སྤོབས་པ་མཐའ་ཡས།
༼སྐུ་ཞབས་འཇིགས་མེད་ནོར་བུ་མཆོག་ང་ཚོ་དང་ཁ་བྲལ་ནས་ལོ་གསུམ་ལོན་པའི་རྗེས་དྲན།༽
མི་ལོ་གསུམ་ཏག་ཏག་གི་ཡར་སྔོན་ལ། བོད་རང་དབང་རང་བཙན་གྱི་ལས་འགུལ་བ་ལྷ་སྲས་འཇིགས་མེད་ནོར་བུ་མཆོག་ང་ཚོ་དང་གཏན་དུ་ཁ་བྲལ་བ་རེད། ལྷ་སྲས་འཇིགས་མེད་ནོར་བུ་མཆོག་ནི་སྐྱབས་མགོན་ཏཱ་ལའི་བླ་མའི་སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེའི་སྐུའི་སྲས་ཡིན་ཞིང་། སྐུ་གཤེགས་པའི་དུས་སུ་དགུང་ལོ་ཞེ་ལྔ་ལས་ཟིན་མེད། སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེ་མཆོག་གིས་བོད་རང་དབང་རང་བཙན་སླར་གསོ་དགོས་པའི་རང་ཚུགས་བརྟན་པོ་དང་ཐུགས་ཐག་ཆོད་པོའི་བཞེངས་ཕྱོགས་དེ་བཞིན་དུ། ཁོང་གི་སྐུ་སྲས་འཇིགས་མེད་ནོར་བུ་མཆོག་ཀྱང་ཕ་རྗེས་བུ་ཡིས་ཟིན་པའི་དཔའ་བོ་ཞིག་ཡིན།
ཁོང་ཡབ་སྲས་གཉིས་སྒེར་ངོས་ནས་བོད་རང་དབང་རང་བཙན་སླར་གསོའི་ལས་འགུལ་ཐབས་ཤེས་ཡོད་རྒུས་སྤེལ་ཡོད་ཅིང་། རྒྱང་ཐག་རིང་བའི་ཞི་བའི་གོམ་བགྲོད་སྔ་ཕྱི་ཐེངས་མང་པོ་གནང་བ་བཞིན། སྐབས་དེར་ཡང་། བོད་རང་དབང་རང་བཙན་གྱི་ཆེད་དུ་རྡོག་སྣེ་རྡོ་དང་འཐབ། ས་ནག་པོ་གོམ་པས་གཞལ་ནས་ཨ་མེ་རི་ཁའི་མངའ་སྡེ་ཧྥི་ལོ་རི་ཌིའི་ཁོངས་ཀྱི་གཞུང་ལམ་བརྒྱུད་ནས་ཕེབས་བཞིན་པའི་སྐབས་སུ། ཆོས་ཟབ་ས་ན་བདུད་ཟབ་པའི་དཔེ་བཞིན་དུ། རྐྱེན་ངན་གྱི་དབང་གིས་འཆི་བདག་གི་ལག་པར་ཤོར་བ་རེད།
སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེ་དང་སྲས་འཇིགས་མེད་ནོར་བུ་ཡབ་སྲས་གྱི་བོད་ཀྱི་ལས་དབང་ལ་བཅངས་པའི་དགོངས་པ་གཅིག་དང་དབྱངས་གཅིག་གི་དམིགས་འདུན་དང་། རེ་བ། དེའི་འབོད་སྒྲ་དེ་ནི་ཆེས་གསང་མཐོ་བ་དང་། གསལ་ལ་དག་པ་ཞིག་ཡིན། དེ་ནི་བོད་འདི་ལོ་རྒྱུས་སྟེང་དུ་རང་དབང་རང་བཙན་གཙང་མའི་ཡུལ་ལུང་ཞིག་ཡིན་པའི་ལོ་རྒྱུས་ཀྱི་བདེན་པ་བློ་མི་འདོར་མི་རུང་བ་དང་། ད་ལྟ་བོད་མི་མང་ལ་རང་དབང་མེད་པ། མ་འོངས་པར་བོད་ཀྱི་རང་དབང་རང་བཙན་གཙང་མ་བསྐྱར་གསོ་མེད་ན་བོད་ལ་གསོན་ལམ་མེད་པ་དེ་རེད།
དེ་རིང་གི་དུས་འདིར་བལྟས་ན། ཁོང་ཡབ་སྲས་གཉིས་ཀྱི་གསུངས་པ་དེ་ནི་བདེན་པ་དང་འཁྲུལ་བ་མེད་པ་ཞིག་ཡིན་པའི་དཔང་རྟགས་མིག་མདུན་དུ་བསྟར་འདུག དེ་ཡང་བོད་ནང་ལ་བོད་མིས་རང་ལུས་ལ་མེ་སྦར་ཏེ་རང་དབང་རང་བཙན་གྱི་དགོས་འདུན་འདོན་བཞིན་འདུག ཡིན་ན་ཡང་། རྒྱ་མིས་དེ་ལ་མེ་མདས་དྲག་གནོན་བྱེད་ཀྱིན་འདུག
མདོར་ན། ལྷ་སྲས་འཇིགས་མེད་ནོར་བུ་མཆོག་ནི། ང་ཚོའི་རང་དབང་རང་བཙན་གྱི་ལས་འགུལ་བ་ཞིག་ཡིན་ལ་ཁོང་གི་སྐུ་སྲོག་ཀྱང་དེའི་ཆེད་དུ་ཤོར་ཡོད། དེར་བརྟེན། ཁོང་ནི་ང་ཚོའི་སྙིང་གི་ཟབ་ས་དང་། སེམས་ཀྱི་དུང་ས། སྨོན་ལམ་གྱི་དམིགས་ས་དེ་རུ་ནམ་ཡང་བརྗེད་དུ་མེད་ཅིང་བོར་དུ་མི་བཏུབ་པའི་དཔའ་བོ་ཁྱད་དུ་འཕགས་པ་ཞིག་ཡིན། ལོ་ནས་ལོ་བཞིན་དུ་སྤྱི་ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཏེ། རྒྱལ་སྤྱིའི་སྟེང་དུ་ཝ་ལིན་ཊིན་སིའི་ཉི་མ་དེར་འབོད་པའི་བརྩེ་དུང་གི་དུས་ཆེན་འདིའི་ཉིན་ལ་ང་ཚོས་ཁོང་ལ་རྗེས་དྲན་ཞུ་བར་འོས།
ཟླ་༢ པའི་ཚེས་༡༤ ཉིན་བྲིས།
རྗེས་དྲན་ཞུ་འོས་པའི་དཔའ་བོ་གཅིག་དབུ་མའི་ལམ་གྱི་སྒེར་གཅོད་ཀྱིས་འཇིག་རྟེན་འདི་ནས་གཤེགས་ཟིན་པ་རེད། དཀོན་མཆོག་ལ་དྲང་བདེན་ཞིག་ཡོད་དམ།
དངོས་ནས་རྗེས་དྲན་ཞུ་དགོས་པ་ཞིག་རེད། རྩོམ་པ་པོ་དང་། གཞོན་ནུ། དེ་བཞིན་རང་བཙན་ཐད་སྐྱོད་པ་དག་གིས་གནད་དོན་འདི་ཡིད་ལ་དྲན་དགོས་པ་ཞིག་ཀྱང་། དྲན་མཁན་མེད་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད།
྇ཐད་སྐྱོད་་་་ཐལ་སྐྱོད་ལ་བཅོ་རོགས།
ཡི་རང་ཡོད།
རྗེས་དྲན་ཞུས་པ་ཡག་བྱུང་།།
བདེན་དོན་བརྗོད་པ་ཡག་བྱུང་།།
རང་བཙན་དྲན་སྐུལ་ཡག་བྱུང་།།
སེམས་མཚོན་ཡིག་རིས་ཡག་བྱུང་།།
འགྲིག་ན་འདྲ་ཞིག་རེད།
དཔའ་བོ་གླིང་ཚ་ཡང་ང་ཚོའི་སེམས་གཏིང་ནས་རྗེས་དྲན་ཞུ་འོས། རང་བཙན་ཡིན་ཡང་འདྲ་དབུ་མ་ཡིན་ཡང་འདྲ། ཁོང་ཚོ་མི་རིགས་ཤིག་གི་ཆེད་དུ་འདི་ལྟར་བློས་གཏོང་བྱས་པ་ཡིན་པས ནམ་ཡང་བརྗེད་མི་རུང་།
ངས་ཁོང་དང་ཁོང་གི་ཡབ་དམ་པ་རྣམས་ཀྱི་གནས་ཚུལ་ཞིབ་འཇུག་བྱེད་བཞིན་ཡོད།
མྱ་ངན་ཞུ།
རེད་ལགས། མྱ་ངན་ཞུ། ཡིན་ནའང་། ཁོང་ཕ་བུ་གཉིས་ཀྱི་བཞེངས་མུ་མཐུད་དུ་ལག་བསྟར་གནང་མཁན་ནི་ཡབ་གཞིས་མག་པའམ། མཁས་དབང་འཇམ་དབྱངས་ནོར་བུ་རེད། དེ་བས། ཡབ་གཞིས་རང་བཙན་ཕྱོགས་ཁག་འདི་ལྟར་གྲུབ་ཡོད་པ་རེད།
ང་རང་ཚོས་རྒྱལ་གཅེས་དཔའ་བོ་ལྷ་སྲས་འཇིགས་མེད་ནོར་བུ་མཆོག་ལ་མྱ་ངན་གུས་ཚིག་ཞུས་ན་དོན་དང་ལྡན་པ་རེད། སྤོབས་པ་མཐའ་ཡས་ལགས་ཀྱིས་་རྩོམ་ཡིག་འདི་བྲིས་པར་ཐུགས་རྗེ་ཆེ།
ངེས་པ་དོན་གྱི་དཔའ་བོ་ཟེར་བ་དེ་ཁོང་རྣམ་པ་རེད། ང་ཚོའི་སེམས་ནང་ན་རྟག་ཏུ་གནས་ཡོད། ད་དུང་འཇམ་ནོར་ལགས་ལ་གུས་འདུད་ཞུ་བཞིན་ཡོད།
ཁོང་ལ་མྱ་ངན་ལོས་ཀྱང་ཞུ། འོན་ཀྱང་། ལྷ་སྡེ་ཅིག་ཅིག་ཟེར་བ་འདིའི་ཡབ་གཞིས་རང་བཙན་ཤོག་ཟེར་བ་ཞིག་བཤད་ཀྱི་འདུག་ག ད་དུང་འཇམ་དབྱངས་ནོར་བུ་ཡབ་གཞིས་མག་པ་རེད་ཟེར་ག ཧ་ཧ་ཧ་
མྱི་འདིའི་སྒེར་གྱི་བསམ་བློའི་རྒྱལ་ཁའི་ཆེད་དུ་རྫུན་ངོ་བལྟས་ནས་བཤད་ན་སྐྱིད་པོ་འདུག
ཨོ་དུང་་་་་རྗེས་དྲན་ཞུ་ན་གཞན་ཞིག་ལ་ཡིན་གཅིག་ཟུར་མདའ་འདྲ་ཞིག་འཕངས་ནས་འདུག་དགོས་པ་ནི་་་ཀྲུང་གོའི་རིག་གསར་རྒྱུད་མྱོང་མཁན་དག་གི་བག་ཆགས་རྙིང་བ་དེ་ཡིན་པ་འདྲ།