆོས། རྒྱལ་མཚན་སྒྲོལ་དཀར། ལྷུན་གྲུབ་བཟང་མོ། གཡང་འཛོམས། ཆོས་སྒྲོན། དམ་ཆོས། རྣམ་གྲོལ་ལྷ་མོ། སྐྱིད་འཛོམས། བྱམས་པ། ནོར་འཛིན། རིག་ཆོས། ངག་དབང་དབྱངས་ཅན་སོགས་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་མཉམ་ཞུགས་དང་། གོ་སྒྲིག་པའི་ངོས་ནས་ཁོང་དག་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་སོགས་འདེགས་འབུལ་བྱས་ཡོད་འདུག
གོང་ཚེས་ཉིན་སུད་སི་ནང་གནས་སྡོད་ནམ་ཁོ་རྫ་རྡོ་ལགས་ཀྱི་གོ་སྒྲིག་གནང་སྟེ། (དཔའ་བོ་དཔའ་མོ་རྗེས་དྲན་གྱི་མཛད་སྒོ་ཞིག་བསྡུས་པའི་ཐད་ནམ་ཁོ་རྫ་རྡོ་ལགས་ཀྱིས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། དཔའ་བོ་དཔའ་མོ་རྗེས་དྲན་སྒྱུ་རྩལ་ལས་འགུལ་འདི་ནི་དཔལ་འབྱོར་བསྡུ་རུབ་དང་མི་སྒེར་གྱི་ཁེ་ཕན་སོགས་ཀྱི་ཆེད་མ་ཡིན་པར་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་རླབས་ཆེན་བློས་བཏང་ལ་རྗེས་དྲན་དང་།ལྷག་དོན་བོད་ཀྱི་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྣམས་བོད་ཀྱི་ལོ་རྒྱུས་དང་དུས་རབས་གྱིས་བརྗེད་མི་རུང་བའི་གནད་དོན་ཁག་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ངོ་སྤྲོད་དང་གསལ་འདེབས་བྱ་ཆེད།སུད་སི་ནང་གནས་སྡོད་ནམ་ཁོ་རྫར་རྡོ་ཕྲན་མི་སྒེར་གྱི་གོ་སྒྲིག་འོགཨ་རི་དང་།ཁ་ན་ཊ།ཡུ་རོབ་རྒྱལ་ཁབ་ཁག་ནང་བཞུགས་པའི་བོད་ཀྱི་སྒྱུ་རྩལ་བ་དང་།གཞས་པ།རི་མོ་བ་གང་མང་ཆེད་དུ་གདན་དྲངས་ཏེ།རི་མོ་དང་།སྙན་ངགགཞས་སྣ་སོགས་ཀྱི་ལམ་ནས་བོད་བསྟན་སྲིད་ཆེད་དཀའ་བ་བརྒྱ་ཕྲག་སྤྱད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་བའི་བོད་དོན་སྒྱུ་རྩལ་ལས་འགུལ་ཞིག་ཡིན།ཞེས་འཁོད་འདུག
ལས་འགུལ་འདིར་སྒྱུ་རྩལ་པ་དང་། གཞས་པ་གཞས་མ་སོགས་མང་པོ་མཉམ་ཞུགས་གནང་བའི་ཁྲོད། ཁ་ན་ཊ་ནས་ཕེབས་པའི་གཞས་པ་ཨ་མཆོག་མགོན་པོ་དོན་གྲུབ་དང་། ཨ་རི་ནས་ཕེབས་པའི་གཞས་པ་དང་སྒྱུ་རྩལ་བ་རྟ་མགྲིན། དེ་བཞིན་ཧྥི་རན་སི་དང་སུད་སི་སོགས་ནས་ཕེབས་པའི་གཞས་པ་གཞས་མ་མང་པོ་ཞིག་ཕེབས་ཏེ། རྒྱལ་གཅེས་དཔའ་བོ་དཔའ་བོ་རྗེས་དྲན་བརྗོད་གཞིར་བཟུང་བའི་གཞས་དང་། རི་མོ། སྙན་ངག་གྱེར་འདོན་སོགས་ཀྱི་ལམ་ནས་རྗེས་དྲན་མཛད་སྒོ་རྒྱས་པ་ཞིག་འཚོག་གནང་ཡོད་འདུག
ཨ་ཁ་ཁ། ཡང་དཔའ་བོ་དཔའ་མོ་ཟེར་ནས་བོད་པ་འགའ་རེས་ལྔ་བཅུ་ང་བརྒྱད་ལོ་ནས་བཟུང་བོད་མི་ཅོལ་ཆུང་ཚོས་ཕ་མ་རྡུང་བླ་མ་གཞོན་ནས་དགོན་པ་གཏོར་གྲྭ་ཚང་གསོད་པའི་འཐད་རྩོད་བྱས་པ་རེད། ད་ཡང་བོད་མི་གློ་སྟོང་འགའ་རེས་དཔའ་བོ་དཔའ་མོ་ཟེར་ནས་ལོ་ཆུང་ཚོ་གསོན་བསྲེག་ལ་བསྐུལ་མ་བྱས་ན་བོད་མི་དུ་མ་ཞིག་གི་ཚེ་སྲོག་དོན་མེད་དུ་འདོར་འཁན་ཇེ་མང་དུ་འགྱུར་སྲིད་དོ།།
རྒྱ་གར་ནང་ཡོད་པའི་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་དེ་ཚོ་ཚང་མ་ཏག་ཏག་ཅིག་ཨེ་ཡིན་ནམ། དེ་རིང་ཁ་སང་ཨོ་སི་ཀྲོ་ལི་ཡར་གནས་ཚུལ་མང་པོ་གོ་རྒྱུ་འདུག་ལ། ཡོ་རབ་ཁུལ་ནས་ཀྱང་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་མང་པོ་བོད་ནང་ལོ་ལྟར་གཉེན་འཕྲད་ལ་ཕར་ཚུར་གང་དགར་འགྲོ་རྒྱུ་ཡོད་པ་དེ་ག་རེ་ཡིན་ནམ།
དེང་སང་བོད་དོན་དུ་ལུས་སེམས་ཡོངས་སུ་རྫོགས་པ་བློས་བཏང་ཟིན་པའི་དཔའ་བོ་དཔའ་མོ་དག་ནི་རྗེས་འཇུག་ནི་གླུ་གར་ཆང་འཐུང་གི་བྱེད་ཀྱི་འདུག འདི་ཡང་བོད་གསར་པའི་བསམ་བློ་གསར་པའི་བཅའ་སྟངས་གསར་པ་ཞིག་ཡིན་ས་རེད། ཁྱོད་ཚོའི་སྤྲོ་སྐྱིད་དགོངས་ཚོགས་སྤྲོ་ཡོང་ཡོད་ཤག
བཀོད་སྒྲིགས་པ་དང་གཞས་པ་གཞས་མ་ཚང་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སུད་སུ་ནས་ཚོགས་པའི་བརྙན་མཐོང་བྱུང་པས་བཀོད་སྒྲིགས་དང་ཕྱོགས་གང་ཐད་ནས་ཡག་པོ་གནང་འདུག་་་འོན་ཀྱང་མི་དམངས་དེ་ཙམ་མཉམ་ཞུགས་བྱས་མེད་པས་བློ་ཕམ་བྱུང་་་་་