མེ་ཏོག་དཀར་པོ།
ཀ་གདུང་ཅན་གྱི་ཁྱིམ་སོགས་ཡོད་ཚད།།
ཁ་བ་ཅན་གྱི་ཆེད་དུ་གཏོང་མཁན།།
ག་དུས་ཡིན་ཡང་དཔའ་རྒོད་ཡིན་པས།།
ང་ཚོས་གུས་ཕྱག་ཡི་རངས་འབུལ་ལོ།།
ཅ་ཅོའི་ཚིག་གིས་བརྗོད་པར་དཀའ་ཞིང་།།
ཆ་ཤས་ཙམ་ཞིག་དཔེ་རུ་འཇོག་དཀའི།།
ཇ་ཕུད་ཆང་ཕུད་མཆོད་པར་འོས་པ།།
ཉ་ཚ་ཨ་བརྟན་འདྲ་བའི་ངར་མ།།
ཏཱ་ལའི་བླ་མ་ཡོད་ཚད་ཡིན་ཅིང་།།
ཐ་ཤལ་རྒྱ་དམར་དགྲ་བོ་ཡིན་པས།།
ད་ལོ་ན་ཉིན་མཐོང་བའི་དཔའ་རྒོད།།
ན་རེར་བོད་དོན་བློས་གཏོང་གཟིགས་ཤིག །
པ་ཕ་ཞེ་བློ་བདེ་རུ་བཅུག་ཅིང་།།
ཕ་མེས་བཀའ་དྲིན་སྲོག་གིས་འཇལ་རྣམས།།
བ་ལུའི་བསངས་གིས་མཆོད་པའི་ཆེད་དུ།།
མ་ལུས་བོད་པ་གྲ་སྒྲིག་ལོས་ཡོད།།
རྩ་ཆེའི་མི་ལུས་མེ་འོབས་གསེབ་ཏུ།།
ཚ་ཚ་འུར་འུར་སྲེག་པར་བྱེད་པའི།།
ཛ་དྲག་བོད་ཀྱི་དུས་འགྱུར་འདི་ཀོ།།
ཝ་ཁའི་ཆུ་བཞིན་བཞུར་གིན་འདུག་གོ །
ཞྭ་མོ་འདྲ་བའི་ས་མཐོའི་བོད་ཡུལ།།
ཟ་འདྲེ་རྒྱ་མིའི་ལྷམ་དུ་གྱུར་འདི།།
འ་ཆད་བྱུང་རུང་གདོང་དམར་བོད་མིས།།
ཡ་ལན་སྤྲད་དེ་འཕྲོག་རྒྱུ་ཡིན་ནོ།།
རྭ་ལོ་འདྲ་བའི་མཐུ་ཞིག་ཡོད་ན།།
ལྭ་བ་པ་འདྲའི་ནུས་པ་ཡོད་ན།།
ཤ་ཟན་སྲིན་པོ་འདྲ་བའི་རྒྱ་མི།།
ས་སྟེང་མིང་ཙམ་མི་བྱེད་ཤི་རེ།།
ཧ་ཡང་ཙམ་ཞིག་མཉམ་དུ་སླེབས་པའི།།
ཨ་ཞང་ཚང་འདིས་མནའ་ནས་ད་བར།།
ཧ་ལས་བོད་མིར་མནར་གཅོད་གཏོང་འདི།།
ཨ་ཙི་ད་ཙམ་མཚམས་འཇོག་དགོས་ངེས།།
༤:༡༡:༡༢ ཉིན་བྲིས།།
བདེན་པའི་ངག་གིས་བསྒྲིགས་པའི་ཀ་འཕྲེང་།
བཀླགས་པས་བླ་མའི་བཀའ་བཞིན་སྒྲུབ་ན།
ཛམ་གླིང་མཐོ་བའི་བོད་དང་ཡུལ་མི།
འདོད་དགུའི་དཔལ་ལ་སྤྱོད་པར་ངེས་སོ།།
ཞྭ་མོ་ལྟར་མཛེས་ས་མཐོའི་བོད་ཡུལ། །
ཟ་འདྲེ་ལྟར་རྔམས་གུང་ཕྲན་དམར་པོར། །
འ་ཆད་བྱུང་རུང་བློ་སྤོབས་ཆེན་པོས། །
ཡ་ལན་སྤྲད་ནས་རང་དབང་ལོན་དགོས། །
རྭ་ལོ་འདྲ་བའི་མཐུ་ཞིག་ཡོད་ཀྱང་། །
ལྭ་བ་པ་འདྲའི་ནུས་པའི་མི་ལྡང་། །
ཤ་གཟན་སྲིན་འདྲའི་རྒྱ་གཞུང་སྙིང་མེད། །
ས་སྟེང་འདི་ནས་ཐལ་བརླག་འགྲོ་ངེས། །
ཧ་ཅང་རྒྱུན་རིང་རྒྱ་དང་གཤིབ་པ། །
ཨ་མ་དགེ་རྒན་བཟང་པོས་བསྐྱངས་པའི། །
ཧ་ལས་བཟང་དྲགས་བོད་རིགས་མི་མངས། །
ཨ་མ་ཨ་མ་འདི་འདྲའི་དཔའ་སྟོབས། །
མེ་ཏོག་དཀར་པོའི་བསྟོད་པ་དཀར་པོ། །
ད་རེས་མཐོང་བ་དང་པོ་ཡིན་ནོ། །
དཔའ་དང་བློ་ཁོག་ཡོད་མདོག་ཁ་པོ། །
དོན་ལ་ཐུག་དུས་གང་འདྲ་ཡོད་ན། །
རྩེད་མོ་ཡིན་ཏོ།།
རྒན་ལེགས་ཕྱག་འཚལ། ཀརྨ་རྡོ་རྗེ་ལགས།
ཀ་རྩོམ་ལམ་ནས་དཔའ་བོར་བསྟོད་པ། །
ཁ་ཁོག་གཏིང་ནས་འོང་བ་ཡིན་ན། །
ག་ལེར་འདྲེ་རྐང་ངས་ཀྱང་ཁྱོད་ལ། །
ངར་མ་རེད་ཅེས་བསྟོད་ར་འཐེན་ཆོག །
ཁྱེད་ཅག་ཕེབས་པར་དགའ་འོ།།
དཀར་མཛེས་ཁ་བ་གངས་ལྗོངས། །
ཁ་ཡོད་ལག་ཡོད་དཔའ་ཚོགས། །
ག་བ་ཕྱིནད་ཀྱང་སྐད་སྒྲགས། །
ང་ཚོའི་བོད་རིགས་མི་མངས། །
འཇིགས་བློས་རྩེད་མོ་བྱེད་ཀྱང་རུང་གིས། །
འདྲེ་ཡིས་བསྟོད་ར་མ་འཐེན་ན་ཡང་། །
བོད་པའི་ཁྲག་རྒྱུན་འཁྱེར་མཁན་ཡིན་ན། །
བསྟོད་གླུ་འཐེན་ས་ཁོང་ཅག་ཡིན་སོང་། །
ཧ་ཅང་བཙུན་མ་མང་ན། །
གདུལ་བར་གནོད་པ་གྲག་ལྟར། །
ཧ་ཅང་གྲྭ་པ་མང་ན། །
བོད་རིགས་མི་རྒྱུད་ཆད་སྲིད། །
བཙན་པོས་དབང་གིས་བསྡུས་པའི། །
གྲྭ་རྒྱུན་ཁ་གྲངས་སྤེལ་སྟངས། །
མེ་ཏོག་དཀར་པོའི་བསམ་དོན། །
མྱུར་དུ་འགྲུབ་པར་ཤོག་ཅིག །
ཀ་རྡོས་མཆན་བུ་བཏགས་ས་ནོར་བ་མིན་ནམ།
ཅ་དངོས་བཙན་འཕྲོག་བྱེད་པའི་ཇག་པ་དམར་བོ། །
ཆ་ལུགས་གོམས་གཤིས་བསྒྱུར་བའི་གཏེ་བོ་ནག་པོ། །
ཇ་དཀར་ཚབ་ལ་དུད་ཆང་བྱིན་པའི་སྤྱོད་ངན། །
ཉྭ་མོ་བཞིན་དུ་གུང་ཁྲན་རླུང་རྟ་ཉམས་ཤོག །
ཀརྡོས་ནོར་བ་ཅི་ལ་ཡིན། །
ལོ་ཚོད་མིག་གིས་མ་རིག་པར། །
ཁྱོད་དང་ང་ཡིས་ཤེས་གསལ་ལ། །
གུ་ཡངས་ཐེངས་ཤིག་གནང་ལ་ཤོག །
ཀ་ཁའི་སྙིང་སྟོབས་རྦ་ཀློང་དྲག་ཏུ་འཕྱོ།།
ཁ་བའི་ལས་དབང་རི་གཟར་རྦབ་ཆུ་བཞིན།།
ག་ས་ག་རུ་གནས་པའི་བོད་མི་ཚོས།།
ང་ཚོའི་སྟོན་པ་མཆོག་གི་བཀའ་ལ་བརྩི།།
ཀ་བཞི་གདུང་དྲུག་སྐྱིད་ཁྱིམ་དྲོན་མོ་གཅིག་།
ཁ་སེམ་མཐུན་པའི་བུ་དང་ཆུང་མ་གཉིས་།
ག་རུ་ཚོལ་ཡང་སྙེད་མེད་འདི་དོར་ནས་།
ང་ཚོའི་དཔའ་བོ་དམ་པ་གང་དུ་བཞུད་།
མེ་ཏོག་དཀར་པོའི་ཀ་རྩོམ་གསེར་རེད།།
མེ་ཏོག་དཀར་པོའི་ཁ་དེ་དངུལ་རེད།།
མེ་ཏོག་དཀར་པོའི་ལག་དེ་ལྕགས་རེད།།
མེ་ཏོག་དཀར་པོའི་མིག་དེ་གློག་རེད།།
ཧ་ཧ་ཧ།
ངའི་མཆན་བུ་༩པ་དེ་འཇུག་ས་ནོར་འདུག་པས། དགོངས་དག་ཞུའོ། །
ཀ་རྩོམ་གསེར་དང་ཁ་དངུལ་དཀར། །
ལག་པ་ལྕགས་སོགས་གང་ཤེས་ཏེ། །
ནི་ཏམྦི་ཡི་་མགོ་མཇུག་ཀུན། །
ཡུད་ཀྱིས་ལྟ་ལ་གློག་ཞགས་འདྲ། །ཧཧཧཧ