ཁ་ཆེམས་ཡི་གེ་དེ་ནི་རི་ཀྱོ་ལགས་ཀྱིས་ཁ་སྐད་བྱས་ཏེ་བྲིས་ཡོད་པ་འདི་ནས་ཕ་ཡུལ་འཛམ་ཐང་ནས་ཡིན་པའི་མི་མང་པོ་ཞིག་ལ་དྲིས་པར་གཅིག་མཚུངས་ཀྱིས་འགྲེལ་བརྗོད་བྱས་དོན་གཤམ་གསལ།”འཛམ་གླིང་བདེ་སྐྱིད་འཐོབ་པར་ཤོག རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་བྱོན་ཐུབ་པའི་ཆེད། བཤའ་ཚོང་མ་བྱེད། ཉེ་རིང་ལ་མ་རྐུ། བོད་སྐད་ཤོད། སྲོག་མ་གཅོད། ནང་འཛིང་མ་བྱེད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ང་ལ་ཡོད་པར་ཤོག ང་མ་ཤི་བར་རྒྱ་ལག་ལ་ཤོར་སོང་ན་ཁྱེད་ཚོས་མ་འཛིང་མ་སྣོག(ཡུལ་སྐད།) མཐུན་སྒྲིལ་བྱོས། ལག་རྡང་གཅིག་ཏུ་སྦྲེལ་ནས་རིག་གནས་སྦྱོངས། རིག་གནས་སྦྱོངས། ང་མེར་བསྲེགས་རྗེས་བཟའ་མི་ཚང་མའི་སེམས་མ་སྡུག”ཅེས་བྲིས་ཡོད་འདུག
དཔའ་མོ་ཁྱེད་ལ་གུས་འདུད་ཡོད།
འདི་ནི་བོད་རིགས་བུད་མེད་ཞིག་གི་ཤ་གསེང་རུས་གསེང་གི་སླད་མེད་ཀྱི་སེམས་གཏམ་རེད།
འདི་ནི་བོད་རིགས་བུད་མེད་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོར་བཅིང་བའི་ལྷག་བསམ་ནམ་པར་དག་པའི་དད་ཞེན་རེད།
འདི་ནི་བོད་རིགས་བུད་མེད་ཞིག་གིས་བོད་མི་རིགས་ལ་སེམས་པའི་སླབས་བྱ་རེད།
འདི་ནི་བོད་རིགས་བུད་མེད་ཁོ་མོའི་བོད་མི་རིགས་ལ་བཞག་པའི་ཆེས་རླབས་ཆེན་གྱི་རེ་བ་མཐའ་བ་དེ་རེད།
བོད་གངས་ཅན་པ་ཚོ། ང་ཚོའི་ཁོ་མོའི་ཆེས་མཐའ་མཇུག་གི་རེ་བ་དེ་གང་ལྟར་སྐོངས་དགོས་པ་རེད་ལགས།
དཔའ་མོ་ཁྱེད་ཀྱིས་ངའི་མིག་ཆུ་ཚོད་མེད་གཅིག་སླང་སོང་།
ཕེབས་ཟིན་པའི་དཔའ་བོ་དང་དཔའ་མོ་དག་གི་ཞལ་ཆེམས་དྲོན་པོ།
ང་ཚོས་ནམ་ཡང་བརྗེད་མི་སྲིད། ང་ཚོས་རང་དབང་མ་ཐོབ་པར་མི་རབས་ནས་མི་རབས་བརྒྱུད་
རྩོད་རྒྱུ་ཡིན།