ལྷག་བསམ་འོ་མའི་ཆུ་གཏེར་གྱེན་དུ་འཕྱུར།།
འཚེ་མེད་ཞི་བའི་གོ་ཆས་ཀུན་ནས་བརྗིད།།
འཇིགས་མེད་སྤོབས་པའི་དབུ་འཕང་དགུང་ལས་མཐོ།།
སྔོན་མེད་དཔའ་བོ་རི་དབང་རྒྱལ་གྱུར་ཅིག།།
གཏུམ་དྲག་ཀླ་ཀློ་གཅན་གཟན་ཁྲོས་པའི་མདུན།།
རང་རིགས་ས་ཡ་དུ་མའི་བདེ་དོན་ཆེད།།
རང་སྲོག་ཕངས་མེད་འདོར་ལ་དཔའ་བའི་དབང་།།
ཞལ་ལུ་དཀར་བོའི་ཁེངས་པ་ཐུང་ངུར་བྱས།།
གངས་ལྗོངས་སྐྱེ་དགུའི་རང་དབང་བསྒྲུབ་པའི་སླད།།
ཤིན་ཏུ་གཅེས་པའི་རང་གི་ལུས་སྲོག་ཀྱང་།།
དམར་བོ་མེ་ལ་སྒྲོན་པའི་སེམས་དཔའ་ཆེ།།
སྙན་གྲགས་དཀར་བོ་གླིང་ལྔའི་ཁྱོན་ན་གསལ།།
འདི་ན་རང་རིགས་ཕ་རུས་ཚོང་བ་འགས།།
རང་གི་ལྟོ་གོས་གོ་མིང་སྐམ་པོའི་ཆེད།།
དགྲ་བོར་སྤྲེལ་ལད་འཁྲབ་པའི་སྡར་མའི་བུ།།
ཨ་ཅེ་ཝ་མོའི་རྣམ་ཐར་སྐྱོང་བ་མང་།།
འཇིགས་རུང་མེ་ལྕེ་ལྷབ་ལྷུབ་འཕྱུར་བའི་ཁྲོད།།
ཞུམ་མེད་ཕྱག་གི་སྙིམ་པ་ནམ་མཁའ་ལ།།
འཕྱར་བཞིན་བདེན་པའི་འབོད་སྒྲ་སྒྲོག་པ་འདིས།།
འཚེ་མེད་ཞི་བའི་རུ་མཚོན་མཁའ་ལ་བསྒྲེངས།།
རང་ས་ཡོངས་རྫོགས་དགྲ་ཡིས་འཕྲོགས་ཟིན་མོད།།
མི་ཤེས་རང་རིགས་གླེན་པ་ལུག་གི་བུས།།
རྩྭ་ཆུ་སོགས་བརྩད་ནང་དམེ་བྱེད་པ་རྣམས།།
ཁྲོ་ཐུང་རྒྱལ་བོའི་གཏམ་རྒྱུད་སྐྱོང་བར་ཟད།།
རིགས་ཀྱི་མེས་པོ་སྟོང་གི་བླ་སྲོག་འབུམ།།
གང་ལ་གནས་པའི་གཅེས་ནོར་རིག་པའི་མཛོད།།
བསྲུང་སླད་རང་སྲོག་དམར་བོའང་གཏོང་ཕོད་པའི།།
དཔའ་བོ་དེ་དག་རིགས་ཀྱི་རྒྱན་དུ་ཆེ།།
ཁོང་ཁྲོས་འདྲེན་བྱེད་རབ་རིབ་གྱུར་པ་ཡིས།།
འཕྲལ་ཕུགས་ལེགས་ཉེས་མི་ཤེས་དཔའ་བོ་མིན།།
མ་སྨད་རྣམ་དཔྱོད་ཀྱིས་དྲངས་སྙིང་སྟོབས་ཅན།།
ངེས་དོན་དཔའ་བོའི་སྙན་གྲགས་ལྷ་ཡིས་བསྒྲགས།།
སྙིང་སྟོབས་དཔུང་བ་བརྟན་པའི་དཔའ་བོ་ཆེས།།
ཕ་རོལ་ངན་ཇུས་མ་ལུས་ཕམ་བྱས་པས།།
གངས་ལྗོངས་རང་དབང་རྫོགས་ལྡན་གསར་བའིདཔལ།།
བསུ་བའི་སྟ་གོན་ཅི་ཡང་རྩོམ་ལ་བྲེལ།།
རྨད་བྱུང་དཔའ་བོའི་མཛད་རྗེས་རི་མོ་སྟོང་།།
བསུབ་མེད་ཡིད་ཀྱི་རྡོ་རིང་ལ་བརྐོས་པས།།
རང་རིགས་ཕྱི་མཐར་མ་ཐུག་དེ་སྲིད་དུ།།
དཔའ་བོའི་གཏམ་རྒྱུད་མི་ཉམས་གནས་པར་ངེས།།
དེ་ལྟར་དཔའ་བོའི་མཛད་རྗེས་ལ།།
ཅུང་ཟད་བསྔགས་པའི་མེ་ཏོག་ཕྲེང་།།
བྱ་གླག་རྒོད་པོ་གཙུག་དགུ་བར།།
འབོད་པས་དྲན་པའི་རྟེན་དུ་ཕུལ།།
དཔའ་བོ་སྲིད་པའི་རྒྱན།
རང་དབང་འབོད་པའི་མཆོག
གཅེས་སྲོག་མཆོད་པའི་ཕུལ།
རྒྱན་མཆོག་ཕུལ་ལ་འདུད།
བོད་མི་ཚོ་ད་ལྟ་སྐབས་སུ་འབབ་པ་རང་དབང་ཞེས་པ་ནི་རང་བཙན་ལ་གོ་དགོས། བོད་ནང་གི་དཔའ་བོ་ཚོ་ནི་རང་དབང་རང་བཙན་གྱི་དོན་དུ་རང་སྲོག་འདོར་གྱི་ཡོད་པས། མི་མང་ཚོ་རང་བཙན་གྱི་དོན་དུ་འཐབ་རྩོད་ཇི་ལྟར་སྤེལ་དགོས་ཀྱང་སྤེལ་རྒྱུའི་དུས་ཚོད་སླེབས་འདུག། ཞི་བ་དང་དྲག་པོ་གཉིས་ཀའི་ལམ་ནས་སྤེལ་དགོས། དུས་ཚོད་རྙིགས་མ་འདི་ལ་འཚེ་མེད་ཞི་བའི་ལམ་གཅིག་པོ་ནས་དོན་རང་བཙན་འདི་ཉིད་བསྒྲུབ་པར་དཀའ་བ་ཡིན། བོད་རང་བཙན་གྱི་དོན་དུ་རང་སྲོག་བཏང་བ་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ན་ཡང་བོད་ནང་གི་རྒྱ་ནག་གི་མི་ཆེན་དཔོན་ཆེན་ཁ་ཤས་མཉམ་དུ་ཁྲིད་མ་ཐུབ་པ་ལ་བློ་ཕམ་ཡོད། ང་རང་ཡང་བོད་རང་བཙན་གྱི་དོན་དུ་རང་སྲོག་ཞི་དྲག་གཉིས་ཀའི་ལམ་ནས་བཏང་ཐུབ། འོན་ཀྱང་ང་རང་མ་ཤི་གོང་བོད་ནང་གི་རྒྱ་ནག་གི་དཔོན་ཆེན་མི་ཆེན་འགའ་ཤས་ཚེས་སྲོག་མ་བཏང་བར་ང་རང་ཤི་མ་ཐུབ། བོད་མི་ཚོ་ལོངས་ཤོག །ཐུགས་རྗེ་ཆེ།
རྒན་ལགས་ཀྱིས་བྲིས་ནོ་ཡག་གི བཀླགས་ཟིན།
བཀླགས་ཟིན་་་་་སྙན་པ་ལ་བཤད་ཡ་ཟིག་མེད་ཀི་་་་་་བཀའ་དྲིན་ཆེ།
དམར་ཆུང་གི་སྲོག་ལ་མ་འཛེམ།
བྱམས་ལྡན་གྱི་ཕ་མར་མ་བསྒུགས།
གཞིས་བྱེས་ཀུན་བདེ་བའི་ཆེད་དུ།
གཅེས་སྲོག་གི་འགྲོ་གྲོན་བཏང་སོང་།
མཐོན་པོ་ཡི་ཐོབ་ལ་མ་རེ།
མངའ་ཐང་གི་འབྱོར་བར་མ་བསམ།
རྒྱ་དམར་གྱི་ཁྲིམ་རའི་སྒོ་ནས།
གསེར་མདོག་གི་སྐུ་ལུས་སྦར་སོང་།
བཙན་པོ་ཡི་ཁྲིམས་ལ་མ་འཇིགས།
འཛུམ་ཆུང་གིས་གཞན་ངོ་མ་བསྲུངས།
ཕྱི་རབས་ཀྱི་མདུན་ལམ་སྟེང་དུ།
དཔའ་རྟགས་ཀྱི་རྡོ་རིང་བཙུགས་སོང་།
བག་ཕེབས་པར་རྒྱུ་བའི་གྲོགས་པོ་དག ད་ནི་རང་ཉིད་ཀྱི་འཚོ་ཆུས་ཙམ་ལ་མི་སེམས་པར། ཤ་རུས་གདུང་རྒྱུད་གཅིག་པའི་དཔའ་པོ་ཚོར་རྗེས་དྲན་དང་། བོད་ཕྱི་རབས་པའི་མདུན་ལམ་སྟེང་དུ་རང་ངོས་ནས་ཡོད་དགུ་རྩལ་དུ་བཏོན་ཏེ་དཔུང་པ་མཉམ་གཤིབས་ཀྱིས་གོམ་སྟབས་སྤོ་བའི་དུས་ལ་འཁེལ་བས་དགོངས་འཇགས་ཞུ།།