སྤོབས་པ་མཐའ་ཡས།
ནང་པ་སངས་རྒྱས་པའི་སྟོན་པ་རྒྱལ་བ་ཤཀྱཱ་ཐུབ་པ་ནི་དཔའ་བོའི་རིགས་རྒྱུད་དུ་འཁྲུངས་ཤིང་རབ་ཏུ་མ་བྱུང་གོང་དམག་གི་དྲག་རྩལ་སྣ་ཚོགས་ལ་སྦྱངས་མྱོང་། དེར་བརྟེན་ཁོང་གིས་བརྒྱུད་པའི་ཉམས་ལེན་གྱི་བཞུད་ལམ་ནང་དུ་ཡང་ཕྱིའི་དྲག་པོ་དམག་འཐབ་དེ་ཉིད་ནང་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་ཐབས་ལ་སྦྱར་དེ་ཉམས་ལེན་གནང་ཚུལ་ཡོད། དེར་བརྟེན་ཁོང་གིས་བསྟན་པ་དམ་པའི་ཆོས་ཀྱི་ནང་ལ་ཡང་ཉམས་ལེན་གྱི་རིམ་པ་མང་པོ་ཞིག་དྲག་པོ་དམག་འཐབ་དང་དཔེ་སྦྱར་བ་དང་དཔའ་བོ་དང་རྡར་མའི་ཆོས་མཚུངས་སྦྱར་བ་སོགས་ལ་བརྟེན་ནས་དྲག་པོ་དམག་གི་ཐ་སྙད་མང་པོ་ཞིག་ཀྱང་ཆོས་ཀྱི་སློབ་སྟོན་སྐབས་སུ་བེད་སྤྱོད་གནང་ཡོད། དཔེར་ན་བདུད་བཏུལ་བའི་མཛད་པ། དགྲ་བཅོམ་པ་དང་། དགྲ་ལས་རྒྱལ་བ་ལྟ་བུ་ཧ་ཅང་མང་། བསྟན་བཅོས་ལས་ཀྱང་བྱང་ཆུབ་སྤྱོད་འཇུག་གི་སྐབས་སུ་ཉོན་མོང་པ་དེ་དགྲ་དང་བྱང་ཆུབ་ཀྱི་སེམས་དེ་དཔའ་བོའི་དཔེ་རུ་སྦྱར་ནས་གསུངས་པ་ལྟ་བུ་ཧ་ཅང་མང་།
སྟོན་པ་གོའུ་ཏ་མ་སིདྷརྠ་དེ་ཉིད་ཀྱི་བསྟན་པ་ནི་ཞི་བདེ་དང་། འཚེ་བ་མེད་པ། མཛའ་མཐུན་བཅས་གཞི་རྩར་བཞག་པའི་ལྟ་གྲུབ་ཅིག་ཡིན་ན་ཡང་དཔའ་བོའི་རང་གཟུགས་གསལ་བོར་མཐོང་ཞིང་དཔའ་བོའི་རང་གཤིས་རྗེན་པར་མངོན་པའི་ཆོས་ལུགས་འདིས་ཨེ་ཤེ་ཡའི་གླིང་གི་དཔའ་བོ་མང་པོ་ཞིག་གི་ཡིད་དབང་གཏིང་ནས་འཕྲོག་ཅིང་རང་རྒྱལ་གཞན་ཕམ་དྲག་སྤྱོད་ཀྱི་རྟོག་པ་རང་ཤུགས་ཀྱིས་བཞུས་ཏེ་ནང་པའི་ཆོས་ཉམས་ལེན་དང་ཁྱབ་སྤེལ་བྱས་པའི་ལོ་རྒྱུས་མང་པོ་ཡོད། དཔེར་ན་རྒྱ་གར་གྱི་ཡུལ་ཁམས་ཆེན་མོ་གཅིག་གྱུར་བྱེད་མཁན་ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀ འཛམ་གླིང་སུམ་གཉིས་དབང་འོག་ཏུ་བསྡུས་པར་གྲགས་པའི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། གནམ་འོག་གི་ཕྱེད་ཀ་ལ་དབང་བར་བསྔགས་པའི་སོག་པོའི་ཇང་གི་སི་ཁན་གྱི་གདུང་རྒྱུད་གོ་དན་དང་ཀུབ་ལི་ཁང་སོགས་ཡིན།
སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལས་བདུད་བཏུལ་དང་། དགྲ་བཅོམ་པ། དགྲ་ལས་རྒྱལ་བ་སོགས་ཀྱི་ཐ་སྙད་གང་ཞིག་ཡིན་ཡང་འཇུག་ཡུལ་དངོས་ནི་རང་རྒྱུད་ཀྱི་ཉོན་མོངས་པ་ལ་དགྲ་ཡི་ཐ་སྙད་སྦྱར་བ་མ་གཏོགས་ཕྱིའི་དགྲ་བོ་ལྟ་བུར་གཏན་ནས་མི་འཇུག ཡིན་ན་ཡང་དམིགས་བསལ་ཞིག་ལ་དཔལ་དུས་ཀྱི་འཁོར་ལོའི་སྐབས་སུ་བྱུང་བའི་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱི་དམག་གིས་ཀླ་ཀློ་འཇོམས་པར་གསུངས་པ་དེ་ནི་ནང་གི་ཉོན་མོང་པའི་དགྲ་ཙམ་དུ་མ་ཟད་ཕྱིའི་དགྲ་བོ་སྟེ་མི་གསོད་རྟ་བསྒྱེལ་གྱི་གནས་ཚད་ཀྱང་མཐོན་པོ་ཞིག་བསྟན་འདུག་པས་ཁ་ཆེའི་ཇིཧཏི་དང་མཚུངས་ཆོས་མང་པོ་ཡོད། དེ་ནི་ནང་པ་སངས་རྒྱས་པའི་ཡིག་ཆ་ནས་དགྲ་བོ་ཞེས་པ་ཁ་གསལ་པོས་ཕྱིའི་དགྲ་ལ་ངོས་བཟུངས་བའི་སྐབས་ཡོད་པའི་ཡིག་ཆ་གཅིག་པོ་དེ་ཡང་ཡིན།
ཕྱོགས་གཞན་ཞིག་ནས་ཁ་ཆེ་བ་ཚོས་བཤད་བཞིན་པའི་དམ་པའི་དམག་འཁྲུགས་སམ་ཇི་ཧཏི་ཞེས་པའི་དམག་འཁྲུགས་དེ་དང་དུས་ཀྱི་འཁོར་ལོ་ལས་བྱུང་བའི་རིགས་ལྡན་དྲག་པོའི་དམག་གིས་ཀླ་ཀློ་འཇོམས་པར་གསུངས་པ་དེ་གཉིས་ལ་འདྲ་ས་ཧ་ཅང་མང་པོ་ཞིག་ཡོད། དེ་ཡང་དཔེར་ན་དམག་འཁྲུགས་དེ་སྙིང་རྗེས་ཀུན་ནས་བསླངས་པ་མ་གཏོགས་ཞེ་སྡང་གིས་ཀུན་ནས་བསླངས་པ་མ་ཡིན་པ། དེ་ཡང་རང་དང་ལྟ་བ་མི་མཐུན་པའི་དམག་གིས་བཙན་འཛུལ་གྱིས་རང་ཕྱོགས་ཀྱི་ཆོས་ལུགས་ལ་ཉམས་ཆག་གཏོང་བ་ལས་སྐྱོབ་ཆེད་ཡིན་པ། དམག་འཁྲུགས་དེ་གཙོ་བོར་ནང་གི་ཉོན་མོང་པ་འདུལ་བའི་ཐབས་ཡིན་པ་མ་པ་ཟད་ཕྱིའི་མི་གསོད་རྟ་བསྒྱེལ་གྱི་རིམ་པ་ཡང་གནང་ཡོད་པ། དམག་འཁྲུགས་དེ་ལས་རྒྱལ་རྗེས་སུ་ཡང་བསྐྱར་འཛམ་བུ་གླིང་ཞི་བདེའི་གོ་སྐབས་འབྱུང་བ། དེ་ཡང་ཡང་ནས་ཡང་དུ་འབྱུང་དགོས་པ་ཞིག་མ་ཡིན་པར་རང་གི་བསྟན་པ་དེ་ཉིད་ལ་ཉམས་ཆག་འཇིག་ཉེན་དངོས་ལ་ཐུག་སྐབས་སུ་དམག་འཁྲུགས་རྒྱག་དགོས་པ་སོགས་རེད།
ནང་པ་སངས་རྒྱས་པ་ཚོའི་ཁྲོད་དུ་དུས་འཁོར་གྱི་བཤད་སྟངས་འདིས་ཆབ་སྲིད་ཀྱི་ཐོབ་ཤོར་ཆེད་དུ་བེད་སྤྱད་ནས་ཤུགས་རྐྱེན་ཅུང་ཟད་རེ་ཡང་ཐེབས་མྱོང་བ་འདྲ། དེ་ཡང་སྔོན་དུས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་གནང་མྱོང་མཁན་སོག་པོའི་གྲྭ་བ་རྡོ་རྗེ་ཡིབ་ཟེར་བ་དེས་ར་ཤི་ཡ་ནིི་ཤམ་བྷ་ལ་ཡིན་པ་དང་ར་ཤི་ཡའི་གོང་མ་ཚར་ནི་རིགས་ལྡན་ཡིན་པས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཀྱང་ར་ཤི་ཡ་དང་མཉམ་འབྲེལ་བྱས་ན་ཀླ་ཀློ་བྷི་རི་ཁྲི་ཤི་ལས་རྒྱལ་ནུས་པའི་སྐུལ་མ་གནང་ཚུལ་ཡོད་པ་དང་། དེ་བཞིན་སོག་པོའི་དཔོན་པོ་ཚོའི་ཁྲོད་ན་ཡང་རིགས་ལྡན་གྱི་སྤྲུལ་བ་ཡིན་པར་འདོད་མཁན་ཡོད་པ་དང་། ཕྱི་ལོ་༡༩༣༠སྐོར་ལ་ཉི་ཧོང་གིས་ནང་སོག་ལ་བཙན་འཛུལ་བྱེད་སྐབས་སུ་ཡང་ཉི་ཧོང་གི་དམག་དཔོན་ཚོས་སོག་པོ་ཚོའི་བློ་སྣ་འགུགས་ཆེད་དུ་ཉི་ཧོང་ནི་ཤམ་བྷ་ལ་ཡིན་ཚུལ་བཤད་མྱོང་བ་སོགས་རེད།
དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དུ་དུས་འཁོར་རྩ་རྒྱུད་ལས་རྡི་ལི་རྒྱལ་པོའི་མཁར་རྫོང་གི་མིང་འབྱུང་ཚུལ་ཞིག་ཀྱང་གསུངས་ཡོད་པ་དྲན། གཅིག་བྱས་ན་དུས་ཀྱི་འཁོར་ལོ་འདི་རྒྱ་གར་དུ་ཁ་ཆེའམ་མུ་སི་ལེམ་གྱི་ཆོས་ལུགས་པའི་བཙན་འཛུལ་སླེབས་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་ཉེས་སུ་བཏང་ཕྱིན་དུ་མུ་སི་ལེམ་པ་ཚོར་འཇིགས་སྣང་སྐུལ་ཆེད་དམ་ནང་པ་སངས་རྒྱས་པ་ཚོར་སྙིང་སྟོབས་སྐྱེད་ཆེད་དུ་བརྩམས་པ་ཞིག་དང་། རིགས་ལྡན་གྱིས་ཀླ་ཀློ་འཇོམ་པའི་དམག་འཁྲུགས་སོགས་ཀྱང་ཁ་ཆེའི་ཇིཧཏི་ལ་དཔེ་བཀབ་ཀྱིས་བཟོས་པ་མིན་པའི་ངེས་པ་མི་འདུག སྤྱིར་ན་དུས་འཁོར་ལས་གསུངས་པའི་ཀླ་ཀློ་ཞེས་པ་དེའི་སྐད་དོད་ལེགས་སྦྱར་དུ་ཡོད་པ་དེ་ནི་འཇུག་ཡུལ་ཁ་ཤས་ཡོད་མོད་མཚམས་རེར་ཁ་ཆེབའམ་མུ་སི་ལེམ་པ་ལ་འཇུག་པ་དང་། མཚམས་རེར་དུ་རུ་ཥ་པ་སྟེི་ནུབ་དང་བྱང་གི་ཕྱོགས་ཀྱི་བཙན་འཛུལ་བའི་སྤྱི་མིང་ལྟ་བུ། མཚམས་རེར་ལེགས་སྦྱར་གྱི་སྐད་མི་ཤེས་མཁན་སོགས་ལ་འཇུག་པ། མཚམས་རེར་རྒྱ་གར་བ་མ་ཡིན་པ་ཚང་མར་འཇུག་པ་ལྟ་བུ་ཞིག་རེད། ཡིན་ན་ཡང་དུས་འཁོར་ལས་གསུངས་པའི་ཀླ་ཀློ་ཞེས་པ་དེ་ཁ་ཆེ་མུ་སི་ལེམ་པ་བ་ཁོ་ན་ལ་འཇུག་པ་འདྲ་བས་དུས་འཁོར་འདི་ཁ་ཆེ་མུ་སི་ལེམ་དང་འབྲེལ་བ་ཆེན་པོ་ཞིག་འདུག དེར་བརྟེན་མ་འོངས་པར་དུས་འཁོར་རྩ་འགྲེལ་འདི་དག་ཤ་གཟུགས་ཟ་རྐྱང་མ་ཡིན་པར་སློབ་སྦྱོང་ཞིབ་འཇུག་གཏིང་ཟབ་མོ་ཞིག་བྱེད་དགོས་པ་ཡང་གལ་ཆེན་པོ་རེད།
ཁ་ཆེའི་གསུང་རབ་ཀོ་རན་ལས། གཟུགས་བརྙན་ལ་ཕྱག་འཚལ་བ་ནི་སྡིག་པ་ཡིན་ནོ། །དཀོན་མཆོག་ནི་དོན་དམ་པའི་བདག་པོ་ཡིན་ནོ། །ཞེས་པ་ལ་བརྟེན་ནས་རྟེན་ལ་ཕྱག་འཚོལ་མཁན་རྣམས་གསོན་སྲེག་དང་དམར་གསོད་གཏོང་བ་ནི་མུ་སུ་མན་ཆོས་ལུགས་པ་དག་གིས་ཆོས་སུ་སྨྲའོ། །
ཉིད་ཀྱི་རྩོམ་འདི་མཐོང་མ་ཐག་གཏམ་རྒྱུད་གསེར་ཐང་དུ་བྲམ་ཟེ་ཚོས་ཁས་ལེན་པའི་ཤམྦྷ་ལའི་དམག་འཁྲུག་ཅིག་གི་སྐོར་དེ་ལྷང་ངེར་དྲན་བྱུང་བས། གསེར་ཐང་བཙལ་ནས་དེའི་སྐོར་དེ་རྙེད་བྱུང་བས་འདིར་ངལ་དུབ་ལ་མ་འཛེམས་པར་བཀོད་ན་འདི་ལྟ་སྟེ། རིགས་ཀྱི་ཆོས་ནི་ད་དུང་རྩ་བ་མེད་པའི་ཡལ་ག་ཤིན་ཏུ་རྒྱས་ཤིང་། རྒྱ་གར་བའི་ཆོས་ཁྲིམས་ཡོད་པའི་ལུང་པ་འགའ་ཞིག་ན། བྲམ་ཟེ་རྣམས་ཀྱིས་རིགས་ངན་ཞིག་ལ་འདི་བདག་དང་གདོང་འཕྲད་དུ་བྱུང་ནས་ལུས་ཀྱི་དྲི་ཕོག་གོ་ཞེས་བརྡུངས་ཀྱང་ཁྲིམས་ལ་ཞུ་ས་མེད། ཁྲོན་པའི་ནང་ནས་ཆུ་དགོས་ཚེ་སླར་བསྒུགས་ནས་བསྡད་དེ་རིགས་བཟང་ཞིག་གུས་ཆུ་འཐེན་པ་ན་དེ་ལ་སློང་བ་མ་གཏོགས། རང་ཉིད་ཀྱིས་ཁྲོན་པའི་ཆུ་འཐེན་ན་ཉེས་ཆད་ཆེན་པོ་འོངས། འོན་ཀྱང་ཉིན་མོའི་དུས་ཀྱི་རིགས་གཙང་མའི་འགྲིགས་ལམ་དེ་མཚན་མོའི་མལ་ནས་རིམ་གྱིས་བཤིག་སྟེ། བྲམ་ཟེ་གདོལ་བར་སོང་བ་དང་། གདོལ་བ་བྲམ་
ཟེར་གྱུར་པ་སོགས་གྲངས་ཀྱིས་མི་ལོངས། ཁོང་དག་གི་ལུང་ལས་ཀྱང་རྩོད་ལྡན་གྱི་ལོ་བརྒྱད་སྟོང་རྫོགས་པ་ན། རིགས་བཞི་ག་འདྲེས་ཏེ་བྲམ་ཟེ་བྱ་བའི་ཡུལ་གར་ཡང་མི་རྙེད་ཅིང་ཐམས་ཅད་ཀླ་ཀློའི་ཆོས་འཛིན། དེ་ཙ་ན་ཁྱབ་འཇུག་གི་འཇུག་པ་བཅུ་པ་ཀལཀི་འམ། རིགས་ལྡན་ཞེས་བྱ་བ་དེ་རྒྱ་གར་བྱང་གི་གྲོང་ཁྱེར་ཤམ་བྷ་ལ་གྲ་མ་བྱ་བ་འདིར་སྐྱེས། རྡོའི་རྟ་ལ་ཞོན། ཀུ་ཤའི་མདུང་ཐོགས་ཏེ་ཀླ་ཀློ་རྣམས་ཁ་དག་ནས་ས་ཐམས་ཅད་བྲམ་ཟེའི་ཞིང་དུ་བྱས་ནས་རྫོགས་ལྡན་ཆུང་ངུ་བྱ་བ་མགོ་མཛུགས་ཟེར། ད་ལྟ་རྩོད་ལྡན་གྱི་ལོ་ལྔ་སྟོང་ཙམ་སོང་ཟིན། ཤམ་བྷ་ལའི་གྲོང་དེ་རང་རེའི་ལྷ་ས་ལས་ཅུང་ཙམ་སྣང་ཞིང་། མུ་སྟེགས་ཀྱི་ལྷ་ཁང་མང་ཞིང་གནས་ཆེན་དུ་བརྩི། འོན་ཀྱང་ཀཔལ་ནི་བོད་ཀྱི་ཡུལ་ག་ཤེད་ཅིག་ན་ཡོད་ཅིང་བསྟི་གནས་ཡིན། དེར་མུ་སྟེགས་ཀྱི་དྲང་སྲོང་ཚེའི་དངོས་གྲུབ་ཐོབ་པ་རྣམས་ཡོད་སྐད། དེ་འཚོལ་དུ་ཛོ་ཀི་མང་པོ་མངའ་རིས་ཕྱོགས་སུ་བསྐོར་གྱིན་ཡོད།
གསེར་ཐང་བོད་ལྗོངས་པར་མའི་ཤོག་ངོས་༡༠༥ནས་༡༠༦བར་གསལ།
གྲོང་ཁྱེར་བྱེ་བ་དགུ་བཅུ་གོ་དྲུག་གིས་བསྐོར་བའི་ཤམ་བྷ་ལའི་རྒྱལ་ཁམས་ནི་ཆུ་བུར་མིག་གིས་མཐོང་བ་ཞིག་ཨེ་ཡིན་བསམ།
དུས་འཁོར་རྒྱུད་ཡང་དག་ཡིན་མིན་གྱི་ཞིབ་འཇུག་སྔ་ས་ནས་བྱུང་ཚར་བ་ཞིག་ཡིན། རྒྱ་ནག་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པར་བཤད་པ་སོགས་ཀྱི་འགལ་འདུ་བསྟན་ཏེ། རྗེ་བཙུན་རེད་མདའ་བས།
རྩ་བའི་རྒྱུད་ལ་ཨེ་ཝཾ་གཉིས་ཡིག་མེད། །བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་། །
གང་ནས་བླངས་པའི་ཁུངས་ཀྱང་མི་གསལ་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །ཅེས་གསུངས།
དེ་བཞིན་དགེ་ཆོས་ཀྱིས་ཀྱང་དུས་འཁོར་དུ་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་རྒྱུ་མཚན་དུ་བཟུང་ནས་དྭོགས་སློང་མཛད་ཡོད། གསེར་ཐང་ལས། ངོ་མཚར་ངེས་པ་ནི་དེབ་སྔོན་གྱི་དབུ་ཆ་ཤམ་བྷ་ལའི་རིགས་ལྡན་གྱིས་བརྩམས་ཤིང་། དུས་ཀྱི་འཁོར་ལོར་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་དེ་མཚར་བ་ཡིན་གསུངས།
སྤྱིར་ཐེག་ཆེན་གྱི་བཀའ་རྣམས་སངས་རྒྱས་ཀྱི་གསུང་ཡིན་མིན་ལ་རྒྱ་བོད་ཀྱི་མཁས་པ་མང་པོ་ད་ལྟ་ཡང་དོགས་པ་མ་ཆོད་པར་ལྷག་ནས་ཡོད། བྱེ་བྲག་སྔགས་ཕྱོགས་ཀྱི་ཆོས་སྐོར་རྣམས་སངས་རྒྱས་ཀྱི་གསུང་ཡིན་མིན་གྱི་སྒྲོ་འདོགས་དེ་ད་ལྟ་ད་དུང་མང་པོ་ཞིག་ལ་ཡོད་ཡོད་པ་རེད། མ་འོངས་པར་ཡང་མུ་མཐུད་ནས་ལྷག་གི་རེད།
རྒྱ་གར་བའི་ཐེག་ཆེན་གྱི་མཁས་པ་རྣམས་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐུ་ངལ་ཆེན་པོ་ཞིག་གི་བརྒྱུད་རིམ་འགྲིམ་དགོས་པ་བྱུང་འདུག་ཅིང་། བོད་ཀྱི་རྫོགས་ཆེན་པ་རྣམས་ཀྱང་རྙིང་རྒྱུད་བཀའ་ཡིན་པར་སྒྲུབ་དགོས་པའི་དཀའ་ཚེགས་ཀྱི་ཁུར་ཆེན་པོ་དང་དུ་ལེན་དགོས་པ་བྱུང་འདུག
འདི་ཚོར་དེང་དུས་ཀྱི་ཞིབ་འཇུག་བྱ་སྟངས་ཤིག་གི་ཐོག་ནས་སངས་རྒྱས་ཀྱི་གསུང་ཡིན་མིན་སྒྲུབ་ཏུ་ཕྱིན་པ་ཡིན་ན་ཏག་ཏག་ཅིག་བསྡད་ཀྱི་མ་རེད་ལ། རྨོངས་དད་རྐྱང་པའི་ཡིད་ཆེས་ཀྱིས་ཀྱང་སྒྲུབ་ཐུབ་ཐབས་ཡོད་པ་ཞིག་མ་རེད། དེ་བས་ཤིང་རྟ་ཆེན་པོའི་ལུང་རིགས་ལ་ཡང་བརྟེན། སོ་སོའི་དད་མོས་ལ་ཡང་བརྟེན། དེང་དུས་ཀྱི་བསམ་བློ་གུ་ཡངས་ཀྱི་ཐབས་ལམ་ལེགས་གྲས་དག་ལ་ཡང་བརྟེན་གྱིན་ཕྱིན་བཞག་ན་དགའ་བར་སྙམ།
གལ་ཏེ་བྱུང་རབས་ཀྱི་བདེན་དཔང་གསལ་པོ་རྙེད་ནས་སངས་རྒྱས་ཀྱི་བཀའ་མིན་པར་སྨྲ་བའི་གོ་སྐབས་ཤིག་བྱུང་ན་ནི་ཧ་ཅང་ཡག་པོ་རེད། དེ་མིན་ད་ལྟའི་ང་ཚོས་དཔྱད་ཞིབ་ལེགས་པོ་ཞིག་མི་ཡོང་བའི་ཁཪ་རྒྱུད་ལ་སྐུར་འདེབས་ཀྱི་དོན་མེད་ཀྱི་ཚིག་མཚོན་སྣ་ཚོགས་ཀྱིས་མཆན་བུ་འགོད་རེས་བྱས་ཏེ་ཁ་སྡིག་བསག་རྒྱུ་ཙམ་ལས་དགོས་དོན་གཞན་ཆེར་མི་ཡོང་བར་སྙམ་མོ།།
ཀླུ་སྨྱོན་གྱིས་གསེར་ཐང་གི་ལུང་དྲངས་པ་བཞིན་ཤམ་བྷ་ལའི་བཤད་སྲོལ་འདི་བྲམ་ཟེ་མུ་སྟེགས་པའི་ལུགས་པ་ཡོད་པ་ཞིག་རེད། དེ་བཞིན་དུ་ཁ་ཆེ་ལ་ཇི་ཧཏི་ཡོད་པ་རེད། ཡེ་ཤུ་ལ་ཡང་དེའི་དོད་ཐུབ་ཅིག་ཡོད་ཟེར། འདིར་དུས་འཁོར་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་ཡིན་མིན་དེ་གཙོ་བོར་བཤད་ཀྱིན་མེད། དུས་འཁོར་ལས་ཤམ་བྷ་ལ་དང་རིགས་ལྡན་གྱི་སྐོར་དེ་སངས་རྒྱས་ཀྱི་གསུང་དང་མཐུན་མིན་དང་། དེ་དུས་རབས་ནམ་ཞིག་ལ་བྱུང་བ། རྒྱུ་རྐྱེན་དང་རྒྱབ་ལྗོངས་གང་ཞིག་ལ་བརྟེན་ནས་བྱུང་བ། དེ་སངས་རྒྱས་ཀྱི་གསུང་ཡིན་པར་ཁས་བླངས་ན་ལེགས་ཉེས་ཅིར་འགྱུར་སོགས་བཤད་འདོད་པ་ཡིན།
མིང་སྲང་ལྷན་སྦྱོར་བྱས་ནས་དམེ་རྒྱུད་སྤེལ།།
ཤྰཀྱའི་རྒྱལ་སྲིད་མ་མནོན་རབ་ཏུ་བྱུང་།།
བདེན་བཞིའི་ཆོས་འཁོར་སྐོར་ནས་དམངས་སེམས་བཀུག།
ལོ་དྲུག་དཀའ་བ་སྤྱད་ནས་མཚན་སྙན་སྐྲུན།།
རྣམ་ཀུན་པད་མ་གེ་སར་གདན་སྟེང་དུ། རྣམ་ཀུན་རྡོ་མཇེ་བསྣུན་པའི་མགོ་ཟླུམ་གྱིས། རྣམ་ཀུན་སྤོབས་ངན་བཅངས་ནས་གྱེར་བསྟན་ལ། རྣམ་ཀུན་ཞེ་བརྣག་བཅངས་འདི་ཀྱེ་མ་ཧུད། སྤྲིན་པ་ཁ་སེར་གཏིང་ནག སད་དང་སེར་བའི་གཞི་མ། བན་དྷེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ། ཞེས་པའི་གཏམ་འདི་ཅི་མི་བདེན་སྙམས་ནས་སྔོན་འགྲོའི་ཀླད་དོན་གྱིས་སྣ་དྲངས་ཏེ། ཆེད་དུ་ཞུ་བའི་གཏམ་གྱི་སྙིང་པོ་ནི། མི་ཐར་བདུད་ཀྱི་ཆུ་བཞིའི་ནང་ནས་སྒྱུ་མ་གཟུགས་བརྙན་གྱི་བདུད་དུ་གྲགས་པ། དེང་གི་ཆར་སྒོ་གསུམ་ལས་ངན་ཁོ་ནས་ཆོས་སྤོངས་ཀྱི་ཉེས་ཚབས་བརླབས་པོ་ཆེ་སོག་བཞིན་པའི་མིང་བརྫུས་གྱེར་བསྟན་གྱི་གཤེད་མ་པད་མ་གེ་སར་དང། རྒྱོས་པའི་རྡོ་མཇེ་ཟེར་བ། དེ་བཞིན་རྣམ་དཀར་གྱི་ལས་ལ་སྤོབས་རྒྱུ་ཅི་ཡང་མེད་པའི་འགྲན་སེམས་ཞེ་འཁོན་གྱི་སྤོབས་པ་མཐའ་ཡས་པ་ལ་སོགས་ནས། བསྟན་པའི་ཆོམ་རྐུན་ཞེས་གཞི་མེད་ཀྱི་སྒྲོ་བཀུར་ཚད་མེད། མ་བརྟག་མ་དཔྱད་པའི་གཏམ་སྣང་བ་གང་ཤར་བཤད་བཞིན་པ་འདི་དག་ལ། ཡ་རབས་བཟང་སྤྱོད་ཀྱི་ལམ་ནས། ཡིན་ལུགས་ཚུལ་ལྡན་གྱི་ར་སྤྲོད་ལུང་རིག་ཚད་མའི་སྲང་ལ་གཞལ་ཏེ་རྨོངས་མུན་སེལ་བའི་ཉིན་བྱེད་དུ་གྱུར་དུ་རེ་་ན་ཡང། བྲག་ཕུག་ཁ་བྱང་ངོས་སུ་ཕྱོགས་པ་ལ་བརྟེན་ནས་བྱ་བའི་ཐབས་ཡོངས་སུ་ཟད། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན། ཞེས་པ་འདི་བེད་སྤྱོད་གཏོང་དགོས་མི་ཐུག་པའི་ངེས་པ་གཏན་ནས་མ་མཆིས། བསྟན་པའི་ཆོམ་རྐུན་སུ་ཞིག་ཡིན་མིན་འདིར་གཟིགས་དང་མཁྱེན་ངེས་རེད། བོན་གྱི་བསྟན་པའི་ཆོམ་རྐུན་གྱི་རྣམ་གྲངས་རོབ་ཙམ་ཞིག་འདིར་འགོད་ཡོད། རྐུན་མ་རྒྱབ་ཚད་འགོད་ན་འདིར་ཤོང་རྒྱུ་ཁག་པོ་རེད་བསམ་གྱི་འདུག བོན་ཉིད་རྒྱུད་སྡེ་རྩིས་མང་གི་འབུམ་ནི། ཕར་ཕྱིན་ཡུམ་དུ་བསྒྱུར། སྣང་ལྡན་རྒྱུད་སྲུང་གི་མདོ་ནི། བཀྲ་ཤིས་མདོ་མང་དུ་བསྒྱུར། གསེར་ཐིག་ལྷ་བུ་ཏོག་དཀར་རྒྱུད་ནི། ཆོས་ཀྱི་ཏིང་ངེ་འཛིན་དུ་བསྒྱུར། གསང་བོན་སྐྱེ་སྲང་འགྱུར་གྱི་བོན་ནི། ཆོས་ཀྱི་ཕར་ཕྱིན་དྲུག་ཏུ་བསྒྱུར། སེམས་ཉིད་ཡེ་ཤེས་གསལ་བའི་རྒྱུད་ནི། ཆོས་དབུ་མ་རུ་བསྒྱུར། ཁ་ཡ་མེ་འབར་གྱི་རྒྱུད་ནི། རྡོར་རྗེ་གཏུམ་ཆེན་མར་བསྒྱུར། གཤེན་རབ་སྔགས་གྲོལ་གྱི་སྐོར་ནི། ཆོས་ཀྱི་གཟུངས་སྡེ་ཉི་ཤུར་བསྒྱུར། ཡུལ་དྲུག་གནས་མཆོག་སེམས་ལུང་གི་སྐོར་ནི། ཆོས་ཕྱག་རྒྱ་ཆེན་པོར་བསྒྱུར། བོན་ལུང་འོད་དཀར་གྱི་མདོ་ནི། ཆོས་འཕགས་པར་བསྒྱུར། བོན་འབྱུང་རྩིས་ཆེན་དཔེ་ནི། ཆོས་ཕལ་པོ་ཆེའི་མདོ་རུ་བསྒྱུར། སངས་རྒྱས་སྟོང་གི་མདོ་ནི། སྐལ་བཟང་བྱ་བར་བསྒྱུར། དེ་ལ་སོགས་བོན་སྐོར་ཉི་ཤུ་རྩ་གཅིག་ནི་ཆོས་སུ་བསྒྱུར་རོ། གསོ་རིག་འབུམ་བཞི་ནི་། དཔལ་ལྡན་རྒྱུད་བཞི་བྱ་བར་བསྒྱུར། ཁམས་ཆེན་དུམ་པ་བཅུ་དྲུག་ཡང། ཡུམ་དུམ་པ་བཅུ་གཉིས་བྱ་བར་བསྒྱུར། པོད་གྲངས་ཁ་ཤས་ཀླུ་ཡུལ་ལྷག་ཀྱང་ཟེར། བཀའ་རྟེན་སྨོན་འཇུག་ཆེན་མོ་ཡང་། གཞན་སྡེས་བྱམས་ཆོས་སྡེ་ལྔར་བསྒྱུར། དགའ་ལྡན་གནས་སུ་གསུངས་སོ་སྐད། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། ད་ལན་དེ་ཙམ་གྱིས་ཆོག་པར་བྱས། རྗེས་སུ་ཞིབ་བཤད་བྱེད་དགོས་ཐུག་ན་དོན་སྙིང་ནང་ཁྲོལ་དང་བཅས་པ། ལྷུ་བཞི་ཡན་ལག་དང་བཅས་པ། རྩ་བ་རྩ་ཕྲན་དང་བཅས་པ། གང་གའི་ཀླུང་གི་བྱེ་མའི་རྡུལ་ཕྲན་གྲངས་དང་བཅས་པ་འབུལ་རྒྱུ་ཐག་གཅོད་ཡིན། སྤོབས་ངན་སྤོབས་པ་མཐའ་ཡས། དབྱེན་སྦྱོར་ཕུང་དཀྲུགས་རྒྱལ་འགོང། བན་བོན་ཁ་བྲལ་གཏོང་མཁན། རང་ཚོད་ཟིན་ན་དགའ་ཡོང།
མཁས་དབང་ཀླུ་སྨྱོན་མཆོག་ལ་དོགས་འདྲི་ཞིག་ཞུ་རྒྱུར། ཤམྦྷ་ལ་ཞེས་པ་འདི་གང་གི་སྐད་ཡིན། ལེགས་སྦྱར་གྱི་སྐད་ཡིན་པའི་དབང་དུ་བྱས་ན། ཚིག་གི་འབྲུ་བཤད་ག་འདྲ་ཞིག་རྒྱབ་དགོས་རེད། སྐུ་ཉིད་ལ་དེའི་སྐོར་མཁྱེན་རྟོགས་མཆིས་ན་བཀའ་ལན་ཞིག་གནང་རོགས་ཞུ།
མཁས་དབང་ཀླུ་སྨྱོན་ལགས་སུ་ཆེད་དུ་ཞུ་སྙིང། སྐུ་ཉིད་ལ་དོགས་འདྲི་ཞིག་ཞུ་འདོད་བྱུང། ཤམྦྷ་ལ་ཞེས་པ་འདི་གང་གི་སྐད་ཡིན། བོད་རང་སྐད་དམ། ཡང་ན་པ་ལའི་སྐད། ཡང་ན་ལེགས་སྦྱར་གྱི་སྐད་གང་ཡིན། ལེགས་སྦྱར་ཡིན་པའི་དབང་དུ་བཏང་ན། དེའི་གོ་དོན་ག་འདྲ་ཡིན། ཚིག་གི་འབྲུ་འགྲེལ་སྟབས་བདེ་ཞིག་གནང་བར་འཚལ།
བོན་གྱི་སྐོར་ལ་མང་པོ་གང་ཡང་བཤད་རྒྱུ་མེད། མདོར་ན་དུས་རབས་བཅུ་པ་ཡན་ཆོད་དམ་པཎ་ཌི་ཏ་ཤམ་ཐབ་སྔོན་པོ་ཅན་ཡན་ཆོད་ལ་བོན་གྱི་ཡིག་ཆ་སྣ་གཅིག་ཡོད་པའི་ཁུངས་སྐྱེལ་ཡི་གེ་ན་རྡོག་གཅིག་ངས་མཐོང་ཉིན་ནས་ནས་ང་ལ་བོན་གྱི་སྐོར་ལ་དོག་འདྲི་གང་ཡང་མེད། འོལ་མོ་ལུང་རིང་དེ་ས་ཆ་གང་ཞིག་ཡིན་པ་ངོས་འཛིན་གསལ་བོ་ཞིག་མ་བྱུང་བར་དུ་ངའི་ཡིད་གཉིས་དེ་ནམ་ཡང་སེལ་ཐུབ་ཀྱིན་མི་འདུག བོན་གྱི་ལུགས་འདི་སངས་རྒྱས་ཤཀྱ་ཐུབ་པའི་ཆོས་དང་གཅིག་མཚུངས་ཡིན་མིན་གྱི་ཐག་མ་ཆོད་བར་དུ་སེམས་ལྷོད་པོ་ཞིག་ཡོང་གིན་མི་འདུག དེ་མ་བྱུང་ན་ངའི་དོག་འདྲི་འདི་མུ་མཐུད་ནས་ང་མ་ཤི་བར་དུ་གནས་མུས་རེད།
མཁའ་མཚོའི་གཏིང་ནི་ཁྱུང་ཉས་མིན། དེ་བཞིན་གཏིང་དཔག་དཔྱད་པར་དཀའ། ཞེས་གསུངས་པ་ལྟར། རྒྱ་མཚོའི་འཇིང་ནི་ཙ་མོ་ཉ་ཡིས་ཀྱང་ཆོད་པར་མི་ནུས་ལ། རྒྱ་ཆེ་བའི་ནམ་མཁའི་ཁྱོན་ཡངས་ནི་འདབ་ཆགས་ཁྱུང་གིས་ཀྱང་ཆོད་པར་དཀའ་བ་ལྟར། གཡུང་དྲུང་གི་བོན་རིན་པོ་ཆེ་དང། དམ་པའི་ཆོས་གཉིས་ཀྱང་དེ་གཉིས་དང་དཔེ་ཟླར་མཚུངས་པས། ཕྱོགས་བྲལ་གྱི་རྟོག་དཔྱོད་ཡང་དག་གིས་ངལ་བ་ལ་མ་བརྟེན་པར། ལམ་སེང་མཁྱེན་རྟོགས་ཀྱི་འདོ་སྣང་འབར་ཆོག་ཆོག་དེ་འདྲ་ཁག་པོ་རེད། དུས་རབ་བཅུ་པ་ཡན་ཆོད་དང་འོལ་གླིང་གི་སྐད་ཆ་དེ་ཚོ་ཕར་ཞོག དང་ཐོག་ཁྱེད་ཅག་གི་གཞུང་ལུགས་ནས་གསལ་བའི་བྱང་ཤམྦྷ་ལ་ཞེས་པ་འདི་དངོས་གནང་ཡོད་རེད་དང་མ་རེད། ཡོད་ན་ག་པར་ཡོད་རེད། ངོ་སྤྲོད་གསལ་པོ་ཞིག་གནང་རོགས། དེ་རྗེས་གསེར་ཐུབ་དང་འོད་སྲུང་འཁོར་བ་འཇིགས་སོགས་འདས་པའི་སྟོན་པ་རྣམས་སྔོན་བྱོན་མྱོང་ངམ་མ་མྱོང། བྱོན་མྱོང་ན་དེ་ཚོ་འཁྲུངས་སའི་གནས་ག་པར་རེད། བློ་རྣལ་དུ་ཕབས་ནས་གསུངས་གནང་རོགས། དེ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་འབུམ་སྡེ་འོག་ཀླུ་ཡུལ་ནས་གདན་དྲངས་པ་རེད་གསུངས་ཡ་དེ་ས་ཆ་དངོས་གནས་བསྟན་ཡ་ཡོད་རེད་དམ་མ་རེད། འོ་ན་སྐྱག་རྫུན་གསུངས་པ་རེད་པས། དངོས་གནས་ཡིན་ན་ས་ཆ་ག་པར་རེད། གསུངས་གནང་རོགས། ཤེར་ཕྱིན་གྱི་པོད་བཞི་འོག་ཀླུ་ཡུལ་དུ་ལྷག་པ་རེད་གསུངས་ཡ་དེ་ཚོ། དེང་སང་རགས་ཐབས་ཡོད་རེད་དམ་མ་རེད། རགས་ཐབས་ཡོད་ན་བོན་གྱི་ཁམས་ཆེན་དུམ་པ་བཅུ་དྲུག་དང་འདྲ་མཚུངས་ཆགས་ས་རེད། དེ་འདྲ་བྱུང་ན་དཔེ་ཡག་པོ་འདུག་ག ཡང་དུས་རབས་བཞི་པའི་སྐབས་ཀྱི་སློབ་དཔོན་ཐོག་མེད་ཟེར་བ་དེ། དགའ་ལྡན་དུ་ཕེབས་ནས་རྗེ་བཙུན་བྱམས་པའི་སྐུ་མདུན་ནས་བྱམས་ཆོས་སྡེ་ལྔ་གསན་པ་རེད་གསུངས་ཡ་དེ་ས་ཆ་ག་པར་རེད། དམར་པོ་འཛུབ་ཚུགས་ཀྱི་ལམ་ནས་སྟོན་གནང་རོགས། ད་ནི་དུས་ལ་བབས་འདུག ང་ཡང་སེམས་ཁམས་ལྷོད་པོ་ཞིག་རྩ་བ་ནས་ཡོང་གི་མི་འདུག ཁྱེད་ནས་མ་ཤི་བར་བཤད་འདུག་ཀྱང། ང་ནི་ཇི་སྲིད་བྱང་ཆུབ་མ་ཐོབ་པར་བློ་མི་བདེ་ཐག་ཆོད་རེད། ངའི་དོག་འདྲའི་འདི་བསྐལ་ཆེན་གྲངས་མེད་གསུམ་གྱི་བར་དུ་མུ་མཐུད་ཁྱེད་ཀྱི་སྒྲ་འཛིན་རྣ་བའི་བུ་གར་རྟག་ཏུ་ལྡིར་ངེས་ཐག་གཅོད་ཡིན།
དངོས་གནང་ཞེས་པ་འདི་དངོས་གནས་ཞེས་པར་བཅོས་གནང་རོགས།
སྟག་རས་ལགས།
ཤམ་བྷ་ལ་གང་ན་ཡོད་ངས་མི་ཤེས། ངའི་རྩོམ་འདི་ཡང་དེའི་སྐོར་ཡིན། མ་གཞི་ཤམ་བྷ་ལ་ཟེར་བ་དེ་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུས་ལ་ཡང་དགོས་ཀྱིན་ཡོད་པ་མ་རེད། ང་ལ་ཡང་མི་དགོས། མ་རྙེད་ན་ཡང་སྐྱོན་མི་འདུག ནང་པ་ཚང་མ་ལ་དགོས་པ་དེ་ལིམྦི་ནི་རེད། རྩ་མཆོག་གྲོང་རེད། དེ་ཚོ་ཁྱོད་ལ་བསྟན་དགོས་ན་ངས་ཁྱོད་ལ་བསྟན་ཆོག རྒྱུ་མཚན་དེ་ལ་བརྟེན་ནས་ངས་ཁྱོད་ཚོའི་འོལ་མོ་ལུང་རིང་སྟོན་དགོས་ཞེས་བཤད་པ་ཡིན
གསེར་ཐུབ་དང་འོད་སྲུང་མ་རྙེད་ན་ཡང་མ་རྙེད། ཤཀྱ་ཐུབ་པ་རྙེད་ན་དེས་ཆོག་གི་འདུག ཤཀྱ་ཐུབ་པ་ནི་ཤིང་སྡོད་འདིའི་འོག་ཏུ་སྐྱེས་པ་རེད། ཤིང་སྡོང་འདི་གཉིས་ཀྱི་བར་དུ་ཤི་བ་རེད་ཟེར་ནས་སྐྱེ་ས་ཤི་ས་ལ་ཡང་མཛུབ་མོ་འཛུགས་ཆོག་ཆོག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ངས་གཤེན་རབ་ཟེར་བའི་མི་ཞིག་འཇིག་རྟེན་འདིར་བྱུང་བའི་དཔང་རྟགས་སྟོན་ཤོག་ལབ་པ་ཡིན།
ལྷ་ཡུལ་ནས་གདན་དྲངས་དང་ཀླུ་ཡུལ་ནས་གདན་དྲངས་ཟེར་བ་དེ་གཅིག་བྱས་ན་བསྟན་བཅོས་ཀྱི་ཆེ་བ་འདོན་ཆེད་དུ་རྗེས་འཇུག་ཚོས་དེ་ལྟར་ཆེ་བ་བརྗོད་པ་ཡིན་སྲིད་པ་རེད། གཅིག་བྱས་ན་ལྷ་ཀླུའི་ཡུལ་ཟེར་བ་དེ་འཛམ་གླིང་འདི་དང་དེའི་ནང་ཚན་རྒྱ་གར་གྱི་ཡུལ་ལུང་བྱེ་བྲག་པ་རེའི་མིང་ཡིན་ཡང་སྲིད་པ་རེད། དཔེར་ན་དེང་སང་ཡང་རྒྱ་གར་ན་ཀླུ་ཡུལ་ཟེར་བའི་མངའ་སྡེ་ཞིག་ཡོད་ཡོད་པ་རེད། ས་ཆ་དེའི་མིང་ལ་Naga landཟེར་བ་རེད། ན་ག་ཟེར་བ་ཀླུའི་མིང་རེད། དེ་ཚོ་ངས་སྔོན་མ་ཡང་བཤད་མྱོང་།
ཧོ་ཧོ། སྤོབས་རྒྱུ་ཅི་ཡང་མེད་པའི་སྤོབས་པ་ལགས། ཐོག་མར་ངས་ཁྱོད་ལ་ཐལ་བ་ཞིག་ཅི་ནས་ཀྱང་འཕེན་འདོད་ཀྱི་ཀུན་སློང་འགོག་མེད་དུ་སྐྱེས། ཁྱོད་ཀྱིས་མ་ཤེས་ན་མེད་པས་ཁྱབ་པར་ཐལ། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུ་གསལ་བའི་སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་སེང་གེ་ལ། དུས་འཁོར་གྱི་རྒྱུད་ཞུ་བའི་འཁོར་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་ཤམ་བྷ་ལའི་ཡུལ་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་གསོལ་བ་བཏབ་པ་ལ་བརྟེན་ནས་དུས་འཁོར་གྱི་རྒྱུད་ཞུ་བ་དེ་དག་ནག་བསུབས་གཏོང་རྒྱུ་ཡིན་ནམ། ཤམ་བྷ་ལའི་ཡུལ་ནས་རྫུ་འཕྲུལ་གྱིས་བྱོན་པའི་རྒྱལ་པོ་ཟླ་བ་བཟང་པོ་བོན་ཅན། ཁྱོད་ཀྱིས་ཤཱཀྱ་སེང་གེའི་དྲུང་ནས་དུས་འཁོར་གྱི་རྒྱུད་ཞུ་མ་མྱོང་བར་ཐལ། ཁྱོད་མེད་པའི་ཕྱིར། རྟགས་ཁས། ཡང་སྟོན་པ་ཤཀྱ་སེང་གེ་ཆོས་ཅན། དུས་འཁོར་གྱི་རྒྱུད་གསུངས་མ་མྱོང་བར་ཐལ། ཁྱོད་ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་མེད་པའི་ཕྱིར། ཡ་སྤོབས་ངན་ཕྱིར་ཕྱིར་ཕྱིར་ཡ། ཐལ་འགྱུར་ལན་ནི་རྣམ་པ་གསུམ། ལན་གྱིས་ལྡོག་པར་མ་ནུས་ན། སྨད་དང་ཁོང་ཁྲོ་བྱེད་པ་བླུན། བསྟོད་དང་རྗེས་འབྲང་དམ་པའི་ལུགས། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ ད་ངས་གཞི་ནས་ཧ་གོ་སོང། དོན་གནད་ལ་ཐུག་དུས་སྡིག་པ་མིག་བཙུམས་ཀྱིས་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་ཚོགས་ལ་ཡང་ཡིད་ཆེས་མི་བྱེད་མཁན་གྱི་མི་ཐ་ཤལ་བ་ཞིག་རེད་འདུག་ཨ། གདོང་པ་དཀར་ནག་དྲི་དུས། གཤང་ལམ་ཆེ་ཆུང་གི་ལན་མ་བསྐྱོན་རོགས་ཞུ་ཡ་ཡིན། གསེར་ཐུབ་དང་འོད་སྲུང་འཁོར་བ་འཇིགས་སོགས་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་རྙེད་རྒྱུ་མེད་པའི་ཕྱིར། རྟགས་ཁས། ཧ་ཧ་ཧ་ཧ་་ཧ་ཧ་ཡ་ཕྱིར་ཕྱིར་ཕྱིར་ཕྱིར། ཨ་ལས་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་རེད་གསུངས་ཡ་དེ་nagalandརེད་པས། འོ་ན་དགའ་ལྡན་གསུངས་ཡ་དེ་ག་རེ་རེད། ཡ་ཕྱིར་ཕྱིར་ཕྱིར་ཕྱིར་ཕྱིར་ཕྱིར་ཡ། ཀླུ་སྒྲུབ་ཀྱིས་གདན་མ་དྲངས་པའི་སྔ་རོལ་དུ་nagalandལ་ཤེར་ཕྱིན་གྱི་འབུམ་སྡེ་དུམ་པ་བཅུ་དྲུག་པ་དེ་དག་ཡོད་ན། པོད་བཅུ་གཉིས་གདན་དྲངས་ཐུབ་ལ་པོད་བཞི་ལྷག་དགོས་པའི་རྒྱུ་མཚན་གང་རེད། ཤེར་ཕྱིན་གྱི་འབུམ་སྡེ་དེ་དག་སྐབས་དེའི་རིང་nagalandལ་ཡོད་ན། ག་པར་ཡོད་རེད། ས་འོག་ལ་ཡོད་རེད་པས། ཡང་ན་མི་མ་ཡིན་གྱིས་དེར་བཞག་པ་རེད་པས། ཡང་ན་ཤིང་སྡོང་གི་འོག་ལ་ཡོད་རེད་པས། ཡང་ན་རྒྱལ་པོའི་ཕོ་བྲང་དུ་ཡོད་རེད་པས། ཡང་ན་དེ་ལས་གཞན་ཞིག ཀླུ་ཚོས་བཅུ་གཉིས་ལས་བཞི་མ་བསྐུར་གསུངས་ཡ་གི་ཀླུ་རྫུས་དེ་ཚོ་སུ་དང་སུ་རེད། ཤེར་ཕྱིན་གྱི་འབུམ་སྡེ་དུམ་པ་བཅུ་དྲུག་དེ་ཚོ་ས་ཆ་དེར་སུས་བཞག་པ་རེད། ཤཀྱ་ཐབ་པ་རང་གིས་བཞག་པ་རེད་པས་ཡང་ན་དེའི་འཁོར་ཀུན་དགའ་བོ་སོགས་ཀྱིས་བཞག་པ་རེད་པས། ཡང་ན་སྤྲུལ་པའི་རྒྱལ་པོས་སྤྲུལ་པའི་ལྷ་དམག་བཏང་ཟེར་བའི་གཏམ་དཔེ་དེ་འདིར་དྲངས་ནས་ཕྱག་རྡོར་དང་འཇམ་དབྱངས་དང་སྤྱན་གཟིགས་སོགས་ལ་ཁག་དཀྲིས་རྒྱུ་ཡིན་ནམ། ཡ་ཡ་སྤོབས་ངན་ལགས། ལན་འཁྱེར་ཤོག ཕྱིར་རྒྱབ་ཀྱི་ཡིན་ད།
ཡང་བསྐྱར་དོགས་འདྲི་ཞིག་ཡོད། དེབ་ཐེར་དམར་པོ་ལས་གསལ་བ་ལྟར། ཐེག་ཆེན་གྱི་དབང་དུ་བྱས་ན་འཇམ་དབྱངས་དང་ཕྱག་རྡོར་སོགས་ཀྱིས་ཐེག་ཆེན་གྱི་བཀའ་བསྡུ་མཛད་སའི་གནས་དེ་གང་ན་ཡོད་རེད། སྟོན་རོགས་གནང། དོགས་པ་དཔེ་མི་སྲིད་ཟ་ཡི་འདུག བཤད་རྒྱུ་ཡོད་ན་བཤད་གནང་རོགས། བཤད་རྒྱུ་མེད་ན་དྲྭ་ངོས་འདིར་མ་ཡོང་རོགས། མིག་གིས་མཐོང་སར་མ་ཡོང་རོགས། འདི་མཁས་པའི་གླེང་སྟེགས་ཤིག་ཡིན་པ་ལས་བླུན་པོའི་རང་མཚང་བཏོན་ས་ག་ལ་ཡིན། བླུན་པོ་བླུན་པོའི་གྲལ་ལ་བཞུགས་ན་མི་མཛེས་སམ།
སྟག་རས་ལགས། ང་ལ་དགོས་པའི་ལན་གཅིག་ཀྱང་ཁྱོད་ཚོས་རྒྱག་ཐུབ་གིན་ཡོད་པ་མ་རེད། གཞན་གྱིས་དྲིས་པའི་ལན་འདེབས་སྣ་གཅིག་ཀྱང་འདེབས་གོ་མི་ཆོད་མཁན་ཞིག་ལ་བགྲོ་གླེང་བྱེད་རིན་མི་འདུག་མོད་ཕན་སེམས་ཀྱིས་སླར་ཡང་ཁྱོད་ལ་སློབ་ཚན་རེ་ཟུང་རེ་སྤྲོད་འདོད་བྱུང་།
སྤྱིར་ན་ཐེག་ཆེན་ཟེར་བ་དེ་སངས་རྒྱས་པའི་ལོ་རྒྱུས་ཡོངས་གྲགས་སུ་ཡོད་པའི་བཀའ་བསྡུ་བ་རིམ་པ་གསུམ་གྱི་ནང་ལ་ཡང་ཚུད་ཡོད་པ་མ་རེད། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཡས་མས་ཀྱི་རྗེས་སུ་དར་ཁྱབ་བྱུང་བ་ཞིག་རེད། གསང་སྔགས་ནི་ཧིན་དྷུའི་རིག་བྱེད་ཀྱི་ཆོས་ལུགས་ཀྱི་སྐབས་ཀྱི་རིག་གནས་ཤིག་རེད། ནང་པ་སངས་རྒྱས་པའི་གསང་སྔགས་ཟེར་བ་ཞིག་དར་ཁྱབ་བྱུང་དུས་ནི་ཧ་ཅང་འཕྱི་པོ་རེད། ཡོངས་ཁྱབ་ཀྱི་ནང་པ་སངས་རྒྱས་པའི་གསང་སྔགས་ཟེར་བ་དེ་རྒྱ་གར་དུ་དར་རྒྱས་བྱུང་དུས་ནི་དུས་རབས་བརྒྱད་པ་ནས་བཅུ་གཉིས་པའི་བར་ཙམ་རེད། ནང་པ་རང་གིས་འདོད་ཚུལ་ཡིན་ན་ཡང་སྟོན་པ་སངས་རྒྱས་ཀྱི་ཆོས་ལ་ཐུན་མོང་བའི་ངོར་གསུངས་པ་དང་གདུལ་བྱ་ཐུན་མོང་བའི་ངོར་མ་གསུངས་པ་སྟེ་རིགས་གཉིས་ཡོད་ཅིང་ཐེག་ཆེན་དང་དེའི་ཆ་ཤས་སྔགས་ཀྱི་སྡེ་སྣོད་ནི་གདུལ་བྱ་ཐུན་མོང་མ་ཡིན་པའི་ངོར་གསུངས་པའི་ཐེག་པ་ཐུན་མོང་མ་ཡིན་པའི་ཆོས་འཁོར་ཡིན་པས་ས་གནས་འདི་ནས་བསྟན་ཟེར་བའི་འཛམ་བུའི་གླིང་གི་ཆ་ཤས་ཤིག་ལ་མཛུབ་མོ་འཛུགས་མི་དགོས་པ་འདྲ། སྔགས་དང་ཐེག་ཆེན་གསུངས་ཡུལ་མང་པོ་ཞིག་ནི་འཛམ་བུ་གླིང་གི་ཆ་ཤས་ཤིག་ཏུ་མ་གསུངས་པ་ཁ་གསལ་པོས་བསྟན་ཡོད་དུས་ཀྱང་འདུག འདིའི་རིགས་ལ་དེང་རབས་ལོ་རྒྱུས་སྨྲ་བ་ཚོས་ནི་བཀའ་བསྡུ་རིམ་པ་གསུམ་གྱི་ཁོངས་སུ་མ་ཚུད་པའི་སངས་རྒྱས་ཀྱི་གསུངས་སྒྲོས་མང་པོ་ཞིག་རྗེས་སུ་མཁས་པ་ཚོས་ཕྱོགས་བསྡུ་བྱས། གསལ་ཁ་བཏོད། གཞུང་ལུགས་བརྩམས་པ་ཞིག་ལས་སངས་རྒྱས་ཀྱིས་ཡོངས་གྲགས་སུ་གསུངས་པའི་ཆོས་ཤིག་ལ་ཁས་མི་ལེན། ང་ཡང་དེའི་ཕྱོགས་གཏོགས་ཡིན།
དུས་འཁོར་སོགས་སངས་རྒྱས་ཀྱི་གསུངས་མ་རེད་ཟེར་མཁན་ནི་ནང་པ་སངས་རྒྱས་པ་བརྒྱ་ཆ་དགུ་བཅུ་གོ་དགུ་དང་གྲངས་ཆུང་དགུ་ལས་བརྒལ་བ་ཞིག་ཡིན་སྟབས་ངས་དེ་སྨྲས་པས་ང་ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད་པའི་དོག་པ་གང་ཡང་དགོས་པ་མ་རེད། སྤྱིར་ན་ནང་པ་སངས་རྒྱས་པ་ཟེར་བ་འདི་ཆོས་ལུགས་གུ་དོག་པོ་ཞིག་མ་རེད། རྩོད་པ་རྒྱག་ཆོག་པ་རེད། བགྲོ་གླེང་བྱེད་ཆོག་པ་རེད། དོག་སློང་བྱེད་ཆོག་པ་རེད། དགག་བཞག་བྱེད་ཆོག་པ་རེད།
ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཟེར་བ་ཞིག་གི་དྲུང་ནས་ཆོས་གསན་ས་དེ་ལ་ཊུ་ཤི་ཊ་ཟེར་བ་རེད། ནང་བསྟན་ལོ་རྒྱུས་དཔྱད་ཞིབ་པ་འབྲོང་བུ་ཚེ་རིང་རྡོ་རྗེ་སོགས་ཀྱིས་བསྟན་བཅོས་ཀྱི་ཆེ་བ་འདོན་ཆེད་དུ་དེ་ལྟར་བརྗོད་པ་ཙམ་ལས་དོན་དུ་ཐོགས་མེད་རང་གིས་བརྩམས་པ་མ་གཏོགས་དགའ་ལྡན་ལྷ་ཡུལ་དུ་བྱམས་པའི་དྲུང་ནས་གསན་པ་མ་རེད་ཟེར། དྲ་ཐོག་འདིར་བཞུགས་པའི་ཀླུ་སྨྱོན་ཧེ་རུ་ཀ་སོགས་ཀྱིས་ནི་དགའ་ལྡན་ནམ་ཊུ་ཤི་ཏ་ཟེར་བ་དེ་ཡང་ཡུལ་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པར་འདོད། དེ་བཞིན་དུ་རྒྱ་ནག་གི་ནང་བསྟན་པ་ཚོས་ནི་རྗེ་བཙུན་བྱམས་པ་ནི་མི་ཡུལ་དུ་བཞུགས་པའི་བཙུན་པ་གསེས་འཕྱངས་ཤིག་ཡིན་པར་འདོད། གང་ལྟར་བྱམས་ཆོས་རང་གི་ནང་ལ་ས་གནས་ཁ་གསལ་པོ་ཞིག་མེད་དུས་ང་ཚོས་མོ་འདྲ་འདེབས་ན་མ་གཏོགས་གཞན་ཅི་ལྟར་ཤེས།
ངའི་དྲི་བ་དེ་ཚོར་ལན་འདེབས་སྣ་གཅིག་ཀྱང་མི་ཤེས་ན་ངེད་གཉིས་ཀྱིས་བགྲོ་གླེང་བྱས་མ་བྱས་མི་འདུག་པས་ངའི་རྩོམ་གྱི་རྐུབ་ཁུངས་ནང་ནས་ཕར་འབུད་རོགས།
ད་དུང་བྱམས་ཆོས་ཀྱི་སྐོར་ཅུང་ཙམ་ཞུ་འདོད་བྱུང་། བྱམས་ཆོས་སྡེ་ལྔའི་མཇུག་བྱང་ན་ཐོགས་མེད་ཀྱི་མཛད་ཚུལ་གཏན་ནས་མེད། རྗེ་བཙུན་བྱམས་པས་མཛད་པ་རྫོགས་སོ༎ཞེས་གསལ་ཡོད་པ་རེད། དགའ་ལྡན་དང་ཐོགས་མེད་ཀྱི་སྐད་ཆ་མི་འདུག དེ་ལས་འཕྲོས་པའི་གཏམ་རྒྱུད་སྙིང་རྗེ་པོ་ཚོ་ནི་ཆོས་འབྱུང་འབྲི་མཁན་ཚོས་བྲིས་པ་མ་གཏོགས་བསྟན་བཅོས་རང་གིས་ཁ་དེ་ཙམ་ཞིག་མ་གཏོགས་གྲག་གི་མི་འདུག རྒྱ་གར་ལྷ་སྒྲུང་གི་ཕ་ཡུལ་ཡིན་སྟབས་ལོ་རྒྱུས་དང་ལྷ་སྒྲུང་ཞེས་གསེར་དང་བྱེ་མ་སོ་སོར་འབྱེད་དགོས་པ་ནི་དེང་རབས་ནང་པ་སངས་རྒྱས་པའི་ལོ་རྒྱུས་སྨྲ་བ་ཚོའི་ཐུགས་དབུས་ནས་འདོར་མི་རུང་བའི་འགན་ཆེན་པོ་ཞིག་རེད་སྙམ།
NEW DELHI: Even as there are claims and counter-claims about Lord Buddha being born in Kapileswar village near Bhubaneswar and not Lumbini in present-day Nepal as believed all along so far, an American anthropologist says it is time Orissa got its due as one of the most prominent centres of Buddhism in the world.
“The numerous Buddhist sites in Orissa, the antiquities and sculptures found there reflect many centuries of Buddhist tradition in the State. It is full of rich Buddhist heritage. Orissa has so far been overlooked as a hub of Buddhism,” says James M. Freeman, Professor Emeritus in the Department of Anthropology at San Jose State University, California.
Prof. Freeman together with his filmmaker son Karsten Freeman and an Indian professor in the University of California, Annapurna Devi Pandey, shot a documentary film in Kapileswar and about 10 districts of Orissa capturing the Buddhist culture and tradition in the State.
Prof. Freeman is now on a personal visit to the country, his third trip. His bond with Kapileswar dates back to 1962 when he lived and worked in the village as part of his research project.
Birthplace
It was Dr. Pandey, who hails from Cuttack, who told him in 2005 about the villagers’ conviction that Kapileswar was the Buddha’s birthplace. This prompted him to go there once again.
“There was this new sudden excitement about the Buddha that I noticed there. The State Government was carrying out many excavations there and lots of local archaeologists and scholars were taking an interest in Kapileswar. The Head of the Orissa State Museum, C. B. Patel, made these claims based on the findings of a research team led by him that examined rocks, inscriptions and other materials found during excavations. He also highlighted the works of historian Chakradhar Mohapatra who was among the first ones to talk about this issue and gave conclusive evidence of Kapileswara being the original birthplace of Buddha in his book ‘The Real Birthplace of Buddha’,” says Dr. Pandey.
Mohapatra, claims Prof. Freeman, had also written about a stone pillar inscription of King Asoka discovered in Kapileswar in 1928 – which he claims is missing now — that points to Buddha’s birthplace being in Orissa.
“I went to the Ashutosh Museum in Kolkata where the stone inscription was said to have been kept. People there said they had not heard of any such stone inscription ever. That prompted us to begin our documentary. But when we began visiting sites in Orissa, we realised that there was a much bigger story,” claims Prof. Freeman.
Material remains
“There were large domes, monasteries, sculptures and other objects of archaeological importance at these places. We visited at least a hundred Buddhist sites. We found Buddhist communities living there for generations. They are not converts but traditional Buddhists who have been living amicably with the Hindus for all these years. In Narsinghpur alone, there are about 10,000 Buddhist families. The Buddhist culture in Orissa is thriving, which not many people know of. Somehow Orissa has not been connected to the Buddha’s life as it ought to have been done,” he rues.
Asked if they concur with those who claim the Buddha was born in Orissa, the team says it is not their prerogative to take a position on this.
“We are not here to take sides. It is for the experts to prove or disprove this claim. We are here to give a platform to people’s voices. I have lived in Orissa and got a lot of love and support from them even when the Indo-US ties were strained. I just want to give something back to the State, a legitimate significance to their ancient Buddhist sites,” concludes Prof. Freeman, promising to come back in December with his team to shoot a film in Kapileswar.
སྤོབས་རྫོགས་ལགས། ནམ་རྒྱུན་ཁྱེད་སྤོབས་པ་མཐའ་ཡས་དང་སྤོབས་པ་མཐའ་ཡས་ཞེས་བཤད་ནས་བརྗིད་པའི་རལ་ཁུར་མཁའ་ལ་བསྒྲེངས་མདོག་གིས་རྣམ་འགྱུར་མང་པོ་ཞིག་སྟོན་གྱི་འདུག་ཀྱང། དོན་དངོས་དགོས་པའི་དུས་ལ་གཏུགས་ཉིན་མེད་མུག་མ་གཏོགས་གང་ཡང་ཤོད་རྒྱུ་མི་འདུག་པ་འདི། དོན་དུ་ཁྱེད་ཀྱི་ཤེས་ཚད་དང་མཐོང་རྒྱ་ཇི་ཙམ་ཡོད་མིན་གྱི་རང་རྟགས་གསོན་པོ་གླེང་སྟེགས་འདིར། རང་སྡུག་རིན་གྱིས་ཉོས་ནས་སྟོན་པ་མ་ཡིན་ནམ། ངས་ཁྱོད་ལ་ལེགས་པར་བཤད་པའི་གདམས་པ་ཞིག་འབུལ་འདོད་བྱུང། གོ་བ་ལེན་ཤེས་ན་ཡག་པོ་རེད། མི་འགྲུབ་པ་ཡི་བསམ་རྒྱ་དང། མི་འཇོན་པ་ཡི་ཁས་ལེན་དང། མི་ཐུབ་པ་ལ་དོ་བསྡོ་གསུམ། རང་སྡུག་རིན་གྱིས་ཉོས་པ་ཡིན། ཡང་བསྐྱར་གཅིག་གདམས་ན། མེ་ཆུའི་རེག་བྱ་མ་མྱོང་བའི། ཝ་སྐྱེས་གྲ་ལེགས་རྔ་མ་དེ། རླུང་གིས་སྤུར་དུས་སྦོམ་མདོག་མདོག ལག་ཏུ་འཆང་ན་ངན་མཚང་བརྟོལ། ཞེས་པ་དེ་ཡང་ཁྱོད་ཀྱི་མགོ་ཐོག་ཏུ་བབས་འདུག་པས་ད་དུང་དུས་ཚོད་ཡོད། རང་གནོང་ངོས་ལེན་བྱས་ནས་ཁུ་སིམ་མེར་མི་སྨྲ་བའི་བརྟུལ་ཤུགས་འཛིན་ན་ལེགས། ཡང་བསྐྱར་རེག་ཚོར་གྱིས་མ་ཟིན་པའི་སྐད་འདི་འདྲ་ཤོད་ཁ་བྱས། ཤམ་བྷ་ལ་གང་ན་ཡོད་ངས་མི་ཤེས། ངའི་རྩོམ་འདི་ཡང་དེའི་སྐོར་ཡིན། མ་གཞི་ཤམ་བྷ་ལ་ཟེར་བ་དེ་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུས་ལ་ཡང་དགོས་ཀྱིན་ཡོད་པ་མ་རེད། ང་ལ་ཡང་མི་དགོས། མ་རྙེད་ན་ཡང་སྐྱོན་མི་འདུག ཞེས་འུ་ཐུག་ཐབས་ཟད་ཀྱི་གཏམ་འདི་ཚོ་བཤད་ཕོད་པ་ཡ་མཚན་ཆེ། ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་དགོས་མིན་ངས་མི་ཤེས། ཁྱོད་རང་ལ་དགོས་ཀྱི་མི་འདུག་ཟེར་ཡ་དེ། ཁྱོད་ཀྱིས་ཡིད་ཆེས་བརླག་པའི་རྒྱུ་མཚན་གྱིས་དགོས་ཀྱི་མེད་ཤོད་ཀྱི་ཡོད་དམ། ཡང་ན་དོན་དངོས་མང་པོ་ཞིག་ཐལ་འགྲོ་བའི་གནད་དོན་ལ་ཐུག་ནས་ཁ་རྐུབ་ལྡང་ནས་བཤད་མི་ཕོད་པ་གང་ཡིན། ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་དགོས་དང་དགོས། སྟོན་པ་གཅིག་དང་བསྟན་པ་གཅིག་ཏུ་གཏོགས་པའི་རིས་སུ་མ་ཆད་པའི་ཆོས་རྒྱུད་བཞི་ཡི་རྗེས་འཛིན་པ་ཚོས། ཤམ་བྷ་ལ་ཡི་གནས་སུ་སྐྱེ་བར་ཤོག་གསུངས་ནས་དུས་རྟག་ཏུ་སྨོན་ལམ་བརྒྱབ་བཞིན་པ་དེ། མི་དགོས་ནས་རྒྱགས་པ་རེད་དམ། སྐྱག་རྫུན་དེ་འདྲ་མ་ཤོད། ཁྱོད་ཁ་གྲགས་མི་ཕོད་པའི་རྒྱུ་མཚན་གྱི་མི་དགོས་ཟེར་གྱི་ཡོད་ན། ཤམ་བྷ་ལ་ཡི་རྒྱལ་པོ་རིགས་ལྡན་ཉེར་ལྔ་དང། ཤམ་བྷ་ལ་ཡི་ཆོས་རྒྱལ་བདུན་དང། ཤམ་བྷ་ལར་བྱུང་བའི་དུས་འཁོར་གྱི་སྟོན་པ་རིགས་ལྡན་གྱི་ཆོས་རྒྱལ་སུམ་ཅུ་རྩ་གཉིས། དེ་དག་ཐམས་ཅད་ཁྱོད་དང་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་མི་དགོས་པ་ཉག་ཅིག་ཡིན་ནམ། དེ་དག་གི་དྲིན་ལས་བྱུང་བའི་དུས་འཁོར་ཞེས་པ་འདི་དེང་སང་རྩ་ཆེན་ཞེ་དྲག་རྩིས་པའི་དུས་འདིར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་རིས་སུ་མ་ཆད་པའི་འཛམ་གླིང་གི་ཡུལ་གྲུ་ཀུན་དུ་དུས་འཁོར་གྱི་བཀའ་དབང་བརྩལ་ན་གདུལ་བྱ་སྨིན་གྲོལ་ལ་འགོད་པ་ཚེ། ཕྱི་ནང་ཁྲི་ཕྲག་མང་པོས་མགོ་བོ་སྒུར་ནས་སྐྱབས་སུ་འཚོལ་བ་མ་ཟད། ཁྱོད་དང་ཁྱོད་ཀྱིས་བསྒྲངས་པའི་ནང་པ་བརྒྱ་བཅུ་གོ་དགུ་པོ་དེ་ཡང་མིག་ནས་མིག་ཆུ་ཕྲུམ་ཕྲུམ། ཁ་ནས་ཁ་མཆུ་ལུག་ལུག འདར་ཟིལ་ཆོམ་མེ་དད་གུས་བྱེད་པ་འདི། ཟོག་བརྫུས་ཤིག་ཡིན་ནམ། སྔོན་བྱོན་དུས་འཁོར་རྒྱུད་རིམ་གྱི་བླ་བརྒྱུད་དེ་དག་གི་བརླབས་ཆེན་མཛད་རྗེས་ཁག་ནག་བསུབས་ཏུ་གཏོང་བ་འདི་དག སྤོབས་ངན་ཁྱོད་མ་གཏོགས་གཞན་སྤྱི་བོ་གནམ་བསྟན་གྱི་སྐྱེ་འགྲོ་སུ་དང་གང་གིས་ཀྱང་གཏན་ནས་མི་ཕོད་པའི་བྱ་བཞག་ཞིག་མ་ཡིན་ནམ། ཡང་བསྐྱར་གཅིག་ཤོད་ཁ་བྱས། ཚུར་ལ་སྟོན་ཤོག་ཟེར་དུས་ལས་སླ་པོ་ཡོད་རེད། འོན་ཀྱང་ཕར་ལ་འཛུབ་མོ་བཙུགས་ནས་སྟོན་ཤོག་ཟེར་དུས་ཁག་པོ་འདུག་ག ཁ་ལ་འཛུབ་བུ་རྒྱབ་ནས་བསྡད་དགོས་ཐུག་གི་འདུག་ག ཐུན་མོང་དང་ཐུན་མོང་མ་ཡིན་པ་ཟེར་ནས་ཁ་ཕྱོགས་གཞན་དུ་སྤོ་ཐབས་གནང་དགོས་ཐུག་གི་འདུག་ག དོན་ངོ་མ་བཤད་ན། ཐེག་ཆེན་གྱི་དབང་དུ་བྱས་པའི་འཇམ་དཔལ་དང། ཕྱག་རྡོར་དང། སྤྱན་རས་གཟིགས་སོགས་ཀྱི་བཀའ་བསྡུ་མཛད་སའི་གནས་དེ་སྟོན་རྒྱུ་མེད་ཐག་ཆོད་རེད་འདུག་པ། ཡང་བསྐྱར་མི་ངན་གྱིས་ཧམ་ངན་ཤོད་སྟངས་འདི་ལ་གཅིག་ལྟོས་དང། གསེར་ཐུབ་དང་འོད་སྲུང་མ་རྙེད་ན་ཡང་མ་རྙེད། ཅེས་བཤད་ཁ་བྱས། དོན་དངོས་ལ་དེ་དག་ཁྱེད་ཀྱིས་མེད་པར་ཁས་བླངས་འདུག་པས། འོ་ན་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་ཆོས་ཅན། རྣམ་འདྲེན་བཞི་པ་མ་ཡིན་པར་ཐལ། རྣམ་འདྲེན་དང་པོ་དང་གཉིས་པ་གསུམ་པ་སོགས་སྟོན་རྒྱུ་མེད་པའི་ཕྱིར། ཕལ་ཆེར་ཁྱེད་ཀྱིས་རྟེན་འབྲེལ་སྐོར་ཞེ་དྲག་ཤེས་ཀྱི་ཡོད་ཚོད་མིན་འདུག དང་པོ་མེད་པའི་གཉིས་པ་དང། གཉིས་པ་མེད་པའི་གསུམ་པ། གསུམ་པ་མེད་པའི་བཞི་པ་ཞིག་ཡོངས་མི་སྲིད་པ་བྱིས་པ་ཚོས་ཀྱང་ཤེས་ཐག་ཆོད་རེད། རྣམ་འདྲེན་དང་པོ་དང། རྣམ་འདྲེན་གཉིས་པ། རྣམ་འདྲེན་གསུམ་པ་སོགས་ཀྱིས། གདུལ་བྱ་གང་ཞིག་འདུལ། གདུལ་ཞིང་གང་དུ་བྱོན། མཛད་པ་གང་ཞིག་མཛད། ཆོས་འཁོར་གང་ཞིག་བསྐོར། རེ་རེ་ནས་སྟོན་ཤོག དེའི་སྐབས་ཀྱི་ཡི་གེ་ན་རྡོག་གཅིག་ཀྱང་སྟོན་རྒྱུ་མེད་པར་རྙོག་གཏམ་མང་པོ་སྤེལ་མ་སྤེལ་ཅི་ཞིག་ཡོད། ཡོད་ན་སྟོན་ཤོག གཡོལ་ཐབས་མ་བྱེད། འདི་མཁས་པའ་གླེང་སྟེགས་ཞིག་ཡིན་པ་ལས་བླུན་པོ་ཝ་བྲོས་རྒྱབ་ས་གཏན་ནས་མ་རེད། ཡང་བསྐྱར་གཅིག་ཤོད་ཁ་བྱས། ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཟེར་བ་ཞིག་གི་དྲུང་ནས་ཆོས་གསན་ས་དེ་ལ་ཊུ་ཤི་ཊ་ཟེར་བ་རེད། ཅེས་བཤད་པ་དེ་ཡང་དེང་སང་གསར་བསྣན་རྒྱབ་དགོས་ཐུག་པ་རེད་པས། ས་ཆ་འདི་ག་པར་ཡོད་རེད། སྟོན་ཤོག ས་ཕྱོགས་ངོས་བཟུང་མེད་པ་ལ་ས་མིང་བརྫུས་མ་འངྲ་བཟོས་མ་བཟོས་ཕན་ཐོག་ཅི་ཡང་མེད། ཁ་སང་ངས་བཏོན་པའི་ཀླུ་སྒྲུབ་ཀྱི་སྐོར་དྲི་བ་ཁག་ལ་ལན་ཅི་ཡང་རྒྱབ་ཐུབ་མི་འདུག ལན་ཁྱེར་ཤོག ཡང་མིན་ན་མགོ་བཏགས་ཞུས་ནས་ཙོར་གེར་སྡོད། ཀླུ་སྒྲུབ་ཀྱིས་གདན་མ་དྲངས་པའི་སྔ་རོལ་དུ་nagalandལ་ཤེར་ཕྱིན་གྱི་འབུམ་སྡེ་དུམ་པ་བཅུ་དྲུག་པ་དེ་དག་ཡོད་ན། པོད་བཅུ་གཉིས་གདན་དྲངས་ཐུབ་ལ་པོད་བཞི་ལྷག་དགོས་པའི་རྒྱུ་མཚན་གང་རེད། ཤེར་ཕྱིན་གྱི་འབུམ་སྡེ་དེ་དག་སྐབས་དེའི་རིང་nagalandལ་ཡོད་ན། ག་པར་ཡོད་རེད། ས་འོག་ལ་ཡོད་རེད་པས། ཡང་ན་མི་མ་ཡིན་གྱིས་དེར་བཞག་པ་རེད་པས། ཡང་ན་ཤིང་སྡོང་གི་འོག་ལ་ཡོད་རེད་པས། ཡང་ན་རྒྱལ་པོའི་ཕོ་བྲང་དུ་ཡོད་རེད་པས། ཡང་ན་དེ་ལས་གཞན་ཞིག ཀླུ་ཚོས་བཅུ་གཉིས་ལས་བཞི་མ་བསྐུར་གསུངས་ཡ་གི་ཀླུ་རྫུས་དེ་ཚོ་སུ་དང་སུ་རེད། ཤེར་ཕྱིན་གྱི་འབུམ་སྡེ་དུམ་པ་བཅུ་དྲུག་དེ་ཚོ་ས་ཆ་དེར་སུས་བཞག་པ་རེད། ཤཀྱ་ཐབ་པ་རང་གིས་བཞག་པ་རེད་པས་ཡང་ན་དེའི་འཁོར་ཀུན་དགའ་བོ་སོགས་ཀྱིས་བཞག་པ་རེད་པས། ཡང་ན་སྤྲུལ་པའི་རྒྱལ་པོས་སྤྲུལ་པའི་ལྷ་དམག་བཏང་ཟེར་བའི་གཏམ་དཔེ་དེ་འདིར་དྲངས་ནས་ཕྱག་རྡོར་དང་འཇམ་དབྱངས་དང་སྤྱན་གཟིགས་སོགས་ལ་ཁག་དཀྲིས་རྒྱུ་ཡིན་ནམ། ཡང་ན་ཤེར་ཕྱིན་གྱི་བོན་སྡེ་དེ་དག་རྐང་པ་ས་ལ་བརྩུགས་ནས་nagaland ལ་འབྱོར་བ་རེད་པས། ལན་ཁྱེར་ཤོག ཐོགས་མེད་རི་བོ་བྱ་རྐང་གི་ཕུག་ཏུ་ལོ་བཅུ་གཉིས་བྱམས་པ་བསྒྲུབ་ཀྱང་མ་མཇལ་མཐར་ཕེབས་ལམ་ཁྱི་མོ་གསོན་རུལ་ལ་སྙིང་རྗེའི་སྟོབས་ཀྱིས་བྱམས་པ་ཞལ་མཇལ་དགའ་ལྡན་དུ་ཁྲིད། ཟེར་ཡ་དེ་ཚོ་སྐྱགས་རྫུན་རེད་པས། བྱམས་ཆོས་སྡེ་ལྔ་བྱམས་པས་བརྩམས་པ་མ་ཡིན་པར་ཐོགས་མེད་ཀྱིས་བརྩམས་པ་ཡིན་ན་ཡང་འདྲ། ཁོང་གཉིས་གང་ཟག་གཅིག་ཡིན་པའི་དབང་དུ་མ་བཏང་ན་འུ་ཐུག་གི་ཡོད་ནའང་འདྲ། གང་ལྟར་ཐོགས་མེད་ཀྱིས་སློབ་དཔོན་སུ་ཞིག་ལ་བསྟེན་ནས་བྱམས་ཆོས་སྡེ་ལྔ་བརྩམས་པ་རེད། ཁོང་རང་གིས་ཁོང་རང་ལ་བརྟེན་ནས་བརྩམས་པ་རེད་པས། ཡང་ན་ཁོ་རང་ལ་སློབ་དཔོན་མི་དགོས་ཞེས་ཐུན་མོང་མ་ཡིན་པའི་བཤད་པ་ཁག་འདིར་བསྐྱར་ཟློས་བྱ་རྒྱུ་ཡིན་པས། ཡང་ཁྱེད་ཅག་གི་གསུང་རབས་ནས་གསལ་བ་ཞིག་ལ། དབྱིག་གཉེན་དང་ཐོགས་མེད་གཉིས་ཐོག་མར་ཆོས་གཏམ་འགའ་ཞིག་བྱས་པས་གཅུང་པོ་ནི་སྤོབས་པ་མྱུར་ཞིང་ལན་ཐོགས་པ་མེད་པར་བྱུང། གཅེན་ནི་དེ་ལས་བུལ་ཞིང་ལན་བཟང་པོ་བྱུང་བ་ལ། གཅེན་གྱིས་ཁྱོད་ནི་སྐྱེ་བ་ལྔ་བརྒྱར་པཎ་ཌི་ཏར་གྱུར་པས་སྐྱེས་ཐོབ་ཀྱི་ཤེས་པ་ཆེ། ང་ནི་དེ་ལྟར་མ་ཡིན་པར་ལྷག་ལྷ་ལ་འདྲི་ཞིང་ལན་སྨྲ་བར་གསུངས། དེ་ལྟར་ལྷག་ལྷ་ཞལ་བལྟར་ཞུས་པས་ཐེག་ཆེན་ལ་སྐུར་བས་ཚེ་འདིར་མཐོང་སྐལ་མེད། ཅེས་པ་འདི་དག་ཐམས་ཅད་གད་སྙིགས་ཁྲོད་དུ་གཡུགས་རྒྱུ་ཡིན་ནམ། ཡང་དུས་རབས་བཅུ་པའི་ཡར་སྔོན་ཡི་གེ་ན་གཅིག་ཤོད་ཁ་བྱས། ཁྱེད་ཅག་གི་སྐྱབས་ཡུལ་མཁའ་འགྲོ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར་དང། བདུད་འཇོམས་རྒྱལ་རབས་སོགས་སུ་ལྟོས་དང། ཡི་གེ་ན་རྡོག་གཅིག་གིས་ཚད་ཀྱི་འདུག་པས། ག་ཚོ་མེ་ལ་བསྲེགས་འདུག ག་ཚོད་ཆུ་ལ་བསྐུར་འདུག ཀྱེ་མ། ཀྱེ་མ། ཀྱེ་མ།
སྤོབས་རྫོགས་ལགས། ནམ་རྒྱུན་ཁྱོད་ལ་སྤོབས་པ་མཐའ་ཡས་སྤོབས་པ་མཐའ་ཡས་ཞེས། བརྗིད་པའི་རལ་ཁུར་མཁའ་ལ་བཏེགས་ཏེ་ཤེས་མདོག་དང་སྦོམ་མདོག་རྫིག་མདོག་གི་རྣམ་འགྱུར་ཞེས་དྲག་སྟོན་རྒྱུ་འདུག་མོད། དོན་དངོས་དགོས་པའི་དུས་ལ་བབས་ཉིན་མེད་མུག་དང་མི་ཤེས་པའི་འབོད་སྒྲ་ཁོ་ན་སྒྲོགས་ཏེ་འ་ཆད་འུ་ཐུག་གྱི་གནས་སུ་གྱར་བ་འདི་ལ་བལྟས་ན། ཁྱོད་ལ་ཤེས་ཚད་དང་མཐོང་རྒྱ་ཇི་ཙམ་ཡོད་མིན་གྱི་ཚོད་དཔག་མཇལ་ཐུབ་ལ། ཁྱོད་ནི་རང་སྡུག་རིན་གྱིས་ཉོས་ཏེ་དབང་མེད་དུ་ལས་དབང་གིས་དྲྭ་ངོས་འདིར་བླུན་པོའི་རང་རྟགས་བསྟན་ཕྱིར་དེད་ཡོངས་བ་ཞིག་ཡིན་པ་ཁོ་བོས་དམར་ཐག་ནང་ནས་ཆོད། དང་ཐོག་ངས་ཁྱེད་ལ་རང་ངོ་རང་གིས་ཤེས་ཕྱིར་ལེགས་པར་བཤད་པའི་གདམས་པ་ཞིག་སྐྱེས་སུ་འབུལ་འདོད་པ་ལ། མི་འགྲུབ་པ་ཡི་བསམ་རྒྱ་དང། མི་འཇོན་པ་ཡི་ཁས་ལེན་དང། མི་ཐུབ་པ་ལ་དོ་བསྡོ་གསུམ། རང་སྡུག་རིན་གྱིས་ཉོས་པ་ཡིན། ཞེས་པའི་རྨད་དུ་བྱུང་བའི་ལེགས་པར་བཤད་པའི་གཤེན་དབྱངས་འདི་ལ་བློ་རྣལ་དུ་ཕབས་ནས་གོ་བ་ཞིག་རྒྱུད་ཐོག་ལ་སྦྱར་ཐུབ་པ་ཞིག་གྱིས་དང། ཁྱོད་རང་ལ་ཕན་ངེས་རེད། ངས་ཁར་སྔོན་དྲིས་པའི་དྲི་ཚིག་དང་པོ་དེ་ལ་བཀའ་ལན་གང་ཡང་མེད་པར་ད་དུང། ཤམ་བྷ་ལ་གང་ན་ཡོད་ངས་མི་ཤེས། ངའི་རྩོམ་འདི་ཡང་དེའི་སྐོར་ཡིན། མ་གཞི་ཤམ་བྷ་ལ་ཟེར་བ་དེ་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་ཡང་དགོས་ཀྱིན་ཡོད་པ་མ་རེད། ང་ལ་ཡང་མི་དགོས། མ་རྙེད་ན་ཡང་སྐྱོན་མི་འདུག ཅེས་ཤོད་ཁ་བྱས་འདུག་ཀྱང། དོན་ལ་ཁྱོད་ཀྱིས་མ་རྙེད་ན། ནང་པ་སྤྱི་ཡོངས་ལ་མི་དགོས་པ་ཁས་བླངས་འདུག་པ་མ་ཚད། ཁ་རྐུབ་ལྡང་ནས་མེད་ཅེས་བཤད་མ་ཕོད་པ་ཙམ་རེད་མ་གཏོགས་དོན་ལ་མེད་པར་ཁས་བླངས་འདུག་པས། དེ་ལྟར་ན། རིས་སུ་མ་ཆད་པའི་ཆོས་རྒྱུད་ཆེན་པོ་བཞིའི་རྗེས་འཛིན་པ་ཚོས། ཤམ་བྷ་ལ་ཡི་གནས་སུ་སྐྱེ་བར་ཤོག ཅེས་བདེན་ཚིག་གི་སྨོན་ལམ་འབོད་སྒྲ་གཅིག་འགྱུར་གྱིས་བཏབ་པ་འདི་དག་ར་བཟའི་ཁ་ནས་འཆོལ་ལབ་རྒྱབ་པ་ལྟ་བུ་ཞིག་རེད་དམ། དེང་སང་ནང་པ་ཚོའི་ནང་ནས་ཚད་ཐུབ་དེ་ཁྱོད་རང་ཙམ་ལས་གཞན་དག་ཚོའི་ནང་ཐ་སྙད་ལྔ་ལྡན་ཞིག་མེད་པ་རེད་པས། ཡང་སྤོབས་རྫོགས་ལགས་ཉོན་ཨ། ཁྱེད་ཅག་གི་གཞུང་ལས་གསལ་བའི་ཤམ་བྷ་ལ་ཡི་རྒྱལ་པོ་རིགས་ལྡན་ཉེར་ལྔ་དང། ཤམ་བྷ་ལ་ཡི་ཆོས་རྒྱལ་དྲིན་ཅན་བདུན། ཤམ་བྷ་ལར་བྱུང་བའི་དུས་འཁོར་གྱི་སྟོན་པ་རིགས་ལྡན་གྱི་ཆོས་རྒྱལ་སུམ་ཅུ་རྩ་གཉིས་དེ་དག་ཐམས་ཅད་ཆོས་ཅན། ལུང་མ་བསྟན་པའི་ལྷ་སྒྲུང་ཀླུ་སྒྲུང་དང་གཞན་མགོ་སྐོར་བྱེད་ཙམ་ལས་དོན་ལ་བྱོན་མ་མྱོང་བར་ཐལ། གཞི་མ་གྲུབ་པའི་ཕྱིར། རྟགས་ཁས། དུས་ཀྱི་འཁོར་ལོའི་བླ་རྒྱུད་དེ་དག་གི་སྐུ་དྲིན་ལས་དེང་སང་དུས་འཁོར་དབང་ཆེན་ཞེས་ཤིན་ཏུ་ཡང་རྩ་ཆེན་བརྩིས་པའི་གནམ་གྲགས་ས་གྲགས་ཀྱི་བཀའ་དབང་ཆེན་པོ་དེ་ཉིད། ལྷ་དང་བཅས་པའི་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་ལྟ་ཞོག་རིས་སུ་མ་ཆད་པའི་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཆོས་སྦྱིན་དཔག་མེད་བརྩལ་ཏེ་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་པ་འདི། ཁུང་ལུང་རྒྱུ་མཚན་ཅི་ཡང་མེད་པའི་རང་འདོད་རྟོག་བཟོ་ཁོ་ནའི་ལམ་ནས་དྲངས་པ་ཞིག་རེད་པས། སྡིག་པ་མིག་བཙུམས་བྱས་ནས་ལན་མ་ཐོབ་ཨ། ཁྱོད་ཀྱང་དེའི་སྐབས། མིག་ནས་མིག་ཆུ་ཕྲུམ་ཕྲུམ། ཁ་ནས་ཁ་མཆུ་ལུག་ལུག ལུས་སེམས་འདར་སིལ་ཆོམ་ཆོམ་བྱས་ནས། དད་མདོག་དང་སྤོབས་མདོག་གིས་དུས་ཀྱི་འཁོར་ལོའི་བཀའ་དབང་ཉན་ཁུལ་བྱས་པ་འདི་དག ཚོད་ཡོད་བྱས་ཁུལ་ཙམ་ལས་དོན་ལ་ཡིད་ཆེས་དང་བློ་གཏད་སོགས་གང་ཡང་མེད་པ་ཞིག་རེད་པས། ཡང་བསྐྱར་ང་ལ་ཤམ་བྷ་ལ་མི་དགོས་ཞེས་ཡིད་ཆེས་བློ་གཏད་ཅི་ཡང་མེད་པའི་སྡིག་པ་མིག་བཙུམས་ཀྱིས་ཧམ་བཤད་ལོག་བཤད་བྱས་པ་དེ་དག ཁྱོད་ཙམ་ལས་གཞན་པའི་སྐྱེ་འགྲོ་སུ་ཞིག་གིས་ཀྱང་དེ་ལྟ་བུའི་བྱ་ངན་བརྩམས་རྒྱུ་ཕར་ཞོག ཐ་ན་སེམས་ལ་ཡང་འཆར་མྱོང་མེད་ཐག་ཆོད་རེད། ཡང་བསྐྱར་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ཟེར་ནས་གཞན་ལ་ཁག་དཀྲིས་བྱེད་ཁ་བྱས། ངོ་ཚ་ཀྱི་མིན་འདུག་གམ། ནང་པ་ཚང་མ་ཁྱོད་ལྟ་བུའི་སྡིག་པ་མིག་བཙུམས་དང། ཁྱོད་ཀྱིས་མ་རྙེད་པའམ་ཡང་ན་ཁྱོད་ལ་མི་དགོས་པ་ཙམ་གྱིས་ཁོང་ཚོ་ལ་ཡང་མི་དགོས་ཟེར་མཁན། ཁྱོད་ལྟ་བུའི་ཁྲམ་རྒན་ཤ་སྟག་རེད་དྲན་གྱི་འདུག་པས། ཨ་ཕ་འོ། དེ་འདྲའི་ཧམ་པ། དོན་ལ་སྨྱུག་བརྡར་ཁ་བརྡར་ག་ཚོད་བྱས་ཀྱང། ཁྱོད་ལ་སྟོན་ཡ་སྣེ་གཅིག་ཀྱང་མེད་ཐག་ཆོད་རེད་འདུག ཡང་བསྐྱར་སྤོབས་ཤད་ཆེན་པོས། ཤམ་བྷ་ལ་གང་ན་ཡོད་ངས་མི་ཤེས། ངའི་རྩོམ་འདི་ཡང་དེའི་སྐོར་ཡིན། མ་གཞི་ཤམ་བྷ་ལ་ཟེར་བ་དེ་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་ཡང་དགོས་ཀྱིན་ཡོད་པ་མ་རེད། ང་ལ་ཡང་མི་དགོས། མ་རྙེད་ན་ཡང་སྐྱོན་མི་འདུག ཅེས་ཨུ་ཚུགས་རྡུང་ནས་ཤོད་ཁ་བྱས། དེ་ལྟར་ན་ཤམ་བྷ་ལ་ཡི་ཆོས་རྒྱལ་གྱི་སྐུ་དྲིན་ལས་བྱུང་བའི་དུས་ཀྱི་འཁོར་ལོའི་བཀའ་དབང་དེང་སང་ཡོངས་གྲགས་ལ་དུས་འཁོར་དབང་ཆེན་ཞེས་པ་འདི་ཡང་ཁྱོད་ལ་མི་དགོས་སམ། ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་ཤམ་བྷ་ལ་ཡི་ཆོས་རྒྱལ་གྱི་སྐུ་དྲིན་ལས་བྱུང་བའི་དུས་ཀྱི་འཁོར་ལོའི་བཀའ་དབང་དེ་ཡང་མི་དགོས་སམ། དུས་འཁོར་གསུངས་པ་པོ་སུ་རེད། དུས་འཁོར་ཞུ་བ་པོ་སུ་རེད། ཁོང་ས་ཆ་ག་པ་ནས་རེད། དྲི་བ་ལ་ལན་ཐོབ། ཨེ་འདུག་མི་འདུག་དེ་ནས་ཐག་ཆོད་རེད། ལན་ཐོབ། ཧམ་པ་རྐྱང་རྐྱང་བཤད་ནས་ལོ་རྒྱུས་ཐམས་ཅད་ནག་བསུབས་བཏང་འདོད་པ་ཡིན་ནམ། ཡང་བསྐྱར་གཅིག་ཤོད་ཁ་བྱས། ཁུང་ལུང་གང་ཡང་མེད་པའི་སྐད་ཆ་། གསེར་ཐུབ་དང་འོད་སྲུང་མ་རྙེད་ན་ཡང་མ་རྙེད། ཅེས་ཁ་ནས་ཤོད་ཕོད་པ་གཞིས་བྱེས་གཉིས་ཀྱི་ནང་པ་འབུམ་ཕྲག་གི་ནང་ནས་ཁྱོད་རང་སྲིད་པ་ཙམ་ཡིན་འགྲོ ཁྱོད་རང་རྣ་ཅོག་ཀྲོང་ནས་ཉོན་ཨ། སྟོན་པ་ཐུབ་པའི་དབང་པོ་བོན་ཅན། རྣམ་འདྲེན་བཞི་པ་མ་ཡིན་པར་ཐལ། རྣམ་འདྲེན་དང་པོ་དང། རྣམ་འདྲེན་གཉིས་པ། རྣམ་འདྲེན་གསུམ་པ་སོགས་གཞི་མ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་ནི་ཁྱོད་ལ་མ་རྙེད་ན་མེད་པས་ཁྱབ་པ་ཁས་ལེན་མཁན་གྱི་སྡིག་པ་མིག་བཙུམ་དེ་ཡིན་པའི་ཕྱིར། མ་གཞི་ཐུགས་ཁག་མི་འདུག ཁྱོད་རང་ནང་པའི་ལྟ་སྒོམ་ཀུན་གྱི་སྙིང་པོ་རྟེན་འབྲེལ་གྱི་འགྲོ་སྟངས་ཡག་པོ་ཤེས་ཀྱི་ཡོད་ས་མ་རེད། གདན་ས་གསུམ་ལ་སོང་ནས་དང་ཐོག་རྟེན་འབྲེལ་གྱི་རིམ་པ་ལ་བློ་སྦྱོང་ཡག་པོ་ཞིག་གནང། དེ་ནས་ངའི་སར་ཡོང་ནས་རྒོལ་་ཕོད་པའི་སྤོབས་པ་འདྲ་རྙེད་ན་ཤོག་དང་དགའ་བསུ་ཞུ། གཅིག་མེད་ན་གཉིས་མི་འབྱུང་བ་དང། གཉིས་མེད་ན་གསུམ་མི་འབྱུང་བ། གསུམ་མེད་ན་བཞི་རང་བཞིན་གྱིས་མི་འབྱུང་བའི་ལྟོས་པའི་རྟེན་འབྲེལ་གྱི་རིམ་པ་དེ་ཚོ། ནར་མ་སོན་པའི་བྱིས་པ་ཚོས་ཀྱང་ཤེས་ཐག་ཆོད་རེད། རྣམ་འདྲེན་དང་པོ་དང། གཉིས་པ་གསུམ་པ་སོགས་ཀྱིས་ཆོས་འཁོར་བསྐོར་བའི་ས་གནས་དང། ཆོས་འཁོར་གང་ཞིག་བསྐོར་བ། ཆེད་དུ་བྱ་བའི་གདུལ་བྱ་སུ་ཞིག་ཡིན་པ། འཁྲུངས་སའི་ས་གནས་གང་ཞིག་ཡིན་པ། འདི་དག་ལ་ལན་ཐོབ། ཡང་ན་དེ་ཚོ་གཞི་མ་གྲུབ་པར་ཐལ། དེའི་སྐབས་ཀྱི་ཡི་གེ་ན་རྡོག་གཅིག་ཀྱང་བསྟན་རྒྱུ་མེད་པའི་ཕྱིར། ཁྱབ་པ་ཁས། ཡང་ཚོགས་མ་བསགས་པ་དེས་གཅིག་ཤོད་ཁ་བྱས། ཀླུ་ཡུལ་དེ་nagalandརེད་ཅེས་ཟེར་ཁ་བྱས། དེ་ལྟར་ན་ཀླུ་སྒྲུབ་ཀྱིས་གདན་མ་དྲངས་པའི་སྔ་རོལ་དུ་nagalandལ་ཤེར་ཕྱིན་གྱི་འབུམ་སྡེ་དུམ་པ་བཅུ་དྲུག་པ་དེ་དག་ཡོད་ན། པོད་བཅུ་གཉིས་གདན་དྲངས་ཐུབ་ལ་པོད་བཞི་ལྷག་དགོས་པའི་རྒྱུ་མཚན་གང་རེད། ཤེར་ཕྱིན་གྱི་འབུམ་སྡེ་དེ་དག་སྐབས་དེའི་རིང་nagalandལ་ཡོད་ན། ག་པར་ཡོད་རེད། ས་འོག་ལ་ཡོད་རེད་པས། ཡང་ན་མི་མ་ཡིན་གྱིས་དེར་བཞག་པ་རེད་པས། ཡང་ན་ཤིང་སྡོང་གི་འོག་ལ་ཡོད་རེད་པས། ཡང་ན་རྒྱལ་པོའི་ཕོ་བྲང་དུ་ཡོད་རེད་པས། ཡང་ན་དེ་ལས་གཞན་ཞིག ཀླུ་ཚོས་བཅུ་གཉིས་ལས་བཞི་མ་བསྐུར་གསུངས་ཡ་གི་ཀླུ་རྫུས་དེ་ཚོ་སུ་དང་སུ་རེད། ཤེར་ཕྱིན་གྱི་འབུམ་སྡེ་དུམ་པ་བཅུ་དྲུག་དེ་ཚོ་ས་ཆ་དེར་སུས་བཞག་པ་རེད། ཤཀྱ་ཐབ་པ་རང་གིས་བཞག་པ་རེད་པས། ཡང་ན་དེའི་འཁོར་ཀུན་དགའ་བོ་སོགས་ཀྱིས་བཞག་པ་རེད་པས། ཡང་ན་སྤྲུལ་པའི་རྒྱལ་པོས་སྤྲུལ་པའི་ལྷ་དམག་བཏང་ཟེར་བའི་གཏམ་དཔེ་དེ་འདིར་དྲངས་ནས་ཕྱག་རྡོར་དང་འཇམ་དབྱངས་དང་སྤྱན་གཟིགས་སོགས་ལ་ཁག་དཀྲིས་རྒྱུ་ཡིན་ནམ། ཡང་ན་ཤེར་ཕྱིན་གྱི་འབུམ་སྡེ་དེ་དག་དེར་མགོ་བོ་དུད་དེ་སུག་བཞི་ས་ལ་བཙུགས་ནས་སླེབས་པ་རེད་པས། ལན་ཐོབ་ཤིག བྲོས་མ་འགྲོ་ཨ། གཡོལ་ཐབས་མ་བྱས་ན་ལེགས། མཁས་པ་ཡིན་ན་ཤོག བླུན་པོའི་རང་མཚངས་སྟོན་འདོད་ན་མིག་གི་མཐོང་སར་མ་ཡོང་རོགས་ཞེས་ཅི་ནས་ཀྱང་འབོད་བསྐུལ་ལན་བརྒྱར་ཞུའོ། ཡང་གཉིད་ཀྱི་འཆོལ་ལབ་ལྟ་བུ་ཞིག་རྒྱབ་ཁ་བྱས། དགའ་ལྡན་ཟེར་བ་ཊུ་ཤི་ཊ་ཟེར་བ་དེ་ཡིན་མདོག་ཤོད་ཁ་བྱས། ས་ཆ་གར་ཡོད་ཀྱི་ཁུང་ལུང་རྒྱུ་མཚན་ཡང་དག་ཤོད་རྒྱུ་མེད་པ་ས་མིང་རྫུས་མ་དེ་འདྲ་བཟོས་ཀ་བྱས། ཧོ་ཧོ། ཊུ་ཤི་ཊ་ཟེར་བ་དེ་ག་པར་ཡོད་རེད། འཛམ་གླིང་གི་ས་ཀྲ་གང་གི་ངོས་ལ་ཡོད་རེད། སྟོན་ཤོག ཁྲམ་རྒན་ལྟ་བུའ་སྐད་ཆ་མ་ཤོད་ན་ལེགས། ངས་ཁྱོད་ལ་རི་བོང་གི་ར་དང། མོ་གཤམ་གྱི་བུ། མི་མགོ་རྡོ་རིལ། ཁྱི་མགོ་ལྕགས་རིལ་སོགས་ཡོད་རེད། ག་པར་ཡོད་རེད་ཟེར་ན་སྤོབས་མཐའི་གཟིམས་ཤག་ནང་ལ་ཡོད་རེད་ཟེར་ན་འགྲིགས་གམ། ལན་ཐོབ་ཤིག ཐོགས་མེད་དང་བྱམས་པ་གཅིག་མ་ཡིན་པ་སྔོན་བྱུང་གྱི་ལོ་རྒྱུས་ཚད་ཐུབ་སོགས་ལས་བཤད་པ་ཁག་ནི་ཁྱོད་ཀྱིས་ཁས་མི་ལེན། བྱམས་ཆོས་སྡེ་ལྔ་བྱམས་པས་མཛད་པ་ཡང་ཁྱོད་ཀྱིས་ཁས་མི་ལེན། འུ་ཐུག་དུས་རྒྱ་ནག་ལ་ཡིད་ཆེས་ཆེ་མདོག་གིས་རྒྱ་ནག་རྒྱ་ནག་བཤད་ཀ་བྱས། བོད་དོན་གླེང་དུས་རྒྱ་དམར་རྒྱ་དམར་ཞེས་སྡང་ཟུག་ཁྱི་ངན་ཟུག་ཟུག་འདྲ་བྱེད་ཀ་བྱས། ཁྱོད་ཀྱིས་ག་རེ་ཤོད་ཀྱི་ཡོད་དངོས་གནང་ངས་ཧ་གོ་ཡ་ཞིག་མ་རེད། རྒྱ་ནག་ལ་ཁུངས་བཅོལ་ཏེ་ཐོགས་མེད་ཀྱིས་བྱམས་ཆོས་སྡེ་ལྔ་བརྩམས་པར་ཁྱོད་ཀྱིས་དམ་བཅའ་ཡིན་ན། འོ་ན་ཐོགས་མེད་ཀྱིས་ག་འདྲ་བྱས་ནས་བརྩམས་པ་རེད། ས་ཆ་ག་པར་བརྩམས་པ་རེད། སློབ་དཔོན་སུ་ཞིག་བསྟེན་ནས་བརྩམས་པ་རེད། གསལ་པོ་བྱས་ནས་གསུངས་རོགས། ཡང་ན་སློབ་དཔོན་ཡང་རང་ཉིད་དགེ་ཕྲུག་ཡང་རང་ཉིད་བྱས་ནས་བརྩམས་པ་རེད་པས། ཡང་ན་ཐུན་མོང་མ་ཡིན་པའི་ལུགས་ཞེས་ཁྲམ་གཏམ་གྱི་བཤད་པ་གནང་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་གཞན་དུ་བསྒྱུར་གནང་རྒྱུ་འདོད་པ་ཡོད་པས། ལན་ཐོབ་ཤིག ཐེག་ཆེན་གྱི་དབང་དུ་བྱས་ན། སྤྱན་རས་གཟིགས་དང། ཕྱག་རྡོར། འཇམ་དཔལ་སོགས་ཀྱིས་བཀའ་བསྡུ་མཛད་སའི་གནས་དེ་ག་པར་རེད། ད་ངས་དྲིས་དྲིས་ནས་ཐང་ཆད་ཀྱི་འདུག ཁྱོད་ལ་ཤོད་རྒྱུད་མེད་པ་ཐག་ཆོད་རེད་འདུག བི་མ་ལ་སྭ་བྷ་བ་ཞེས་པ་འདི་ག་པར་རེད། སྟོན་རྒྱུ་ཡོད་ན་སྟོན། སྟོན་རྒྱུ་མེད་ན་ཁ་བཙུམས་ནས་ཙོར་གེར་སྡོད། ཁྱེད་ཅག་གི་གཞུང་ལས། ཐོགས་མེད་ནི་རི་བོ་བྱ་རྐང་གི་ཕུག་ཏུ་ལོ་བཅུ་གཉིས་བྱམས་པ་བསྒྲུབས་ཀྱང་མ་མཇལ་མཐར་ཕེབས་ལམ་ཁྱི་མོ་གསོན་རུལ་ལ་སྙིང་རྗེའི་སྟོབས་ཀྱིས་བྱམས་པ་ཞལ་མཇལ་དགའ་ལྡན་དུ་ཁྲིད། ཅེས་དང། གཅེན་གཅུང་གཉིས་ཐོག་མར་ཆོས་གཏམ་འགའ་ཞིག་བྱས་པས་གཅུང་པོ་ནི་སྤོབས་པ་མྱུར་ཞིང་ལན་ཐོགས་པ་མེད་པར་བྱུང། གཅེན་ནི་དེ་ལས་བུལ་ཞིང་ལན་བཟང་པོ་བྱུང་བ་ལ། གཅེན་གྱིས་ཁྱོད་ནི་སྐྱེ་བ་ལྔ་བརྒྱར་པཎ་ཌི་ཏར་གྱུར་པས་སྐྱེས་ཐོབ་ཀྱི་ཤེས་པ་ཆེ། ང་ནི་དེ་ལྟར་མ་ཡིན་པས་ལྷག་ལྷ་ལ་འདྲི་ཞིང་ལན་སྨྲ་བར་གསུངས། ཞེས་པ་འདི་དག་སྐྱག་རྫུན་གསུངས་པ་རེད་པས། འདི་ཚོ་མི་མགོ་གཡོག་བྱེད་ཀྱི་སྐད་ཆ་རེད་པས། ཡང་ཅིག་ཅིག་མིག་མིག་ཤོད་ཁ་བྱས། དུས་རབས་བཅུ་པ་ཡན་ཆོད་ལ་ཡི་གེ་ཡི་གེ་ཞེས་འདི་ལ་གཅིག་ཤོད་རྒྱུ་འདུག་བསམ་ཡིན་སྲིད། ཁྱེད་ཅག་གི་སེང་གེར་གྲགས་པ་རྣམས་ཀྱིས་མཛད་པའི་བདུད་འཇོམས་ཀྱི་རྒྱལ་རབས་དང། ཁྱོད་ཀྱིས་སྐྱབས་ཡུལ་དུ་གྱུར་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སོགས་ལ་གཟིགས། མིག་ཟུང་བསྒྲད་ནས་ལྟོས་དང། ཡང་བསྐྱར་མཐོང་གི་མི་འདུག་ན། རྡ་ཤེལ་གྱོན་ནས་ལྟོས། མེ་ལ་ག་ཚོད་བསྲེགས་འདུག ཆུ་ལ་ག་ཚོད་བཏབ་འདུག དེ་ཚོ་ལུག་ར་བས་བརྩམས་བཞག་པ་དེ་ཚོ་རེད་པས།
རྡ་ཤེལ་གྱོན་ནས་ལྟོས་ཞེས་པར་མེ་ཤེལ་གྱོན་ནས་ལྟོས་ཞེས་སུ་བཅོས་རོགས།་
ཡང་བསྐྱར་དོགས་འདྲི་ཞུ་འདོད་པ་ཞིག་ལ། མ་གཞི་ཤམ་བྷ་ལ་ཟེར་བ་དེ་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་དགོས་ཡ་ཡོད་མ་རེད། ཅེས་བཤད་འདུག་པ་འདི་ལ་བལྟས་ན། རིག་པ་སྨྲ་བའི་རྟོག་དཔྱོད་པ་ཚད་ལྡན་ཞིག་ཡིན་ན། ཤུགས་བསྟན་གྱི་གོ་སྟོབས་ལ། བརྒྱ་ཆ་བརྒྱ་ཡི་ནང་གི་འཕྲོས་ལྷག་ནང་པ་བརྒྱ་ཆ་གཅིག་ལ་དགོས་ཀྱི་ཡོད་པར་བསྟན་འདུག་པས། དེ་འདྲའི་བརྒྱ་ཆ་གཅིག་གི་ནང་པ་དེ་སུ་རེད། དེ་ཡང་གསུངས་གནང་རོགས། ལན་ཡོད་ན་ཐོབ། མེད་ན་རླུང་ལང་བ་དེ་རིགས་གཏན་ནས་གནང་ན་མི་མཛེས། ཇི་སྐད་དུ། མཁས་པའི་སྤྱོད་ལམ་དལ་ལ་ཞིབ། མི་ཤེས་བླུན་གྱུར་རྩིང་ལ་འཁྲོབ། ཞེས་གསུངས་སྲོལ་ཡོད་པ་ལྟར་རོ།
མེད་ན་རླུང་ལང་བ་དེ་རིགས་གཏན་ནས་གནང་ན་མི་མཛེས་ཞེས་པར་མེད་ན་རླུང་ལང་བ་དེ་རིགས་གནང་ན་གཏན་ནས་མི་མཛེས་ཞེས་སུ་བཅོས་རོགས།
སྟག་རས་ལགས། ཁྱོད་ལ་བཤད་རྒྱུ་ཉུང་ཉུང་དེ་ལས་མེད་ན་ཚིག་ཉོགས་མང་པོ་དེ་འདྲ་ཞིག་དགོས་གི་མི་འདུག གནད་བསྡུས་ནས་འབྲི་རོགས།
དུས་འཁོར་སངས་རྒྱས་གསུངས་སུ་ཁས་ལེན་མཁན་ནི་བོད་ཀྱི་དུས་འཁོར་བ་ཆེས་ཉུང་ཤས་ཤིག་རེད། འདིས་ནང་པ་སངས་རྒྱས་པ་སྤྱིའི་བརྒྱ་ཕར་ཐོག་སྟོང་ཆ་གཅིག་ཀྱང་ཟིན་གྱི་མ་རེད། རྗེ་ཙོང་ཁ་པའི་བླ་མ་རེད་འདའ་བ་ཚུད་པའི་བོད་ཀྱི་བླ་མ་གོང་མ་མང་པོས་ཀྱང་དགག་པ་དོག་སློང་གནང་ཡོད་པ་ཞིག་རེད། རྒྱལ་བ་རིན་པོ་ཆེས་དུས་འཁོར་དབང་ཐེངས་མང་པོར་གནང་བ་བདེན། ཡིན་ན་ཡང་རྒྱུ་མཚན་དེས་དུས་འཁོར་སངས་རྒྱས་ཀྱི་གསུངས་ཡིན་པར་བསྒྲུབ་ཐུབ་གི་མ་རེད། རྒྱལ་བ་རིན་པོ་ཆེས་ཐུགས་འགན་ཆེན་པོ་གསུམ་གྱི་ནང་ནས་གཅིག་ནི་འཛམ་གླིང་གི་ཆོས་ལུགས་བར་ལ་མཛའ་མཐུན་བསྐྲུན་རྒྱུ་དེ་རེད།དེར་བརྟེན་ཁོང་ཁ་ཆེ་བའི་ནང་དུ་ཕེབས་སྐབས་ཁོང་ཚོའི་ཞྭ་མོ་མནབ་ནས་སྨོན་ལམ་མཉམ་དུ་འདེབས་གི་རེད། བོན་པོའི་ནང་དུ་ཕེབས་སྐབས་ཁོང་ཚོའི་ཞྭ་མོ་མནབ་ནས་ཁོང་ཚོའི་ལུགས་ཀྱི་མཛད་སྒོ་ལ་མཉམ་ཞུགས་གནང་གི་རེད། དུས་འཁོར་བ་ཚོས་དུས་འཁོར་དབང་གནང་རོགས་ཞུས་ན་ཁོང་ཚོའི་ངོར་དུས་འཁོར་དབང་གནང་གི་རེད། དེ་ཚོ་མིའི་དགོས་མཁོ་སྐོང་བའི་ཐབས་ཤིག་མ་གཏོགས་སངས་རྒྱས་ཀྱི་གསུངས་ཡིན་པར་ནམ་ཡང་བསྒྲུབས་ཀྱིན་ཡོད་པ་མ་རེད།
བདེན་པ་རེད། ངས་སངས་རྒྱས་གསེར་ཐུབ་དང་འོད་སྲུང་སོགས་གང་ནས་སྐྱེ་དང་གང་ནས་གྲོངས་མི་ཤེས། ཡིན་ན་ཡང་ང་ཚོ་ནི་སྟོན་པ་ཤཀྱ་ཐུབ་པའི་རྗེས་འཇུག་ཡིནན་ཞིང་བསྟན་པ་གཅིག་ལ་སྟོན་པ་གཅིག་ཡོད་པ་དེ་ཤཀྱ་ཐུབ་པ་སིདྷརྠ་རེད། དེ་འཁྲུངས་ས་དང་འདས་ས་སོགས་ནི་ནང་པ་ཚོར་གལ་ཆེན་པོ་རེད། སིདྷརྠ་ཟེར་བ་བྱུང་མྱོང་བའི་དཔང་རྟགས་ལྟ་བུ་དེ་རེད། གསེར་ཐུབ་དང་འོད་སྲུང་ཟེར་བ་དེ་ཚོ་གཅིག་བྱས་ན་ལྷ་སྒྲུང་ཡིན་སྲིད། གཅིག་བྱས་ན་དངོས་གནས་མི་དེ་འདྲ་བྱུང་མྱོང་བ་ཡིན་སྲིད། ཁོང་ཚོའི་འཁྲུངས་ས་འདས་ས་ཚང་མ་རྙེད་དགོས་ཟེར་ན་ཁྱེད་ཀྱི་བཀའ་དེ་བཙན་དྲགས་འདུག ཁྱོད་ཚོས་གཤེན་རབ་འདས་ས་གྲོངས་ས་མ་རྙེད་པ་དང་ངེད་ཚོས་གསེར་ཐུབ་དང་འོད་སྲུང་གི་སྐྱེ་ས་འཆི་ས་མ་རྙེད་པ་གཉིས་བསྡུར་རྒྱུ་མི་འདུག ཁྱེད་ཚོས་རང་གི་ཕ་རྒན་གྲོངས་ས་དང་འཁྲུངས་ས་དེ་བོར་སོང་བ་རེད། ངེད་ཚོས་ཕ་རྒན་གྱི་ཕ་མེས་ཡང་མེས་ཚོའི་སྐྱེ་ས་འཆི་ས་མ་རྙེད་པ་མ་གཏོགས་ཕ་རྒན་རང་གི་སྐྱེ་ས་འཆི་ས་ལ་མཛུབ་མོ་འཛུགས་ས་ཞིག་དང་གནས་སྐོར་འགྲོ་ས་ཞིག་ཡོད་པ་རེད།
ལྷ་ཡུལ་ཀླུ་ཡུལ་ལ་མཛུབ་མོ་འཛུགས་དགོས་ན་ཁྱེད་ཚོས་ཀྱང་འཛུགས་དགོས་པ་འདྲ། ཁྱེད་ཚོའི་ཡིག་ཆ་ལས་ཀྱང་ལྷ་ཡུལ་ཀླུ་ཡུལ་ཟེར་བ་ནི་ངེད་ཚོ་ལས་མ་མང་ན་མི་ཉུང་ཙམ་ཞིག་ཡོང་གིན་འདུག ངས་མ་གཞི་ཁྱེད་ཚོ་ཧ་ཅང་གུ་དོག་པོས་བཙུར་གྱིན་མེད། ཁྱོད་ཚོ་ལ་བཙུར་ཡོང་རྒྱུ་ཞིག་མི་འདུག བོན་གྱི་ཡིག་ཆ་མང་པོའི་མགོར་དག་པ་ལྷ་ཡི་སྐད་དུ་ཅིག་ཅིག་ཟེར་བ་འདུག་པས་དེའི་ལྷ་ཡུལ་དེ་གང་ན་ཡོད་ཟེར་ནས་ཁྱེད་ལ་ཕར་ཡང་འདྲི།
བྱམས་ཆོས་ཀྱི་སྐོར་ཁྱེད་ལ་གོང་དུ་ཞུས་ཡོད། བྱམས་ཆོས་རང་གི་མཇུག་བྱང་ན་ནི། འཕགས་པ་བྱམས་པས་མཛད་པ་རྫོགས་སོ༎ ཟེར་བ་ཙམ་ལས་ཁ་གྲག་གིན་ཡོད་པ་མ་རེད། བྱས་ཙང་ཐོགས་མེད་ཀྱི་བྱམས་པ་བསྒྲུབས་ཚུལ་སོགས་རྫུན་ཡིན་ནམ༎ བྱམས་པ་ཟེར་བ་དེ་ཡང་སྐབས་དེར་རྒྱ་གར་དུ་བཞུགས་པའི་བླ་མ་ཞིག་ཡིན་ནམ། ཊུ་ཤི་ཏ་ཟེར་བ་དེ་ཡང་འཛམ་གླིང་འདིའི་ཆ་ཤས་སུ་གྱུར་པའི་ས་མིང་ཞིག་མིན་ནམ། ཐོགས་མེད་རང་གིས་བརྩམས་པ་ལ་རྗེས་འཇུག་ཚོས་ཆེ་བསྟོད་ཀྱིས་དེ་ལྟར་བཟོས་པ་ཡིན་ནམ། འཕགས་པ་བྱམས་པ་ཟེར་བའི་མི་ཞིག་གིས་བརྩམས་པ་མ་གཏོགས་ཐོགས་མེད་ཀྱིས་བརྩམས་པ་མ་ཡིན་པ་སོགས་དོག་པ་མང་པོ། དཔྱད་གཞི་མང་པོ། འདོད་ཚུལ་མང་པོ་ཡོད་པ་རེད། འདི་ནི་མཐའ་གཅིག་ཏུ་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བརྗོད་པ་ཅུང་ཟད་སྔ་དྲགས་འདུག
མ་གཞི་ཁྱེད་ཀྱིས་སྒྲུང་རིང་པོ་དེ་དྲངས་ནས་འདི་རྫུན་རེད་དམ་ཟེར་ནས་འདྲི་བ་དེ་ཁྱད་མཚར་རེད། རྫུན་ཡིན་མི་ཆོག་པ་གང་ཡང་ཡོད་པ་མ་རེད། ལོ་རྒྱུས་ལྷ་སྒྲུང་ཆགས་པ་དང་ལྷ་སྒྲུང་ལོ་རྒྱུས་ཆགས་པ་སོགས་མང་པོ་རེད། ཆོས་འབྱུང་རྣམ་ཐར་འབྲི་མཁན་ཚོས་རྫུན་མི་བཤད་པའི་ཁྱབ་མཐའ་ནམ་ཡང་ཆོད་ཀྱི་མ་རེད།
ད་ཡིན་ན་ཁྱོད་ཀྱིས་སྟོན་པ་གཤེན་རབ་འཁྲུངས་འདས་ཀྱི་ལོ་ཚིགས་རགས་ཙམ་དང་། འོལ་མོ་ལུང་རིང་ས་ཕྱོགས་གང་ཞིག་ན་ཡོད་པའི་སྐོར་རིང་ལུགས་ཞིག་གསུངས་ན་གང་འདྲ་འདུག མདོར་ན་ཁྱེད་རང་གི་འདོད་ཚུལ་ཙམ་ཞིག་གསུངས་ན་ཆོག རང་ལུགས་འཇོག་རྒྱུ་མེད་མཁན་ཚོར་གཞན་ལུགས་དགག་པའི་ཐོབ་ཐང་ཡོད་པ་མ་རེད། དེར་བརྟེན་ཁྱེད་ཀྱིས་ང་ལ་གང་དྲིས་ན་ངས་རང་གི་ལྟ་ཚུལ་ཚང་མ་བཤད་ཀྱིན་ཡོད།
ཁྱེད་ཀྱིས་བོད་ཡིག་ཡག་པོ་ཞིག་ཀློག་མི་ཐུབ་པ་རེད་དམ། ངས་གོང་ལ་ཐེག་ཆེན་གྱི་སྐོར་ཞུས་ཡོད། ཐེག་པ་ཆེན་པོ་ཟེར་བ་འདི་སངས་རྒྱས་གྲོངས་ནས་ལོ་སུམ་བརྒྱ་ཡས་མས་ཀྱི་རྗེས་སུ་བྱུང་བ་མ་གཏོགས་བཀའ་བསྡུ་བ་རིམ་པ་གསུམ་གྱི་ནང་ལ་ཚུད་ཡོད་པ་མ་རེད། སངས་རྒྱས་ཀྱི་གསུང་སྒྲོས་ཁ་འཐོར་བ་མང་པོ་ཞིག་ཕྱོགས་སོ་སོའི་མཁས་པ་ཚོས་ཕྱོགས་བསྡུ་བྱས། གཞུང་ལུགས་བརྩམས། ལྟ་གྲུབ་གསལ་ཁ་བཏོད་པ་ཞིག་རེད། ཀླུ་ཡུལ་ནས་གདན་མ་དྲོངས་པ་རེད་ཟེར་བ་དེ་ཡང་ཀླུ་ཟེར་བ་དེ་ནི་ན་ག་ཟེར་བའི་སྒྲ་བསྒྱུར་བ་རེད། ཀླུ་ཡུལ་Nagaland ཡིན་པའི་དབང་དུ་བཏང་ན་ཀླུ་ཟེར་བ་ནི་ཡུལ་དེའི་མི་དེ་ཚོར་གོ་བ་ལས་འོས་ཅི་ཡོད། བྱམས་པ་དང་འཇམ་དཔལ་གང་ནས་སྐྱེ་དང་གང་ནས་ཤི་བ་སོགས་ནི་ངས་མི་ཤེས། གཅིག་བྱས་ན་མི་དེ་འདྲ་ཡོད་སྲིད། གཅིག་བྱས་ན་ལྷ་སྒྲུང་ཡིན་སྲིད། ཁོང་ཚོ་ནང་པའི་མི་སྣ་རེ་ཡིན་པ་མ་གཏོགས་ནང་པའི་སྟོན་པ་ནི་མིན་པས་ངས་ནང་པ་ཡོད་ཚད་ཀྱི་སྐྱེ་ས་དང་འཆི་ས་ཅི་ལྟར་གོ། དགོངས་པ་མ་འཚོམས། བོན་པོས་རང་གི་སྟོན་པ་གཤེན་རབ་སྐྱེ་ས་འདའ་ས་ངོས་ཟིན་གྱིན་མེད་དུས་ངས་བྱམས་པ་དང་འཇམ་དཔལ་ཟེར་བ་ལྟ་བུའི་ནང་པ་དཀྱུས་མ་དེ་འདྲའི་སྐྱེ་ས་འཆི་ས་ཚང་མ་མི་གོ་བ་ལ་ཁག་ག་ལ་ཡོད།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཟེར་བ་འདི་ད་ནས་ཡར་བརྩིས་པའི་ལོ་སུམ་བརྒྱ་ཡས་མས་ཀྱི་དུས་ཀྱི་གཏེར་ཆོས་ཤིག་རེད། འདི་ཁུངས་སུ་དྲངས་ནས་དུས་རབས་བཅུ་པའི་གོང་ལ་བོན་གྱི་ཡིག་ཆ་ཡོད་པའི་ཁུངས་སྐྱེལ་ཐུབ་གི་མ་རེད། གཏེར་མ་ནས་བཤད་འདུག་ཟེར་ནས་དེའི་སྔོན་སྔོན་གྱི་ལོ་རྒྱུས་ཀྱི་ཁུངས་སུ་དྲངས་ན་མི་འགྲིགས་ཚུལ་ངས་རྒྱུན་དུ་བཤད་གི་ཡོད།
བདུད་འཇོམས་ཀྱིས་དུས་རབས་བཅུ་པའི་གོང་ལ་བོན་གྱི་ཡིག་ཆ་ཡོད་ཚུལ་བཤད་པའི་ཁུངས་ནི་པདྨ་བཀའ་ཐང་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཟེར་བའི་གཏེར་ཆོས་གསར་པ་ཁག་གཅིག་མ་གཏོགས་ཁུངས་གང་ཡང་ཡོད་པ་མ་རེད། ཅིག་བྲིས་འདུག་ཟེར་ནས་དེ་ལ་རྡོ་རྗེ་རྐེད་འཇུ་བྱས་ནས་འདུག་པ་ལས་ཅིག་བཤད་པ་དེའི་ཁུངས་དེ་གང་ན་འདུག་ཟེར་ནས་ལོ་རྒྱུས་ཀློག་དགོས་པ་གལ་ཆེན་པོ་རེད།
འ་འ་སྤོབས་པ། ད་ཅུང་ཟད་ཚོད་འཛིན་རེ་བྱས་ན་མི་འགའ་འམ། དུས་འཁོར་ཁ་ཆེའི་ཆོས་ལུགས་ལ་ཕར་བསྡུས། རྒྱུད་རྣམས་ཧིན་རྡུ་ཆོས་ལུགས་ལ་མར་བསྡུས། ཐེག་ཆེན་ཡང་ན་ག་ལེན་གྱི་ཡིན་ན་ཅིག་གི་རེད་ཟེར་ནས་དེད་དེད་པའི་ཤུལ་ན། བཀའ་འགྱུར་དུམ་པ་བརྒྱ་ལྷག་གི་ནང་ན་སངས་རྒྱས་ཀྱི་གསུངས་བཞག་པ་ཅང་ལ་མེད་ཀ
འོ་ད་བོད་ཡིག་ནང་བཞུགས་པའི་བཀའ་འགྱུར་ནང་གི་སངས་རྒྱས་ཀྱི་གསུངས་ངོ་མ་བོ་དུམ་པ་གང་ཞིག་རེད། ཅུང་ཟད་བཙུར་བཞག་ན་ཁ་ནས་ཅི་བཤད་འདི་བཤད་ཟིག་མེད་ཀ
དེ་ལས་ཁྱོད་ཚོས་བཀའ་འགྱུར་ནང་ནས་བདེན་བཞིའི་མདོ་དེ་དུམ་པ་ག་བར་འདུག་གསུངས་རོགས། ངའི་ལག་ཏུ་བདེན་བཞིའི་མདོ་ཞིག་ཡོང་ཡོད་མོད། དེ་ནི་འབྲས་ལྗོངས་རྒྱལ་བོས་ལྕགས་པར་དུ་བཏབ་པ་ཞིག་རེད། མི་ལ་ལས་བཤད་ན་དེ་ནི་བོད་ཀྱི་བཀའ་འགྱུར་གྱི་ཁུངས་སུ་ཡོད་པ་མ་རེད། དུས་ཕྱིས་སུ་ཅིག་གིས་བསྒྱུར་བ་རེད་ཟེར། བདེན་པ་ཡིན་ནམ།
དེ་ནས་བདེན་བཞི་ངོ་མའི་མདོ་ན་བདེན་བཞིའི་ངོ་བོ་ལ་བཟླས་པ་དང་བྱ་བ་ལ་བཟླས་པ། འབྲས་བུ་ལ་བཟླས་པ་སྟེ། མདོ་ཚན་བཅུ་གཉིས་པོ་དེ་མ་གཏོགས་མེད་པ་ཨེ་ཡིན་ནམ།
དེ་ནས་སྤོབས་པ་མཐའ་ཡས་ལ་དྲི་བ་གཅིག་ཡང་འདོན་དགོས་བྱུང་སོང་། སྐུ་ཉིད་ཀྱི་དཔྱད་པ་ལྟར་ན་སངས་རྒྱས་ཤྰཀྱ་ཐུབ་པས་བདེན་བཞི་ཆོས་འཁོར་མ་གཏོགས་མ་གསུངས་པ་འ་ཡིན། གལ་ཏེ་ཡིན་ན་སངས་རྒྱས་ཀྱི་སྐུ་ཚེ་གང་པོར་ཚིག་རྐང་བཅུ་གཉིས་མ་གཏོགས་མ་གསུངས་པ་དེ་འདྲ་འེ་ཡིན་ན། ངས་དྲང་མོའི་ལམ་ན་ཞུ་བཞིན་ཡོད། དུས་འཁོར་སྐོར་ལ་སྐུ་ཉིད་ཀྱིས་དེ་འདྲ་མ་གསུངས་ན་ཡག་པོ་འདུག དེ་ཚོ་ཅུང་ཟད་བློ་ཁ་མཐོ་བོའི་ནང་དུ་བགྲོ་གླེང་བྱེད་རྒྱུའི་རིགས་རེད། སྤྱི་ཡོངས་ཀྱི་བགྲོ་གླེང་བྱེད་ན། དོག་པ་དེའི་བཟློག་ཕྱོགས་ཀྱི་དགག་པ་ཡང་བཀོད་ན་ཡག་ས་རེད། དེ་མིན་ཕྱོགས་གཅིག་བཀོད་ནས་ཕྱོགས་གཅིག་ལ་འུར་རྐྱང་རྐྱང་བརྒྱབ་བསྡད་ན། མིའི་དད་པ་ལ་ཤིན་ཏུ་གནོད་ཚབ་ཆེ་ཀི
གཟིགས་དང་། ༧གོང་ས་མཆོག་གཅིག་བུས་དུས་དབང་ཐེངས་སོ་གཅིག་ལ་གསུངས་ཚར་བ་རེད། ཐེངས་རེ་རེའི་གདུལ་བྱའི་འདུས་ཚད་ལ་བསམ་བློ་ཐོངས། དེ་ཚང་མ་དད་པ་ཞིག་དང་དམ་ཚིག་ཞིག་གི་ཡོང་གི་ཡོད་པ་རེད། དེ་གཅིག་བུ་མ་རེད། དུས་དབང་གསུངས་མཁན་གྱི་བླ་མ་ག་ཚོད་ཅིག་ཡོད་པ་རེད། དེ་དག་གི་གདུལ་བྱ་ག་ཚོད་ཡོད་པ་རེད། ཤར་ཕྱོགས་རྒྱལ་ཁབ་ཁག་ན་ནང་པའི་རྒྱལ་ཁབ་ག་ཚོད་ཡོད་པ་རེད། དེའི་ནང་ནས་རྒྱ་གར་གྱི་བོད་ཀྱི་ནང་ཆོས་དར་ས། དེ་ནས་བལ་ཡུལ་གྱི་ནང་ཆོས་དར་ས། དེ་ནས་བོད་ནས་ཕལ་ཆེ་བ། དེ་ནས་སོག་ཡུལ་ནས་ཕལ་ཆེ་བ། དེ་ནས་བྷོ་རེ་ཐུ། ཐུ་བ། ཁལ་མིག་སོགས་ནས་མང་ཆེ་བ་དུས་འཁོར་ལ་དད་པ་ཡོད་མཁན་རེད། དེ་དག་གི་ནང་པའི་བརྒྱ་ཆ་གཅིག་ཙམ་ཡང་མི་ཟིན་ཟེར་ནས་ཧམ་བཤད་མ་རེད་དམ། ཅུང་ཟད་བག་ཡོད་པ་བྱས་ན་མི་བཟང་ངམ།
ཨ་རོ་བླ་རྒན། ང་ཚོའི་རྒན་ཞིག་དགེ་བསྐོས་ཡིན་དུས་གྲྭ་པ་ཚོར་ཞི་མོ་ཚོར་ལྟ་ན་འདོད་ན་མགོ་དཀྱོགས་ན་མ་ལྟ། མགོ་དྲང་མོ་བྱས་ཏེ་མིག་ཟུར་གྱིས་ལྟོས་བཤད་པ་ནང་བཞིན་བྱེད་དགོས་སམ། ཐེག་ཆེན་བཀར་སྒྲུབ་དང་གསང་སྒྲུབ་འདི་ནི་རང་རེའི་ལོ་ངོ་སྟོང་ཕྲག་གི་རིང་མཇུག་བསྡུ་མ་ཐུབ་པའི་རྩོད་པ་ཞིག་ཡིན་པས། སྤོབས་པས་འདི་ལ་དོགས་སློང་བྱས་པས་དད་པ་ལོག་འགྲོ་བའི་རྨོངས་རྟུལ་དད་པའི་རྗེས་འབྲངས་རེ་ཡོད་སྲིད་ཀྱང་སྤོབས་པས་དུས་དབང་བསྐུར་སའི་ཚོམས་ཆེན་ནང་དུ་སྐད་བརྒྱབ་ནས་བཤད་ཀི་མེད་པས་ཅི་སྐྱོན། སྤོབས་པའི་རྩོམ་ཡིག་གི་ནང་དུ་གཡུང་དྲུང་བོན་གྱི་མཁས་པ་ཚོ་ཅུང་བཙུར་གིན་འདུག་པས་དེའི་ཕྱོགས་ནས་ཅུང་གཟབ་ན་ལེགས་པར་མཐོང་། དེ་མིན། “མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ། །རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོགས་པར། །”མི་བུ་རང་གི་རྣམ་དཔྱོད་མེ་སྟག་གིས། །རྨོངས་པའི་ཚང་ཚིང་སྲེག་འདི་བསྔག་པར་འོས། །
ངས་ཁོང་ཚོས་ཡི་གེ་ཁ་ཤས་ཀློག་པ་ཡིན། གཡུང་དྲུང་བོན་གྱི་ཕྱོགས་ནས་བགྲོ་གླེང་གནང་མཁན་ཚོས་ཤྰཀྱ་ཐུབ་པའི་བསྟན་པ་ཕྱོགས་ལ་ཁ་སང་ནས་དབུ་སྟོན་པ་ནས་བཟུང་སྟེ་བོད་ཀྱི་བླ་ཆེན་གྲུབ་ཆེན་ཚང་མ་ལ། ཆོས་རྒྱུད་ཚང་མ་ལ་ཚིག་ངན་མང་པོ་བཤད་སོང་པས། ཁོང་ཚོས་དོག་སློང་ག་ཚོད་བྱས་ན་ཡང་དད་པ་ཡོད་མཁན་ཚོའི་དད་པ་འགོག་ཐུབ་ཀྱི་མ་རེད། སྤོབས་པ་མཐའ་ཡས་ཀྱི་བྱེད་སྟངས་དེ་འདྲ་མ་རེད། སངས་རྒྱས་པའི་ཕྱོགས་བཟུང་ནས་སངས་རྒྱས་པའི་ཆོས་འགོག་བཞིན་པས། འདི་ལ་ཡིད་ཆེས་བྱེད་མཁན་ཡོད་སྲིད་པ་རེད། ད་དུང་སྤོབས་པ་མཐའ་ཡས་ནས་སྔར་གྱི་མཁས་པ་རེད་མདའ་བ་སོགས་ཀྱི་དོག་པ་བྱེད་སྟངས་མཐོང་ཡོད་པས་རིག་པ་ཅུང་ཟད་ཕྲ་བ་ཤེས་ཀྱི་རེད། དེས་དད་པ་ལ་གནོད་ཀྱི་རེད། རེད་མདའ་བས་ཀྱང་ཐོག་མར་དུས་འཁོར་ལ་དོག་སློང་བྱས་ནས་༼དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་ལས་གསོལ་བ་ནོར་བུའི་ཕྲེང་བ་༽བྲིས་ཟིན་ནས་བོད་ཀྱི་དུས་འཁོར་མཁས་པ་རྣམས་ལ་སྤྲིངས་ཡོད། དེ་ལ་ས་སྐྱ་ཕྱོགས་ནས་མཁས་པ་མང་པོས་དེ་ལ་ལན་བྲིས་པས། རྗེས་ནས་རང་ལན་ཞིག་ཀྱང་བྲིས་ཡོད་པ་རེད། རང་ལན་ནང་དུ་སྔར་བཀོད་པའི་དོག་སློང་མང་ཆེ་བ་དྲང་དོན་དུ་བཀྲལ་ཡོད། དེའི་རྗེས་ནས་མཁས་པ་སྟག་ཚང་པ་སོགས་ཀྱིས་ལན་བྲིས་པས། རྗེས་སུ་རེད་མདའ་བས་ཀྱང་༼དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མ་༽ ཞེས་པ་བྲིས་ནས། དུས་འཁོར་ནས་བསྟན་པ་རྣམས་རྒྱུད་དོན་དང་མཐུན་པར་སྒྲུབ་ཡོད། དཔེར་ན་རྣམ་བཅུ་དབང་ལྡན་ཁམས་ལེའུ་བསྟན་དོན་གཅིག་བུ་ལ་ཡང་ཁུངས་འདི་ལྟར་དྲངས་འདུག ༼ཁམས་ལེའུ་ལས། སྐུ་དང་ཡེ་ཤེས་ནམ་མཁའ་དང་ནི་མེ་དང་རླུང་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང་།། ལྷ་ནི་མཐོང་བ་སྐྱེད་མིན་དག་དང་སྲིད་པ་རྣམ་བཅུར་གསུངས་པ་རྡོ་རྗེ་ཡི་ནི་སྐུ་དག་ལས།། སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་དུ་གྲོལ་ཏེ། ཞེས་པ་དང་། མཚན་བརྗོད་ལས། རྣམ་པ་བཅུ་བོ་དོན་བཅུའི་དོན།། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག། ཀུན་གྱི་དོན་ནི་མ་ལུས་བྱེད།། རྣམ་བཅུ་དབང་ལྡན་ཆེ་བ་པོ།། ཐོག་མ་མེད་པ་སྤྲོས་མེད་བདག། དེ་བཞིན་ཉིད་བདག་དག་པའི་བདག། ཅེས་སོགས་ཀྱིས་དུས་འཁོར་གྱི་ཁྱབ་བྱེད་རྡོ་རྗེའི་ཁམས། ནམ་མཁའ་ལ་སོགས་པ་རྟེན་དཀྱིལ་འཁོར་ལྔ་དང་། བརྟེན་པ་ལྷུན་པོ་ལ་སོགས་པ་བརྟན་པ་དང་གཟུགས་མེད་ཀྱི་སྲིད་པའི་མཐར་ཐུག་པ་གཡོ་བའི་ཚོགས་རྣམས་སྒྲིབ་པ་མེད་ཅིང་། རོ་མཉམ་པར་འགྱུར་པ་དེ་བཞིན་ཉིད་རྣམ་པར་དག་པའི་ངོ་བོ་དོན་དམ་པའི་རྣམ་བཅུ་དབང་ལྡན་བསྟན་པར་བཞེད་དོ། ༽རེད་མདའ་བའི་དོག་སློང་དེ་དག་ནི་སྐབས་དེར་མཁས་པ་ཚོའི་ནང་དུ་དུས་འཁོར་ལ་སྒྲོ་འདོགས་གཅོད་པར་ཉི་མ་ལྟ་བུར་ཆགས་ཡོད།
གལ་སྲིད་སྤོབས་པ་མཐའ་ཡས་ནས་ཀྱང་དོག་སློང་བྱེད་ན་འདི་ལྟར་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཆ་ནས་བཤད་དགོས་པ་ལས། དོག་པ་ཆུང་ཆུང་ཞིག་གི་སྟེང་དུ་འུར་བཤད་མང་པོ་ཞིག་བྱས་ཡོང་ན། དེ་ནི་གོང་གསལ་བོན་པོ་བློ་མཐུན་ཚོས་ཚིག་ངན་བཤད་པ་དང་ནུས་པ་རྩ་ནས་འདྲ་གི་མ་རེད་དོ།
ད་དུང་ཡེ་ཤེས་ལ༼སྤོབས་པའི་རྩོམ་ཡིག་གི་ནང་དུ་གཡུང་དྲུང་བོན་གྱི་མཁས་པ་ཚོ་ཅུང་བཙུར་གིན་འདུག་པས་དེའི་ཕྱོགས་ནས་ཅུང་གཟབ་ན་ལེགས་པར་མཐོང་། ༽ འདི་ཁྱེད་ཀྱིས་དྲང་མོར་བཤད་མ་སོང་། སྤོབས་པ་མཐའ་ཡས་ནས་ཐོག་མར་རྩོམ་ཡིག་བྲིས་ནས་རང་བསྟན་གྱི་ཆེ་བ་བརྗོད་སོང་། དེ་ལ་ཁོང་ཚོས་ངན་སྨྲས་བྱེད་པའི་མགོ་དང་པོ་ཚུགས་སོང་། མི་བདེན་ན་ཕྱིར་གཤིག་རྒྱབ་ནས་རྩོམ་ཡིག་ལ་བལྟས་དང་། སྤོབས་པའི་རྩོམ་ཡིག་ན། རྒྱལ་དབང་ལྔ་བ་ཅན་པ་དེ་ཡིན་ས་ཡོད། ཁོང་གིས་འདས་མཆོད་ལ་སྨོན་ལམ་ཙམ་བཏབ་སོང་། འོན་ཀྱང་དེའི་མཆན་ལ་བོན་པོའི་ཕྱོགས་ནས་ངན་སྨྲས་སྔོན་ལ་བྱས་སོང་། རྩོམ་ཡིག་དེའི་འོག་ལ་ལྟོས་དང་གསལ། དེའི་རྗེས་ནས་ཕན་ཚུན་གཉིས་ཀའི་ཁ་ནས་ཚིག་ངན་སྨྲས་པའི་འགོ་ཚུགས་སོང་ང་།
སྤྱིར་བཏང་བཤད་ན་བོན་པོ་དང་བན་དེ་གཉིས་ཀའི་རྩོད་པ་མཇུག་རྫོགས་ན་རེད། དེ་མཇུག་རྫོགས་ན་བོད་ལ་ཕན་ཐོག་ག་ཚོད་ཡོད་མེད་ད་ལྟའི་དུས་ལ་བལྟས་ན་ཤེས། ད་ལྟའི་དུས་ལ་བན་བོན་གདན་ཐོག་གཅིག་ཏུ་ཚོགས་ནས་ཆོས་ཀྱི་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། དཔེར་ན་འཇང་དགུན་ཆོས་ལྟ་བུ། ཡང་བན་བོན་གཅིག་ཏུ་ཚོགས་ནས་བོད་དོན་གླེང་གི་ཡོད་པ་རེད། དཔེར་ན་སྤྱི་འཐུས་ཚོགས་ཁང་ལྟ་བུ། བན་བོན་གཅིག་ཏུ་ཚོགས་ནས་ཁྱིམ་གཞི་འཛིན་ཐུབ་ཀྱི་ཡོད་པ་རེད། དཔེར་ན་གཡུང་དྲུང་མཚོ་དང་རྟ་མགྲིན་རྒྱ་གཉིས་ཆང་ས་བརྒྱབ་ཡོད་པ་ལྟ་བུ། བན་བོན་བར་ཏུ་རྩོད་པ་ཞི་ན་ཆེ་བ་རྒྱལ་ཁབ་ཀྱི་དོན་ཆེན་ནས་ཆུང་བ་ཁྱིམ་ཚང་གི་དོན་ཕྲན་བར་དུ་འགྲུབ་འགྲོ་གི་ཡོད་པ་རེད། རིགས་རྒྱུད་གཅིག་ལས་མཆེད་པ་ལ་དེ་ལྟར་ཡག་སྡིག་དང་གཙང་གཙོག་མ་རྩིས་ན་ཡག་ས་རེད།
རྩོད་པ་བྱས་ནས་རྫོགས་ཡ་ཡོད་པ་མ་རེད། གནའ་སྔ་མོ་རྒྱལ་བོ་ཚོའི་སྐབས་ནས་བརྩད་པ་རེད། ད་དུང་ཡང་རྩད་ནས་ཐག་ཆོད་ཡོད་པ་མ་རེད། ལྟ་བ་དེ་ལ་ཐག་ཆོད་འགྲོ་བ་ཡོད་པ་མ་རེད། རྩོད་པ་དེས་བསྐྱེད་པའི་ཉེས་པ་ནི་ཆེ་བ་རྒྱལ་ཁབ་ཀྱི་དོན་ཆེན་ནས། ཆུང་བ་ཁྱིམ་ཚང་གི་དོན་ཕྲན་བར་དུ་ཆུག་འགྲོ་གི་ཡོད་པ་རེད། ན་ནིང་བགྲོ་གླེང་མང་པོ་ཞིག་བྱས་སོང་ང་། ཁྲི་རལ་བོན་པོ་ཚོས་བསད་པ་རེད་ཟེར། ཡང་ཨུ་དུམ་བཙན་པོ་བན་དེ་ཚོས་བསད་པ་རེད་ཟེར། དེ་བདེན་ན་དེ་ནས་བཟུང་སྟེ་རྒྱལ་ཁབ་སིལ་བུར་འཐོར། ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་འདྲིས་ཆད། དུམ་བུར་དུམ་བུར་སོང་ནས། བན་བོན་ཕྱོགས་བཟུང་ནས་ཐ་ན་གཞོན་ནུ་ཚོ་གཅིག་གཅིག་ལ་ཆང་ས་རྒྱག་པར་ཡང་རྣམ་རྟོགས་ཟ་ནས་རྒྱག་མི་ཐུབ། སྡེ་བ་གཅིག་གི་ནང་ནས་ཕན་ཚུན་དགའ་ན་ཡང་ཕན་ཚུན་ཆང་ས་ཡང་རྒྱག་མི་ཐུབ་པ་སོགས་ཀྱི་སྐྱུགས་བྲོ་བའི་ལས་ཀ་མང་ཀ དེ་ཚང་མ་བན་བོན་གྱི་རྩོད་པ་ལས་བྱུང་བ་ཞིག་རེད། དེ་བས་༧གོང་ས་མཆོག་གི་ཐུགས་བསྐྱེད་གཞིར་བཟུང་། བན་བོན་གྱི་རྩོད་པ་འཚམ་བཞག་ན་དེ་ནས་ནང་ཁུལ་དུ་བདེ་སྐྱིད་ཀྱི་ཉི་མ་ཤར་བ་རེད་ལགས་བསམ་མོ།།
རྒྱལ་དབང་ལྔ་པ་ཆེན་པོའི་འདས་མཆོད་སྐབས་ཀྱི་ཚོར་སྣང་ཐུན་གཅིག་ཅེས་པའི་སྐོར་ལ་མཆན་ ༣༤༤ བཀོད་འདུག
1. ༡༽ བསྟན་འཛིན་ཐོས་བསམ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༧ སྐར་མ་ ༡༥
སྤོབ་མཐས་་་་་་རང་ཉིད་རྟོགས་པ་མཐོ་རབས་ཟུར་ཏུ་ཤུགས་ཆེན་པོ་བསྟན་འདུག་གོ
2. ༢༽ གཙང་རིགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༧ སྐར་མ་ ༥༡
ཁྱེད་ཉིད་ཀྱིས་ལོ་རྒྱུས་ཤེས་མདོག ཉམས་ལེན་ཡོད་མདོག རྟོགས་མཐོན་ཡིན་མདོག་བྱེད་པ་ཡིན་རྒྱུ་རེད་དེ། དོན་དམ་པར་རྒྱལ་དབང་ལྔ་བ་དེ་འདྲའི་རིས་མེད་ཀྱི་སྐྱེས་བུ་ཞིག་ཡིན་པའི་ཡིད་ཆེས་མེད་དེ། ཁྱེད་ལ་རྨོངས་ཞེན་གྱི་དད་པ་མིན་པར་ཡིད་ཆེས་ཞིག་རྙེད་ཡོད་ན་ཉམས་ལེན་གྱིས་དང་ཡག་པོ་རེད། ཕྱོགས་ཞེན་གྱིས་བཟི་བར་ཉེན་ཁ་འདུག
3. ༣༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༨ སྐར་མ་ ༤༤
ང་ནི། ༸རྒྱལ་མཆོག་༸སྐུ་ཕྲེང་༡༤པ་འདི་ནི། རྒྱལ་མཆོག་ལྔ་པ་ལས་ལྷག་པ་བཀའ་དྲིན་ཆེ་བ་རྩིས་བཞིན་ཡོད་ལགས། སངས་རྒྱས་ཀྱི་རྗེས་སུ་མི་ཡི་རྣམ་ཅན་སློབ་དཔོན་པད་མ་འབྱུང་གནས་དང་། ཨ་ཏི་ཤ་དང་། མར་ལོ་དང་ས་པཎ་མཆོག་དང་། རྒྱལ་བ་པཎ་ཆེན་མང་པོའི་ནང་ནས་ཆེས་ཕུལ་དུ་བྱུང་བ་རྒྱལ་དབང་༸བསྟན་འཛིན་རྒྱ་ མཚོ་ཁོ་ན་ལས་མ་འདས་སོ། །འདི་ནི་སྤོབས་པ་མཐའ་ཡས་ལགས་དང་། མི་མཐུན་པའི་ཆ་ཙམ་སྨོས་པ་ལགས།
4. ༤༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༩ སྐར་མ་ ༤༩
དེ་དེ་བཞིན་ནོ་ རིགས་ཀྱི་བུ། ལེགས་པར་བསྒོམས་ལ་ཉམས་སུ་ལོངས་ཤིག་དང་། གངས་ཅན་པ་ལ་ཡང་བསྐྱར་སྐྱིད་ཀྱི་ཉི་མ་ཞིག་ཤར་བར་ཤོག ༧རྒྱལ་དབང་ལྔ་བ་དང་བཅུ་བཞི་བ་སུ་ཡིན་ན་ཡང་སྤྲུལ་གཞི་གཅིག་གི་སྤྲུལ་བ་ཡིན་ པས་གོང་ཚད་མ་རྒྱབ་ན་ལེགས།
5. ༥༽ བསམ་ཤེས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༢༡ སྐར་མ་ ༠༢
སྤོབས་པ་མཐའ་ཡས་ཀྱི་གསུང་ལ་མངོན་པར་བསྟོད་དོ། ཁྱེད་ ལ་ཐམས་བཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་ དག་ཐུགས་སུ་ཆུད་པའི་སྐྱེ་བུ་ཞིག་ནི་ཡིན་པ་དོན་མི་ཟ་འོ།
རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་ནང་ནས་ལྔ་བ་ཆེན་པོ་མཆོག་ནི་ལྷག་པར་དུ་སྔ་འགྱུར་རྙིང་མར་ཤིན་དུ་དཀའ་འདྲིན་ཆེ་སྟེ། ཁོང་ལ་བརྟེན་ནས་བོད་དབུས་གཙང་གི་ནང་ལ་སྔ་འགྱུར་རྙིང་མའི་ཆོས་ལུགས་ལ་དད་མུས་ཕྲན་བུ་ལྷག་པར་བྱས་སོ། འོན་ཏང་། ལེགས་བཤད་དུ་ཇི་ལྟར་གསུང་བ་བཞིན། བསིལ་ཟེར་ཤར་བས་ཀུ་མུད་ཏ། བཞད་དེ་གཞན་རྣམས་དེ་ལྟར་མིན། ཟེར་བ་བཞིན། ལྔ་པ་ཆེན་པོ་ཉིད་ཀྱིས་བོད་ཆིག་སྒྲིལ་ཡོང་བ་དང་། སངས་རྒྱས་ཀྱི་བསྟན་པ་ཕྱོགས་རེ་འགའ་བ་ཁག་གཅིག་དར་བར་བྱས་རུང་། ཁག་གཅིག་ལ་གནོད་ཚེ་ཡང་ཆེན་པོ་བྱུང་ཡོད་པར་བཤད་ཚུལ་ཡང་ཡོད་དེ། དཔེར་ན། དཔལ་བཀའ་བརྒྱུད་པའི་རྩ་ཆེན་གྱི་དགོན་པ་དང་བཤད་སྒྲ་མི་ཉུང་བ་དགེ་ལུགས་ལ་བཙན་སྒྱུར་བྱས་པ་ཡོད་ལ། དཔལ་ཇོ་ནང་པའི་བསྟན་པའི་བླ་ཆེན་མང་པོ་མདོ་ཕྱོགས་ལ་བྲོས་ནས། ཇོ་ནང་གི་བསྟན་པ་འདི་དབུས་ཕྱོགས་ལ་ཆེས་ཉམས་ཆགས་ལ་འགྲོ་བའི་རྐྱེན་ཡང་བྱུང་ཡོད་དོ། འདི་དག་ནི་བསུབ་ཏུ་མེད་པའི་གངས་ཅན་གྱི་ལོ་རྒྱུས་ནང་ལ་བཞུགས་ཡོད་དོ།
དེ་ལྟར་ཡིན་མོས་ཀྱི། བཤད་མ་ཐག་པའི་ཕྱོགས་ཤས་རེ་ཞིག་གིས་ལྔ་པ་ཆེན་པོ་དེ་ཉིད་ཀྱི་མཛད་རྗེས་ནི་བསུབ་ཏུ་མི་ལང་གི། ལྔ་པ་ཆེན་པོ་འདི་ཉིད་ཀྱི་ཐུགས་རྗེ་ལས། བཅུ་བཞི་པ་ཆེན་པོ་འདི་འདྲ་ཞིག་བྱོན་པ་ཡོད་དེ། ལྔ་ བ་ཆེན་པོ་ཉིད་ཀྱི་རིས་མེད་ཀྱི་དགོངས་པའི་དམ་ཚིགས་ལས་བཅུ་བཞི་པ་ཆེན་པོ་ཉིད་ ཀྱི་བོད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་འཛིན་པའི་མཛད་བཟང་མཐར་ཁྱོལ་བར་བྱུང་ ནས། ས་སྟེང་འདིར་བསྟན་པའི་སྟོན་པ་གཉིས་པ་ལྟ་བུར་ཕེབས་སོ།
6. ༦༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༢༡ སྐར་མ་ ༡༥
ཀུན་གཟིགས་ལྔ་པ་ ཆེན་མོའི་བཀའ་དྲིན་དྲན་པ་ནི་རྗེས་སུ་ཡི་རངས་ཞུ། ང་ཚོའི་བོད་ལ་ཁོང་འདྲ་མ་བྱོན་ན་གྲུབ་མཐའ་ཆགས་སྡང་གི་དབང་དུ་སོང་སྟེ་མུན་ འཐོམས་གྱི་གནས་སུ་གྱར་ངེས་བས་ཆོས་ལ་ཆོས་སུ་ཤེས་བའི་སྒོ་ནས་བསྟན་པ་རིས་མེད་ ལ་དག་སྣང་སྦྱོང་བར་འཚལ། སྙིང་ནས་གསོལ་བ་འདེབས།
7. ༧༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༢༣ སྐར་མ་ ༡༣
གྲུབ་མཐས་བོད་ མིའི་སྤྱི་ཆོགས་ཀྱི་ཐུན་སྒྲིལ་ལ་གནོད་པ་མང་པོ་ཞིག་གིས་གཅིག་གྱུར་གྱིས་ངོས་ འཛིན་ཡོད་པས། ཐུན་སྒྲིལ་གལ་ཆེའམ་གྲུབ་མཐའ་གལ་ཆེ་ཞེས་བ་དྲི་བ་ཞིག་སེམས་ལ་འཁོར་སོང་།
8. ༨༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༢༣ སྐར་མ་ ༢༡
བེ་རི་དཔོན་གྱིས་ གཙང་པ་སྡེ་སྲིད་ལ་ཡིག་འཕྲིན་བསྐུར་འདུག ཡིག་འཕྲིན་དེའི་ནང་ལ། ལོ་རྗེས་མར་ངའི་དམག་ལྷ་སར་ཡོང་རྒྱུ་ཡིན། ལྷ་སའི་ཇོ་བོ་ཟེར་བའི་ཟངས་སྐུ་དེ་ཆུ་ལ་སྐུར། སེ་འབྲས་དགེ་གསུམ་བཤིག་པའི་ཤུལ་དུ་མཆོད་རྟེན་རེ་བཞིངས། ཟེར་བ་སོགས་བརྗོད་འདུག སྐབས་དེར་སྡེ་སྲིད་གཙང་པས་ཀྱང་དམག་གི་བཤོམ་ར་ཆེན་པོ་བྱས་འདུག ད་ཁྱོད་ཚོས་བསམ་བློ་ཞིག་ཐོངས་དང་། བསྟན་པ་བསྣུབ་མཁན་སུ་རེད། ཕྱོགས་རིས་བྱེད་མཁན་སུ་རེད། དགེ་ལྡན་པ་སྟོབས་འབྱོར་ཆེན་པོ་ཆགས་ཡོང་དུས་པདྨའི་ཚལ་ལ་བུང་བ་འདུས་པ་བཞིན་ རང་བཞིན་ཤུགས་ཀྱིས་མི་མང་པོ་ཞིག་དེའི་ཕྱོགས་སུ་ཞུགས་སོང་བ་རེད། དེ་མིའི་ཆོས་ཉིད་རེད། ལོ་རྒྱུས་ཀྱི་ནང་ན་ཡང་བསྣུབས་བཞག་པའི་སྐད་ཆ་གང་ཡང་མི་འདུག རྒྱལ་ཁབ་ཀྱི་གཅིག་གྱུར་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་བྱེད་མཁན་གྱི་ སྟེང་ལ་ཉེས་ཆད་དྲག་གནོན་ཡོང་བ་བཤད་མ་དགོས་པ་རེད།
9. ༩༽ འདོད་ལྷ་ཁམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༠ སྐར་མ་ ༢༠
དགེ་འདུན་གྲུབ་དང་ངག་དབང་བློ་བཟང་སོགས། །
སྐུ་ཡི་ཕྲེང་བ་ན་རིམ་བཅུ་གསུམ་ཡོངས། །
གཅིག་ཏུ་བསྡུས་པའི་སྐུ་ཡི་བཀོད་པ་ནི། །
གངས་ཅན་ལྷ་གཅིག་༧བསྟན་འཛིན་རྒྱ་མཚོ་མཆོག །
10. ༡༠༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༠ སྐར་མ་ ༣༩
རང་དང་མཐུན་པར་བྱུང་ན་བསྟོད་ར་དང་དེ་དང་མི་མཐུན་པར་བྱུང་ན་སྨད་ར་བྱེད་རྒྱུ་ནི་འཇིག་རྟེན་མི་ཡི་ཁམས་སུ་གྲུབ་པས་དེ་དེ་བཞིན་ནོ།
11. ༡༡༽ སྐྱུ་རྩི་ནས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢ སྐར་མ་ ༤༦
༧གོང་ས་ལྔ་པ་ཆེན་ པོ་བཞིན་དུ་ངས་ཚོང་པ་རྒྱག་པར་ལྷག་པར་དྲན། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མེད་དགོངས་གསུངས་པ་བཞིན། ཀུན་གཟིགས་ཚོང་པ་རྒྱག་པ་མཆོག་ནས་རྒྱ་དམར་གྱི་མེ་མདའ་དབུ་ཐོད་དུ་བཏོད་ཀྱང་ འུ་ཅག་ཁ་བ་རི་བ་བ་་ས་ཡ་དྲུག་གི་བདེ་དོན་ཐུགས་ཀྱིས་མ་བཟོད་པར་རྒྱ་དམར་གྱི་ གདུག་རྩུབ་ལ་འཇིགས་མེད་སྨྲ་བའི་སེང་གེའི་གད་འགྱངས་སྒྲོག་བཞིན་ཐབས་མཁས་ཐུགས་ རྗེའི་ནུས་པས་བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་གྲུབ་མཐའ་ཡོངས་རྫོགས་དང་། བོད་ཀྱི་ཐུན་མིན་རིག་གཞུང་ཆ་ལགས་ཡོངས་སུ་རྫོགས་པ་སླར་གསོའི་ཆེད་མཛད་འཕྲིན་ ནམ་མཁའི་མཐའ་ལས་འདས་པ་བསྐྱངས་བཞིན་དུ་རང་ཅག་ནས་ཕུལ་བའི་ཚོང་པ་རྒྱག་པའི་མཚན་ དང་མཉམ་དུ་འཇིག་རྟེན་འདི་ནས་ཕེབས་སོང་།
ཡང་སྲིད་རྟ་བདུན་དབང་པོ་ ཤར་རིའི་རྩེ་ནས་འཕགས་ཙམ་ནས་སྒྲ་ཅན་གཟའ་ཡིས་ཟིན། ཚོང་པ་རྒྱག་པ་ལགས། སྐྱབས་སུ་མཆི། ངས་ཁྱེད་ཀྱི་བཤེགས་རྐྱེན་ལ་བསམ་ན་ཡ་ཆུང་སྙིང་ག་འཕར་ལྡིང་དྲག་དུ་རྡིར།
12. ༡༢༽ ཚེ་རིང་ནས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༥ སྐར་མ་ ༡༠
གོང་ས་ལྔ་པ་ཆེན་ པོ་ནི་ཧ་ཅང་གི་འཇོན་ཐང་ཅན་ཤིག་ཡིན། གཟིགས་དང་ཤེས་ངེས། བོད་གངས་ལྗོངས་སུ་ཁ་ཆེ་ཆོས་ལུགས་བཙུགས་མཁན་ཀྱང་གོང་ས་ལྔ་པ་རེད། སོག་པོའི་དཔུང་དམག་ནང་འདྲེན་གནང་མཁན་ཀྱང་གོང་ས་ལྔ་པ་རེད། སོག་པོ་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་སོགས་ལ་བོད་ཐོབ་སྤྲོད་མཁན་ཀྱང་གོང་ས་ལྔ་ པ་རེད། གཙང་པ་སྡེ་སྲིད་དང་། བེ་རི་རྒྱལ་པོ་གཙོ་བོར་གྱུར་པའི་བཀའ་བརྒྱུད་པ་དང་ཇོ་ནང་པ་གཉིས་ཀྱི་གྲྭ་པ་ སྟོང་ཕྲག་མང་པོ་སྲོག་འཕྲོག་མཁན་ཀྱང་གོང་ས་ལྔ་པ་རེད། ཨ་རུ་ན་ཅལ་དང་། འབྲུག འབྲས་ལྗོངས། ལ་དྭགས། མདོ་ཁམས་སོགས་ས་ཆ་ཕལ་ཆེ་བ་དགའ་ལྡན་ཕོ་བྲང་སྐབས་རྩ་ཐོར་སོང་བས་སྐུ་དྲིན་ཆེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་རྒྱལ་ཁབ་ཀྱི་ཐོབ་ཐང་དུ་འཛུལ་ཞུགས་མ་ ཐུབ་པའང་དགའ་ལྡན་ཕོ་བྲང་གི་བྱས་རྗེས་དང་། ད་ལྟ་བོད་གཞུང་སྒོ་རྒྱབ་པ་ཡང་དགའ་ལྡན་ཕོ་བྲང་གི་འཇུག་འབྲས་ཡིན་ནོོ།།
13. ༡༣༽ འདྲེ་མགོ་རྡོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༥ སྐར་མ་ ༣༩
སྤོབས་པ་ཁྱེད་རང་ བླ་མ་མཆོད་པའི་ཆོ་གར་ཞུགས་པའི་སྣང་བ་དེ་དག་ལ་ནི་སུ་ལའང་སྨྲ་བ་མེད་ཀྱང་། སྤྱིར་ན་རྦས་རྟུལ་དང་རྣམ་རྟོག་ཐན་ཐུན་ཁྲོམ་ལ་སྒྲོགས་པ་ནི༧རྒྱལ་དབང་ལྔ་བ་ལྟ་ བུའི་སྐྱེས་ཆེན་རྣམས་ཀྱི་རང་ལུགས་མིན་པ་ནི་གསལ་བོ་རེད། གང་ལྟར་སྨྲ་བརྗོད་རང་དབང་ཡིན་ཡང་། ཆོས་པར་འཁེས་ཆེ་ན། མི་ཆོས་བླ་མའི་རྗུན་ལ་ཞེ་དྲག་གཟབ་གཟབ་བྱེད་ལོས་དགོས་བསམ། འདི་དྲན་སྐུལ་ཙམ་ཡིན།
གཉིས་ནས། ༧རྒྱལ་དབང་ལྔ་བ་ཡོད་མཐར་བཀོད་ནས་མེད་མཐའ་གང་ཞིག་ཤུགས་སུ་སྟོན་སྟངས་འདིའི་ རིགས་ཀྱི་སྐད་ཆ་བཟོ་དོན་ལ་གླེན་པ་རྣམས་ཕུད། རྣམ་དཔྱོད་ཅན་རྣམས་སྐབས་ཐོག་འདིར་དོགས་པ་ཟ་རྒྱུ་ལ་ཐེ་ཚོམ་ནེམ་ནུར་གང་ཡང་ མེད་པ་རེད།
དེ་བས་ཁྱེད་ལྟ་བུ་དྲ་ངོས་འདིར་སྐྱག་ལངས་ལ་ཅུང་ཙམ་ཤོར་ཡོད་པས། གཟབ་གཟབ་བྱོས།།
14. ༡༤༽ དབང་འདུས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༥ སྐར་མ་ ༥༠
རྒྱལ་དབང་ལྔ་པ་ནི་ ལེགས་པའི་ཕྱོགས་ནས་ངོ་མཚར་ཅན་གྱི་སྐྱེས་བུ་ཞིག་ཡིན་པ་ཞུ་ག་ལ་དགོས། འོན་ཀྱང་སྡུག་ཕྱོགས་ནས་ཞུ་ན་གངས་ཅན་གྱི་ལྗོངས་སུ་ཞྭ་སྒྱུར་ལྷམ་སྒྱུར་གྱི་ དུས་རབས་ཞེས། ཆོས་བརྒྱུད་གཞན་གྱི་དགོན་སྡེ་མང་པོ་དགེ་ལྡན་པའི་གྲྭ་ཚང་དུ་བསྒྱུར་པའི་མཁན་ པོ་དེ་མིན་ནམ།
15. ༡༥༽ ཚེ་བསམ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༩ སྐར་མ་ ༥༩
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་སྐུ་ཉིད་ཀྱིས་བསམ་ཚུལ་གསུང་བར་དགའ་པོ་བྱུང།
ཡིན་ན་ཡང་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ལ་འགྱུར་དགོན་བཅུ་གསུམ་ཞེས་ཡིག་ངག་གཉིས་ལ་
ཡོད་པ་དེ་ཚོར་འགྲེལ་བཤད་གང་འདྲ་ཡོད་དམ།
16. ༡༦༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༠ སྐར་མ་ ༠༢
ཁྱོད་ཚོ་ཞེན་ཁོག་ སྐམ་པོ་རེ་ལ་རྒྱབ་སྙེས་ནས་འདུག་པ་ལས་རྒྱལ་དབང་ལྔ་པ་ཆེན་པོས་བསྟན་པའི་གསེར་ འོད་འབརབའི་ལམ་དེར་ཚང་མ་ལྷན་ཅིག་ཏུ་འགྲོ་ཡ། རྒྱལ་དབང་ལྔ་པ་ཆེན་པོ་ལྟ་བུ་ལ་ཡང་གཤེ་ཞིང་སྐུར་བ་འདེབས་མཁན་ད་དུང་ཡང་ཡོད་ འདུག བསོད་ཅན་ལ་ཁ་བཏང་ན་བསོད་ཟད་ཀྱི་ཚེ་ཟད་ཅེས་པ་རེད། འདི་ཚོ་སྙིང་རེ་རྗེ།
17. ༡༧༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༠ སྐར་མ་ ༠༧
བསྒྱུར་དགོན་ཟེར་ བ་དེ་ཚོ་སྤོང་བ་ཐོས་བསམ་དང་ཀློག་པཐོས་བསམ་གྱི་སྲོལ་མེད་མཁན་གྱིའཚེ་བ་ཆོས་ སུ་སྨྲ་བའི་དགོན་སྡེ་ཁ་ཤས་ཤིག་ཁྲིམས་ལྡན་འདུས་པའི་སྡེར་བསྒྱུར་བའི་དོན་རེད་ མ་གཏོགས་རྒྱལ་དབང་ལྔ་པས་རང་རྒྱལ་གཞན་ཕམ་གྱི་བློས་དགེ་ལུགས་ཕྱོགས་ལ་བཙན་ བསྒྱུར་བྱས་པའི་དོན་འདྲ་མ་རེད་ཀེ།
18. ༡༨༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༡ སྐར་མ་ ༤༥
ང་སྔོན་མ་ཡིན་ན་༧ རྒྱལ་དབང་བརྒྱད་པ་ནས་བཅུ་གཉིས་པ་བར་དུ་བྱིས་པ་ཆུང་ཆུང་སྐབས་སུ། ནར་མ་སོན་པའི་སྐབས་སུ་སྐུ་མྱ་ངན་ལས་འདས་པ་དེ་རྒྱ་ཕྱོགས་ཀྱི་ཨ་འབན་ཟེར་བ་དེ་ ཚོར་དོག་པ་ཡོད་མོད། གོང་གི་མཆན་འདེབས་སྟངས་འདི་དག་ལ་བལྟས་ན་ད་ནི་བོད་པའི་ནང་དུ་དོག་པ་ཟ་ཡོང་གི་ འདུག་གོ
19. ༡༩༽ ཇ་མ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༣ སྐར་མ་ ༢༩
༧གོང་ས་ལྔ་བ་ཆེན་པོ་མཆོག་དང་༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་རྣམ་གཉིས་ནི་བོད་མི་མང་ལ་ཕན་རླབས་ཆེ་ཤོས་རེད་བསམ།
20. ༢༠༽ BONPO ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༥ སྐར་མ་ ༣༥
༧གོང་ས་ལྔ་བ་ཆེན་ པོ་གླེང་ཞོར་དུ་་་་་བེ་རི་དོན་ཡོད་རྒྱལ་པོ་མཆོག་་་་་གི་སྐོར་རང་བཞིན་གྱི་ གླེང་དགོས་པ་བྱུང་ཡོད། ངོས་རང་ནས་དེ་ཡི་སྐོར་སྔོན་མ་ཞིག་ལ་ཁྱུག་ཙམ་ཞིག་བཀླགས་པ་ཡིན། ༧གོང་ས་ལྔ་བ་ཆེན་པོའི་ཁ་གཏད་ཀྱི་གཙོ་བ་དེ་་་་་གཙང་པ་སྡེ་སྲིད་་་་་རེད་མ་ གཏོགས་་་་་་་བེ་རི་རྒྱལ་པོ་མཆོག་་་་མ་རེད། དེ་ངེས་པར་ཤེས་དགོས། ༼༼བེ་རི་དཔོན་གྱིས་གཙང་པ་སྡེ་སྲིད་ལ་ཡིག་འཕྲིན་བསྐུར་འདུག ཡིག་འཕྲིན་དེའི་ནང་ལ། ལོ་རྗེས་མར་ངའི་དམག་ལྷ་སར་ཡོང་རྒྱུ་ཡིན། ལྷ་སའི་ཇོ་བོ་ཟེར་བའི་ཟངས་སྐུ་དེ་ཆུ་ལ་སྐུར། སེ་འབྲས་དགེ་གསུམ་བཤིག་པའི་ཤུལ་དུ་མཆོད་རྟེན་རེ་བཞིངས། ཟེར་བ་སོགས་བརྗོད་འདུག༽༽ ཡིག་འཕྲིན་འདི་བདེན་པ་ཡིན་ན་་་་ལོ་རྗེས་མར་ངའི་དམག་ལྷ་སར་ཡོང་རྒྱུ་ཡིན་་་་ ཟེར་བྲིས་འདུག་པས་༧གོང་ས་ལྔ་བས་ཛ་དྲག་གིས་་་་བེ་རི་རྒྱལ་པོ་་་ལ་དམག་རྒྱག་ དགོས་པ་ལས་ལོ་གང་མཚམས་འགུགས་ལོང་མེད་པ་ལྟ་བུ་རེད། ཡིན་ནའང་༧གོང་ས་ལྔ་བའི་ལོ་རྒྱུས་ནང་་་་བེ་རི་རྒྱལ་པོ་ལ་དམག་བརྒྱབ་རྒྱུར་་་ གུ་ཤྲི་ཧན་གྱི་སོག་དམག་གིས་་་ལོ་གསུམ་ཙམ་་་་བེ་རི་རྒྱལ་པོ་ལ་་་་གསང་ ཉུལ་་་་་བྱས་རྗེས་གཞི་ནས་དམག་འཐབ་བྱས་པའི་སྐོར་བྲིས་འདུག་པས་་་ཡིག་ འཕྲིན་་་་དེ་བདེན་པ་ཡིན་མིན་ལ་ལེགས་པར་བརྟག་པའི་གནས་སུ་མཐོང། ཕོ་བྲང་པོ་ཏ་ལའི་་་་ལྡེབས་རིས་ཤིག་ཏུ་་་་༧གོང་ས་ལྔ་བ་ཆེན་པོའི་ཕྱག་བྲིས་ ཡིན་པའི་ལོ་རྒྱུས་ཡོད་པའི་་་་་་་གཡུང་དྲུང་གི་བོན་ལྷ་སྡེའི་གཏོགས་སོ་ ཅོག་་་་་ཞེས་བྲིས་གནང་བ་ཞིག་ཡོད་རེད་ཟེར་གོ་མྱོང། དེ་ལྟར་ཡིན་ན་༧གོང་ས་ལྔ་བ་ཆེན་པོ་མཆོག་གིས་བོན་གྱི་བསྟན་པ་ལ་དེ་འདྲ་སྡང་ དགོས་པའི་དོན་ཞིག་མེད་པའི་བཟོ་འདྲ་འདུག། འོན་ཀྱང་་་་༧གོང་ས་ལྔ་བས་་་་་བེ་རི་བོན་སྐྱོང་རྒྱལ་པོ་མཆོག་་་་ལ་དམག་འཐབ་ བྱེད་དགོས་པ་དེ་ནི་་་་་གཙང་པ་སྡེ་སྲིད་་་་་ཀྱི་གཡོ་འཕྲུལ་གྱི་རྐྱེན་ལ་ བརྟེན་ནས་བྱུང་བ་ཞིག་ཡིན་པ་ཕལ་ཆེར་ངེས་པ་ཡིན་པས་དེ་དོན་་་་ལོ་རྒྱུས་ངོ་ མ་་་་ལ་འཁྱོགས་བཤད་མི་གནང་བའི་དགོངས་འཇག་ཞུ། ཡིན་ནའང་ང་བོན་པོ་ཞིག་ཡིན་པས་་་་་་་བེ་རི་བོན་སྐྱོང་རྒྱལ་པོ་མཆོག་་་་་དུས་ ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་ནོ།
21. ༢༡༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༧ སྐར་མ་ ༥༩
ཆོས་ལུགས་འཐེན་ ཁྱེར་དང་ཆགས་སྡང་གི་དབང་དུ་སོང་ན་གནས་ལུགས་གང་ཡང་མཐོང་གི་མ་རེད། འཁྲིས་ནད་ཅན་ལ་དུང་དཀར་སེར་བོ་སྣང་། དགེ་སློང་ལེགས་སྐར་གྱིས་སྟོན་པ་ལ་ཡོན་ཏན་གང་ཡང་མེད་ཚུལ་བཤད་པ་དང་གཅིག་ མཚུངས་རེད།
22. ༢༢༽ གཙང་རིགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢༡ སྐར་མ་ ༠༤
སྤོབས་པ་མཐའ་ཡས་ལ་ སྤོབས་པ་ཆེ་མདོག་རེད་དེ། ད་ལ་ཕལ་ཆེར་གཟབ་ན་བཟང་རྒྱུ་རེད་བསམ་གི རྒྱལ་དབང་ལྔ་བས་སོག་དམག་ལ་སོགས་དྲངས་ཏེ། དགོན་པ་མང་པོ་གཏོར་བཅོམ་བྱས་ཏེ་དགེ་ལུགས་སུ་བསྒྱུར་བ་དེ། ཐོས་བསམ་སྒོམ་གསུམ་མེད་པར་འཚེ་བ་ཆོས་སུ་སྨྲ་མཁན་གྱི་དགོན་ཁ་ཤས་རེད་ཟེར་བའི་ ཧ་ཅང་ཐལ་དྲག་པའི་སྐད་ཆ་དེ་འདྲ་མ་བཤད་ན་བཟང་རྒྱུ་རེད་བསམ་སོང་། རྒྱལ་དབང་ལྔ་བའི་ལོ་རྒྱུས་སུ་ཡིན་ཀྱང་ཤེས་ནི་རེད། དད་པ་ཡོད་ན་ཁྱེད་རང་སྒེར་གྱིས་ཉམས་ལེན་བྱས་ན་འོས་ཤིང་འཚམས་པ་རེད།
23. ༢༣༽ གཏུམ་ཆེན་རྡོ་རྗེ་མེ་འབར་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢༢ སྐར་མ་ ༡༤
གཙང་རིགས་ཀྱིས་ བཤད་པ་དེ་བདེན་པ་རེད། སྤོབས་པ་མཐའ་ཡས། ངས་ཁྱོད་ཀྱི་སྐུ་ཡོན་གྱི་ཟབ་ཚད་ད་དུང་མི་ཤེས་ཀི མཚམས་རེ་སྐུ་ཡོན་གཏིང་ཟབ་མོ་ཡོད་པ་འདྲ་བོ། མཚམས་རེ་ཤོག་བུའི་སྟག་ཅིག་ཡིན་པ་འདྲ་བོ། གང་ལྟར་ད་དུང་མི་ཤེས་ཀི ཤེས་ཐག་ཆོད་ཅིག་ལ་སྨྱུག་རྩལ་ངོ་མ་ཡག་པོ་འདུག ཡིན་ན་ཡང་ནམ་ཡིན་རུང་ཁུངས་སྐྱེལ་རྒྱུ་མེད་པའི་ཧམ་བཤད་རི་འདྲ་བོ་རེ་བྱེད་ ཀྱི་འདུག དེ་ཚོ་ངས་ག་རེ་བཤད་ཀྱང་དྲ་གྲོགས་ཚོས་ཅི་ཡང་ཤེས་ནི་མ་རེད་སྙམ་པ་ཡིན་ནམ། ཡང་ན་རྐང་བཙུགས་ནས་རྙོག་དྲ་སློང་བ་ཡིན། ད་རེས་ཁྱོད་ལ་བཤད་རྒྱུ་ཡོད་ན་ངེས་པར་དུ་༼དགོན་པ་མང་པོ་གཏོར་བཅོམ་བྱས་ཏེ་ དགེ་ལུགས་སུ་བསྒྱུར་བ་དེ། ཐོས་བསམ་སྒོམ་གསུམ་མེད་པར་འཚེ་བ་ཆོས་སུ་སྨྲ་མཁན་གྱི་དགོན་ཁ་ཤས་རེད་༽ཟེར་ བའི་སྐད་ཆ་འདི་ལ་ཁུངས་སྐྱེལ་རོགས། དགོན་པ་དེ་དག་ལ་ཐོས་བསམ་སྒོམ་གསུམ་མེད་པ་དང་། འཚེ་བ་ཆོས་སུ་སྨྲ་མཁན་གྱི་དགོན་པ་ཡིན་པའི་ཁུངས་གསལ་པོ་སྟོན་རོགས་ཞུ། དེ་མེད་ན་རྐང་བཙུགས་ནས་དམ་སེལ་མ་བཟོས་ན་དགའ་ཨེ་མི་ཡོང་ངམ། ན་ནིང་ཞིག་ལ་རྒྱལ་བ་རིན་པོ་ཆེས་ཆུ་མགོ་མགོ་ནས་རྙོག་ཏེ་བོད་ལ་སྡུག་ཅག་ཅིག་ སོང་ཞེས་སྐད་རྒྱག་གི་ཡོད་དཱ། རྡོ་གྲུབ་ཆེན་གྱིས། ཇི་ལྟར་རྡུལ་ཉོག་ཁྲོད་ནས་ཡོང་བའི་ཆུ།། ཀུན་ཏུ་ཉེས་པས་རྙོག་པ་ཡིན་ཞེས་བྱ།། དེ་བཞིན་མ་རབ་ཁ་ནས་ཡོང་བའི་ཚིག། ཀུན་ཏུ་ཉེས་པའི་རྙོག་པ་ཁོ་ནར་ཟད།། ཅེས་གསུངས་པ་འདི་ལ་བསམ་བློ་གཏོང་རྒྱུ་རེ་ཡོད་པ་འདྲ།
24. ༢༤༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢༢ སྐར་མ་ ༡༧
བེ་རི་རྒྱལ་པོས་ ལི་ཐང་དགོན་ཆེན་གཏོར་ནས་རྗེས་སུ་སྡེ་པ་གཞུང་གིས་ཞིག་གསོ་བྱས་ཚུལ་ལོ་རྒྱུས་ སུ་ཞལ་གསང་པོས་གསུངས་འདུག ད་དུང་དེ་ཙམ་ཞལ་གསང་པོ་མ་ཡིན་པ་དཔེ་མང་པོ་འདུག དཔེར་ན་ས་དགེ་བཀའ་རྙིང་གི་བླ་མ་མང་པོ་བཙོན་དུ་བཟུང་ཚུལ་སོགས་འདུག བེ་རི་རྒྱལ་པོ་ཟེར་བ་དེ་ཐོག་མ་བོན་པོ་ཞིག་ཡིནམིན་མ་ངེས་པ་ཞིག་རེད། ཡིན་ཡང་རྗེས་སུ་སྣང་ཞིག་བོན་པོ་ཟེར་བ་ཞིག་གིས་རྗེས་སུའབྲངས་ཚུལ་ཞིག་འདུག གལ་སྲིད་བེ་རི་དཔོན་དེ་ཆོས་ལུགས་བོན་ལུགས་གང་ཡིན་ཡང་ཅིག་ལ་དད་པ་ཡོད་མཁན་ ཞིག་ཡིན་ན་དེའི་ཆོས་ལུགས་དེ་ཡང་འཚེ་བ་ཆོས་སུ་སྨྲ་མཁན་ཞིག་ཡིན་ངེས་རེད། དེ་མིན་ན་བླ་མ་ལག་ཏུ་ཐེབས་ཚད་བཙོན་འཇུག་བྱེད་དོན་ག་ལ་ཡོད། ལི་ཐང་དགོན་པ་དང་དེའི་ནང་གི་སྐུ་བརྙན་ཚང་མ་གཅོག་དགོས་དོན་ཡང་ཅི་ཡོད། ལྷ་སའི་ཇོ་བོ་གཏོར་རྒྱུ་དང་སེ་འབྲས་དགེ་གསུམ྄ཤུལ་མེད་བཟོ་རྒྱུ་ཡིན་ཟེར་བ་ དེ་ཁོའི་ཁ་མིན་སྙིང་གི་སྐད་ཆ་ཡིན་པ་དངོས་བདེན་རེད། བེ་རི་དཔོན་དོན་ཡོད་ཀྱིས་བོན་ལ་ཞབས་འདེགས་ཞུས་ཚུལ་ཞིག་ཡོད་ན་གསུངས་རོགས་ དང་། ངས་ནི་གང་ཡང་མཐོང་མ་སོང་།
25. ༢༥༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢༢ སྐར་མ་ ༣༥
གཙང་རིགས་ཁྱོད་ ཀྱིས་གཙང་སྡེ་སྲིད་ལ་ཞེན་ཁོག་བྱེད་པ་ཡིན་རྒྱུ་རེད་དེ་ཐོག་མ་རྒྱལ་དབང་ལྔ་པས་ དགོན་པ་གང་དང་གང་བསྒྱུར་དེ་ཚོ་ཤོད་དང་། མི་སུ་བསད་ཚུལ་ཞིག་ཤོད་དང་། སོག་དམག་དྲངས་རུང་མ་དྲངས་རུང་མདོར་ན་འཚེ་བ་ཆོས་སུ་སྨྲ་མཁན་ཚོས་དམག་དྲངས་ བསྡད་ནས་ཐ་མ་རང་མགོ་ཆུ་འདྲེན་རེད་སོང་བ་རེད། སོག་དམག་དྲངས་ནས་བོད་གཅིག་གྱུར་བཟོ་ཐུབ་མཁན་རྒྱལ་བ་ལྔ་པ་ཆེན་པོ་མ་གཏོགས་ མེད་སོང་བ་རེད། སོག་དམག་དྲངས་ནས་ཕན་ཐོགས་ཡོད་སོང་བ་རེད། དེ་རྒྱལ་དབང་ལྔ་པ་ཆེན་པོའི་གཟི་བརྗིད་རེད། རྨ་ཁ་ལ་ཕན་ན་ཁྱི་ཚུལ་ཟེར་སྲོལ་ཡོད་ནི་རེད།
འཚེ་བ་ཆོས་སུ་སྨྲ་བ་ཡིན་ དང་ཡིན། བེ་རི་དཔོན་དོན་ཡོད་ཀྱིས་བྱེད་སྟངས་ལ་ལྟོས་དང་། ལི་ཐང་དགོན་པ་གཏོར་སོང་བ་རེད། བླ་གྲྭ་མང་པོ་བཙོན་དུ་བཅུག་སོང་བ་རེད། སེ་འབྲས་དགེ་གསུམ་ཤུལ་མེད་བཟོ་རྒྱུ་ཡིན་ཟེར་གི་ཡོད་ནི་རེད། དེ་འཚེ་བ་མིན་ན་ཅི་རེད། གཙང་པ་སྡེ་སྲིད་ཕ་བུ་ཚོས་ཁོ་ཚོ་དད་ལྡན་བསྟན་པའི་སྦྱིན་བདག་ཡིན་ཟེར་གྱིན་ ཡོད་པ་རེད། དེ་ཚོས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལ་བརྙས་བཅོས་གང་འདྲ་ཞིག་བྱས་འདུག བཀྲི་ཤིས་ལྷུན་པོ་ལ་བརྙས་བཅོས་གང་འདྲ་ཞིག་བྱས་འདུག དེ་ཚོའི་བྱེད་སྟངས་ལ་དཔག་ན་ཐོས་བསམ་མེད་པ་ཐག་ཆོད་འདུག་པས་ངས་འདི་ལྟར་ བཤདཡིན། ཁུངས་སྐྱེལ་དེ་རེད།
མ་གཞི་མྱི་འདི་ཚོའི་གསང་ ན་ཅང་ཡོད་ནི་མ་རེད། ཟེར་མི་ཕོད་རྒྱུ་ཅང་ཡོད་ནི་མ་རེད། ངས་འདི་ན་རང་གི་དད་པ་ཡོད་པའི་རྣམ་འགྱུར་ཞིག་ཕྱིར་བསྟན་དུས་ཁྱོད་ཚོས་ང་ལ་ ཇུས་གཏོགས་བྱས་ནས་ངའི་ཁ་ལ་རྡོ་རྗེ་འཇོག་རྒྱུ་ཡིན་ཟེར་གི་ཡོད་ནི་རེད། ཁ་བཙུམ་དགོས་ན་ཁྱོད་ཚོས་ཚུམ།
26. ༢༦༽ གཏུམ་ཆེན་རྡོ་རྗེ་མེ་འབར་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༠༥
སྤོབས་པ་མཐའ་ཡས། ཁྱོད་ཀྱིས་འཚེ་བ་ཆོས་སུ་སྨྲ་བ་ཟེར་བ་དེ་བེ་རི་རྒྱལ་པོ་དང་གཙང་པ་སྡེ་སྲིད་ཕ་ བུ་ཚོ་ལ་ཟེར་གི་ཡོད་དམ་ཡང་ན་རྒྱལ་དབང་ལྔ་བས་དགེ་ལུགས་ལ་བསྒྱུར་བའི་གྲྭ་བའི་ དགོན་པ་ཚོ་ལ་ཟེར་གི་ཡོད། བེ་རི་རྒྱལ་པོ་དང་གཙང་པ་སྡེ་སྲིད་ཕ་བུ་ཚོ་དམག་དཔུང་ཅན་གྱི་མི་སྐྱའི་འགོ་པ་ ཡིན་པས་སྡིག་པ་བསགས་ཡོད་ན་ཡོད་དུ་ཆུག རྒྱལ་དབང་ལྔ་བའི་ཕྱོགས་གཏོགས་ཀྱི་སོག་དམག་དེ་ལས་ཀྱང་སྡུག་པ་རེད། དེ་ཚོ་འཛམ་གླིང་གི་སྔོན་བྱུང་ལོ་རྒྱུས་ཐོག་རྒྱུན་ལྡན་གྱི་ལོ་རྒྱུས་ཤིག་རེད། དེས་དགོན་པ་ཚོ་ལ་ཐོས་བསམ་སྒོམ་གསུམ་མེད་པ་དང་། འཚེ་བ་ཆོས་སུ་སྨྲ་མཁན་གྱི་དགོན་ཡིན་པའི་ཁུངས་སྐྱེལ་ག་ལ་ཐུབ། ངས་ཟེར་ན་ཁྱོད་ཀྱིས་༼དགོན་པ་༽མང་པོ་གཏོར་བཅོམ་བྱས་ཏེ་དགེ་ལུགས་སུ་བསྒྱུར་བ་ དེ། ཐོས་བསམ་སྒོམ་གསུམ་མེད་པར་འཚེ་བ་ཆོས་སུ་སྨྲ་མཁན་གྱི་༼དགོན་པ་༽ཁ་ཤས་རེད་ཟེར་ བའི་དགོན་པ་ཚོ་ལ་ཐོས་བསམ་སྒོམ་གསུམ་མེད་པ་དང་། འཚེ་བ་ཆོས་སུ་སྨྲ་མཁན་གྱི་དགོན་པ་ཡིན་པའི་ཁུངས་སྐྱེལ་ཤོག་ཟེར་གྱི་ཡོད། བེ་རི་རྒྱལ་པོ་དང་གཙང་པ་སྡེ་སྲིད། རྒྱལ་དབང་ལྔ་བའི་ཕྱོགས་གཏོགས་ཀྱི་སོག་དམག་སོགས་ཀྱིས་ཅི་བྱས་འདྲི་གི་མེད། གཡོ་རྒྱུའི་ལན་མ་འདེབ་རོགས།
27. ༢༧༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༢༦
རྒྱལ་དབང་ལྔ་པས་ དགོན་པ་ཞིག་དགེ་ལུགས་ལ་བསྒྱུར་ཡོད་མེད་མི་ཤེས། གལ་སྲིད་བསྒྱུར་ཡོད་ན་དེ་ནི་གདུག་རྩུབ་ཅན་བེ་རི་དང་གཙང་པའི་ཕྱོགས་སུ་ཤི་ འཐམ་རོ་འཐམ་གྱིས་དམག་འཁྲུགས་སློང་གཏེ་ཚོ་ཡིན་པས་དེ་ཚོ་འཚེ་བ་ཆོས་སུ་སྨྲ་བ་ ཡིན་དང་ཡིན། སོག་དམག་སོག་དམག་རེད། སོག་དམག་གི་བྱས་བྱས་ཚང་མ་རྒྱལ་བ་རིན་པོ་ཆེས་མགོ་ལ་འཇོག་རྒྱུ་ག་ལ་ཡོད། རྒྱལ་བ་རིན་པོ་ཆེས་སོག་དམག་ལ་བོད་ཞི་བདེ་དང་གཅིག་གྱུར་དགོས་པའི་བཀའ་བསྩལ་ ཡོད་པ་མ་གཏོགས་དགོན་པ་བསྒྱུར་དགོས་ལུགས་དང་མི་གསོད་དགོས་ལུགས་གང་ཡང་གསུངས་ མི་འདུག མཚམས་མཚམས་ལ་སོག་པོ་ཚོས་རྒྱལ་བའི་བཀའ་ཅི་བཞིན་མ་གོ་བས་བྱེད་ཐལ་ཤོར་བ་རེ་ གཉིས་ཡོད་སྲིད། ཕལ་ཆེར་དེ་ཡང་ཡོད་རྒྱུ་མ་རེད། གུ་ཤྲ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཟེར་བ་གསང་བདག་ཕྱག་ན་རྡོ་རྗེ་དང་དམ་ཅན་ ཆོས་ཀྱི་རྒྱལ་པོ་བསམ་བཞིན་དུ་བསྟན་པ་སྲུང་བའི་ཆོས་ཀྱི་རྒྱལ་པོའི་གཟུགས་སུ་ ཕེབས་པ་ཞིག་ཡིན་སྟབས་ཁོང་ལ་ནོར་འཁྲུལ་འབྱུང་ག་ལ་སྲིད། གང་ལྟར་ངའི་ཡིད་ཆེས་དེ་ཡིན། འདི་ན་བསམ་བཞིན་དུ་དགོན་པ་བསྒྱུར་བཞག་པ་གང་ཡང་ཡོད་ནི་མ་རེད། དགེ་ལུགས་སྟོབས་འབྱོར་ཆེན་པོ་ཆགས་ཡོང་དུ་ས་མི་རང་ཚུགས་མེད་མཁན་མང་པོ་ཞིག་ སྟོབས་འབྱོར་གྱི་རྗེས་སུ་འབྲངས་ནས་དགེ་ཕྱོགས་སུ་འགྱུར་སོང་བ་རེད། མི་རྣམ་དཔྱོད་ཅན་མང་པོ་ཞིག་སྦྲང་མ་མེ་འོད་ལ་མ་ཆགས་པར་གྲོང་མིན་ཁྱིམ་མིན་ གྱི་འཚེ་བ་ཆོས་སུ་སྨྲ་བའི་ལུགས་སྲོལ་སྤངས་ནས་ཐོས་བསམ་སྒོམ་གསུམ་གཙང་མ་ཡོད་ པའི་ལུགས་ཀྱི་རྗེས་སུ་འབྲངས་ཡོང་བ་རེད། དེ་མིན་ཅིག་ཅིག་ཉིས་བསྒྱུར་བཞག་པ་དེ་ཚོ་བདེན་པ་མ་རེད།
28. ༢༨༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༥ གི་ཆུ་ཚོད་ ༠ སྐར་མ་ ༥༩
མ་གཞི་ནས་རྩོམ་གྱི་མགོར་༧རྒྱལ་དབང་ལྔ་པ་ཆེན་པོར་བསྟོད་དགོས་པའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་པ་དེ་ཟུར་ལྟས་ལེབ་མཐོང་རང་རེད།
འཚེ་བ་ཆོས་སུ་སྨྲ་བ་ཞེས་པའི་ས་མཚམས་གང་འདྲ་ཞིག་ལ་འཇོག་རྒྱུ་ཡིན་ནམ།
༧ང་ཡི་སེམས་ནང་༧་དལ་སྐུ་ འཚོ་བཞུགས་བཞིན་པའི་༧གོང་ས་༧་སྐུ་འཕྲེང་བཅུ་བཞི་པ་ལས་འཇོན་སྟངས་ཅན་གྱི་ཏཱ་ ལི་བླ་མ་ཞིག་འཁྲུངས་མེད་ཟེར་ན་འགྲིག བོད་ཆིག་བསྒྲིལ་དང་རིས་སུ་མེད་པའི་ཆོས་ལུགས་ལ་དག་སྣང་ཉམས་བཞེས་དང། བོད་ཆོས་སྲིད་གཉིས་ཏུ་ཉག་ཕྲ་བའི་རྩོད་ལྡན་གྱི་དུས་འདིར་ཁོང་འཁྲུངས་པ་ནི་ རྩོད་ལྡན་རྒྱལ་བའི་སྟོན་པ་གཉིས་པ་དེ་ལ་ངོས་བཟུང་གི་ཡོད། བོད་ལ་བཀའ་དྲིན་ཆེ་བ་ཁོང་ལས་བོད་བཙན་པོ་དང་མངའ་བདག་སོགས་གང་ཡང་བྱུང་མེད་ ཅེས་བཤད་ན་ཧམ་པར་ཆགས་འགྲོ་གི་མེད་བསམ།
29. ༢༩༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༥ གི་ཆུ་ཚོད་ ༢ སྐར་མ་ ༠༩
ལ་སྟོད་བུ་དེ་དེ་ བཞིན་ནོ༎ད་ལྟ་ང་ཚོ་ལ་སྐྱབས་གནས་བླ་ན་མ་མཆིས་པ་གོང་ས་སྐུ་ཕྲེང་བཅུ་བཞི་ བཞུགས་པ་དེ་ཡང་གོང་ས་ལྔ་པ་ཆེན་པོའི་བཀའ་དྲིན་རེད། མདོར་ན་ང་བོད་མི་ཡིན་ཐུབ་ཀྱིན་ཡོད་པ་དེ་ཡང་གོང་ས་ལྔ་པ་ཆེན་པོའི་བཀའ་དྲིན་ རེད། ཁྱོད་ནང་པ་ཡིན་ཟེར་ཤེས་གྱིན་ཡོད་པ་དེ་ཡང་རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་རྗེ་ ལས་བྱུང་བ་རེད། ངས་ཀྱང་དེ་ག་རང་བཤད་གི་ཡོད། གོང་ས་སྐུ་ཕྲེང་ལྔ་པ་ལ་བསྟོད་པ་འདིས་གོང་ས་སྐུ་ཕྲེང་བཅུ་བཞི་པ་རང་ཤུགས་ ཀྱིས་བསྟོད་འགྲོ་གི་ཡོད་པ་རེད། ལྔ་པ་ལ་སྨད་བསྡད་ན་བཅུ་བཞི་པ་ལ་རང་ཤུགས་ཀྱིས་སྨད་འགྲོ་གི་ཡོད་པ་རེད། ཡིན་ན་ཡང་སྐབས་འདིར་ངས་ལྔ་པ་ཆེན་པོ་བཤད་ཀྱིན་ཡོད། གོང་ས་ལྔ་པ་ནི་ང་ལ་མཚོན་ན་སངས་རྒྱས་དངོས་རང་ཡིན་པའི་འདུ་ཤེས་ལས་མི་འདུག ང་ལྟ་བུའི་ནང་པ་ཡིན་མིན་ཐག་མ་ཆོད་ནས་བསྡད་ཡོད་མཁན་ཞིག་ལ་སྔོན་གྱི་དམ་པ་ཚོས་ གསུངས་པའི་བླ་མ་སངས་རྒྱས་དངོས་མཐོང་ཟེར་བ་དེ་ད་ཡིན་རྒྱུ་མ་རེད། གང་ལྟར་ཡང་སངས་རྒྱས་ལ་དད་པ་ཆུང་སོང་བ་ཡིན་དང་རྒྱལ་དབང་ལྔ་པ་ཆེན་པོ་ལ་དད་པ་ ཆེ་སོང་བ་གང་ལྟར་ཡང་སངས་རྒྱས་ཟེར་བ་ཞིག་དང་རྒྱལ་དབང་ལྔ་པ་ཟེར་ནས་དེའི་ འཕྲོར་ཡོད་པ་ཞིག་གཏན་ནས་ངོས་འཛིན་ཤེས་ཀྱིན་མི་འདུག་ལགས།
30. ༣༠༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༥ གི་ཆུ་ཚོད་ ༢ སྐར་མ་ ༢༥
ལས་རྒྱུ་མེད་པའི་དྲ་གྲོགས་འདི་ཚོས། །
སྣང་བ་སྐྱིད་པའི་སྨྱུག་གྲོགས་འདི་ཚོས། །
མི་རོ་སྐམ་པོ་ཆུ་ལ་སྦངས་ནས། །
ལོ་རྒན་དྲུག་ཅུའི་རྩིས་རྒྱག་བྱེད་ཀི །
31. ༣༡༽ BONPO ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༥ གི་ཆུ་ཚོད་ ༣ སྐར་མ་ ༣༩
བེ་རི་བོན་སྐྱོང་ རྒྱལ་པོས་ལི་ཐང་དགོན་ཆེན་གཏོར་ཡོད་པ་ལོ་རྒྱུས་ཀྱི་བདེན་གཏམ་གཙང་མ་ཞིག་ཡོད་ པ་མི་ཤེས། དེ་ལྟར་ཡིན་དགོས་པ་ནི་གུ་ཤྲི་ཧན་གྱི་སོག་དམག་གིས་་་བེ་རི་བོན་སྐྱོང་རྒྱལ་ པོ་བཀྲོངས་བའི་རྗེས་སུ་་་བེ་རིའི་སྲས་སྟོབས་རྒྱལ་སོགས་སྐུ་འཁོར་མང་པོ་ ཞིག་་་ལི་ཐང་་་དུ་བྲོས་བྱོལ་ལ་ཕེབས་ནས་བཞུགས་འཇགས་གནང་ཡོད་པ་ལོ་རྒྱུས་ནང་ གསལ་ཡོད། ལི་ཐང་གི་ཡུལ་དུ་བེ་རི་བོན་སྐྱོང་རྒྱལ་པོས་དེ་འདྲ་མཚམས་མེད་ཀྱིས་ལས་ཤིག་ བསགས་ཡོད་ན་ད་ཕལ་ཆེར་ཁོང་གི་སྲས་པོ་ཡུལ་དེར་བྲོས་བྱོལ་དུ་འགྲོ་ས་་མེད་པ་ལྟ་ བུ་རེད། དོན་ངོ་མ་་་རྒྱལ་དབང་ལྔ་པ་་་དང་་་་གཙང་པ་སྡེ་སྲིད་་་གཉིས་བར་བོད་ཡུལ་གྱི་ ཆབ་སྲིད་དབང་ཆ་འཕྲོག་རེས་བྱས་པའི་གནད་དོན་ལ་ཐུག་པ་རེད། བེ་རི་བོན་སྐྱོང་རྒྱལ་པོའི་སྐུ་སྒེར་གྱི་་་གནད་དོན་མེད་སར་་་་་ལྔ་གཙང་་་་ གཉིས་ཀྱི་འཐབ་རྩོད་ཆེན་མོའི་བར་དུ་དོན་མེད་སར་་་སྐུ་གྱོང་ཆེན་པོ་རགས་པ་རེད། དེ་ཁྱེད་ཚོས་ཤེས་དགོས་ནི་ཞིག་རེད། ཡང་རྒྱལ་བའི་གསུངས་རབ་ཁག་ཏུ་་་དགེ་བ་རང་གིས་བྱས་པ་་་གཞན་ལ་བསྐུལ་བ་་་རྗེས་ སུ་ཡིད་རང་ཕུལ་བ་རྣམས་་འགྱུར་དང་ཕན་ཡོན་གཅིག་པ་ཡིན་ཞེས་གསུངས་ཡོད་པས་སྡིག་ པ་ལའང་དེ་བཞིན་རེད། ལྔ་པ་ཆེན་པོས་་་སོག་པོ་གུ་ཤྲི་ཧན་་་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་་་་ཟེར་ བའི་མཐོང་མཆན་གནང་ཡོད་ཅིང་སོག་པོ་གུ་ཤྲི་ཧན་གྱིས་བྱས་ཉན་དང་མཚམས་མེད་ཀྱི་ ལས་ངན་བསགས་པ་ལ་རྗེས་སུ་ཡིད་རང་ཕུལ་འདུག། ད་དུང་ལྷ་སའི་གླིང་དུ་དར་ཆེན་བཞི་བགྲེངས་སྲོལ་ཡོད་པས་དར་ཆེན་གཅིག་ནི་་་བེ་ རི་བོན་སྐྱོང་རྒྱལ་པོ་བཀྲོངས་ཚར་བའི་རྗེས་སུ་་་་་ཇུས་ཡག་པོ་བྱུང་སོང་ཟེར་ བའི་་་་ཇུས་ཡག་དར་ཆེན་་་་དེ་བཙུགས་འདུག། དར་ཆེན་དེ་མི་དམངས་ཕལ་པ་ཚོས་་་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་གྱི་རེད་བསམས་ ནས་དེང་སང་ཡང་ལོ་ལྟར་འགྲེངས་བཞིན་གནས་ཡོད། ལྔ་པ་ཆེན་པོའི་ལོ་རྒྱུས་ནང་དེ་དུས་འཚེ་བ་ཆོས་སུ་སྨྲ་བའི་དགོན་པ་ཞིག་ཡོད་པ་ གསལ་མི་འདུག་པས་འདི་ལྟར་གླེང་དོན་ནི་ད་ངོ་མ་་་འུ་ཐུག་པའི་གཏམ་ཞིག་ཡིན་མདོག་ རེད། ད་མང་པོ་མི་བཤད་ངས་ནི་སྔ་རབས་ཀྱི་བྱུང་བ་ཙམ་བརྗོད་པ་ཡིན་ནོ། མི་གཅིག་གི་མི་ཚེའི་ནང་ལས་ལ་བཟང་ངན་མང་པོ་ཡོང་སྲིད་པ་རེད། བྱ་བ་་གང་ཞིག་ནི་རང་ལ་ལས་འདོད་པ་མེད་ཀྱང་འཁོར་ཚོགས་ཀྱི་དབང་དུ་སོང་བ་ཡང་ ཡོད་ངེས། དེས་ན་བཟང་པོའི་ཆ་དེ་བཟང་པོར་བཞག་ངན་པའི་ཆ་དེ་ངན་པར་བཞག་ན་མི་ལེགས་སམ།
ཡ་སྤོབས་པ་ལགས། ཁྱོད་ཀྱིས་ང་ལ་བོན་གྱི་སྟོན་པའི་སྐོར་ལ་བཤད་རོགས་ཞེས་འབོད་བསྐུལ་འདྲ་ཞུས་ཁུལ་བྱས་འདུག་ནའང། ཀུན་སློང་ག་འདྲ་ཞིག་གིས་ཁོག་དབུབས་ཏེ་བཤད་ཀྱི་ཡོད་པ་ངས་ལམ་སེང་ཚོད་དཔག་བྱ་རྒྱུ་ཁག་པ་ཆགས་ཡོང་གི་འདུག སྤྱིར་བོན་དང་བོན་གྱི་སྟོན་པའི་སྐོར་དྲང་དོན་ངེས་དོན་དང། ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་ཀྱི་རིམ་པ། དེ་བཞིན་བློ་དབང་པོ་རབ་འབྲིང་ཐ་མ་དགུ་ལ་ལྟོས་ཏེ། ཤོད་རྒྱུ་བསམ་མཐའ་ཡས་པ་ཞིག་ཡོད་པ་སྟེ། གཡུང་དྲུང་བོན་ནི་རྒྱ་མཚོའི་གཏིང་ཟབ་པ། ངོམ་མེད་བློ་ཡིས་དོན་ལ་མྱོང་བར་ཤོག ཅེས་གསུངས་པ་ལྟར་རོ། འོན་ཀྱང་འདི་དག་དེང་དུས་ཀྱིས་ཚགས་པར་བྲིས་བྲིས་བྱས་ནས་མ་བརྟགས་མ་དཔྱད་པར་བཀོད་ཆོག་ཆོག་བྱ་རྒྱུ་ཡང་གཞུང་ལུགས་ཀྱི་འགྲོས་དང་མཐུན་པ་ཞིག་ག་ལ་ཡིན། བན་བོན་གྱི་གཞུང་ལུགས་ཕལ་མོ་ཆེ་ལས། སེང་གེའི་དཀར་མོའི་འོ་མ་འདི། ལས་སྐལ་ཅན་གྱི་སྣོད་དུ་བླུགས། སྣོད་དང་མི་ལྡན་སྐལ་ངན་ལ། ཆུ་སྲིན་གྲེ་བའི་ནོར་བུ་ལྟར། བསྐལ་པ་སྟོང་དུ་མ་ཤོར་ཅིག ཅེས་དང། སློབ་དཔོན་མ་བརྟག་སློབ་མའི་དགྲ། སློབ་མ་བརྟགས་སློབ་དཔོན་དགྲ། ཞེས་གསུངས་པ་ལྟར། ཐོག་མར་བོན་གྱི་སྣོད་རུང་བརྟགས་པའི་རིམ་པ་སྔོན་དུ་སོང་ནས། འཆད་དགོས་པ་ཞིག་ལས་གང་ཐོད་ཐོད་བྱས་ན། རང་ལ་ཡང་དོན་མེད་ཀྱི་ཉེས་ལྟུང་འགོས་སྲིད་པ་ཞིག་ཡིན་སྟབས། ཐོག་མར་ཁྱེད་ནས་བོན་གྱི་སྣོད་རུང་དུ་བསྒྲུབ་པ་དེ་གལ་ཆེ། ལམ་ཐམས་ཅད་ཀྱི་རྩ་བ་སེམས་བསྐྱེད་དང། དད་པ་དང་སྙིང་རྗེས་གཞི་བཟུང་དགོས་པ་གལ་ཆེ། དེས་ན་ད་ལན་ཁྱོད་ནི་བོན་གྱི་སྣོད་རུང་དུ་མ་གྱུར་པས་ངས་ཁྱོད་ལ་བོན་ཇི་ལྟར་འཆད། འདི་ལ་ཡང་སོམས་ཤིག ངས་ཁྱོད་ཀྱི་འདོད་དོན་སྙིང་པོའམ་འདོད་དོན་མཐར་ཐུག་ཧ་གོ་སོང། སྤོབས་མཐའ་ལྟར་ན། དུས་འཁོར་གྱི་རྒྱུད་སངས་རྒྱས་ཀྱི་གསུང་མ་ཡིན་པ་དང། ནང་པའི་གཞུང་མ་ཡིན་པ་གསལ་པོ་རེད་འདུག་པས། གཞིས་བྱེས་ནང་པ་ཡོངས་ནས་མཁྱེན་རྟོགས་དགོས་པ་གལ་ཆེ་བ་མ་ཟད། སྤོབས་མཐས་བཤད་པ་ལྟར་བྱས་ན་ད་ནི་དུས་དབང་ཞུས་པའི་ཚེ། དད་པ་སྐྱེ་རྒྱུ་ཕར་ཞོག་རང་བཞིན་གྱི་ཐེ་ཚོམ་སྐྱེ་བའི་ཉེན་ཁ་ཡང་ཆེན་པོ་འདུག་པས། དེ་དོན་ཁོས་ཅི་བཤད་ལ་དོ་འཁུར་མ་གནང་ན་ལེགས། ཁྱེད་ཅག་ནང་པའི་གྲོགས་པོ་ཚོ་ལ་ཞུ་རྒྱུར། མི་ངན་གྲོགས་སུ་སྦྲེལ་ན། གྲོགས་པོ་ཆུ་ལ་གཡུགས། ཞེས་པའི་དཔེ་ལྟར་ཐུགས་ཟབ་གནང་དགོས་འདུག་གོ
ཡ་སྤོབས་པ་ལགས། ཁྱོད་ཀྱིས་ང་ལ་བོན་གྱི་སྟོན་པའི་སྐོར་ལ་བཤད་རོགས་ཞེས་འབོད་བསྐུལ་འདྲ་ཞུས་ཁུལ་བྱས་འདུག་ནའང། ཀུན་སློང་ག་འདྲ་ཞིག་གིས་ཁོག་དབུབས་ཏེ་བཤད་ཀྱི་ཡོད་པ་ངས་ལམ་སེང་ཚོད་དཔག་བྱེད་རྒྱུ་ཁག་པ་ཆགས་ཡོང་གི་འདུག སྤྱིར་བོན་དང་བོན་གྱི་སྟོན་པའི་སྐོར་དྲང་དོན་ངེས་དོན་དང། ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་ཀྱི་རིམ་པ། དེ་བཞིན་བློ་དབང་པོ་རབ་འབྲིང་ཐ་མ་དགུ་ལ་ལྟོས་ཏེ། ཤོད་རྒྱུ་བསམ་མཐའ་ཡས་པ་ཞིག་ཡོད་པ་སྟེ། གཡུང་དྲུང་བོན་ནི་རྒྱ་མཚོའི་གཏིང་ཟབ་པ། ངོམ་མེད་བློ་ཡིས་དོན་ལ་མྱོང་བར་ཤོག ཅེས་གསུངས་པ་ལྟར་རོ། འོན་ཀྱང་འདི་དག་དེང་དུས་ཀྱིས་ཚགས་པར་བྲིས་བྲིས་བྱས་ནས་མ་བརྟགས་མ་དཔྱད་པར་བཀོད་ཆོག་ཆོག་བྱ་རྒྱུ་ཡང་གཞུང་ལུགས་ཀྱི་འགྲོས་དང་མཐུན་པ་ཞིག་ག་ལ་ཡིན། བན་བོན་གྱི་གཞུང་ལུགས་ཕལ་མོ་ཆེ་ལས། སེང་གེའི་དཀར་མོའི་འོ་མ་འདི། ལས་སྐལ་ཅན་གྱི་སྣོད་དུ་བླུགས། སྣོད་དང་མི་ལྡན་སྐལ་ངན་ལ། ཆུ་སྲིན་གྲེ་བའི་ནོར་བུ་ལྟར། བསྐལ་པ་སྟོང་དུ་མ་ཤོར་ཅིག ཅེས་དང། སློབ་དཔོན་མ་བརྟག་སློབ་མའི་དགྲ། སློབ་མ་བརྟགས་སློབ་དཔོན་དགྲ། ཞེས་གསུངས་པ་ལྟར། ཐོག་མར་བོན་གྱི་སྣོད་རུང་བརྟགས་པའི་རིམ་པ་སྔོན་དུ་སོང་ནས། འཆད་དགོས་པ་ཞིག་ལས་གང་ཐོད་ཐོད་བྱས་ན། རང་ལ་ཡང་དོན་མེད་ཀྱི་ཉེས་ལྟུང་འགོས་སྲིད་པ་ཞིག་ཡིན་སྟབས། ཐོག་མར་ཁྱེད་ནས་བོན་གྱི་སྣོད་རུང་དུ་བསྒྲུབ་པ་དེ་གལ་ཆེ། ལམ་ཐམས་ཅད་ཀྱི་རྩ་བ་སེམས་བསྐྱེད་དང། དད་པ་དང་སྙིང་རྗེས་གཞི་བཟུང་དགོས་པ་གལ་ཆེ། དེས་ན་ད་ལན་ཁྱོད་ནི་བོན་གྱི་སྣོད་རུང་དུ་མ་གྱུར་པས་ངས་ཁྱོད་ལ་བོན་ཇི་ལྟར་འཆད། འདི་ལ་ཡང་སོམས་ཤིག ངས་ཁྱོད་ཀྱི་འདོད་དོན་སྙིང་པོའམ་འདོད་དོན་མཐར་ཐུག་ཧ་གོ་སོང། སྤོབས་མཐའ་ལྟར་ན། དུས་འཁོར་གྱི་རྒྱུད་སངས་རྒྱས་ཀྱི་གསུང་མ་ཡིན་པ་དང། ནང་པའི་གཞུང་མ་ཡིན་པ་གསལ་པོ་རེད་འདུག་པས། གཞིས་བྱེས་ནང་པ་ཡོངས་ནས་མཁྱེན་རྟོགས་དགོས་པ་གལ་ཆེ་བ་མ་ཟད། སྤོབས་མཐས་བཤད་པ་ལྟར་བྱས་ན་ད་ནི་དུས་དབང་ཞུས་པའི་ཚེ། དད་པ་སྐྱེ་རྒྱུ་ཕར་ཞོག་རང་བཞིན་གྱི་ཐེ་ཚོམ་སྐྱེ་བའི་ཉེན་ཁ་ཡང་ཆེན་པོ་འདུག་པས། དེ་དོན་ཁོས་ཅི་བཤད་ལ་དོ་འཁུར་མ་གནང་ན་ལེགས། ཁྱེད་ཅག་ནང་པའི་གྲོགས་པོ་ཚོ་ལ་ཞུ་རྒྱུར། མི་ངན་གྲོགས་སུ་སྦྲེལ་ན། གྲོགས་པོ་ཆུ་ལ་གཡུགས། ཞེས་པའི་དཔེ་ལྟར་ཐུགས་ཟབ་གནང་དགོས་འདུག་གོ
ཡ་ཡ། ཇོ་སྟག་ར་ལགས། ཁྱོད་བདེན། ད་ནི་ཁས་དང་རྒྱལ་ཁ་ཚང་མ་ཁྱེད་ལ་ཐོབ་སོང་། གྱོང་དང་ཕམ་ཁ་ཚང་མ་ང་ལ་རག་བྱུང་། ད་ནི་ངའི་རྩོམ་ཡིག་གི་སྐྱག་ཁུང་ནང་ནས་ཕར་ཐོན་རོགས།
གཞོན་ནུ་ཟླ་མེད་ལགས། ཁྱོད་དེ་འདྲའི་གུ་དོག་པ་ལ། བདེན་བཞིའི་མདོ་ཟེར་བ་ཞིག་མ་རྙེད་པ་ཙམ་གྱིས་སངས་རྒྱས་ཀྱིས་བདེན་བཞི་མ་གསུངས་པར་འགྱུར་བའི་དོག་པ་ག་ལ་དགོས། བདེན་པ་བཞི་ཟེར་བ་དེ་སངས་རྒྱས་ཀྱི་གསུངས་ཐམས་ཅད་ཀྱི་བརྗོད་བྱ་རེད། དེའི་ནང་དུ་མ་འདུས་པ་ཞིག་སངས་རྒྱས་ཀྱིས་ཅི་ཞིག་གསུངས། དེ་ལས་ལྷག་པ་ཞིག་སངས་རྒྱས་ཀྱིས་ཅི་ཞིག་གསུངས། སྤྱིར་ན་སངས་རྒྱས་རང་གིས་ནི་ཕྱག་ཏུ་ཤོག་བུ་དང་སྨྱུ་གུ་བཟུངས་ནས་རྩོམ་ཡིག་བྲིས་ཡོད་པ་མ་རེད། འདས་པའི་ཕྱི་ལོ་དེར་སློབ་མ་ཚང་མས་ཚོགས་ཆེན་འཚོགས་ནས་བཀའ་བསྡུ་ཐེངས་གཅིག་བྱས་འདུག དེ་ནས་ནང་ཁུལ་ལ་རྩོད་པ་བྱུང་ནས་ལོ་དྲུག་ཅུའི་རིང་ལ་རྩོད་པ་བརྒྱབ་འདུག དེ་ནས་སྡེ་པ་བཅོ་བརྒྱད་དམ་དེ་ལས་གྱེས་ནས་ཉེར་བཞི་སོགས་ཚང་མ་ཡང་སངས་རྒྱས་ཀྱི་གསུངས་ཡིན་པར་ཁས་ལེན་རྒྱུའི་གྲོས་ཆོད་ལྟ་བུ་ཞིག་བཞག ཡང་བསྐྱར་ཚོགས་ཆེན་ལྟ་བུ་ཞིག་བསྡུས་ནས་བཀའ་བསྡུ་ཐེངས་གཅིག་བྱས་འདུག དེ་ནས་ལོ་སུམ་བརྒྱ་ཡིན་ཅམ་ཞིག་འདས་རྗེས་སུ་ཡང་བསྐྱར་ཚོགས་ཆེན་འཚོགས་ནས་བཀའ་བསྡུ་ཐེངས་གཅིག་བྱས་འདུག བཀའ་བསྡུ་དེ་ཚོའི་སྐབས་ལ་ཐེག་ཆེན་ཟེར་བའི་སྐད་ཆ་མི་འདུག ཡིན་ན་ཡང་དེའི་རྗེས་སུ་མཁས་པ་མང་པོ་ཞིག་གིས་སངས་རྒྱས་ཀྱི་གསུངས་སྒྲོས་མང་པོ་ཞིག་ཕྱོགས་བསྡུ་བྱས། གཞུང་ལུགས་བརྩམས། ལྟ་གྲུབ་གསལ་ཁ་བཏོད་ནས་ཐེག་ཆེན་བྱུང་འདུག གསང་སྔགས་ནི་ཧིན་དྷུའི་རིག་བྱེད་ཀྱི་རིག་གནས་ཤིག་རེད། ནང་པ་སངས་རྒྱས་པའི་གསང་སྔགས་ཟེར་བ་ཞིག་ཡོང་གྲགས་སུ་རྒྱ་གར་དུ་དར་དུས་ནི་དེ་ལས་ཀྱང་ཧ་ཅང་འཕྱི་བོ་ཞིག་རེད། དུས་རབས་བརྒྱད་པ་ཙམ་ལ་ས་དར་རྡོ་དར་བྱུང་འདུག དེར་བརྟེན་ང་ཚོ་བོད་བསྟན་པ་དར་མགོ་དེ་དུས་ཚུགས་པ་ཡིན་སྟབས་བོད་ལ་གསང་སྔགས་དར་ཁྱབ་ཆེན་པོ་བྱུང་དོན་ཡང་དེ་རེད། རྒྱ་ནག་ལ་ཡང་སྐབས་དེ་ཡས་མས་སུ་གསང་སྔགས་དར་འདུག་མོད་རྒྱ་ནག་ལ་སྔོན་མ་ནས་མདོ་ལུགས་ཀྱི་ཐེག་ཆེན་དར་ཡོད་སྟབས་གསང་སྔགས་ཤུགས་ཆེན་པོ་དར་ནུས་མི་འདུག
ཡ་སྤོབས་མཐའ་ལགས། ལྷོད་ལྷོད་གནང་དང་། ངས་གོང་དུ་ཞུས་ཡིན་པ། མཁས་པའི་སྤྱོད་ལམ་དལ་ལ་ཞིབ། མི་ཤེས་བླུན་གྱུར་རྩིང་ལ་འཁྲོབ། ཞེས་གསུངས་པ་ལྟར་རེད། ང་ལ་རྒྱལ་ཁ་ཐོབ་པ་དང། ཁྱོད་ལ་ཕམ་ཁ་རགས་བསྡད་པ་དེ་འདྲ་གང་ཡང་ཡོད་མ་རེད། གལ་སྲིད་ང་ལ་རྒྱལ་ཁ་རགས་ཡོད་ན། ང་ལ་དམིགས་གསལ་དགའ་བསྡད་ཡ་གས་མེད། ཁྱོད་རང་ལ་ཕམ་ཁ་རགས་ཡོད་ན་ཡང། སྡུག་སྣང་དང་སྐྱོ་སྣང་སོགས་མ་བྱེད་ན་ཡག་གི་རེད། བསམ་བློ་ཡག་པོ་བཏང་ཤེས་ན། དེ་ནི་ཁྱོད་ཀྱི་རྒྱལ་ཁ་རེད། ཁྱོད་རང་ལ་བློ་བསྐྱེད་རགས་ཡོད་རེད། ཁྱོད་རང་ལ་བསླབ་བྱ་ཞིག་རགས་ཡོད་རེད། དེ་ཁྱོད་རང་གི་ཁེ་སང་རེད། དོན་དངོས་རྒྱལ་ཁ་ཟེར་བ་ང་རང་ཚོ་ཚང་མ་ལ་རགས་པ་རེད། དྲང་བདེན་ལ་རྒྱལ་ཁ་རགས་པ་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ད་དུང་ཡང་ཁྱོད་རང་ལ་བག་ཆགས་ངན་པའི་ཤུལ་ཅུང་ཙམ་ཙམ་ཞིག་ལྷག་འདུག དེ་ཡང་བསྐྱར་བཅོས་ཐུབ་ན་ག་འདྲ་འདུག ཁྱོད་ཀྱིས་སྐད་གསང་ཐོན་པོས། ངའི་རྩོམ་གྱི་སྐྱག་ཁུང་ནང་ནས་འཐོན་རོགས་བྱས་བཤད་ནས་སྐད་ངན་དེ་འདྲ་ཤོར་དགོས་ཡ་དང། རྒྱགས་དགོས་ཡ་ཡོད་མ་རེད། རང་མཚང་རང་གིས་བརྟོལ་ནས་ཅི་ཕན། ཁྱོད་ཀྱི་རྩོམ་དེ་ཚོ་སྐྱག་ཁུང་ལྟ་བུ་ཡིན་པ་ཁྱོད་རང་གིས་ངོས་ལེན་བྱས་ཚར་འདུག བསམ་བློ་ཞིག་གཏོང་དང། སྐྱག་ཁུང་ནང་ལ་འཛུལ་མཁན་སྐྱག་འབུ་མ་གཏོགས་སུ་ཡོད། ཡང་བསྐྱར་སྐྱག་དྲི་དྲོ་བའི་གཏམ་གསང་སྔགས་ནི་ཧིན་དྷུའི་རིག་བྱེད་ཀྱི་རིག་གནས་ཤིག་རེད། ཅེས་བཤད་འདུག་པས། དེ་འདྲ་སླད་ཕྱིན་མ་བཤད་མ་གཏོགས་དེ་སྔ་ཕམ་ཁ་ཙམ་རགས་པ་རེད། དུས་ཕྱིས་ངུ་དགོས་མི་ཐུག་པའི་ངེས་པ་ཅི་ཞིག་ཡོད། ད་སྤོབས་པ། དམུས་ཤེས་པ་གྱིས། ངས་ཁྱོད་ལ་བསླབ་བྱ་ཡིན། ཡང་བསྐྱར། ད་བཞག་ཞོག སྐྱག་དྲི་དྲོ་རོགས་རེད།