གཅན་ཡེ་རྒྱམ།
དཔའ་བོ་རྟ་མགྲིན་ཐར་གྱི་ཞལ་ཆེམས།
བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། འཛམ་གླིང་ཞི་བདེ་ཡོང་བའི་རེ་བ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་ཁ་བ་ཅན་གྱི་རང་ས་ཟིན་པའི་དོན་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།
རྟ་མགྲིན་ཐར་རང་ལོ་ ༦༤དང་། ཆུང་དུས་རྒྱ་དམར་བོད་དུ་སླེབས་རྗེས་ཀྱི་དུས་ངན་སྐབས་བོད་ཡིག་ཕྲན་བུ་སྦྱང་ནས་ཤེས་པ་མ་གཏོགས་སློབ་གྲྭར་འགྲིམ་མྱོང་མཁན་ཞིག་མིན་ནའང་ཡི་གེ་འབྲི་ཀློག་ཐུབ་ཙམ་ཞིག་ཡོད་འདུག
བཟའ་ཟླའི་མིང་ལ་ཆོས་མོ་ཐརཟེར་ཞིང་། རང་ལོ་༥༤ཡིན། ཁོང་བཟའ་ཚོ་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་གུ་གསུམ་ཡོད་པའི་བུ་རྒན་པའི་མིང་ལ་རྟ་མགྲིན་སྐྱབས་དང་། བུ་གཞོན་པའི་མིང་ལ་བུད་ཕྲེང་རྡོ་རྗེ། བུ་མོའི་མིང་ལ་རྡོ་རྗེ་མཚོ་ཟེར་ཞིང་། ཁྱིམ་འདི་འབྲོག་ཁྱིམ་ཞིག་ཡིན་ནའང་རྒྱ་གཞུང་གི་བཙན་དབང་གི་འབྲོག་སར་སྡོད་མ་བཅུག་སྟབས་ད་ལྟའི་ཆར་རྫོང་གི་ཉེ་འགྲམ་ཞིག་ཏུ་གནས་སྤོར་ནས་བསྡད་ཡོད་འདུག་ལ། བཟའ་ཟླ་ཆོས་མོ་ཐར་དང་ བུ་མོ་རྡོ་རྗེ་མཚོ་གཉིས་ཀྱིས་མགོ་ལོག་གི་ས་གནས་ཞིག་ཏུ་རླངས་འཁོར་ཆུང་ཆུང་ཁྲུ་ས་ཞིག་གཉེར་ནས་ཡོད་པ་དང་།ཁྱིམ་དེའི་འཚོ་རྟེན་གཙོ་བོ་ཚོང་ལས་དེ་རང་རེད་འདུག བུ་ཆུང་བ་བུད་ཕྲེང་རྡོ་རྗེ་གཅན་ཚ་རྫོང་ཐོག་ཏུ་རྫོང་མི་རིགས་སློབ་འབྲིང་དུ་འགྲོ་བཞིན་པར་བརྟེན་འདས་པོ་ཁོང་གིས་རྫོང་ཐོག་ཏུ་རང་གི་ཚ་བོ་ཆུང་ཆུང་ཞིག་དང་རང་གི་བུ་བུད་ཕྲེང་རྡོ་རྗེ་གཉིས་ལ་ལྟ་རྟོགས་ཆེད་རྫོང་ཐོག་ཏུ་བསྡད་ནས་ལོ་ཁ་ཤས་ཕྱིན་ཡོད་འདུག །
དཔའ་བོ་རྟ་མགྲིན་ཐར་ཁོ་རང་དུས་རྒྱུན་དུ་བོད་མི་རིགས་ལ་བརྩེ་སེམས་དང་ལར་ཞེན་ཅན། ༧རྒྱལ་བ་རིན་པོ་ཆེ་ཕྱིར་རང་ཡུལ་དུ་ཞབས་སོར་འཁོད་ཐབས། བོད་གངས་ཅན་ཞིང་གི་མ་འོངས་པའི་མདུན་ལམ་སོགས་ལ་བསམང་བློ་སྣེ་མང་གཏོང་མཁན་ཞིག་རེད་འདུག་ལ། ༢༠༠༩ལོར་དཔའ་བོ་བཀྲ་བྷེ་ནས་བཟུང་ད་ལྟའི་བར་གྱི་དཔའ་བོ་རྣམས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་དང་། འདི་དག་གིས་ང་ཚོ་བོད་རྩ་དོན་ཆེད་ས་བོན་ཡག་པོ་ཞིག་བཏབ་ཡོད་རེད་ཅེས་ཡང་ཡང་གསུང་བཞིན་ཡོད་འདུག ཉེ་བའི་ཉིན་ཤས་སྔོན་ནས་ཁོང་གིས་ད་ལྟའི་ཆར་རང་རིགས་དཔའ་བོ་སོ་དགུས་རང་སྲོག་མེ་རུ་སྒྲོན་ནས་བོད་དོན་ལས་འགུལ་སྤེལ་བར་སོང་བོད་མི་བཞི་ཅུས་རང་སྲོག་བཏང་བ་ཡིན་ན་བོད་ཀྱི་རྩ་དོན་གང་འགྱོགས་འགྲུབ་པའི་རེ་བ་ཡོད་རེད་ཟེར་བཞིན་འདུག་པ།འདི་བདེན་པ་ཨེ་ཡིན་ནམ་ཅེས་གྲོགས་པོ་ཚོར་གསུངས་འདུག་ལ། གྲོགས་པོ་ཚོས་ཚོད་དཔག་བྱས་པར་གཞིགས་ན་ཁོང་གི་བཀའ་མོལ་དེ་རང་གི་ལུས་སྲོག་མེ་རུ་སྦར་རྒྱུའི་སྔོན་བརྡ་བཏང་པ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག
ཕྱི་ཟླ་དྲུག་པའི་ཚེས་༡༤མཚན་མོར་ཁོང་མ་ཉལ་ནས་གཅན་ཚ་རྫོང་ཐོག་ཏུ་མ་ཎི་འཁོར་ཆེན་ཞིག་ཡོད་པ་དེར་མཚན་གང་ཕྱག་དང་བསྐོར་བ་བྱས་ནས་ཐོ་རེངས་ཀྱི་དུས་སུ་ཁོང་གི་སྐུ་གཟུགས་ཡོངས་སྲིང་བལ་གྱིས་དཀྲིས། དེའི་སྟེང་ལྕགས་སྐུད་ཀྱིས་སྒྲིམ་ཏེ་གྲ་སྒྲིག་ལེགས་པར་བྱས་མཚམས་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་སོང་སྟེ་རང་གི་ལུས་སྟེང་དུ་ས་སྣུམ་བླུགས་པ་དང་ཁ་ལའང་གང་མཚམས་འཐུང་རྗེས་ཕྱི་ཚེས་༡༥ཞོགས་པའི་ཆུ་ཚོད་༦དང་ཕྱེད་ཙམ་ལ་རང་ལུས་མེ་རུ་སྒྲོན་འདུག སྐབས་དེར་རྫོང་ཉེན་རྟོག་པ་འབྱོར་ནས་དཔའ་བོ་རྟ་མགྲིན་ཐར་གྱི་སྐུ་ཕུང་འཁྱེར་ཡོད་ལ། མི་མང་གིས་ཞི་བའི་ངོ་རྒོལ་གྱིས་འཐབ་རྩོད་རྒྱུན་རིང་བྱས་ནས་མི་མང་གི་འདུ་འཛོམས་མང་དུ་ཕྱིན་པར་བརྟེན་ཆུ་ཚོད་༡༡ཡོལ་ཙམ་ལ་དཔའ་བོ་ཁོང་གི་སྐུ་ཕུང་མི་མང་ལག་ཏུ་རེག་ཐུབ་པ་བྱུང་འདུག །
སྐུ་ཕུང་ལ་མཇལ་དར་འབུལ་བའི་སྐབས་ནམ་མཁར་འཇའ་ཚོན་གྱིས་རྣམ་པར་བཀྲ་ནས་ཡོད་པ་མི་མང་གིས་མཐོང་རྗེས་འདི་ནི་བོད་ཁ་བ་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་རྟེན་འབྲེལ་བཟང་པོའི་སྔ་བལྟས་རེད་ཅེས་གསུང་མཁན་ཡང་བྱུང་ཡོད་འདུག་ལ། མི་མང་གི་མཇལ་དར་གཡོགས་པའི་མཛད་རིམ་གྲོལ་རྗེས་སྐུ་ཕུང་ཁོང་གི་སྐྱེས་ཡུལ་དུ་གདན་འདྲེན་ཞུས་ཏེ་ཚེས་༡༦ཉིན་ལ་མོ་བདེ་ཆེན་དང་། མགུར་དགོན་པའི་གྲྭ་བ་རྣམས་ཕེབས་ཏེ་སྐུ་ཕུང་བཞུགས་འབུལ་ཞུས་འདུག །
གནས་སྐབས་རིང་རྒྱ་གཞུང་གིས་ཉེན་བརྡ་གང་ཡང་སྤྲད་མ་སོང་མོད། རིམ་པར་ཅི་ཡོང་ལྟ་རྒྱུ་ལྷག་བསྡད་ཡོད་ཅེས་ཟེར་སོང་ལ། ཕྱོགས་བཞི་མཚམས་བརྒྱད་ནས་མྱ་ངན་ཆེད་སྐུ་མགྲོན་བརྒྱ་ཕྲག་མང་པོ་རྒྱུན་མ་ཆད་པར་ཡོང་བཞིན་པའི་གནས་ཚུལ་བཅས་ཡོད།
རང་ཡུལ་སྐྱིད་པའི་ཉི་གཞོན་དེ།།
ཤར་བའི་བསྐལ་བཟང་ཐོབ་མྱུར་ཐོབ་ནས།།
རང་ཡུལ་ཁ་བའི་རྗེས་འབང་རྣམས།།
རང་ས་རང་ལ་དབང་པར་ཤོག།
གཅན་ཡེ་རྒྱམ་ལགས་ནས་གནས་ཚུལ་གསལ་བོ་ཞིག་ངོ་སྤྲོད་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།
རྟ་མགྲིན་ཐར་ནི་་་་འཇིག་རྟེན་མར་ཕྱིན་ཟིན་པ་རེད། རྒྱ་ནག་གཞུང་ནས་གནས་ཚུལ་དེས་རྐྱེན་གྱིས་ཆབ་སྲིད་ལ་འགྱུར་བ་ནམ་ཡང་བཏང་སྲིད་ཀྱི་མ་རེད། སོང་ཙང་ཐུགས་རྗེ་གཟིགས། གངས་ལྗོངས་ཕུ་ནུ་ཚོ་དེ་འདྲའི་བླུན་རྟགས་མ་སྟོན་དང་། སོ་སོའི་ནང་མི་བུ་ཕྲུག་ཚོ་གསོ་སྐྱོང་ཡག་པོ་གནོང་དང་། སྔོན་ལ་ནང་མིར་བདེ་སྐྱིད་ཞིག་བསྐྲུན་ཐུབ་ན་དེ་ནས་རིམ་པར་ལུང་པ་དང་རྫོང་རྒྱལ་ཁབ་བཅས་བསམ་བློ་གཏང་ཆོག་གི་རེད། གང་ལྟར་རང་སྲོག་རང་གི་མ་གཅོད་རོགས་གནང་། དེ་ནང་པའི་ཆོས་་དང་མི་མཐུན་པ་ཙམ་དུ་མ་ཟད་འཇིག་རྟེན་ནའང་ཐབས་སྐྱོ་པོའི་ལས་ཀ་ཞིག་རེད། བརྡ་སར་ཡོད་དཔོན་ངན་ཚོས་་་་དེའི་སྐོར་བསྐུལ་མ་གཏོང་ཚམས་གཞག་ན་མཛེས། དེ་ཚོ་ཤ་རུས་གཅིག་པའི་སྤུན་ཟླ་ཚོའི་ཁྱད་ནོར་ཚེ་སྲོག་རང་རེད། མ་ཟད་འདས་པོ་ཁོང་གི་གཟའ་ཟླ་ནང་མི་བུ་ཕྲུག་ཚོའི་མ་འོང་མདུན་ལམ་དང་ཕུགས་བསམ་ཡང་རེད། ཁོང་འདས་པའི་རྗེས་ནང་མི་བུ་ཕྲུག་ཚོའི་དེ་སྔར་མདུན་ལམ་དང་ཕུགས་བསམ་ཡོད་ཚོད་བརླགས་པ་རེད། མ་ཟད་མ་འོང་འཚོ་བ་གསར་པ་ཞིག་སྐྱེལ་སྟངས་འཐད་ཧ་ཅང་གི་དཀའ་ལས་ཁག་པོ་རེད། ད་དུང་ཁོང་ཚོའི་་སྡུག་བསྔལ་དང་ན་གཟུག་ཅི་འདྲ་ཡོད་མེད་སྐོར་བསམ་བློ་བཏང་ཨེ་མྱོང་། ང་རང་ཚོའི་ཕ་མ་སྤུན་མཆེད་ཚོ་ནད་ཀྱིས་མནར་ནས་གྲོངས་ནའང་ང་ཚོས་སེམས་བྲལ་དང་སྡུག་བསྔལ་ག་ཚོད་བྱེད་ཀྱི་མ་རེད། དཔོན་ངན་ཁྱོད་རང་ཚོའི་ནང་མི་སྤུན་མཆེད་ཚོར་དེ་འདྲ་བསྐུལ་མ་བཏང་མི་སྲིད། གལ་ཏེ་ཁྱེད་རང་ཚོའི་ནང་མི་བུ་ཕྲུག་ཚོས་རང་ལུས་མེར་བསྲེགས་གཏང་ཡག་གི་ཆ་གཞི་ཞིག་ཡོད་ན་་་་ཁྱོད་ཚོས་ལྐུག་པ་དང་བླུན་པ་ཟེར་ནས་ཚོགས་གཏམ་གཏང་སྟེ་རྩ་བ་ནས་བྱེད་བཅུག་མི་་སྲིད། བློ་བཟང་སེང་གེ་་་དབུ་འཁྲིད་གསར་པ་ལངས་ནས་བཟུང་ཆ་གཞི་ཡག་པོ་ཞིག་ཡོད་རྒྱུ་རེད་བསམ་བྱུང་གང་ཡིན་ཟེར་ན་ཁོ་རང་སློབ་སྦྱོང་ཡག་པོ་ཡོད་རེད་ཟེར་གོ་མྱོང་ཡོད་་་་ད་བྱས་དུས་ཁོ་རང་གི་སློབ་སྦྱོང་དེ་གཤན་པའི་སློབ་སྦྱོང་ཡིན་པ་འདྲ། སྲོག་གཅོད་ཡག་གི་ལག་འཁྱེར་ཐོག་པ་ཡིན་ས་རེད། ཕལ་ཆེར་བོད་མི་བརྒྱ་བསད་ཚར་དུས་ལས་གནས་ནས་དགོངས་པ་ཞུ་ཡག་ཡིན་རྒྱུ་རེད། དེ་ནས་དབུ་འཁྲིད་གསར་པས་་་་་་དེཚོ་ལ་དགག་པ་བརྒྱབ་ནས་ལམ་ལོག་སྤྱོད་པ་ཞིག་བརྩིས་ངེས་རེད། དཔེར་ན། དེ་སྔར་བོད་རང་བཙན་གྱི་ཆེད་དུ་རང་སྲོག་བློས་གཏང་བྱས་ངེས་ཚོ་དེང་སང་ག་རེ་ཆགས་ཀྱི་འདུག་ཚང་མས་མཐོང་གསལ་རེད། དེང་སང་བོད་རང་བཙན་ཟེར་དུས་སྤྱི་ཚོགས་ནང་དཀྲུགས་བཤིག་བརྒྱག་མཁན་དང་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱས་མཁན་རེད་ཟེར་གྱི་ཡོད་རེད། མི་ཚེ་གང་པོ་བོད་རང་བཙན་གྱི་ཆེད་དུ་ཕྱག་ལས་གནང་མཁན་་་་་མཁས་དབང་འཇམ་དབྱངས་ནོར་བུ་ལགས་དེང་སང་བཙན་བྱོལ་སྤྱི་ཚོགས་ནང་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏད་བྱེད་མཁན་མི་ངན་ཞིག་ལ་བརྩིས་ཀྱི་ཡོད་དེ་ཚོ་དངོས་གནས་ཧ་ཅང་གི་ཕམ་པོ་རེད། སོང་ཙང་གངས་ལྗོངས་ཕུ་ནུ་ཚོ། དོན་མེད་རང་སྲོག་ཆུད་ཟོས་མ་གཏོང་རོགས་ཐུགས་རྗེ་གཟིགས། ད་བར་བོད་མི་ཚོར་རང་ཤིག་མ་བརྒྱབ་ལབ་མཁན་་་་་་་བླ་མ་དང་སྤྲུལ་པའི་སྐུ་བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་གཞན་་ཡང་ཚོགས་པ་ཁག་དང་བསམ་ཡོད་མི་སྣ་་་་་་ཧ་ལམ་ཉིན་མའི་སྐར་མ་རང་རེད། སྐར་མ་དེ་ཡང་སུ་རེད་ཞུས་ན། བསྟན་པའི་མངའ་བདག༧ཀརྨ་པ་རིན་པོ་ཆེ་མཆོག་རེད།།
རང་དབང་ཨ་རྡུ་མན་གྱི་བསམ་ཚུལ་ལ་བརྒྱབ་སྐྱོར་ཡོད།