གནས་ཚུལ་མཁོ་འདོན་པཿ བསོདནམས།
ཁ་སང་གི་གནས་ཚུལ།
མིང་ལ་སྒྲོལ་དཀར་འཚོ། ལོ་ཉེར་བདུན། ཕ་མིང་ལ་འབྲུག་རྒྱལ་མཁར། སྐྱེས་ཡུལ་གཙོས་རྟ་གསར་སྡེ་བ་དང་། ཡུལ་དེའི་བར་མའི་ནང་ཞེས་པའི་སྡེ་བར་གནས་ལ་སོང་འདུག་ཅིང་བུ་བུ་མོ་གཉིས་ཀྱི་ཨ་མ་རེད། སློབ་གྲྭ་སོགས་འགྲིམ་མྱོང་མེད། ཉིན་རྒྱབ་ཆུ་ཚོད་གཉིས་པ་མ་ཟིན་ཙམ་ལ་དགོན་པའི་གཡས་ངོས་གླིང་སྐོར་ལམ་གྱི་མཆོད་རྟེན་ཉེ་འགྲམ་དུ་སླེབས་ནས་༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོ རང་དབང་དགོ༽སོགས་ཀྱི་སྐད་འབོད་བྱེད་ཞོར་ལྭ་ཕུད་ནས་ལུས་གཅེར་བུར་མེར་བསྒྲོན། སྐབས་དེར་སྐོར་ཡེད་པ་འགས་མེ་བསད་ཅིང་ཅུང་མ་འགོར་བར་གྲྭ་བ་ཚོ་སླེབས་བྱུང་། དེ་དུས་ཁ་གྲགས་ཐུབ་ལ་མོས་གྲྭ་བ་ཚོར་བཤད་རྒྱུར། ༼ང་རྒྱ་ལག་ལ་མ་འཇོག ཨ་ཁུ་ལོ་ལོ་ངའི་མགོར་རྡོ་རྒྱོབས་ལ་སོད་ཅིག༽ཟེར། དེ་ནས་གྲྭ་བ་ཚོས་དགོན་པའི་དོ་དམ་ཁང་དུ་འཁྱེར་ཡོང་ནས་སྲུང་འདུག་སྐབས་ཁྱིམ་མི་རྣམས་ཐོན་ནས། ཁྱེད་རྣམས་བཀའ་དྲིན་ཆེ། ད་དགོན་པར་གནོད་སྐྱེལ་མི་རུང་། ཕ་ཡུལ་ལ་འཁྲིད་དགོས་ཟེར། གྲྭ་བ་ཚོས་ང་ཚོས་བདག་པོ་རྒྱགས། ཁྱེད་ཚོས་མགོ་ཐོན་དཀའ་ནི་རེད་ཅེས་གྲོས་གང་མང་བྱས་མཐར། ཕ་ཡུལ་དུ་ལོག་པའི་ལམ་བར་ནས་གཤེགས་ཡོད་འདུག ད་ལྟ་གྲྭ་མང་གིས་སྨོན་ལམ་གསུང་བཞིན་པའི་སྒང་རེད།
མོ་ནམ་རྒྱུན་སུའི་ཁ་ནས་བོད་དོན་སྐོར་ཐོས་པའམ་ཡང་ན་བརྙན་འཕྲིན་ནང་ནས་བོད་དོན་སྐོར་མཐོང་ཐེངས་རེ་རེར་རང་དབང་མེད་པར་མིག་ཆུ་གཏོང་མཁན་ཞིག་ཡིན་འདུག་། ཁ་སང་མོའི་ཁྱོ་གས་དགོན་པར་བསྐྱལ་ཡོང་བ་ཡིན་ལ། མདང་དགོང་སྐྱེས་ཡུལ་རྟ་གསར་དུ་སོང་ནས་ཞག་ལ་བསྡད། དེ་རིང་ཞོགས་པར་དགོན་པའི་འདུ་ཁང་དང་ལྷ་ཁང་། སྲུང་མ་ཁང་སོ་སོར་སོང་ནས་མཆོད་མཇལ་གསོལ་འདེབས་ཞིབ་རྒྱས་ཤིག་བྱས་འདུག་ཟེར། ཨ་མའི་མིང་ལ་སངས་རྒྱས་འཚོ།
དེ་རིང་གི་གནས་ཚུལ།
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་ཡུན་ཙམ་རིང་དགོན་ནང་དུ་བདག་སྲུང་བྱེད་པར་ནག་ཉེས་བཙུགས་ནས་མདང་ནུབ་ཆུ་ཚོད་བཅུ་བ་ཡོལ་ཙམ་ལ་གྲྭ་ཆོས་འཕེལ་ཟེར་བ་འཛིན་བཟུང་བྱས་ནས་ད་ལྟ་གར་ཡོད་ཆ་མེད་དང་། དེ་དང་སྔ་ཕྱིར་གྲྭ་བརྩོན་འགྲུས་ཟེར་བ་འཛིན་བཟུང་བྱས་ཏེ་དེ་རིང་ཞོགས་པར་བཏང་འདུག གཞན་དེ་རིང་ཞོགས་པའི་ཆུ་ཚོད་ལྔ་བ་ཙམ་ལ་རླངས་འཁོར་བཅུ་གྲངས་ཁ་ཤས་དགོན་པར་རང་དགར་ཡོང་ནས་གྲྭ་བ་བཅུ་བདུན་དོན་རྐྱེན་དང་འབྲེལ་བ་ཡོད་སྐོར་བཤད་ནས་རིམ་པས་འཛིན་བཟུང་བྱེད་སྐབས། གྲྭ་མང་མཉམ་རུབ་ཀྱིས་ཕྱིར་འཕྲོག་ནས་འཛིན་ཐུབ་མ་སོང་། ད྄་ལྟ་ས་གནས་ཡུལ་མི་དང་གྲྭ་མང་འདུ་ཁང་སྒོར་འཛོམས་ནས་གྲྭ་ཆོས་འཕེལ་ཕྱིར་རྩིས་སྤྲོད་མི་བྱེད་ན་སྐྱ་སེར་གཉིས་ཀས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གྲོས་བསྡུར་བྱེད་བཞིན་པ་རེད།
༼བོད་ནས་ས་གནས་མིས་་བཏང་བ་ལྟར་བཀོད་ཡོད།༽
འོ་ཡ་་་་་བཙན་བྱོལ་སྒྲིག་འཛུག་ལགས་་་་་་ཁོང་རྣམ་པའི་ཚོར་དཀའ་ངལ་དེ་སེལ་དང་།
ངས་བྱས་ན་ད་དུང་ཁྱེད་ཚོ་ཉ་ས་ཚ་པོ་ནང་འཛུལ་ནས་་་་་སང་ཉིན་ཡང་མི་དམངས་ཚོར་སྐད་ཆ་རྫིག་པོ་ག་འདྲ་ཞིག་བཤད་དགོས་སྙམ་ནས་ཡོད་ཤག་རེད་་་་ད་ཡིན་ན་མང་དྲག་ནས་སྐད་ཆ་ཡང་བསྐྱར་བཟློས་ཡང་བཟློས་བྱ་ཡག་མ་གཏོགས་མེད་པ།
ཧ་ཧ་ བློ་སེང་ནས་་་་་ཕྱི་རྒྱལ་མི་སྣ་ག་ཚོད་ཐུག་ནས་བདེན་མཐའ་གསལ་གྱི་རེད། འཛ་གླིང་ཡོངས་རྫོགས་ཀྱི་འགོ་འཁྲིད་རྣམ་པ་ཚོ་མཇལ་འཕྲད་ཚར་ནས་རེད་པས་་་དེ་དུས་བོད་མི་རྫོགས་ཚར་གྱི་རེད་ལོ།།
རང་དབང་ཨ་རྡུ་མན་ཞུ་བ་ལགས། འདི་འདྲའི་སྐབས་སུ་བོད་གཞུང་མང་གཉིས་ཀ་རྡོག་རྩ་ཆིག་སྒྲིལ་གྱི་སྐད་ཆ་བཤད་མི་ཐུབ་ནའང་འདི་ལྟར་དོན་མེད་དུ་གཞུང་ལ་ཁ་བཏང་ན་ཡག་པོ་མི་འདུག རང་རེའི་གཞུང་འདིས་ད་བར་ལས་ཀ་བྱེད་ཀྱི་ཡོད་པ་རེད། བོད་ནང་ནས་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲོག་བློས་བཏང་ནས་འོང་ནའང་། རང་རང་གི་ངོས་ནས་བསམ་བློ་ཐོངས་དང་བྱེད་རྒྱུ་ཅི་འདུག དེ་བས་རང་གིས་འཇོན་པ་དེ་བསམ་བློ་ཡང་དག་པ་ཞིག་བཏང་ནས་བོད་མི་རིགས་ཀྱི་ཆིག་སྒྲིལ་ལ་ཚིག་གཅིག་མ་གཏོགས་བཤད་མི་ཐུབ་ཀྱང་དེར་འཇུག་པ་ལས་སྤྲང་ལང་གི་སྐད་ཆ་བཤད་བསྡད་ན་སྙིང་བོ་མི་འདུག ཕོག་སོང་ན་དགོངས་དག
ཁོ་མོས་བུ་ཕྲུག་དང་ཁྱིམ་གཞི་བསྐྱར་ནས་མི་རིགས་ཞིག་གི་ཆེད་དུ་རང་ལུས་མེ་ལ་སྒྲོན་ནས་དཔའ་སྐད་དང་ལ་རྒྱའི་ཁྲོད་ནས་བཞུད་སོང་། ངོ་མ་ཡིན་སུ་ཞིག་གི་ཡོད་ཚད་བསྐྱར་ནས་འདི་ལྟར་འགྲོ་ཐུབ། ཡིན་ན་ཡང་རྡ་སའི་རི་གྲོང་ནས་ཁ་སང་ནས་ད་བར་དུ་གྲགས་འགུལ་ཅི་ཡང་མེད་པར་ཁུ་སིམ་པར་བདེ་བར་བཞུགས་ཡོད་པ་ཀུན་གྱིས་ཤེས།འབྱོར་ལྡན་ཚོས་དངུལ་ལོ་གྲངས་ཀ་རྩིས་བཞིན་ཡོད་ལ་དབང་ཡོད་ཚོ་ཁ་ཕྱོགས་སུ་གཡར་ནས་དགྲ་བོ་སྡང་མིག་མེད་པར་འཛུམ་དམུལ་དམུལ་ཡོད་དུས་ངས་སྙིང་ལ་ན་ཟུག་སྐྱེས་ཇི་ལྟར་སྐྱེས་ཀྱང་ཅི་བྱ་གཏོད་མེད་དུ་གྱུར་སོང་།
བཀའ་ཁྲི་ལགས།
དེ་རིང་གི་མེ་ལྕེ་འདིར་མཐོང་སོང་ངམ་་་་་དེ་རིང་གི་དཔའ་མོ་འདིའི་མཚན་ཡག་པོ་མཁྱེན་ཨེ་བྱུང་།
བཀའ་ཁྲི་ལགས་་་་་སང་ཉིན་ཁྱེད་ལ་འཆར་གཞི་ཅི་ཞིག་ཡོད་དམ་་་་་སང་ཉིན་སྔར་བཞིན་མཆོད་འབུལ་འཚོགས་ཀྱིན་ཡོད་དམ།
བཀའ་ཁྲི་ལགས་་་་་ཁྱེད་ཀྱི་ཡར་ཁོག་ན་སྙིང་གསོན་པོ་ཞིག་ཡོད་དམ་་་་་ཁྱེད་ཀྱི་ཐོད་པ་ན་རིས་མེད་དུ་གཟིགས་པའི་སྤྱན་ཟུང་གསལ་ཐང་ཐང་ཡོད་དམ།
ཁ་སང་གི་བཀའ་ཁྲི་་་་དེ་རིང་གི་བཀའ་ཁྲི་་་་སང་ཉིན་གྱི་བཀའ་ཁྲི་་་་བློ་སེང་ལགས།
འོས་བསྡུའི་སྐབས་ཀྱི་གཏམ་བཤད་་་་འོས་བསྡུའི་སྐབས་ཀྱི་འཆར་གཞི་་་་་འོས་བསྡུའི་སྐབས་ཀྱི་མཛུམ་མདངས་་་དེ་རིང་གི་བཀའ་ཁྲི་ལགས་་་་་དེ་རིང་ངའི་མིག་ལམ་ལ་གསལ་ལྷང་ལྷང་ཤར་ཡོང་བ་སྟེ་་་རྒྱལ་ཁང་ཞིག་གི་སྒོ་འགྲམ་ན་ཡོད་པའི་རྡོ་སེང་གེ་ཁོ་ན་་་་
གནད་འགག་གི་སྐབས་སུ་དུས་ནམ་ཞིག་ཡིན་ན་གྲྭ་བ་ཚོ་ཡིན་ཡིན་པ་རེད་་་་ཡིན་ན་ཡང་་་་་
ཨ་ཁུ་ལོ་ལོ། ཡ་ཡ། མི་བརྗེད་ཨ། སེམས་ནང་ཉར་ཡོངས། སྐྱིད་སྡུག་མཉམ་མྱོང་ཡོད།
ང་ཚོ་ཚང་མས་ད་བར་བོད་དོན་རྒྱབ་སྐྱོར་བཙལ་ནས་རེ་བ་བརྒྱབ་ཡོད་པ་མ་རེད་དམ། ད་ག་ཙེ་རག་ཡོད། ག་ཚོད་རེག་ན་རང་དབང་ཐོབ་ཀྱི་རེད་གཏན་གཏན་ཅིག་གསུང་རོག། རྒྱ་ནག་ཕྱོགས་ལས་བོད་ཀྱི་ཕྱོགས་ལ་རྒྱབ་སྐྱོར་མང་དག་ཅིག་རེག་ན་རང་དབང་རེག་གི་རེད་པེ། ་དེ་འདྲའི་བདེན་དཔང་ག་རེ་ཡོད་རེ་སྟོང་གི་ཁང་བཟང་ནང་དུ་རྨི་ལམ་གྱི་རྒྱལ་སྲིད་ཅིག་མིན་པའི་སྨོན་ལམ། རྒྱ་ནག་དང་ཁ་གཏད་བྱས་པའི་རྩོད་གཞི་རང་དབང་མ་ཡིན་ནམ། ་རང་དབང་རེག་ན་རྒྱ་ནག་ལ་གནོད་གི་རེད་མ་གཏོགས་དེ་མིན་རྒྱ་ནག་ལ་གནོད་རབ་ཅི་ལྟར་སྨྲ་ན་ཡང་གནོད་ཚུལ་དན་དན་ཅིག་གང་ན་ཡོད། རྒྱ་ནག་ནང་ཁུལ་གྱིས་འགྱུར་བ་ཐེབ་དགོས་ན་ང་ཚོ་ལས་མགུལ་ཅི་ཡང་མ་སྤེལ་ཡང་མཐར་མི་རྟག་པ་ཡིན་པས་རྒྱ་ནག་འགྱུར་འགྲོ་བ་ལས་བསྡད་ས་གང་ན་ཡོད། དགྲ་བོའི་རེ་སྨོན་ནི་བོད་རིགས་རྩ་མེད་འགྲོ་རྒྱུ་དེ་ཡིན་ལ་སྐྱེ་རྒོ་བཀག་པ་ལ་སོགས་ཁོ་ཚོའི་ལས་མགུལ་ག་ཚོད་སྤེལ་སོང། ་ད་ལས་མགུལ་སྤེལ་མི་དགོས་པར་རང་གི་རང་རྩ་མེད་བཏངས་འགྲོ་ཁི་འདུག་ག། དེ་ད་དུང་ང་ཚོས་རྒྱལ་ཁ་ཞིག་རེད་འདོད་ཁི་ཡོད་པེ། བོད་ལ་རང་དབང་མེད་པའི་ཁྱབ་བསྒྲགས་ག་ཚོད་བྱས་ཀྱང་རྒྱ་ནག་གི་བཟློག་ཕྱོགས་བཟུང་ནས་གསལ་བསྒྲགས་བྱས་ཡོང་ཁི་འདུག་ག། ང་ཚོས་དེ་ལ་རྒོར་ལན་བསྐོར་ནས་བཤད་དགོས་པ་ཅི་ཡིན་ཁ་གཏུགས་ར་བསྐྲོད་བྱས་ནས་རྫུན་ཕུང་གཏོལ་ན་མི་འགྲིག་གམ། བསམ་བློ་སུ་ལ་བཏང་བ་ཡིན། དོན་མེད་དམར་བསད་དང་རྐུ་འཕྲོག་བཅོམ་གསུམ་རྐོག་ཟ་རུལ་སུང་གི་རིགས་ནི་རྒྱལ་ཁབ་སུ་ཡིན་ཡང་ནག་ཉེས་ཚབ་ཆེན་མ་ཡིན་ནམ། ་བསམ་བློ་མ་བཏང་ན་རང་དབང་རྒྱལ་ཁབ་ནས་རྒྱང་ཕུད་བཏངས་མི་ཡོང་བ་ཁེག་ཐེག་ཡིན། རང་གི་སྤུན་ཚོགས་རྣམས་མིག་མདུན་ནས་དམར་བསད་བཏངས་ནས་བསམ་བློ་ཕྲན་བུ་ཙམ་ཡང་མི་བཏང་བ་ལ་ཕར་བསམ་བློ་བཏང་དགོས་པ་ནི་ཤེས་བྱ་གསར་བ་ཞིག་ཡིན་ནོ། ་གང་ལྟར་ཡང་རྒྱ་ནག་གི་ངན་བཤད་དང་འཁྱོག་བཤད་ལ་རྒོལ་ལན་ཁ་གཏུགས་དང་ཡང་ཡང་དང་ཤུགས་ཆེན་པོ་དང་ཁ་ཚ་བོའི་སྒོ་ནས་བཤད་མི་སྤོབ་པ་དང་བསམ་བློ་བཏང་དགོས་པ་ནི་རང་དབང་རྒྱལ་ཁབ་རྣམས་གྱི་མདུན་ནས་རྒྱ་ནག་ལ་བདེན་ཁ་སྦྱིན་པའི་དཔང་བསྟེགས་ལྟ་བུ་ཞིག་མཐོང་འདུག། དགོངས་རྡ་ཞུ།
༧གོང་ས་མཆོག་གིས་་༢༠༡༠་ལོར་ཀ་ལིམ་སྤུང་མི་མང་ལ་བཀའ་སློབས་གསུངས་སྐབས་ཁྱེད་ཚོས་བོད་གཞུངས་ལབ་ནས་ཁ་གཏོང་ས་ཅིག་ཡོད་པ་དེ་ཡང་ཡག་པོ་རེད་གསུངས་བ་དེ་རྣམས་ལ་མནོ་བསམ་གཏོང་རོགས་ཞུ །
གང་ལྟར་ཀྱང་མ་ེབསྲེགས་མ་བཏང་ན་བསམ་ཀི སྤྱིར་ཡིན་ན་ཐེངས་དང་པོའི་ཚེ་སྲོག་མེ་ལ་སྤར་ཉིན་ནས་བོད་ནང་གི་ཤེས་ཡོན་པས་དབུ་འཁྲིད་ཏེ་མདོ་དབུས་ཁམས་རྡོག་ལ་བསྒྲིལ་ནས་བདེན་པའི་རྒྱབ་ལངས་ཐེངས་གཉིས་པ་བྱེད་དགོས་ཀྱང་ཤེས་ཡོན་པའི་ཚོགས་དང་གཞུང་ཕོར་གཉེར་མཁན་ཚོར་ཚེ་སྲོག་མེ་སྤར་གྱིས་ངོ་རྒོལ་བཅུ་གྲངས་ལྔ་རུ་སླེབས་ལ་ཉེ་ཡང་ས་གནས་སོ་སོར་ན་རྗེས་དྲན་མཆོད་འབུལ་ཞིག་ལས་ཅི་ཡང་འཇོན་གྱི་མེད་དུས་ཕྲན་ང་མཚོན་ན་རྒྱལ་གཅེས་པ་ཁོང་ཚོའི་ཚེ་སྲོག་ལ་ཕངས་སེམས་སྐྱེས་ཀི ཞོར་དུ་དྲི་བ་ཞིག་ཀྱང་རང་བཞིན་གྱིས་སླེབས་ཡོང་བ་ནི་ཚེ་སྲོག་མེ་མཆོད་ཀྱི་གྲལ་བསྟར་ན་གྲྭ་བ་དང་དམངས་ཚོགས་དཀྱུས་མ་ལས་ཤེས་ཡོན་ཅན་དང་རྒྱལ་ཁབ་ཀྱི་ལས་བྱ་བའི་རིགས་འདིའི་ཁོངས་སུ་མ་འཛུལ་བ་ག་རེ་ཡིན་ནམ།
ཁྱུང་དཀར་ལགས། དང་པོ་མཛུམ་མོ་རང་ལ་བཙུགས་ནས་རང་ཉིད་ག་རེ་བྱས་ནས་མེར་སྲེག་གཏོང་མེད་སོམས།
རང་དབང་ཨ་རྡུ་མན་དང་འདྲེ་རྐང་ཐོག་གཉིས་ནས་ཡག་པོ་གསུང་འདུག །ཁྱེད་གཉིས་ལ་ཐུགས་རྗེ་ལེགས་འབུལ་ཚུལ་དུ་སྐྱག་པ་རྒྱམ་མ་བཅུ་རེ་ཁའི་ནང་དུ་བཅུག་ནས་འདུག་ཤོག །ང་ཚོ་བོད་པ་ཚང་གི་ཇུས་གཏོགས་ཁྱོད་གཉིས་ལ་ཁྲེལ་གི་མ་རེད། ཇུས་གཏོགས་གནང་མཁན་བོད་ལ་ལྷག་བསམ་དང་སེམས་ཤུག །འཇོན་ཐང་ཅན་མང་པོ་ཡོད། དགོངས་དག་ཁྱོད་གཉིས་དགོས་ཀྱི་མི་འདུག །ས་གང་སྐྱིད་དང་ཆུ་གང་ཞིམ་བཙལ་ནས་ཕེབས་རོགས་གྱིས། །
བཙན་བྱོལ་ནས་གདུང་སེམས་མཉམ་བསྐྱེད་དང་བོད་དོན་དྲིལ་བསྒྲགས་བྱ་དགོས་པ་ལས་འགན་དུ་སྣང་ཡང་དོན་ངོ་མས་བོད་དོན་ཁྲོམ་སྐོར་དང་རང་ལུས་མེ་བསྲེགས་ཅི་ཙམ་བྱས་ཀྱང་གྲུབ་འབྲས་ནམ་ཡང་འབྱུང་མི་ཐུབ། གང་ཡིན་ཟེར་ན། རྒྱ་ནག་གིས་ནམ་རྒྱུན་ཏཱ་ལའི་རུ་ཚོགས་ཟེར་ནས་མགོར་གཡུགས་རྐྱང་བྱེད་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་དངོས་འབྲེལ་རེད། དཀའ་ངལ་འབྱུང་ས་གཙོ་བོ་བོད་ནང་རེད་ལ་དཀའ་ངལ་ཞུ་བསྒྲགས་དང་རང་དབང་བརྩོན་ལེན་གྱི་རྦ་རླབས་འཕྱུར་སའང་བོད་ནང་ཡིན། ཡིན་ཡང་། གནད་དོན་འདི་མི་གཅིག་གཉིས་ཤིག་གི་གནད་དོན་མིན་ཙང་ཤེས་ཡོན་པའི་དབུང་སྡེས་འགན་མ་བླངས་བར་དུ་བོད་ལ་རང་དབང་འཐོབ་མི་སྲིད་
རང་དབང་བའི་མཆན་བུ་ཁག་ལས་ཁོ་ལ་རྒྱུས་ལོན་ཏོག་ཙམ་བྱུང་བ་ནི། ཤུགས་ལྡན་བཀག་འགོག་གི་ལས་འགུལ་གྱིས་འདོད་པ་གཏན་ནས་མ་ཁེང་པའི་རྣམ་འགྱུར་འདུག རྒྱུ་མཚན་དེ་ཁོག་ན་ཉར་ནས་༧གོང་ས་མཆོག་ལ་ཟུར་ཟ་ནས་བརྩམས་ཏེ་རྡ་སའི་སྒྲིག་འཛུག་ལ་ཅི་ཐུབ་གང་ཐུབ་ཀྱིས་སྐྱོན་འཚོལ་དང་སྐྱོན་བརྗོད་བྱེད་མཁན་ཞིག་རེད་འདུག
དེས་ན་ངས་ཁ་སང་ནས་ཞུས་ཡིན། རྡ་སའི་སྒྲིག་འཛུག་དང་བཙན་བྱོལ་སྤྱི་ཚོགས་སྐྱིད་པོ་མིན་འདུག་ན་ཀྲུང་གོ་གུང་ཕྲན་ཏང་གི་པང་ལ་ལོག་ཕེབས་ཞེས་སྐྱར་དུ་ཞུའོ།། ཡང་ན་བོད་མིའི་ཁུངས་ནས་ཕྱིར་འཐེན་གནང་སྟེ་སྐྱིད་ས་དང་རྣཅབ་འཇམ་ས་ཞིག་ཏུ་བཞུགས་རོགས།
འཇམ་གཅེས་ལགས་་་་་འདྲེ་རྐང་དང་་་་ང་གཉིས་གླང་པོ་ཆེ་ནི་མིན་སྐྱགས་པ་རྒྱ་མ་བཅུ་ཚང་མ་ཁ་ནང་ཤོང་ས་མ་རེད་་་་
དེ་ལས་རྒྱ་མ་ལྔ་ཁྱེད་རང་གི་ཁ་ནང་དུ་བླུགས་ན་ཡག་ཤོས་རེད་་་ཧ་ཧ་ཧ་་་་
བོད་ནང་རང་ལུས་མེ་སྲིག་བཀའ་ངལ་དེ་དག་ནི་རང་འབྱུང་ཁམས་ཀྱི་བཟོད་པའི་ཆག་སྒོ་ཞིག་མིན་ལ།དེ་ནི་རྒྱ་དམར་གཞུང་རང་ཉིད་ཀྱི་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་བྱེད་ཕྱོགས་དང་།སྲིད་ཇུས་། ལམ་ཕྱོགས་བཅས་ཀྱི་བཟོས་པ་ཞིག་རེད།བཀའ་ངལ་དེ་དག་མེད་པར་བཟོ་བའི་མཐུན་རྐྱེན་ཚང་མ་རྒྱ་གཞུང་གི་ལག་པར་ཡོད་པ་ལས་བོད་མིའི་ལག་པར་མེད །མདོར་ན་བཀའ་ངལ་དེ་དག་ཆེ་རུ་འགྲོ་བའི་མཐུན་རྐྱེན་ཡང་ཚང་མ་རྒྱ་གཞུང་གིས་བཟོ་མུས་རེད། དྲྭ་འབུ་ཚོ་ཁྱེད་ཚོར་བཤད་རྒྱུ་དང་རེ་བ་སོགས་ཡོད་ན་རྒྱ་དམར་གཞུང་ལ་བཞུས་ཤོག་
དེ་མིན་ཁྱེད་ཚོ་སྨྱོ་ལབ་མ་རྒྱབ་ཞིག་
དྲ་གྲོགས་ཚོ་ཨ་རྡུ་མན་ཟེར་བ་འདི་ལ་ང་རྒྱུས་ཡོད། གཟབ་གཟབ་གྱིས། ཁོའི་ཁྱི་ཁ་ལ་མ་ཉན། བོད་མིའི་
སྒྲིག་འཛུགས་ལ་ལན་ཁག་མ་འགེལ། ཐུབ་ན་རྒྱ་དམར་ཀླ་ཀློ་འདི་ལ་ཤི་རོ་མགོ་སྦྲེལ་ཞིག་ཨེ་རྙེད་བལྟ་དགོས།
དབུས་བོད་མའི་སྒྲིག་འཛུཊ་དང་བཀའ་བློན་ཁྲི་བར་སྐྱོན་འཛུགས་བྱེད་མཁན་དག་ནི་དམར་ཕྱོཊ་ཀྱི་༼ཆོ་འཕྲུལ༽ཡིན་པ་སུས་མི་ཤེས་སམ།འཛམ་གླིང་ཡུ་གུར་མཐུན་ཚོཊ་ཀྱི་ཚོཊ་གཙོར་ཡང་ཁོ་ཚོའི་རང་མིས་འདི་འདྲ་ཁྱད་་གསོད་བྱེད་བཞིན་མི་འདུག རྒྱ་ཁྱི་འདི་དག་ཕྱིར་རྒྱ་ནག་ལ་ཡོང་དུ་བཅུག་ནས་ཁོ་ཚོར་མི་རིཊ་རང་ལུཊ་ཀྱི་ནད་ནོ་ལྕི་བའི་རྒྱ་ནག་འདི་ཚོས་རྒྱ་ཁྱི་ཁོ་ཚོར་བཟུང་བའི་རྣམ་འགྱུར་ལ་ཅིག་ལྟ་རུ་བཅུག་ན་འོས། དེ་མིན་ན་ཁོ་ཚོའི་སྐོམ་སོད་ཀྱི་མི་འདུག
རང་དབང་ཨ་རྡུ་མན་ལ་སོགས་པའི་སྐད་ཆ་ནི་རྒྱ་དམར་ལ་མཁོ་བ་ཞིག་ལས་བོད་གངས་ཅན་པར་མཁོ་བ་ཞིག་གཏན་ནས་མིན། མི་འདི་ཚོས་བོད་དོན་ཆེད་རང་སྲོག་ཕངས་མེད་གཏོང་མཁན་རྣམས་ཀྱི་རྣམ་ཤེས་ལ་འཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་འདུག་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཁོང་ཚོས་རང་སྲོག་བཏང་བ་ནི་བོད་མི་ས་ཡ་དྲུག་གི་རང་དབང་ཆེད་དུ་ཡི་ན་པ་ལས་ཁྱིམ་ཚང་ཞིག་གི་ཆེད་དུ་མ་རེད་ལ། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་ཆེད་དུ་ཡིན་པ་ལས་རྒྱུ་ནོར་གྱི་ཆེད་དུ་མ་ཡིན་པས། ལས་འགུལ་འདིས་གྲུབ་འབྲས་ཐོན་ན་ཁོང་ཚོའི་གཟི་རྗིད་རེད་ལ། གལ་ཏེ་གྲུབ་འབྲས་མ་ཐོན་ཀྱང་ཚེ་སྲོག་འཕྲོ་བརླག་ལ་སོང་བ་ཞིག་ལ་ནམ་ཡང་བསམ་མི་འོས་སོ།
སྤྱི་ཚོགས་ལ་ཕན་མི་ཐོག་པའི་ཚིག་འགའ་བཤད་པ་ལས་བོད་མི་རིགས་ཀྱི་ཆེད་དུརང་ལུས་མེ་རུ་སྒྲོན་པའི་དཔའ་བོ་དཔའ་མོ་ཁོང་ཚོའི་ཆེད་དུ་མ་ནི་རེ་འདོན་ན་དགའ། ཨོམ་མ་ཎི་པད་མེ་ཧྰུམ།
རང་དབང་ཨ་རྡུ་མན་ལ་རྒྱབ་སྐྱོར་ཡོད་།མང་གཙོ་རེད་པ་།ཆོས་ལུགས་རངདབང་།མི་རིགས་འདྲ་མཉམ་། སྨྲ་བརྗོད་རང་དབང་།བློ་སེང་མི་གཅིག་གི་ཅི་འཇོན་།ཁ་དམག་འདྲ་རྒྱབ་ན་མ་གཏོགས་། གཞན་ལག་པ་སྟོང་པ་ཡིན་པ་།ཡིནའང་ངས་ཁོང་ལ་འོས་ཤོག་བླུགས་པ་ཡིན་།
གནས་སྐབས་རིང་གནས་ཚུལ་འདི་ལ་གདོང་ལེན་བྱེད་ཐབས་རྩ་བ་ནས་མེད། རྒྱ་གན་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་རྠེས་སུ་བལྟ་དགོས། སྒུག་ན་ཡག་སྡུག་གང་ཡིན་ཤེས་ཡོང་།
སྐྱོན་བརྗོད་ཁོ་ན་བྱེད་རྒྱུ་དེ་དམང་གཙོ་ཡིན་ན་ཅིག་གི་ཁྱད་ཆོས་ཡིན་ན་དམངས་གཙོ་མེད་ན་ཡག་ས་རེད།
ཨ་རྡུ་མ་ཟེར་བ་དེ་ནི་རྐང་འཚུགས་ནས་རང་གཞུང་གི་དབུ་ཁྲིད་དང་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་རྒྱུ་དང་གཞིས་བྱེས་བར་དཀྲུགས་ཤིང་རྒྱག་ཆེད་ཁ་བརྡ་ནང་ཡོང་བ་ཡིན་པ་ཁོའི་མཆན་བུ་རྣམས་ལ་ལྟོས་དང་ཤེས་གསལ་རེད།
གླིང་གེ་སར་ནི་བོད་གངས་ཅན་པའི་དབའ་བོའི་ཕུད་ཅིག་དང་། བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་ལས། བསྟན་བཤིག་ཞབས་འདྲན་ཞིག་གཏན་ནས་མིན། དེས་ན་ཁོང་གི་མཚན་ཁྱེར་ནས་སྐད་ཆ་འདི་འདྲ་བཤད་པ་ངོ་མི་ཚའམ།
གོང་དུ་བཀའ་ཁྲིའི་སྐོར་གྱི་མཆན་འགོད་སར་སྒོ་རྒྱབ་ཟིན་འདུག་པས་དེའི་མཆན་འདིར་བཀོད་པ་ཡིན།
བཀའ་ཁྲི་ཁོང་གིས་ལོ་གཅིག་ནང་ཕྱིའི་ཡུལ་གྲུ་མང་པོར་ཕེབས་ཡོད་ཀྱང་འཐུས་མི་འགའ་དང་ཐུག་འཕྲད་ཙམ་ལས་སྲིད་འཛིན་སྲིད་བློན་སུ་དང་ཡང་ཐུག་འཕྲད་གནང་མ་ཐུབ་པ་དེ་ཁོང་གིས་བོད་ཀྱི་མགོ་གཙོའི་དོན་གོ་ཆོད་མེད་ལ་བོད་མིའི་ཕམ་ཁ་ཆེན་པོ་ཞིག་ཀྱང་རེད། ད་དུང་ཁོང་གིས་ལོ་གཅིག་ནང་འཐུས་ཤོར་དང་ཉམ་ཆགས་ཕྱིན་མེད་ཚུལ་གྱི་མངོན་པའི་ང་རྒྱལ་བྱེད་བཞིན་ཡོད། ཁོང་ལྟ་བུ་བོད་ཀྱི་མགོ་གཙོར་བསྐོས་ན་བོད་ལ་ཆེ་མཐོང་སླེབས་ཐུབ་ཀྱི་མེད་པ་གསལ་པོར་བསྟན་ཡོད། ཁོང་ལ་སྲིད་སྐྱོང་གི་ངོས་འཛིན་བྱེད་མཁན་སུ་ཡང་མ་རག་པ་དེ་ཁོང་ལ་རྒྱལ་སྤྱིའི་ནང་ཆེ་མཐོང་ཞིག་མེད་ཙམ་རེད་མ་གཏོགས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་འཁྲིད་གནང་སྐབས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་པོ་མཐོ་གྲས་ཚང་མར་མཇལ་འཕྲད་བྱུང་ཡོད་པ་རེད། བཀའ་ཁྲིས་དེ་ལྟར་མ་འཇོན་པ་དེ་འཐུས་ཤོར་མིན་ན་གང་རེད་དམ། དེ་དག་གིས་སྒང་འདིའི་སྟེང་བོད་མི་རླབས་ཆེན་ཆེ་མཐོང་ལྡན་པ་ཞིག་ཡོང་བར་ནང་དོན་རིག་པའི་ཐོག་ནས་ཐོན་དགོས་པ་གསལ་བསྟན་བྱས་པ་ཞིག་རེད།
ས་སྒང་འདིའི་ཐོག་རྒྱལ་ཁབ་ཅིག་མང་རུ་གཏོང་རྒྱུ་ང་ཚོའི་དགོས་དམིགས་མ་ཡིན་ལ་སྤྱི་ལ་ཕན་པའི་བོད་ཀྱི་རིག་གནས་འདི་སྲུང་སྐྱོབས་ཀྱི་ཆེ་ཁོ་ན་ཡིན་པས་དེར་ལས་ཀ་བྱེད་མཁན་མགོ་གཙོ་ལ་དེའི་གོ་རྟོགས་མེད་དུས་བྱ་ཐམས་ཅད་མགོ་ནས་འཆུགས་སོང་བ་མ་ཡིན་ནམ། སོམས་ཤིག
ཁ་སང་། ལས། མདང་འདི་དག་པ་མིའདུག་གམ།
དྲ་གྲོགས་ཚོར་གསལ་སྒྲགས་ཤིག་ཞུ་ཡག་ཡོད་་་་་་་དེ་ནི་ང་རང་གི་སྐོར་ཡིན་་་་་དྲ་གྲོགས་ཤས་ནས་ག་དུས་ཡིན་ནའང་ང་ལ་མི་དགའ་བའི་རྣམ་འགྱུར་བསྟན་དང་སྟོན་བཞིན་པ་རེད། དེ་ནི་དམངས་གཙོ་དང་རང་དབང་ཟེར་ཡག་དེ་ཁ་ནས་མ་ཎི་བཞིན་བགྲངས་པ་ཙམ་ལས་དོན་ལ་་་་་་་་སོ་སོའི་ཀླད་པའི་ནང་དུ་ད་བར་དམངས་ཚོགས་དང་རང་དབང་གི་གོ་དོན་ཟབ་མོ་མེད་པའི་དན་རྟགས་ཕྱི་ལ་
ཐོན་པ་རང་རེད། འོན་ཀྱང་ང་ནི་་་་རང་དབང་རང་ཡིན་་་དེ་ལ་འགྱུར་བ་མེད།
༡༽ རང་དབང་གི་རྒྱལ་ཁབ་ནང་ཡོད།་༢༽ ཆོས་དད་རང་དབང་ཡིན། ༣༽སྨྲ་བརྗོད་རང་དབང་ཡིན། ༤༽བསམ་ཚུལ་རང་དབང་ཡིན། ༥༽མི་རང་དབང་བཅས་ཡིན་པས་་་་་་ངས་ནམ་ཡང་རང་དབང་དེ་དག་བློས་གཏོང་བྱེད་མི་སྲིད་པས་་་་་ཁྱེད་རྣམ་པ་ཚོས་ང་་་་
རང་དབང་དེ་དག་གི་རྒྱུགས་ཁྱི་དང་རྗེས་འབྲངས་པ་ཞིག་ལ་མ་རྩིས་ཀ་མེད་རེད།།
དྲ་གྲོགས་ཚོ། ཁྱེད་རྣམ་པས་མཁྱེན་དགོས་པ་ཞིག་ནི་གུས་པ་ནི་རང་དབང་ཨ་རྡུ་མན་དང་མི་འདྲ་བ་༸གོང་ས་མཆོག་དང་ཟམ་གདོང་རྣམ་གཉིས་མགོ་སྤྱི་གཙུག་ཏུ་བཀུར་མཁན་ཞིག་དང་དོལ་རྒྱལ་བར་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཡིན། མ་ཟད་བོད་རང་བཙན་ནི་ངའི་ལྟ་བ་དང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ནི་ངའི་བློ་གཏོད་བཅོལ་ས་བླ་མེད་ཅིག་ཡིན། འོན་ཀྱང་གཞུང་གི་ལས་ཀྱི་སྣེ་མོ་བ་བསྐོས་སྟངས་མ་འགྲིག་པ་དང་བྱེད་སྟངས་མི་འགྲིག་པ། གཞུང་གི་ཆབ་སྲིད་ལང་ཕྱོགས་ཀྱི་ཆ་ནས་མི་འགྲིག་པ་མཐོང་སོང་ན་ཐད་ཀར་བཤད་ཀྱང་བྱེད་མཁན་བྱེད་མཁན་ཞིག་ཀྱང་ཡིན་པས་ཉ་དང་ཉུང་མ་མཉམ་འཇོག་མ་བྱེད་རོགས་ཞུ་རྒྱུ་ཡིན།
རང་དབང་ཟེར་བ་ནི་འགྲོ་བ་མི་སྤྱི་ལ་དགོས་པའི་གཏམ་བརྗོད་དང་ཆོས་ལུགས་སོགས་ལ་རང་དབང་དགོས་པ་ལས། སྣང་བ་གང་ཤར་དང་སུ་ལ་ཡང་གཞི་མེད་ཐོག་སྐྱོན་བརྗོད་ཆོག་པ། དཀྲུགས་ཤིང་རྒྱག་ཆོག་པ་ཞིག་ག་ལ་ཡིན། དཔེར་ན་མི་དམངས་འཛོམས་ས་ཞིག་ལ་འབར་རྫས་འདུག་ཅེས་རྫུན་བཤད་ནས་མི་དམངས་མགོ་བསྐོར་དང་སྐྲག་བཅུག་ན་ཁྲིམས་འགལ་ཡིན་པ་ལས་སྨྲ་བརྗོད་རང་དབང་གི་ཁུངས་སུ་ག་ལ་གཏོགས།
དམངས་གཙོ་དང་རང་དབང་ཞེས་པ་ནི་འགན་ཁུར་ལྡན་པ་ཞིག་དགོས་པ་ལས་གང་དྲན་དྲན་ག་ལ་ཡིན། དེ་འདྲ་ཡིན་ན་མི་བསོད་པ་ཡང་རང་དབང་ཡིན་ནམ། རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བཤད་ན་ཡང་རང་དབང་ཡིན་ནམ། འགན་ཁུར་མི་ཤེས་པའི་མི་ཁྱོད་ཚོས་དམངས་གཙོའི་གོ་དོན་གཏན་ནས་མ་རྟོག་པ་རེད། མ་གཞི་ནས་ཁྱོད་ཀྱིས་འགན་ཁུར་མེད་པའི་སྐད་ཆ་གང་བྱུང་བཤད་པ་དེ་རང་དབང་ཡིན་ན། ངས་ཀྱང་རང་གི་དགའ་ཕྱོགས་ལ་རྒྱབ་སྐྱོར་དང་མི་དགའ་ས་ལ་ངོ་རྒོལ་བྱེད་རྒྱུ་དེ་རང་དབང་ཅི་ལ་མིན།
ལོགས་སྨྲ་ཚར་གཅོད་ལགས། བསམ་བློ་གཏན་ནས་མ་བཏང་བའི་སྐད་ཆ་དེ་འདྲ་མ་བཤད་ན་བཟང་། བཀའ་ཁྲིས་རྒྱལ་སྤྱིའི་སྲིད་འཛིན་དང་སྲིད་བློན་ལ་འཇལ་འཕྲད་གནང་མ་ཐུབ་པ་ནི། རྒྱལ་སྤྱིས་བོད་དོན་ཐོག་ལ་འཛིན་པའི་སྲིད་ཇུས་ལ་རག་ལས་པ་ལས། མི་གཅིག་གི་འཇོན་ཐང་ལ་རག་ལས་པ་ཞིག་གཏན་ནས་མ་རེད། རྒྱལ་སྤྱིས་བོད་གཞུང་ཞེས་པ་ཞིག་གཏན་ནས་ཁས་ལེན་གྱི་མེད་ན། སྲིད་འཛིན་སྲིད་བློན་གྱིས་བོད་ཀྱི་དབུ་ཁྲིད་དང་འཇལ་འཕྲད་ཇི་ལྟར་བྱེད་ཐུབ། ད་དུང་རྒྱ་ནག་གིས་གནོན་ཤུགས་ཇི་ལྟར་སྤྲད་ཀྱི་ཡོད་པ་ཁྱོས་ཀྱང་ལོས་ཤེས། དེ་སྔ་ཡན་ཆད་ཀྱི་བཀའ་ཁྲི་རིམ་བྱོན་ཁྲོད་ནས་འཇོན་ཤོས་ནི་ཟམ་གདོང་རིན་པོ་ཆེ་ཡིན་ཡང་། རྒྱལ་སྤྱིའི་སྲིད་བློན་སྲིད་འཛིན་བཞག་ནས་གྲོས་ཚོགས་འཐུས་མི་ཞིག་ལ་འཇལ་འཕྲད་གནང་བ་ཡང་ཉུང་ཉུང་ཡིན། ༧གོང་ས་མཆོག་ནི་རྒྱལ་སྤྱིའི་སྟེང་ཧ་ཅང་སྙན་གྲགས་ཆེ་བའི་གཟེང་རྟགས་མང་པོ་ཐོབ་མྱོང་བའི་ཆེ་མཐོང་ལྡན་པའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་སྟེང་ཁོང་ལ་ཆེ་མཐོང་སྤྲད་པ་ལྟ་བུ་ཞིག་རྒྱལ་ཁབ་ཕལ་ཆེ་བའི་སྲིད་འཛིན་སྲིད་བློན་ལ་ཡང་ཐོབ་ཀྱི་མེད་ན་༧གོང་ས་མཆོག་དང་བཀའ་ཁྲི་བསྡུར་བ་ནི་རྒྱ་མཚོ་དང་ཆུ་འཁྱིལ་བསྡུར་བ་དང་གཅིག་པ་རེད། དེས་ན་སྐད་ཆ་གང་ཡིན་ཡང་བསམ་བློ་ཡག་པོ་བཏང་ནས་བཤད་རྒྱུ་གལ་ཆེའོ།
རང་དབང་ཨ་རྡུ་མན་ལགས ཁྱེད་ཀྱི་རང་དབང་དེ་དོན་གཅོད་ཁང་གིས་གནངས་པ་འདྲ་། ནམ་རྒྱུན་བཙན་བྱོལ་གཞུང་དང་བཙན་བྱོལ་བའི་འགོ་ཁྲིད་རྣམས་ལ་ཅིག་མ་འགྲིག་བ་དང་ཅིག་ཐུབ་མེད་པ་རྐྱང་རེད།ཁྱེད་ཀྱིས་འཇོན་ན་རང་དབང་ལོང་བར་དང་བླང་ཐོན་ཆོག་པས།གང་མགྱོགས་ཀྱི་དོན་གཅོད་དུ་འབྲེལ་བ་དང་སྐུ་ངོའི་བཞུགས་ཁྲི་ཐོབ་སྲིད་ལ།དང་བླང་དྲུང་ཡིག་ལོག་སྨྲ་ཚར་གཅོད་ཡོད་པས་དོན་གཅོད་ཀྱིས་གསོལ་ཕོགས་ད་ལྟ་ལས་ཡག་པོ་གནང་ངེས་རེད།
ལོག་སྨྲ་ཚར་གཅོད་ལགས རབ་བྱུང་ན་ཐེངས་རྗེས་མ་དངོས་མིང་བཀོད་རོགས། ཁྱོད་རང་དབང་གི་ཐོབ་ཐང་ལེན་མཁན་ཞིག་ཡིན་པས་དངོས་མིང་འབྲི་རྒྱུ་ལ་དཀའ་ངལ་ཅི་ཞིག་ཡོད་དམ།
སྐྱོན་གླིང་ཁན་ཚོས་དགེ་མ་ཐོང་།
དགེ་གླིང་ཁན་ཚོས་སྐྱོན་མ་ཐོང་།
ཧ་ཧ་ཧ་ད་ཁྱེད་ཚོས་ཤེས
ངས་བློ་སེང་བཀའ་ཁྲིར་མ་བསྐོས་གོང་ནས་ད་བར་རྒྱུད་ལམ་ཁག་འདྲ་མིན་ནས་དགག་ཡིག་སྤེལ་བ་ཐེངས་ལྔ་བརྒྱ་ལས་བརྒལ་བཞིན་ཡོད། འོན་ཀྱང་དེ་དག་ཚང་མ་སྒེར་གྱི་འཁོན་འཛིན་དང་ཕྲག་དོག གཞུང་ལ་མི་འདོད་པའི་རྣམ་འགྱུར་སོགས་ཚིག་གཅིག་ཀྱང་མེད། ཁོང་བཀའ་ཁྲིར་བསྐོས་པར་དགག་པ་རྒྱབ་དགོས་དོན་ནི། དུས་རབས་ཀྱི་དཀྱོག་མཚམས་དང་ཤེས་ཡོན་གྱི་སྲིད་ཇུས་དཀྱོག་མཚམས་གཉིས་ཀའི་དུས་འདིར་ནོར་ལམ་གྱི་གོལ་ས་ཆེན་པོར་ལྷུང་བའི་བོད་ཀྱི་གཞོན་སྐྱེས་ཀླད་གསར་པ་གནས་སྐབས་ལས་ཕུགས་དོན་མ་རྟོགས་པ་མང་པོས། བློ་སེང་ཁོང་བོད་ཀྱི་མགོ་གཙོར་བསྐོས་ཐུབ་པ་འདིས་བོད་དེ་ཆོས་ལུགས་ཀྱིས་དབང་སྒྱུར་འཆིང་ཐག་ལས་གྲོལ་བ་མཚོན་པ་རེད་ཟེར་བ་དང་། ཀླད་སྙིང་མཁྲེག་བཟུང་ལས་གཞོན་རབས་གསར་གཏོད་ཀྱི་ཕྱོགས་སུ་འགྲོ་མགོ་བཙུགས་པ་རེད་ཟེར་བ་དང། དངོས་ཡོད་དང་མི་མཐུན་པའི་རིག་གནས་ཀྱི་ཤེས་ཡོན་གྱིས་ཁྱད་ལས་པ་ནས་དོན་དངོས་དང་མཐུན་པའི་རིག་གནས་ཆུད་ཚད་ཡོད་པའི་མི་སྣའི་ལག་ཏུ་དབང་ཆ་སླེབས་ཡོད་པ་བློ་སེང་མཚོན་དོན་དུ་བཟུང་ནས་དགའ་ཚོར་བྱེད་མཁན་རྣམས་ཕྱོགས་སྔར་བྱས་ནས་དགག་པ་རྒྱབ་པ་ཤ་སྟག་ཡིན། ང་སྒེར་གྱིས་ཟ་མགོ་མི་འགྲིག་པ་དང་དགྲ་དགའ་གཉེན་སྡུག་གི་རང་གཞུང་ལ་རྒྱབ་ལོག་བྱས་པ་ཞིག་ག་ལ་ཡིན། ངའི་དངོས་མིང་ནི་ལྷ་རམས་པ་འཇམ་དབྱངས་ནོར་བུ་ཡིན་པ་ངས་ཐེངས་མང་གསལ་བཤད་བྱས་ཟིན་པ་ཡིན། ལོ་རྒྱུས་ཞིབ་པར་ཤེས་འདོད་ན་ངའི་སྒེར་གཉེར་དྲ་རྒྱ་ནང་གཟིགས་ན་འགྲིག http://www.jamyangnorbu.yolsite.com ངས་བཤད་པའི་སྐད་ཆ་ཚང་མ་ང་རང་གིས་འགན་ཁྱེར་ནས་སྡོད་ཡོད།