ཤིང་ལོ།
དེ་ནས་ང་ཚོ་འཇིག་རྟེན་འདིར་ཤ་ཁྲག་གཅིག་ཏུ་སྐྱེས་པར་གླེང་། སྐད་དང་། ཡི་གེ ཤ་མདོག་དང་། རི་ཆུ། མེ་ཏོག་དང་། སྤང་ཐང་གཅིག་གིས་སྦྲེལ་དུས།
རིགས་གཅིག་ཏུ་སེམས་དང་དུངས་པས་ཚོར་དུས།།
མིག་རྣ་ཡིས་གཏོད་ས་བཙལ་ས་རེག་སོང་།།
མིའི་འགྲོ་བ་ཐར་བའི་ལམ་གྱི་བདེ་བ།།
སུས་སྙེག་ཀྱང་བདེན་པའི་རང་མདངས་གསལ་བ།།
ཕ་མ་དང་། མིང་སྲིང་ཀུན་མཐུན་གྱི་དགོད་སྒྲ་བར་མེད་དུ་གྲགས། ང་ཚོར་ཟ་འཐུང་དང་། རྒྱན་གོས་འཛོམས་པོ་ཡིན།
སྐྱིད་ལྷན་འཛོམས་དགོད་སྒྲའི་གཡང་ཁྱིམ་ནང་དུ།།
འབྲལ་མི་འདོད་བརྩེ་བའི་མདུད་པ་དམ་ལ།།
ངུ་མི་འདོད་བྱམས་པའི་གསུང་ངག་འཇམ་པ།།
ངའི་སྙིང་ཡིན་མིག་ཡིན་ཁྱིམ་གང་ངའི་ཡིན།།
འགྱུར་ལྡོག་དེས་རྨི་ལམ་དང་འོ་མ་དཀྲུགས་ཤིང་། རྩི་ཤིང་དང་། པད་འདབ་བཅོམ་དུས། ངའི་ཚེ་སྲོག་གིས་ཀྱང་མཐོང་མི་འདོད་པའི་རྣམ་འགྱུར་བསྟན་ནས། སླར་ཡང་ཕྱིར་མིག་དང་། འབྱུང་འགྱུར་འདེམ་འདོད།
ལོ་འབྲས་དུད་པའི་ཡུལ་གྱི་དགའ་མ་ལ་ཆགས་ནས།།
ལུས་འདེགས་གར་གྱི་སྟངས་སྟབས་ཞིང་གང་ལ་བསྒྱུར་དུས།།
མཇལ་འཛོམས་རེ་བའི་མིག་ཆུ་ཤམ་ཤམ་དུ་བབས་པ།།
ང་དང་ཕུ་ནུའི་ཁ་ཆེམས་མི་ཡུལ་ནས་ལུས་ཐལ།།