རྫ ་ཚེ་རིང་བཀྲ་ཤིས།
དུས་ཐུང་ལོ་ཕྱེད་ཙམ་གྱི་ནང་འདིར་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་《དུས་ཐོག་ཆར་པ་》འདི་བོད་ཕྱི་ནང་གཉིས་སུ་དེབ་འདི་དཔར་ཐེངས་བཞི་ནས་ལྔ་བར་ཟིན་ཡོད།
འདིར་གསལ་བཤད་ཞུ་རྒྱུ་ཞིག་ནི།མདང་ནུབ་ཕྲན་གྱིས་ངོ་དེབ་ཐོག་དུས་ཐོག་ཆར་པའི་དཔར་གཞི་གསར་པའི་གནས་ཚུལ་སྤེལ་མ་ཐག་གྲོགས་པོ་མང་པོ་ཞིག་གིས་དྲ་རྒྱ་བརྒྱུད་ནས་གང་ནས་ཐོབ་ཀྱི་ཡོད་པ་དང་། ཇི་ལྟར་བླུ་ཉོ་བྱེད་དགོས་པ་སོགས་ཀྱི་བཀའ་འདྲི་གནང་གིན་འདུག་པས་། གལ་ཏེ་རྒྱ་གར་སོགས་ན་ཡོད་པ་ཞིག་ཡིན་ན། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་བླུ་ཉོ་གནང་རོགས།རིན་གོང་ཧ་ཅང་འོས་འཚམས་རེད་འདུག
ཁོང་ཚོའི་འབྲེལ་ཡུལ་ནི་བང་ཆེན་ཚགས་པར་ཐོག་གི་འབྲེལ་བ་གནང་ཡུལ་གྱི་ཁ་བྱང་དང་གཅིག་པ་རེད།
khawakarpo.office@gmail.com 91 9816561606
གཞན་ཐའེ་ཝན་སོགས་སུ་ཡོད་པ་ཞིག་ཡིན་ན།ཐའེ་ཝན་ནང་པའི་བདེ་དོན་ལྷན་ཚོགས་ཀྱི་ལྟེ་གནས་སུ་ཕེབས་ནས་རིན་མེད་དུ་བཞེས་ཆོགཁ་པར།༠༢༢༣༩༥༡༡༩༨
བོད་དུ་ནི་ཁག་སོ་སོའི་ལྗོངས་ཞིང་ལྔའི་དཔེ་ཚོང་ཁང་དག་ཏུ་ཐོབ་ཀྱི་ཡོད་འདུག་ལ་གསར་པ་ཡང་ཕལ་ཆེར་ཐོན་གྲབ་ཡོད་པ་འདྲ།
དེ་མིན་གསལ་བཤད་གལ་ཆེན་ཞིག་ནི། དཔར་ཐེངས་དང་པོ་བོད་དང་རྒྱ་གར་གཉིས་ཆར་ལ་དཔར་བ་དེའི་པར་གཞི་གཅིག་ཡིན་ཞིང་།དེར་ཡིག་ནོར་ལ་ཞིབ་ཆ་མ་ཐོན་པ་འགའ་འདུག་པ་ཞུས་དག་བྱས་པའི་མ་དཔེ་དེ་ད་ལྟ་ཐའེ་ཝན་དུ་དཔར་ཡོད་པ་དེ་ཡིན།
འོན་ཀྱང་ཁ་བ་དཀར་པོ་རིག་གཞུང་སྲུ་ཞུ་ཁང་གི་ཁང་གིས་དཔར་བ་དེ་འདི་ནས་བཏང་བའི་མ་ཕྱི་ལ་སླར་ཡང་དགོས་ངེས་ནོར་བཅོས་ཅི་རིགས་གནང་ཡོད་པས་ད་ཡོད་དུས་ཐོག་ཆར་པའི་མ་ཕྱི་དག་ཤོས་དང་ཡིག་ནོར་ཉུང་ཤོས་དེ་ཡིན། དེབ་དེར་དཔར་གཞི་གཞན་ལ་མེད་པའི་འགྱུར་རྩོམ་༼ཚུལ་ཁྲིམས་བློ་གྲོས་ཚིག་ཐོག་དོན་ཁེལ་༽ཞེས་པའི་གླེང་རྩོམ་དེ་དང་།སྔ་འགྱུར་རིག་འཛིན་གྱིས་ཕབ་སྒྲིག་པར་གཅར་འདྲི་བྱས་པའི་འབྲེལ་ཡོད་དྲིས་ལན་ཞིག་བཅས་ཀྱང་ཟུར་བཀོད་དུ་ཡོད།
༡༽དཔར་ཐེངས་དང་པོ། སྤྱི་ལོ་༢༠༡༢ཟླ་དང་པོར།རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་རྒྱལ་ས་རྡི་ལི་ནས་དཔར་ཏེ།དུས་འཁོར་དབང་ཆེན་སྐབས་འགྲེམ་སྤེལ་བྱས།
༢༽དཔར་ཐེངས་གཉིས་པ།སྤྱི་ཟླ་གསུམ་པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏེ་གར་དབང་ལྷ་དགུའི་སྒྲུབ་ཆེན་སྐབས་བླ་རུང་སྒར་གཙོ་བོར་གྱུར་པའི་བོད་ཡུལ་ཡོངས་སུ་བཀྲམ།
༣༽དཔར་ཐེངས་གསུམ་པ། སྤྱི་ཟླ་བདུན་པའི་མགོར།༸སྐུའི་འཁྲུངས་སྐར་སྐབས་བཞུགས་སྒར་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲུ་ཞུ་ཁང་གིས་དཔར་ནས་བཀྲམ།
༤༽དཔར་ཐེངས་བཞི་པ། ཟླ་བ་བདུན་པའི་མཇུག་སྟེ།ཁར་རྩང་དགུང་མོ་ཐའེ་ཝན་ནང་པའི་བདེ་དོན་ལྷན་ཁང་གིས་དང་བླངས་ཐོག་དཔར་བའི་པར་ཕུད་དངོས་སུ་ལག་ཏུ་འབྱོར།
དཔར་ཐེངས་ལྔ་པ་དེ་བོད་ནང་དུ་དཔལ་ཡུལ་དར་ཐང་དགོན་གྱི་འབྲེལ་ཡོད་ནས་དཔར་རྒྱུ་ཡིན་པ་མཁན་ཆེན་ཚུལ་ཁྲིམས་དངོས་སུ་ཞུས་འདུག་ཅིང་།བསྐྱར་དུ་ཞུས་དག་བྱས་པའི་མ་དཔེ་གསར་ཤོས་བོད་ཡུལ་དུ་ཟླ་བ་གཅིག་གི་སྔོན་ཙམ་དུ་བཏང་ཟིན།
དུས་ཐོག་ཆར་པ་ཁྲོམ་རར་ཐོན་ནས་སྤྱི་ཚོགས་ཀྱིས་ཚད་མཐོའི་དང་ལེན་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་བཅས།
ཕབ་སྒྲིག་པས།
ལགས་སོ་མཁན་པོ་ལགས་ཐུགས་རྗེ་ཆེ་ཞུ་བ་དང་བཅས། སྔ་ཕྱི་ཁྱོན་དེབ་གྲངས་ག་ཚོད་ཙམ་ཞིག་སྤྱི་ཚོགས་ཐོག་འགྲེམ་སྤེལ་མཛད་ཐུབ་ཡོད་ན།
ལགས་སོ་མཁན་པོ་ལགས་ཐུགས་རྗེ་ཆེ་ཞུ་བ་དང་བཅས། སྔ་ཕྱི་ཁྱོན་དེབ་གྲངས་ག་ཚོད་ཙམ་ཞིག་སྤྱི་ཚོགས་ཐོག་འགྲེམ་སྤེལ་མཛད་ཐུབ་ཡོད་ན།
ཚེ་རིང་བཀྲ་ཤིས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཧ་ལས་པའི་ཕྲིན་ལས་རེད། རྒྱལ་དབང་ཀརྨ་པ་དང་རྒྱལ་བ་རིན་པོ་ཆེའི་དེབ་ཚོ་ཡང་དེ་འདྲ་བྱུང་མྱོང་མེད་པ་ལ། ཚུལ་ཁྲིམས་བློ་གྲོས་ཀྱིས་ག་རེ་གསུངས་ཡོད་པ་དག་ནང་དོན་དཀར་ཆག་ཅིག་འགོད་ན་བཟང་། དྲ་ཐོག་ནས་མཐོང་ཐུབ་བམ།
ཀརྨ་པའི་མིང་སྔོན་ལ་བྱས། ༧གོང་ས་མཆོག་གི་མཚན་རྗེས་ལ་བྱས། འདི་ག་རེའི་གོ་རིམ་རེད། མ་གཞི་ཀརྨ་པ་སུ། རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེའམ། ཀརྨ་པ་ཤར་པ། ཡང་ན་རྡ་རམ་ས་ལའི་ཀརྨ་པ། ངའི་ངོར་ཁོང་གསུམ་ཀ་ཀརྨ་པ་ཡིན།
མཁན་ཚུལ་ནི་བོད་ཀྱི་སྤྱི་ཚོགས་ལ་ཆོས་ལུགས་ཡང་འགྲེལ་འུར་སྒྲོག་བྱེད་མཁན་དང་ཀྲུང་དབྱང་སྲིད་གཞུང་དང་རྒྱའི་སྦྱིན་བདག་ཚོར་བསྟེན་ནས་མི་བྱེད་དགུ་བྱས་བྱེད་མཁན་ཞིག་ཡིན་པ་ཤེས་ཡོད། དེ་མིན་རྫ་ཚེ་རིང་ལྟ་བུའི་རྡ་སའི་གྲྭ་འཁྱམ་ཞིག་དེང་སང་ཐེ་ཝན་ན་ཅི་བྱེད་ཀི་ཡོད་མེད་ཤེས་ཤེས་རེད། བོད་ལཡོད་པའི་ཆོས་ལུགས་པ་ཚོ་འདི་འདྲ་རེད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་རྩོམ་དེབ་གཟུགས་ཁག་ལྔ་རིན་མེད་ཐོག་འབུལ་ལམ་ཞུས་ཡོད་པ་ཆ་ཚང་ལྟ་ཀློག་མ་ཐུབ་ཀྱང་ཞོགས་དུང་གི་དགག་ལན་དང་ཤ་ཟོས་པའི་ཉེས་དམིགས་སོགས་ལེ་ཚན་ཁ་ཤས་ལ་བལྟས་པ་ཡིན། མཁན་པོ་མཆོག་གིས་སློབ་གསོའི་ཐད་ནས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་པོ་ཞིག་འཇོག་ཐུབ་ཡོད། འོན་ཀྱང་མཁན་པོ་མཆོག་དང་ཚ་བ་འདམ་སྨྱུག་གཉིས་ད་ཐེངས་མདོ་ཁམས་འཇང་དགུན་ཆོས་ལ་གདན་འདྲེན་ཞུས་ཀྱང་མ་ཕེབས་པ་ཅུང་ཟད་ངོ་གནོང་དགོས་པ་འདུག
རྒྱ་བླ་དེ་ཚོས་ཅི་བཤད་འདི་བཤད་མེད་པ་རེད། འབངས་བླ་གྲྭ་མང་པོ་ཞིག་ཡོད་པར་བརྟེན་རྒྱུ་ངོམས་དང་དཔུང་ངོམ་འདྲ་བྱེད་ཀྱི་ཡོད་དྲོ། གང་ལྟར་ང་ལ་ནི་༸གོང་ས་མཆོག་གི་བཀའ་སློབ་ལས་དེ་མིན་ཅང་དགོས་པ་མེད། དེ་ཡིས་མ་འཐུས་པ་མི་འདུག དེ་ཡིས་འཇིག་རྟེན་འདི་ཡི་འཚོ་བ་དང་ཕྱི་མའི་ལམ་སྟོན་གཉིས་ཀ་ལ་ཕན་པ་ཡོད་འདུག་པས་དེ་ལས་ལྷག་ཅིག་ཡོང་རྒྱུ་མེད་ལ་ཡོང་དགོས་པའང་མེད། རྫ་ཚེ་འདི་ཡང་རྟག་པར་རྙིང་མའི་ཕྱོགས་ཀྱི་ཅིག་ཅིག་མིག་མིག་འདིར་འཁྱེར་ཡོང་གི་འདུག རིས་མེད་ཡིན་ན་རིས་སུ་མ་ཕྱེས་ཏེ་འཁྱེར་རོགས། དེ་མིན་ཁ་བརྡའི་དྲ་རྒྱ་འདི་ཆོས་ལུགས་སྒེར་པ་ཞིག་གིས་ཁྱབ་བསྒྲགས་བྱེད་ས་ལྟ་བུ་ཞིག་ཆགས་ཉེན་འདུག་དཱ།
མེ་ཏོག་དཀར་པོ་ལེགས། དགོངས་ཚུལ་གསུངས་པ་ལ་དགའ་ཡོད། ཚུལ་ཁྲིམས་བློ་གྲོས་འདི་བ་སང་ལ་དངོས་ནས་དད་གུས་ཞུ་ཆོག་ས་ཞིག་འདུག དེང་སང་བླ་མ་ཞུ་ན་རྒྱལ་ཕྱི་ནང་ལ་བླ་མ་ཁོང་འདྲ་མཁས་བཙུན་བཟང་པོ་རྙེད་དཀའ་ས་རེད། ཚུལ་ཁྲིམས་བློ་གྲོས་ཀྱི་ལོ་རྒྱུས་དང་བརྙན་ཐག་བརྙན་འཁོར་མང་པོ་ལྟ་ཉན་བྱས་པ་ཡིན། ཧ་ལས་པ་འདུག རང་དབང་མེད་པའི་དད་པ་ཤོར་སོང་། ང་ཚོ་བོད་ཀྱི་ལོ་རྒྱུས་གཞིར་བཞག་ནས་བཤད་ན་རྒྱལ་དབང་ཀརྨ་པའི་མཐོ་ཞིག་བོད་ཀྱི་བླ་སྤྲུལ་གྲལ་དུ་བྱུང་མྱོང་མེད་པ་རེད། སྐུ་ཕྲེང་རིམ་བྱོན་དུས་གསུམ་མཁྱེན་པ་ནས་ད་ལྟའི་ཀརྨ་པ་བཅུ་བདུན་བར་བྱུང་བ་རེད། རྒྱལ་བ་སང་ཡང་སྐུ་ཕྲེང་བཅུ་བཞི་བ་རེད། མེ་ཏོགལགས། ཀརྨ་པ་སུ་དང་གང་རེད་ཅེས་ངེད་གཉིས་འདྲ་ཞིག་གི་ཐག་ཆོད་པ་ཞིག་ག་ན་ཡོད་བ། རྒྱ་མིའི་ཀརྨ་པ། ཉག་ཀརྨ་པ། དབྱིན་ཇིའི་ཀརྨ་པ་ཞེས་མང་པོ་ཡོད་ས་རེད། དངོས་ཡོད་གནས་ཚུལ་ཤེས་པ་འདོད་ན་དྲང་བདེན་དགོས། གཟུར་གནས་ཀྱིས་བཤད་ན་མང་པོ་རེད།
རྒྱས་པ་ཤེས་འདོད་ན་འདིར་གཟིགས།
http://www.youtube.com/watch?v=5Ex0bDHHUWs&feature=related
བོད་ཀྱི་ཆོས་ཀྱི་དབུ་ཁྲིད་སུ་རེད། བླ་སྤྲུལ་མཐོ་ཤོས་ཀརྨ་པ་ཡིན་སྟངས་ག་འདྲ་རེད། རྡ་སའི་ཀརྨ་པ་ལ་ཀརྨ་བཀའ་བརྒྱུད་ཕྱེད་ཀས་མ་གཏོགས་ཁས་མི་ལན། གཞན་འབྲི་གུང་སོགས་ཆེ་བཞི་ཆུང་བརྒྱད་སོ་སོའི་བླ་མ་མཐོ་ཤོས་རེ་རེ་འདུག
རང་གི་དད་པ་བྱ་ཡུལ་གྱི་བླ་མ་དང་སྤྱིའི་བླ་མ་མཐོ་དམན་འབྱེད་སྟངས་ཤེས་དགོས།
རེ་བ་སྟོང་པ་དེ་འདྲ་མ་རྒྱག་ལོ། ༧གོང་ས་མཆོག་ལས་ཀརྨ་པ་མཐོ་མདོག་མདོག རྡ་སའི་ཀརྨ་པ་དེའི་༧གོང་མ་བཅུ་དྲུག་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་གོས་ཀྱི་མདོག་ཡན་ཆད་བསྒྱུར། ད་དུང་གོང་མའི་མཚན་དེ་ཁུར། ལྟ་བ་ཡང་གང་འཚམས་བསྒྱུར་ཚར་བ་ཐག་ཆོད།
རྡ་སའི་ཀརྨ་པའི་ཤེས་ཡོན་དང་བསམ་བློ་གཏོང་ཕྱོགས་གཅིག་ལ་ཡི་རངས་ཡོད།
ཚང་མས་བསམ་བློ་གཏང་ནས་བཤད་རོགས་་་་་་སོ་སོས་བཤད་པ་དེ་སོ་སོས་འགན་ཁྱེར་ཐུབ་པ་གནང་རོགས་ཞུ། དེ་འདྲ་ཡིན་ནའང་སྨྲ་བརྗོད་རང་དབང་རེད་་་་་་གཞན་མ་གཏོགས་ཕན་ཐོགས་ཡོ་མ་རེད།
མེ་ཏོག་དཀར་པོ་ལགས་།ཁྱེད་རང་དྲ་ཐོག་ནད་འབུ་ཞིག་རེད་འདུག་།རྒྱལ་བ་ཀརྨ་པ་སུ་ཡིན་མ་་ཤེས་ན་།འཛམ་གླིང་ཤར་ནུབ་ཀུན་གྱིས་དད་གུས་བྱེད་ཡུལ་།ལྷག་པ་དུ་བོད་གངས་ཅན་ལྗོངས་གིས་མ་འོང་རེ་འདུན་བཅོལ་ས་དེ་ད་ལྟར་རྒྱུད་སྟོད་གྲྭ་ཚང་དུ་བཞུག་བཞིན་པ་དེ་རེད་།ད་དང་ངའི་རྒྱ་གར་ནང་དུ་དཔེ་ཆུང་ཞིག་བཞག་ན་།པར་ཁྲུས་ཁང་དང་ལམ་ཁྲམ་བསྟོན་ཁན་།རྒྱ་གར་དང་བོད་པ་གང་རང་གིས་བོད་ཀྱིས་བླ་ཆེན་༧གོང་ས་མᩚཆོག་དང་རྒྱ་བ་ཀརྨ་པ་རྣམས་གཉིས་ཀྱི་སྐུ་པར་མང་ཤོས་རེད་འདུག་ᨕᩚᨕᩚᩚᩚ།ཁྱོད་ཟེར་བ་དེ་ཚོ་གོ་རྙོང་མེད་ལ་བཤམ་ཁན་མཐོང་མ་སོང་། མཐར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་སྐུ་ཚེ་ཡུན་དུ་བརྟེན་།
མཁན་པོ་མཆོག་གིས་ཀླུ་སྒྲུབ་དགོངས་རྒྱན་སློབ་ཁྲིད་གནང་བ་སྒྲ་འཇུག་བྱས་ཡོད་པ་ཞིག་མཉན་པ་ཡིན། དོགས་གཅོད་གནང་སྟངས་གང་འདྲ་ཡིན་མིན་མི་ཤེས་མོད་དངོས་གནས་གོ་བ་ལེན་སྟངས་ཡག་པོ་འདུག །
མངའ་རིས་གསས་ཟེར་བ་དང་བསོད་ནམས་གྲགས་པ་ཟེར་བ་ཕྱོགས་རིས་ཀྱིས་དྲང་བདེན་གྱི་མིག་ཟུང་སྒྲིབ་ཅིང་ཕྲག་དོག་གིས་སྨྱོ་ཆུས་སེམས་རབ་ཏུ་མྱོས་པ་ཞིག་རེད་འདུག དེ་མིན་མཁན་ཆེན་ཁོང་གིས་བོད་ནང་ཆོས་དང་རིག་གཞུང་འཛིན་སྐྱོང་ཐད་བྱས་རྗེས་སུས་ཀྱང་འགྲན་མི་ནུས་པ་བཞག་ཡོད་པ་རིས་སུ་མ་ཆད་པའི་ཟུར་གནས་ཀུན་གྱིས་ཁས་ལེན་བཞིན་པ་རེད། ཡང་དེ་སང་ཆོས་ལུགས་ཁག་གི་བླ་ཆེན་སུ་ཡིན་ཀྱང་རྒྱ་ཡི་སློབ་མ་མེད་མཁན་སུ་ཡོད་རེད། དེས་ན་བླ་མ་བཟང་ངན་ནི་མཛད་པ་ལ་ལྟ་དགོས་པ་ལས་རྒྱའི་སློབ་མ ཡོད་མེད་ལ་ཚད་ག་ལ་བཟུང་རུང་། ཡང་རྙིང་མ་བའི་གནས་ཚུལ་ཁ་བརྡ་ནང་འཁྱེར་མི་ཆོག་པ་གང་རེད། ངེས་པར་དུ་རྒྱུ་མཚན་བཤད་དགོས། དེ་མིན་ཁྱོད་གཉིས་ཀྱི་ཁ་དེ་སྐྱག་པས་བཀག་རོགས།
བོད་ལ་ཞེན་ལགས། ཁྱེད་ཀྱིས་དྲང་བདེན་གྱི་སྐད་ཆ་མི་བཤད་པར་ཕྱོགས་རུས་དང་ཕྲག་དོག་སྨྱོ་བཤད་རྒྱག་གི་འདུག བོད་ནང་དུ་མཁན་ཚུལ་ཟེར་བ་དེ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཐད་འགྲན་མི་ནུས་པར་ཟེར་བ་དེ་གད་མོ་བསླངས་པའི་གནས་དང་།དངོས་གནས་ཁྱེད་ཀྱིས་སེམས་པ་དུག་དང་མིག་ལ་འཁྲུས་ནད་ཞུགས་ཡོད་པས་རང་ཡིན། བོད་ནང་ལ་་ཀྲུང་དབྱང་སྲིད་གཞུང་ལ་མགོ་འདོགས་དང་རྒྱའི་སྦྱིན་བདག་ཚོའི་སྒོར་མོ་བསྡུ་རུབ་བརྒྱབ་སྟེ་ཉམས་ཆུང་བོད་མི་ཚོར་སེམས་ཅན་མི་བཤའ་བའི་རྫིག་གཏམ་དེ་སུས་བཤད་མི་ཤེས། ཆོས་པ་ཡིན་ན་རྗེ་མི་ལ་རུས་པ་ནང་བཞིན་དང་བྱ་བྲལ་སངས་རྒྱས་རྡོ་རྗེ་ནང་བཞིན་བཅའ་དགོས་པ་ལས། དགོན་པ་རྫིག་པོ་དང་སྦྱིན་བདག་མང་བ་ནི་ཆོས་ལས་ལྡོག་ཟླ་ཡིན་པ་ཤེས་སམ། ད་ལྟ་བོད་ཀྱི་སྤྱི་ཚོགས་རང་དབང་དང་དམངས་གཙོ་དགོས་ན་ཁོ་ཚོ་མེད་པར་འགྲོ་དགོས་རེད། དེ་མིན་དམངས་གཙོ་ཞིག་ཡོངས་ཐབས་མེད།
བརྫོད་གཞི་དེའི་གོ་ཆོད་མ་ཆོད་ཀྱི་སྒང་ནས་བལྟས་ན་ཅུང་བསམ་བནོ་བའི་ཁུར་རེད་གཞན་བླ་མ་བཟང་ངན་གི་བསྐོར་དེ་ཅུང་མ་གླེང་ན་བཟང་སྙམ་་་གང་ལགས་ཟེར་ན་སྐབས་བབ་མ་ཡིན་པའི་དང་དགོས་པ་མ་ཡིན་པའི་ཕྱིར་རོ། རྒྱུ་མཚན་ནི་བཟང་ངན་ཐག་བཅད་མི་ནུས་པའི་ཕྱིར་རོ།
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ནི་སངས་རྒྱས་ཀྱི་གསུངས་བཞིན་དུ་སྣང་ངོ་། །བཀའ་ཡི་བསྡུ་བ་ཆེན་པོ་རྫ་རྒྱུད་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས་སྒྲ་ཕབས་བསྒྲིགས་ལ་ཡི་རངས་དང་བསྔགས་བརྗོད་ཡོད། ད་ཡིན་ན་དུས་ཐོག་ཆར་པ་ནི་དུས་སུ་བབ་པའི་ཆར་པ་རང་རེད་བཞག བོད་ཕྱི་ནང་ཀུན་ལ་དར་སྨིན་ནུས་པའི་ཕྲིན་ལས་ལ་ཁྱབ་ཆེན་པོ་རེད། ད་ཡིན་ན་རྒྱ་དང་དབྱིན་སྐད་དུ་བསྒྱུར་ན་ཤིན་ཏུ་བཟང་། རྒྱ་བོད་དབྱིན་ཇིའི་བླ་རྫུན་མང་པོ་ཞིག་ལ་དུག་ཆར་དང་ཉམས་ཐག་ཆོས་པ་ཡོངས་ལ་སྨན་ཆར་དུ་འགྱུར་ངེས། གོ་སླ་བ་དང་དོན་བཟང་པོ་སྐབས་སུ་བབ་པའི་གཏམ། དུས་སུ་སྨིན་པའི་ཆར་འདི་འཛམ་གླིང་གོ་ལ་ཧྲིལ་བོར་ཁྱབ་ན་ཞི་བདེའི་གཞི་རྩ་དངོས་སུ་བརྟན་པར་མཐོང་ངོ་། །ཞལ་བྲོ།
གང་ལྟར་བོད་པའི་སྤྱི་ཚོགས་ནང་། བླ་མ་ཡིན་ཟེར་མཁན་དང་སྤྲུལ་སྐུ་ཡིན་ཟེར་མཁན་སུ་ཡིན་ནའང་། ཁོང་ཚོའི་ཤེས་ཡོན་དང་ཕྱག་ལས་གནང་སྟངས། བསམ་བློའི་འཁྱེར་ཕྱོགས་སོགས་གང་ཅིའི་ཐད་ནས་མི
དཀྱུས་མ་ཞིག་ལས་ཚད་མཐོ་བ་དགོས་ངེས་ཡིན། དེ་འདྲའི་ཁྱད་ཆོས་མ་འདྲ་བ་ཞིག་ཡོད་ན་ད་གཟོད་མི་དེའི་མིང་ལ་སྤྲུལ་སྐུ་དང་བླ་མ་ཞེས་འབོད་པ་འོས་པ་ཡིན། དེ་མ་གཏོགས་སྐུ་ཕྲེང་སྔ་མའི་བྱས་རྗེས་སོགས་བགྲང་ནས་ཚེ་འདི་ལ་ཅིག་ཅིག་ཅིག་མིག་མིག་མིག་སོགས་ཟེར་དགོས་དུས་ཁོང་རང་ཟ་འདྲེ་རུ་འགྱུར་འགྲོ་གི་ཡོད་པའི་རྟགས་རེད། དད་པ་ཡོད་ན་ཤེས་ནས་དད་པ་བྱེད་དགོས། བོད་པའི་སྤྱི་ཚོགས་ནང་སྤྲུལ་སྐུའི་ལམ་ལུགས་འདི་ག་ལེར་མེད་པར་བཟོ་དགོས། དགེ་བཤེས་སོགས་སློབ་སྦྱོང་གི་རིམ་པ་འཐར་སོན་པ་རྣམ་དོན་གྱི་བླ་མ་ཡིན། སློབ་སྦྱོང་མེད་ན་ཕལ་བ་ཡིན།
ཨ་ལེ་པར་མང་བ་དེ་རྩ་ཆེ་བ་རེད་པེ། མ་གཞི་གོང་དུ་བ་ཤད་པ་བཞིན་བཀའ་བརྒྱུད་ནང་ནས་ཀམ་ཚང་ཕྱེད་ཀ་ལས་གཞན་པ་ཚོའི་རྡ་སའི་ཀརྨ་པ་ཁས་ལེན་གི་མིན་འདུག དང་པོ་ནཀའ་བརྒྱུད་པ་ཆ་ཚང་གིས་མོས་མཐུན་ཐོག་ཀརྨ་པ་ཡིན་པ་ཁས་ལེན་བཅུག དེ་རྗེས་ག་རེ་ལྟ་ན་ཡག ཧམ་པ་ཆེ་བ་ལ་ནི་༧གོང་ས་མཆོག་གི་རྗེས་ལ་བླ་མ་གཉིས་པ་ཀརྨ་པ་རེད་ཟེར། ཡང་གཅིག་གིས་༧གོང་ས་མཆོག་ལས་ཀརྨ་པ་མཐོ་ཟེར། ཧམ་པ་ཚོད་མིན་འདུག གུང་ཐང་མི་ལ་རས་པ་བྲག་དཀར་སྟ་སོ་ནས་སྤྱན་ཆབ་ཉིལ་ལེར་ཁྱོད་ཚོ་ལ་གཟིགས་བཞུགས་འདུག་ད།
མཁན་པོ་ཚེ་རིང་བཀྲ་ཤིས་མཆོག་གིས་གསེར་ལས་དཀོན་པའི་སློབ་སྦྱོང་གི་དུས་ཚོད་སྤྱད་དེ་དམ་བའི་སྐྱེས་བུ་ཞིག་གི་རྩ་ཆེའི་བཀའ་སློབ་དུས་ཐོག་ཆར་བའི་ངོ་བོར་འགྲེམ་སྤེལ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
༡༽འདི་ནི་བོད་ཀྱི་གཅིག་སྡུད་ལམ་ལུགས་ཀྱི་ཚད་པས་ཆོས་སྲིད་ལོ་ཏོག་སྐམ་བཞིན་པར་དུས་ཐོག་ཆར་བ་རེད་འདུག
༢༽འདི་ནི་བོད་ཀྱི་གོམ་སྲོལ་ཙམ་གྱི་ཆོས་ལུགས་ཀྱི་ངམ་ཐང་དུ་བབས་པའི་དུས་ཐོག་ཆར་བ་རེད་འདུག
༣༽འདི་ནི་བོད་ཀྱི་མེས་པོའི་རིག་གཞུང་བཀག་པའི་རྐང་ཐང་མིག་དམར་ཀྱི་སྐབས་དུས་ཐོག་ཆར་བ་རེད་འདུག
༤༽འདི་ནི་བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་མྱུ་གུ་འབུས་པའི་དུས་ཐོག་ཆར་བ་རེད་འདུག
ཐུགས་རྗེ་ཆེ། སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་པའི་སྨོན་ལམ་ཞུ།།
ཁ་བརྡའི་ནང་ལ་ཡོང་ན་རིས་མེད་ཅིག་ཡིན་དགོས་ཟེར། འོ་ན་ཁྱེད་རང་རིས་མེད་ཡིན་ནམ། རིས་མེད་ཡིན་བཟོ་མིན་འདུག་སྟེ་རྙིང་མ་པ་ལ་རིས་སུ་ཕྱེ་འདུག་པའི་ཕྱིར་རོ༎
བོད་ལ་ཞེན་ཟེར་བ་དང་བསོད་ནམས་གྲགས་པ་ཟེར་བ་གཉིས་ཀ་མི་གཅིག་རེད།
མིང་རྫུན་གཉིས་ཀ་མཁན་ཆེན་ཁོང་ལ་སྐུར་འདེབས་བྱེད་མཁན་རེད།
ཝ་ཤི་ཁ་་་ཕོ་རོག་གིས་བཟའ་ཁ་བྱེད་ཀྱི་མ་འདུག ཧ་གོ་ཡོད།
མིག་བརྒྱད་པས་ནམ་རྒྱུན་བོན་པོ་ཡིན་འདོག་འདོག་གིས་ཅིག་ཅིག་ཉིག་ཉིག་བཤད་སྡད་པ་དེ་དོན་དུ་ཀླུ་སྒྲུབ་དགོངས་རྒྱན་འཆད་ཁྲིད་ལ་མ་དགའ་བ་ཡིན་པ་ཚིགས་དྲིས་ན་མི་འོང་སྒུག་ན་འོང་ཟེར་བ་དེ་རེད།
དུས་རབས་ཤིག་གི་རིག་པའི་དཔའ་བོ་༸རྡོ་བྲག་དགེ་འདུན་ཆོས་འཕེལ་གྱིས་བྲིས་ཉན་ས་ཞིག་ནས་ཚུལ་ཁྲིམས་བློ་གྲོས་ཀྱིས་བཤད་མི་ཉན་པ་ཅི་ཡོད།
ཀླུ་སྒྲུབ་དགོངས་རྒྱན་ནི་དགེ་ཆོས་རང་གི་དོགས་སློང་ཞིག་ཡིན་པ་ལས་དགེ་ཆོས་ཀྱི་འདོད་པ་མཐར་ཐུག་དེ་མིན་པ་ཤེས་ཡོད། དགེ་ཆོས་སྐུ་གཤེགས་ཁར་རྟེན་འབྲེལ་བསྟོད་པ་གསུང་ཞོར་དགོངས་པ་རྫོགས་པ་རེད། ཡིན་ཡང་མཁན་པོ་ཚུལ་བློས་འཆད་ཁྲིད་བྱེད་པའི་སྐབས་དགེ་ལྡན་པའི་ཐ་སྙད་ཚད་གྲུབ་ལ་དགག་པ་རང་བྱས་ནས་ཁྲིད་གནང་བ་ལྟ་བུར་མཐོང་སོང་། བློ་ལ་གོ་བདེ་བོ་ཞིག་ཡིན་པ་ལས་མཐའ་ཆོད་པ་ཞིག་མ་རེད།
དགེ་ཆོས་ཀྱི་འདོད་པ་མཐར་ཐུགས་མིན་པ་ཇི་ལྟར་བྱས་ནས་ཤེས་སོང་།
ཁྱོད་ཀྱི་བློ་ལ་གོ་བདེ་བོ་ཞིག་བྱུང་ན་ཁྱོད་ལ་དེ་གས་འགྲིག་པ་རེད།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་པ་དེ་ལ་བརྟེན་ནས་རྙིང་མ་བ་ཁ་ཅིག་གིས་ཐ་སྙད་ཚད་གྲུབ་འགོག་པའི་དོན་དུ་འདོད་མོད། བཏགས་དོན་བཙལ་ན་ཆོས་གང་ཡང་བརྙེད་རྒྱུ་མེད་པའི་ཐ་སྙད་ཕྲ་མོ་དེ་བློ་ལ་འཆར་དཀའ་བའི་དོན་ཡིན་པ་ལས་དགེ་ཆོས་ཀྱིས་འཇིག་རྟེན་གྱི་ཐ་སྙད་མི་འདོད་པ་ག་ལ་ཡིན། བློ་མ་བདེ་ཞེས་པ་སྣང་ཆུང་མ་བྱས་པར་བལྟས་ན་གོང་སྨོས་ལྟར་ཡིན་པ་ལས་ཐ་སྙད་ཚད་གྲུབ་མེད་ཅེས་དགེ་ཆོས་ཀྱིས་རྨི་ལམ་དུའང་རྨིས་ཡོད་ཀྱི་མ་རེད།
དྲྭ་འབུ་ཚོས་ཅི་ཞིག་བཤད་ཀྱང་ཤོད་དུ་ཆུག། ཕྱོགས་རིས་ཅན་ཚོར་ཕྲག་དོག་གིས་མྱོས་ཀྱང་སྨྱོ་རུ་ཆུག།
དོན་ངོ་མ་མཁན་ཆེན་ཁོང་གིས་ཐུགས་བཞེད་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པར་སྨོན།
བོད་གངས་ཅན་ལ་བདེན་པའི་རྒྱལ་ཁ་ཐོབ་པར་ཤོག། རྫ་ཚེ་རིང་བཀྲ་ཤིས་ལགས་ཐུགས་རྗེ་ཆེ་ཞུ་བ་ཡིན།
དྲ་གྲོགས་མང་པོ་ཞིག་གིས་བཀའ་མོལ་གནང་བར་ཐུགས་རྗེ་ཆེ།
མང་ཆེ་ཤོས་ཀྱིས་དྲང་ཕྱོགས་ཀྱི་གདེངས་འཇོག་གནང་འདུག
ཧ་ཅང་ཐལ་ཆེ་བའི་སྐུར་འདེབས་འདྲ་མ་ཞུས་ན་ལགས་སྙམ་པ་འདུག གང་རེད་ཅེ་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་སང་ནི་དངོས་གནས་གཅེས་སུ་རུང་བ་ཞིག་རེད་ཅེས་ཞུ་བ་ཡིན།
གཞན་དེབ་ཀྱི་ནང་དོན་སོགས་ལ་ནི་བགྲོ་གླེང་གནང་མཁན་མི་འདུག་མ་གཏོགས་ཡོད་ན་ཅི་བས་ལེགས།
ཕྲན་ལ་རང་གིས་རྙིང་མ་རང་ཁུར་ཡོང་གི་འདུག རིས་མེད་རང་རེད་མི་འདུག་གསུངས་པ་དེས་ང་ལ་ཅུང་དགའ་སྣང་ཞིག་སྐྱེས་བཅུག་སོང་། དེ་ནི་ངའི་གོ་བ་ལེན་སྟངས་ཤིག་རེད།
ང་ནི་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་དང་། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ལྟར་རིས་མེད་ལ་གུས་པ་ཆེན་པོ་ཞིག་ཡོད་མཁན་ཡིན།
འོན་ཀྱང་རྩ་བའི་ཆོས་བརྒྱུད་རྙིང་མ་ཡིན་ཙང་དེའི་ཞེན་ཁོག་སྤྱིའི་ཆ་ནས་ནི་ཡོད་ངེས་པ་རེད།
མ་མཐའ་ཡང་ཁོང་གིས་ང་རིས་མེད་ཅིག་ཡིན་པའི་ཚད་གཞིའི་ཐོག་ནས་རིས་མེད་རང་རེད་མི་འདུག་ཅེས་གསུང་གིན་ཡོད་པ་འདྲ། ཡིན་དང་ཡིན། ང་ལ་རིས་མེད་མཚན་ཉིད་པའི་ཚད་གཞི་ལོངས་ཀྱི་མ་རེད།
འོན་ཀྱང་ང་ལ་དེ་འདྲའི་བཟང་ཕྱོགས་ཀྱི་ལྟ་ཚུལ་བཅོས་མིན་ཞིག་ཡོད་པ་དེ་ཕྱོགས་ཙམ་ཚོར་གྱིན་ཡོད་པ་འདྲ། ང་ཧ་ཅང་དགའ་པོ་བྱུང་།
མ་གཞི་ངས་འབྱུང་འགྱུར་དེ་ལས་མང་བའི་རིས་མེད་ཀྱི་ཆ་འཕྲིན་སྤེལ་ངེས་ཡིན།
འོན་ཀྱང་། ཁྱེད་རྣམ་པས་ཀྱང་གྲུབ་མཐའ་གཞན་ཉུང་དྲགས་པ་འདུག་དགོངས་ན་ནི་ཁ་བརྡའི་གློག་ཕྲིན་ཐོག་ཐད་ཀར་བཏང་བ་ཙམ་གྱིས་འགྲིག་པ་རེད།
དེ་ལས་ང་དང་ཁ་བརྡ་ལ་དམིགས་བསལ་གྱི་འབྲེལ་བ་གང་ཡང་མེད།
གླིང་ཕྲུག་གླེད་མེད་ལགས་་་་ཀརྨ་པ་ནི་བཀའ་རྒྱུད་ཀརྨ་པ་མ་ཏོག་ཡོད་མ་རེད་་སྡ་རམ་ས་ཀརྨ་པ་ནི་དགེ་ལུགས་པའི་མི་དམངས་གིས་དད་པ་བྱེད་ས་རེད་མ་ཏོག་ཀརྨ་པ་དངོས་གནས་དེ་ཀརྨ་བཀའ་རྒྱུད་དགོན་ལ་ཡོད་པ་རེད་དེ་ལ་
ས་སྐྱ་དང་རྙིང་མ་བཀའ་རྒྱུད་གསུམ་གྱིས་ཀརྨ་མཐའ་ཡས་རྡོ་རྗེ་ལ་ངོས་ལེན་བྱེད་ཀྱི་ཡོད་རེད་།་
ཡིན་ཡང་དེ་སང་ཀརྨ་པ་ནི་སྙོག་དྲ་ཆེན་ལ་བོད་སྤྱིར་ཕན་ཐོག་ཀྱི་མི་འདུག་་མཁས་པོ་ཚུལ་ཁྲིམས་བློ་གྲོས་འདྲ་པོ་ནི་
གངས་ཅན་བོད་ལ་བཀའ་དྲིན་ཆེ་ལ་སྲིད་དོན་དང་མ་འགྲེལ་པའི་ཆོས་ཀྱིས་དབུ་ཁྲིད་ཡང་དག་པ་ཞིང་ཆགས་ཀྱི་རེད་ལ་
ཚང་མས་རྒྱལ་སྐྱོལ་བྱེད་དགོས་པ་རེད་། དེས་སང་དུས་ཚད་ལ་མཁན་པོ་ཁོང་འདྲ་པོ་བོད་གངས་ཅན་ལ་བྱུང་ཉོང་ཡོད་མ་རེད་ལ་་རྗེས་སུ་ཡང་བྱུང་བ་དཀོན་པོ་རེད་། མཁན་པོ་ཚུལ་ཁྲིམས་སྐུ་ཚེ་ཁྲི་ལོ་བསྟན་པ་ཤོགས་
ང་ཚོས་གཅིག་ཡོད་གཅིག་མེད་ཀྱི་ལྟ་ཚུལ་འཛིན་དགོས་མ་རེད།
ད་ལྟའི་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཡང་། དངོས་ནས་རེ་བ་ཆེན་པོ་བཅོལ་ཆོག་ས་ཞིག་འདུག
ཁོང་ཕྱོགས་གཞན་ཞིག་ནས་ཀམ་ཚང་གི་དབུ་འཛིན་ཙམ་ཡིན་པ་དང་དེ་ཡང་ཕྱོགས་གཉིས་སུ་ཡོད་པ་བདེན་ན་ཡང་། ཕྱོགས་གཞན་ཞིག་ནས་ཁོང་ལ་བོད་མི་མང་ཆེ་བས་གདེངས་འཇོག་བྱེད་ཀྱིན་འདུག དེ་བཞིན་མི་རིགས་གཞན་གྱིས་ཀྱང་དོ་སྣང་ཆེ་ཤོས་བྱ་ཡུལ་རེད།
མཐའ་ཡས་རྡོ་རྗེ་ཡང་རང་ས་ན་མཛད་པ་འཕྲིན་ལས་ཆེན་པོ་རེད་འདུག
སྐུ་ཡོན་ཡང་ཡག་པོ་ཡོད་པ་འདྲ། རྒྱ་མཚོའི་ཁ་མ་གཅིག་ཀྱང་གཏིང་གཅིག་པ་རེད། བསྟན་འགྲོ་ལ་སྨན་ན་རྒྱལ་བའི་ཕྲིན་ལས་པ་ཆགས་ཚར་པ་རེད།
ང་ཚོ་ད་ལྟ་ཡང་བོད་ཀྱི་ནང་ཆོས་འདིར་མཚན་མཐོངས་དང་རྒྱལ་སྤྱིའི་ཐོག་གོ་གནས་ངེས་ཅན་ཡོད་པ་འདི་གང་ཟག་གཅིག་དང་གཉིས་ཁོ་ནའི་ནུས་པ་མ་ཡིན་པར་ཕྱོགས་ཡོངས་ནས་སྐྱེས་བུ་དམ་པ་མང་པོ་ཡོད་པའི་ནུས་པ་རེད། ༸རྒྱལ་བ་ཡིད་བཞིན་ནོར་བུ་གཙོ་བོའི་ཡང་སྙིང་ཡིན་པ་ནི་བརྗོད་མ་དགོས།
མ་འོངས་པར་ཡང་ང་ཚོར་སྐྱེས་ཆེན་མང་པོ་ཡོད་དགོས།
ཀརྨ་པ་ཁྱེད་ཚོས་རེད། ཀམ་ཚང་རེད། གཞན་ལ་ཐའེ་གཏོགས་མེད་ཟེར་བ་ནི། རྙིང་མ་དང་བཀའ་བརྒྱུད་ཉུང་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་དགེ་ལུགས་པ་རེད། ཟེར་བ་དང་། དགེ་ལུགས་པ་དཔེར་ན་ཉེ་ཆར་ང་ལ་དྲ་གྲོགས་ཤིག་གིས། རང་གདན་ས་གསུམ་ལ་འགྲོ་མ་མྱོང་ན་ཆོས་མི་ཤེས་པའི་ཁྱབ། ང་ནི་རྒྱལ་བ་རིན་པོ་ཆེའི་ཆོས་བརྒྱུད་དེ་དགེ་ལུགས་པ་ཡིན། གཞན་ཤེས་འདོད་མེད་ལ་ཤེས་ཀྱང་མ་ཤེས་ཟེར་བ་ལྟ་བུ་རེད། ཡང་ཀརྨ་ཡེ་ཤེས་ཀྱིས་ཀྱང་ཀརྨ་པ་རྒྱལ་བ་རིན་པོ་ཆེ་ལས་མཐོ་ཡིན་དགོས་པ་ལྟ་བུའི་བཤད་ཚུལ་དེ་རིགས་ཆགས་སྡང་གི་རྒྱུ་དང་ལྡོག་ཕྱོགས་ཀྱི་བསམ་པ་སྐྱེད་པའི་རྒྱུ་ཙམ་ཡིན།
དེ་རིགས་ཀྱི་བཤད་ཚུལ་དང་བསམ་ཚུལ་ངེས་པར་འདོར་དགོས།
དེ་ནི་རྒྱལ་བ་རིན་པོ་ཆེའི་ཞབས་ཏོག་ཏུ་མི་འགྱུར་ལ་ཀརྨ་པའི་ཞབས་ཏོག་ཏུ་ཡང་མི་འགྱུར། བོད་གངས་ཅན་གྱི་ཞབས་ཏོག་ཏུ་ཡང་མི་འགྱུར།
སད་པར་གྱིས་ཤིག
༢༠༡༠ལོའི་དབྱར་ཁ་གུས་པ་ལ་དྭགས་སུ་བསྐྱོད་སྐབས་ཉིན་གཅིག་མི་རིགས་རྒྱ་གར་ཁམས་པ་ཡིན་ལ། ལ་དྭགས་སུ་གཞིས་ཆགས་པ། ལ་དྭགས་ཡུལ་མའི་ཐོབ་ཐང་ཆ་ཚང་ཡོད་པ། ཆུང་མ་བོད་པ་ཡིན་ཀྱང་དེ་ལ་ཡང་ལ་དྭགས་ཡུལ་མའི་ཐོབ་ཐང་ཡོད་པའི་བཟའ་ཚང་གཉིས་ཡོད་པ་དེའི་ནང་དུ་སོང་། ཉིན་གང་སྐད་ཆ་འདྲ་མིན་མང་པོ་བཤད་དེ་བསྡད། དེའི་ནང་ནས་ཆེས་མཚར་བའི་སྐད་ཆ་གཅིག་བཟའ་བ་གཉིས་ཀྱིས་བཤད་པས་ང་རང་ཧང་སངས་ཧོན་འཐོར་གྱིས་གནས་སུ་བསྐྱལ།
དེ་ནི། སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་ལ་དྭགས་ཡུལ་དུ་མཛད་འཕྲིན་དང་མཚན་སྙན་ཤིན་ཏུ་ཆེ་ཡང་། ལ་དྭགས་གནས་སྡོད་བོད་པ་ཚོ་མཇལ་ཁ་ལ་འགྲོ་མི་ཆོག་པ་དང་གལ་སྲིད་སོང་བ་ཡིན་ན། དེ་ལུགས་ཀྱི་ཉེས་ཆད་ནན་མོ་གཅོད་པའི་ལམ་ལུགས་ཤིག་དེར་ཡོད་གཞིས་མགོས་ལག་སྟར་གནང་གི་ཡོད་པའི་སྐོར་དེ་རེད། དེའི་སྔོན་གྱི་ལོ་ཞིག་ལ་འབྲུག་པ་དཀར་བརྒྱུད་དབུ་བསྙེས་ནས་ལོ་༨༠༠འཁོར་བའི་དུས་དྲན་ལྷན་འཛོམ་ཞིག་ལ་དྭགས་ཡུལ་དུ་འཚོགས་གནང་བ་དང་། མཛད་སྒོ་དེའི་ཐོག་ཏུ་རང་གཞུང་གི་སྐུ་ཚབ་མེད་ཀྱང་རྒྱལ་ཕྱི་ནང་གི་སྐུ་མགྲོན་ཤིན་ཏུ་མང་། མཛད་སྒོའི་དགའ་སྟོན་དུ་ལ་དྭགས་པ་དང་འབྲུག་པ་ལ་སོགས་པའི་གཞས་སྣ་གཟིགས་འབུལ་ཕུལ་དུས། བོད་པའི་རྩེད་རིགས་ཀྱི་རྟེན་འབྲེལ་མ་སྟོང་ཙམ་དུ་ཆོས་མགོན་རིན་པོ་ཆེའི་སྤུན་མཆེད་བུ་མོ་ཞིག་དང་མོ་རང་གིས་རོགས་པ་ཁ་ཤས་སྦྲན་ཐོག་ཞབས་བྲོ་ས་བཅད་མ་སྟོང་ཙམ་ཞིག་བརྒྱབས་པའི་ཉེར་ལེན་ལས། ཞབས་བྲོ་བརྒྱབས་མཁན་གྱི་བུ་མོ་རེ་ལ་ཆད་པ་ཧིན་གོར་༥༠༠རེ་བཅད་པའི་སྤྲད་ལེན་གཉིས་ཀ་མིག་མཐོང་ལག་ཟིན་བཟའ་བ་གཉིས་ནས་བྱུང་འདུག གཞན་ཡང་འབྲུག་ཆེན་རིན་པོ་ཆེའི་དབང་སྐུར་ཆོས་བཤད་ཇི་ལྟར་གནང་རུང་ལ་དྭགས་ཡུལ་མི་རྐྱང་ལས་བོད་མི་ཡོང་མཁན་མེད་རྐྱེན་ལ་དྭགས་པས་ཁྱེད་ཚོ་བོད་པས་ཁ་ནས་རིས་མེད་བཤད་ཀྱང་དོན་དུ་འདི་རེད། འབྲུག་ཆེན་རིན་པོ་ཆེའི་དབང་སྐུར་བཀའ་ཆོས་བོད་པས་མི་ཞུ་དོན་ག་རེ་རེད། གལ་སྲིད་བོད་པས་དབང་སྐུར་ཆོས་བཤད་ཞུས་ན་དེར་ཉེས་ཆད་གཅོད་དོན་ག་རེ་རེད་ཟེར་བའི་དྲི་བ་དེ་རིགས་འདྲི་དུས་ངོ་གནོང་བ་ལ་ཚད་ཅིག་མི་འདུག་ཀྱང་ཐབས་ཤེས་མི་འདུག་སོགས་ཟེར།
ལོ་དེའི་ཧེ་མའི་ཚེས་བཅུ་དང་སྟབས་བསྟུན་༧སྐྱབས་མགོན་འབྲུག་ཆེན་ལ་དྭགས་ལ་ཕེབས་སྐབས། ལ་དྭགས་གནམ་ཐང་ནས་ལ་དྭགས་གཞུང་གི་ཕེབས་བསུ་གྲྭ་རྒྱས་དང་ཆེ་མཐོང་བླ་མེད་བྱ་འཆར་ལ། ཡུལ་དེའི་དགེ་ལྡན་པའི་མཆོད་གཞིས་ཁག་དང་བཅས་པས་གལ་སྲིད་སྐྱབས་མགོན་རིན་པོ་ལ་དྭགས་ཡུལ་དུ་ཕེབས་ཀྱང་དེ་ལས་ལྷག་པར་བྱེད་རྒྱུ་མེད་དུས། ད་སྐྱབས་མགོན་རིན་པོ་ཆེ་ཕེབས་ན་ག་རེ་བྱེད་རྒྱུ་ཡིན། དེར་རྟེན་འབྲུག་ཆེན་དང་སྐྱབས་མགོན་རིན་པོ་ཆེ་གཉིས་འདྲ་འདྲ་བྱེད་རྒྱུ་མེད་པའི་རྙོག་ཁྲ་མང་པོ་བཤད་འདུག་ཀྱང་། མཐར་ཆེ་མཐོང་དང་གྲྭ་སྒྲིག་དེའི་ཐོག་ལ་འབྲུག་ཆེན་རིན་པོ་ཆེ་ཕེབས་ཐུབ་འདུག འདི་ནི་གཞིས་མགོ་ཞིག་གིས་བྱས་ཉེན་མ་ཡིན་པར་གཞུང་ས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་ཆོས་ལུགས་ཁག་དང་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པར་གཟིགས་སྟངས་འདྲ་མིན་ལས་བྱུང་བ་དང་། ལྷག་པར་དགའ་ལྡན་ཕོ་བྲང་པའི་ཕྲིན་ལས་ཀྱི་བྱེད་པོ་ཟམ་གདོང་བླ་མའི་ཆིག་སྒྲིལ་དང་འཆམས་མཐུན་རིས་མེད་སོགས་ཁ་ཡག་ངོ་དགའི་ཕག་ལ་ཡིབ་པའི་ངོ་གདོང་དམར་རྗེན་མ་དེ་ཡིན་པ་རེད།
ད་དུང་གུས་པ་རང་ལ་རྒྱུས་ཤེས་ཡོད་པའི་གནས་ཚུལ་གཅིག་ལ། རྒྱལ་དབང་ཀརྨ་པའི་སྐུ་མདུན་དུ་ཟམ་གདོང་བཀའ་ཤག་ནས་བཏང་བའི་ཀརྨ་པ་ལ་སོ་ལྟ་བའམ་དམིགས་བསལ་དོ་དམ་པ་ཞིག མིང་ལ་ཆོས་དོན་སྐུ་ངོ་ཟེར་བ། ལས་སུ་བྱ་བ་ཀརྨ་པའི་ཉིན་གཅིག་ལ་བྱ་བ་ཆེ་ཕྲ་གང་དང་གང་ལས་པ་དང་། མི་སུ་དང་ཐུག་འཕྲད་བྱས་པ། མི་དང་ཐུག་སྐབས་ཕན་ཚུན་ཅི་ཞིག་བཤད་པ་ཚང་མ་ཚིག་ཐོ་བྲིས་ཏེ། ཆོས་རིགས་ལས་ཁུངས་བརྒྱུད་ཟམ་གདོང་བླ་མའི་སྤྱན་ཟུང་གཡོ་བའི་འབབ་སྟེགས་སུ་འབུལ་དགོས་འདུག་པའི་ཡ་མཚན་ཅན་གྱི་གནས་ཚུལ་འདི་རིགས་ནི། རྒྱལ་དབང་ལྔ་པ་ཆེན་པོས་བཀའ་རྒྱུད་པ་ལ་བསྐྱངས་བའི་ཕྲིན་ལས་ཀྱི་འཕྲོ་ཟམ་གདོང་བླ་མས་བསྐྱངས་པ་ཡིན་པ་ར་འཕྲོད་བྱུང་།
ད་ནི། ཟམ་གདོང་བཀའ་ཤག་གི་ལས་ཡུན་རྫོགས་ཏེ། བཀའ་ཤག་གསར་པ་འཕོས་སོང་བས་བོད་སྤྱིའི་གནས་སྟངས་དང་ལྷག་པར་ཆབ་སྲིད་ཀྱི་གནས་སྟངས་སོགས་ལ་འགྱུར་བ་འགྲོ་མིན་མ་ངེས་ཀྱང་། གཞུང་ངོས་ནས་བཀའ་རྒྱུད་པ་ལ་དམ་དྲགས་ཆུང་དུ་སོང་བ་དང་། བཀའ་རྒྱུད་པ་ལ་བཅིང་གྲོལ་ཐོབ་པ་ལྟ་བུ་རེད། འོན་ཀྱང་ཟམ་གདོང་བླ་མས་བཙན་དབང་དང་ཧམ་ཤེད་ཀྱིས་ཁྱབ་པའི་སྐུ་སྒེར་ཡིག་ཚང་འདིའི་སྙིང་རྗེའི་མ་གཟིགས་ཚེ་བཀའ་རྒྱུད་པ་ལ་འགྲོ་ས་གཅིག་ལས་མེད་པ་འདི། འུ་ཚང་གི་རིས་མེད་རེད་ལ། འཆམས་མཐུན་དང་ཆིག་སྒྲིལ་སོགས་ཀྱང་རེད། ད་དུང་འུ་ཚོས་ཁ་ཕར་སྐོར་ནས་སྒེར་གཅོད་དང་ཁྲེལ་མེད་སོགས་ཇི་སྙེད་ཅིག་བརྗོད་མྱོང་ཡང་། ཁ་ཚུར་སྐོར་ནས་མཐོང་མ་མྱོང་བའི་ངོས་ནི་འདི་ཚོ་རེད་ལ་འདི་ལྟར་མང་བ་ཡང་རེད།
སྤྱིར་གཏང་ང་རང་ནི་བོད་ཀྱིས་བླ་ཚང་མ་ལ
གུས་བཀུར་ཞུ་མཁན་ཞིང་ཡིན། མ་འོང་པ་བོད་ཡོངས་རྫོགས་ཀྱིས་ཆོས་ཀྱིས་དབ྄ུ་འཛིན་ནི་རེ་བ་ཆེ་ཤོས་ནི་མཁན་པོ་ཚུལ་ཁྲིམས་ཡིན་ བོད་ཀྱིས་སྤྱིར་ཚོགས་ལ་བཤད་ན་༡༩༥༥ ལོ་ནས་ད་ལྟར་བར་དུ་རྙོག་དྲ་དེ་གཙོ་བོ་
བྱེད་མཁན་བོད་གཞུང་རེད་ལ་དེ་གཙང་མ་བྱེད་པ་ལས་འགན་ཡང་བོད་གཞུང་གི་རེད་། ་བཀའ་བློན་བློ་བཟང་སེང་གེ་
ཁོང་གིས་དངོས་གནས་བོད་དེ་ཡར་རྒྱས་གཏང་བསམ་ན་དང་པོ་་བོད་ནང་ཁུལ་རྙོག་དྲ་དེ་གཙང་མ་བྱེད་དགོས་རེད་། ཚང་རྡོག་རྩ་ཅིག་སྒྲིག་བྱེད་དགོས་རེད་།
དྲན་བདེན། མགོ་མ་ཚོས་སྔོན་ནས་རྐུབ་ལྡག་མཁན་ཞིག་རེད་འདུག ཀརྨ་པ་ལ་ཕྲག་དོག་དང་འགྲན་སེམས་བྱེད་མཁན་ཚང་མ་བཀའ་བརྒྱུད་པ་རེད། དུས་བབ་ནང་གི་གསལ་བསྒྲགས་དེར་ལྟོས་དང་ཤེས་ངེས་རེད། བཀའ་བརྒྱུད་པའི་རྒྱུན་ལས་མ་ཚང་ནས་བོད་སྤྱི་ཡོངས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་རེད། དྲང་པོ་བཤད་ན་གཙོ་བོ་འབྲུག་པ་བཀའ་བརྒྱུད་དང་། འབྲི་གུང་གཉིས་རེད། ཁྱོད་ལྟར་ན་དེ་ཚོའི་རྒྱབ་ལ་དགའ་ལྡན་ཕོ་བྲང་དང་ཟམ་གདོང་བླ་མ་ཡོད་པ་རེད་དམ། ཟམ་གདོང་དང་འབྲུག་ཆེན་རིན་པོ་ཆེ་གཉིས་ཁ་མཐུན་བྱས་ཏེ་ཀརྨ་པ་རྩ་མེད་བཟོ་འདོད་མེད་འགྲོ། ཁྱེད་རང་ཕྲུ་གུ་ཅི་གང་མགོ་མ་ཚོས་མཁན་རེད་འདུག དཀྲུགས་ཤིང་གི་སྐད་ཅ་དེ་འདྲ་མ་བཤད་ན་དགའ་ཡི་རེད།
དགེ་ལུགས་པའི་ཁྲོད་དུའང་དགེ་ཆོས་ཀྱིས་ཐ་སྙད་ཚད་གྲུབ་བཀག་སོང་ཟེར་གི་ཡོད་པ་རེད་དེ། ཐ་སྙད་མཁན་པོ་ཞིག་གིས་ཐ་སྙད་ཅི་ལ་འགོག །རྟོན་བཞིའི་རིགས་ལམ་གྱི་གནད་མ་གོ་བའི་རྟགས་ཡིན་ཞེས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་གསུངས་པ་དེ་ག་རང་རེད། འཇམ་མགོན་མི་ཕམ་གྱིས། སྟོང་ཉིད་མེད་དགག་འདོད་པ་དགེ་ལྡན་ལུགས།།ཞེས་གྲུབ་མཐའི་ལུགས་ཞེས་པ་དེ་མ་གོ་བར་འཇམ་མགོན་མི་ཕམ་པས་དགེ་ལྡན་པ་བཀག་སོང་ཟེར་གི་ཡོད་པ་རེད། དེ་ལ་བརྟེན་ནས་དགེ་ལྡན་པའི་ཁྲོད་ནས་དགག་ལན་ཆུ་བོའི་གཉེར་མ་བཞིན་གཅིག་རྗེས་གཉིས་མཐུད་དུ་བསླེབས་ཀྱང་དགེ་བཤེས་དཔའ་རིས་རབ་གསལ་གྱི་དགག་ལན་དེས་མི་ཕམ་ཚང་གི་ཐུགས་འཕྲོག་ནས་དབུ་ཐོག་ཏུ་བཞག་པའི་ལོ་རྒྱུས་ཡོད་པ་རེད།
དྲང་བདེན་ཟེར་བ་འདིས་སྐྱག་པ་ཡང་གཏོང་བསྐྱར་གཏོང་ག་ས་གང་ལ་ཁེངས་ནས་འདུག ད་དངོས་ནས་སྐྱག་དྲི་ཁ་ཡི་འདུག
ཁ་སང་བོན་པོ་དང་བན་པོ་གཉིས་རྙོག་འདྲ་བྱུང་སོང་། ད་བན་པོ་ནང་ཁུལ་ཐུག་གི་འདུག། གང་ལྟར་ཁྱོད་ཚོ་གྲྭ་པ་དེ་ཚོས་བོད་མི་རིགས་འདི་ཏག་ཏག་བཟོ་ས་རེད། ཐུགས་རྗེ་ཆེ། ལོ་ལྔ་བཅུ་ལྷག་ཙམ་བོད་མི་ཚང་མས་དཀའ་ལས་བརྒྱབ་ནས་མཐུན་སྒྲིལ་དང་ཆིག་སྒྲིལ་ཕྲན་བུ་ཡོད་པ་འདི། ཁྱོད་ཚོས་ཉིན་མ་རེ་རེ་བཞིན་ཁ་བརྡའི་ནང་ལ་མེད་པ་བཟོ་བཞིན་འདུག
ཐུགས་རྗེ་ཆེ། མུ་མཐུད་རྒྱག་རོགས། ཁྱོད་ཚོ་ངོ་ཚ་ཡས་ནི་མིན་འདུག། སྙིང་རྗེ་ནི་མིནའདུག། ལས་རྒྱུ་འབྲས་ནི་མིན་འདུག། བཟོད་པ་ནི་མིན་འདུག། བཏང་སྙོམས་ནི་མིན་འདུག། ད་དུང་ཆོས་འདྲ་བོ་ཞིག་བཤད་ནས་བསྡད་ཀྱི་འདུག
ཁ་བརྡའི་ལས་བྱེད་ཚོ་ཡང་། སེམས་གཏིང་ནས་བོད་ཀྱི་ཆིག་སྒྲིལ་ཟེར་ཡས་དང་མི་རིགས་ཀྱི་མདུན་ལམ་ཟེར་བ་དགོས་ཀྱི་མིན་འདུག། སྐབས་འཕྲལ་སྐབས་འཕྲལ་ཁ་བརྡ་ལ་མི་མང་པོ་ཞིག་ཡོང་ཐུབ་ན་འདི་ཁོང་ཚོའི་འདོད་པ་འཁེངས་འགྲོ་གི་འདུག
དྲང་བདེན་ཟེར་བ་འདི་ཁ་བརྡའི་དྲ་རྒྱའི་ནང་འཛུལ་སྐབས་ར་བཟི་ཡོད་པ་ཤེས་ཐུབ། སྤྲུལ་སྐུ་དངོས་ནས་སུ་ཡིན་སློབ་སྦྱོང་དང་ཀུན་སྤྱོད་སོགས་ལས་ཤེས་དགོས། གསེར་དངོས་ནས་ཡིན་མིན་སྲེག་བཅད་བརྡར་གསུམ་ལས་ཤེས་དགོས། མིང་ཙམ་གྱིས་ཁྱད་པར་གང་ཡང་འགྲོ་མི་སྲིད། དེའི་རྒྱུ་མཚན་དུས་རབས་ཉེར་གཅིག་པ་ཡིན་པས་རེད། སྔོན་མ་ནང་བཞིན་སྤྲུལ་སྐུ་རེད་ཟེར་ཚད་ཀྱི་རྗེས་སུ་འབྲེང་མཁན་ཉུང་ཉུང་ཡིན།
བོད་པ་ཚོ་གཉིད་ལས་སད་རན་འདུག
ཆོས་པ་ཟེར་བ་མི་ལ་ནང་བཞིན་དགོས་ཟེར། རྗེ་མི་ལ་ཆོས་པ་རབ་ཡིན་ཐག་ཆོད་རེད། ཡིན་ནའང་ཆོས་པ་ཡིན་ཚད་མི་ལ་ནང་བབཞིན་ག་ལ་དགོས། འགྲོ་བའི་དོན་དུ་བྱོན་པའི་སྐྱེས་ཆེན་དམ་པ་རྣམས་ལ་གནའ་ནས་ད་བར་འཁོར་ཁྲི་ཕྲག་དང་འབུམ་ཕྲག་ཡོད་རེད། ག་གེ་མོ་བླ་མ་བཟང་པོ་མ་རེད་འཁོར་མང་པོ་ཡོད་པ་དང་དགོན་པ་ཡོད་པ་རེད་འདུག་ཟེར་ན། ཚང་མ་དགད་མོ་ཤོར་བ་ཐག་ཆོད།
དངོས་གནས་དྲང་བདེན་སྐད་ཆ་དེ་ལ་གོ་བ་འདུག། བསམ་བློ་ཡག་པོ་གཏང་ན་ཉན། གོ་བ་རྟོག་ཙམ་འདུག་། གྲོགས་པོ་རྣམས་པ་ལགས་་མཁན་ཚུལ་ཁྲིམས་ལ་ཁ་མ་གཏང་རོགས་ཞུ་། ཁོང་ནི་མ་འོང་བོད་ཀྱིས་ཆོས་ཀྱིས་དབུ་ཁྲིད་ཆེན་མོ་རེད་། ས་རྙིང་བཀའ་གསུམ་གྱིས་ཁོང་ལ་དད་པ་ག་ཅང་ཆེན་་པོ་ཡོད་པ་རེད་།
དྲང་བདེན་ཟེར་བ་དེས་དུས་བབ་ནང་དུ་འདི་བྲིས་འདུག་མོད་ང་རང་གིས་མཆན་འདེབས་ཐུབ་ཀྱི་མི་འདུག དེ་རིང་ཡང་འདིར་དྲུད་འདུག དགའ་ལྡན་ཕོ་བྲང་གི་འབྲུག་ཆེན་ལ་ཕྲག་དོག་བྱེད་ཀྱི་འདུག་ཟེར། ངོ་མ་གད་མོ་རྐུབ་ནས་ཤོར་ཐལ། ཕྲག་དོག་གི་ཡུལ་ལ་རང་དང་མཉམ་པ་ཞིག་དང་ཡང་ན་དེ་ལས་ལྷག་པ་ཞིག་དགོས་པ་རེད། ༧སྐྱབས་མགོན་རིན་པོ་ཆེའི་མཛད་ཕྲིན་འཛམ་གླིང་ནང་ཁྱབ་པ་དེ་དང་འབྲུག་ཆེན་རིན་པོ་ཆེ་གཉིས་བསྡུར་ན་གནམ་གྱི་མཐའ་དང་ཁབ་ཀྱི་མིག་རེད། སྐྱབས་མགོན་རིན་པོ་ཆེ་འབྲུག་ཆེན་ལ་ཕྲག་དོག་བྱེད་ཀྱི་རེད་དམ། གད་མོ་ཤོར་ཡ་རང་རེད། ཕྲག་དོག་ཟེར་ན་ཁྱོད་ཚོ་འགའ་ཞིག་ཟམ་གདོང་ལ་ན་ཚ་ཆེན་པོ་ཞིག་འདུག་པ་དེ་འདྲ་བ་ཟེར་བ་རེད། སྐུ་སྒེར་དང་བོད་གཞུང་གིས་ང་ལ་གཅིག་བྱེད་ཡོང་གི་འདུག་ཟེར་ན་སུ་ལ་ཕན་གྱི་ཡོད་རེད། ག་རེ་བྱས་བཤད་ཀྱི་ཡོད་རེད། བཤད་མཁན་དེ་ལ་ཁེ་སང་ཞིག་ཡོད་པ་རེད། ཁེ་སང་དེ་ག་ནས་ཡོང་གི་ཡོད་རེད། ཁྱེད་འབྲུག་ཆེན་རིང་པོ་ཆེ་ལ་འདྲིས་པོ་ཡོད་ན་ཞུ་རྒྱུ་ཞིག་ཡོད། ཀརྨ་པ་ལ་ཕྲག་དོག་མ་གནང་། བཀའ་བརྒྱུད་གཅིག་བསྒྲིལ་ཡོང་བ་གནང་། དེས་བོད་སྤྱི་དང་བཀའ་བརྒྱུད་གཉིས་ཀ་ལ་ཕན་གྱི་རེད། ད་དུང་ཞུ་རྒྱུ་ཞིག་ཡོད། འབྲུག་ཆེན་རིན་པོ་ཆེ་དེང་སང་བོད་ནང་ཕེབས་འདུག སྐྱེ་རྒུ་མདོ་མི་མང་གིས་ས་འགུལ་ནང་གཅིག་ཤི་སོང་། གཉིས་ཤི་སོང་ཟེར་ནས་དངུལ་དང་གཟི་བྱུར་ཏོམ་ནག་ཅིག་ཕུལ་བཞིན་འདུག དེ་ཚོ་ཚུར་ཁུར་ཡོང་ནས་འབྲུག་པ་དང་འབྲས་ལྗོངས་དང་ལ་དྭགས་པ་རྣམས་ལ་སྤྲད་མ་གནང་། བོད་ནང་གི་བོད་པ་དེ་ཚོ་རྒྱུ་དངོས་མང་དྲགས་པ་དང་དགའ་དྲགས་སྐྱིད་དྲགས་ནས་ཕུལ་བ་མ་རེད། སྐྱེ་རྒུ་མདོའི་མི་མང་ལ་ད་ལྟ་ཡང་སྡོད་ས་ཁང་པ་མི་འདུག གུར་ནང་ཕྲུ་གུ་རྣམས་ལྷམ་མེད་པར་རྐང་པ་དམར་ཧྲང་མ་འགྲོ་སྡོད་ཀྱི་འདུག སྐུ་ཚེ་རིང་། དེ་སྙན་ལ་འཁྱོལ་བ་ཞིག་གནང་རོགས།
བོན་ལ་ཞེན་གྱིས་བཤད་པའི་མཆན་༣༤ ལ་རྒྱབ་སྐྱོར་ཡོད། ཆོས་པ་ཡིན་ན་ཡང་རེད། བླ་མ་ཡིན་ན་ཡང་རེད། སྤྲུལ་སྐུ་ཡིན་ན་ཡང་རེད། འགྲོ་དོན་གདུལ་བྱའི་ཁམས་དབང་བསམ་པ་དང་བསྟུན་ནས་བསྐྱང་དགོས་པ་ལས། ཚང་མ་མི་ལ་ནང་བཞིན་བྱེད་ནས་བཞུགས་དགོས་ན་ག་པར་ཡོང་། མ་ཟད་ཆོས་པ་ཡང་དག་པ་ཞིག་ཡིན་ཕྱིན་འཁོར་མེད་དགོས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་ཆོས་པ་ཡང་དག་པ་མིན་པར་ཁས་ལེན་དགོས་པར་འགྱུར་ཏེ། འཁོར་དགེ་སློང་གི་དགེ་འདུན་གྱི་ཆེན་པོ་ཁྲི་ཕྲག་གིས་ཡོངས་སུ་བསྐོར་འདུག་པའི་ཕྱིར་རོ༎
རང་དབང་ལགས། འབྲུག་ཆེན་རིན་པོ་ཆེ་ལ་ཕུལ་བའི་གཟི་དང་བྱུ་རུ་རྣམས་འབྲུག་ལ་སླེབས་རྒྱུའི་ཐུགས་འཁྲེལ་གནང་མི་དགོས། འབྲུག་ཆེན་ཟེར་དུས་ཁྱེད་ཀྱིས་འབྲུག་པ་ཡིན་པར་འཁྲུལ་ཡོད་ས་རེད། ཁོང་འབྲུག་པ་མ་རེད། བོད་པ་རང་རེད། ཁོང་བཞུགས་ས་ཡང་བལ་ཡུལ་ལ་རེད་ལ་དགོན་པ་ཡང་བལ་ཡུལ་དུ་ཡོད། དགོན་པ་དེར་འབྲུག་པ་ཡང་གཅིག་མ་གཏོགས་མེད། གཞན་ཚང་མ་བོད་པ་དང་ལ་དྭགས་པ་རེད། བོད་པས་བོད་པར་ཕུལ་ཡང་ད་དུང་འབྲུག་པ་དྲུད་ཡོང་གི་འདུག མ་གཞི་ཁྱེད་རང་གང་བཤད་དགོས་ཀྱང་ཁྱེད་རང་གི་རང་དབང་ཡིན་ས་རེད། འོན་ཀྱང་མགར་ཚང་གྲུ་བཞི་མགར་བའི་གདན་ས་ཡིན་པ་ཤེས་པར་མཛོད་ཅིག་ཨང་།
ཀརྨ་པ་མཁྱེན་ནོ། ཀརྨ་པའི་གསོལ་འདེབས་འདི་ཁོ་ནས་བོད་མི་ཡོངས་ནས་ཁ་འདོན་ཞིག་རེད། འཛམ་གླིང་རྒྱལ་ཕྱི་ནང་ཡོངས་ནས་ཀརྨ་པ་མཁྱེན་ནོ་འབོད་སྒྲ་ལྷང་ལྷང་གི་གསོལ་བ་འདེབས་པ་ཉུང་ཉུང་མ་རེད། དེ་འདྲའི་དད་གུས་དག་འདོར་དགོས་ན་རྫ་མཁན་པོས་ཕྱོགས་རིས་རེད། རྒྱལ་བ་པ་མཁྱེན་ནོ་ཟེར་བ་ཉུང་ཉུང་རེད། འདི་འགྲོ་མགོན་བཀའ་བརྒྱུད་པའི་ཆེ་ཆོས་རེད། ཡིན་ན་ཡང་འགའ་རིས་བཀའ་བརྒྱུད་པ་དུམ་བུ་གཉིས་སུ། དགེ་ལུགས་པ་ཕྱོགས་གཉིས་སུ། རྙིང་མ་པ་ཚོ་གཉིས་སུ་བཟོས་ནས་ད་གཟོད་རིས་མེད་བཤད་ན་མཛེ་བོས་བྱ་ཁྱུང་གི་སྒྲུབ་ཐབས་སྟོན་པ་ནང་བཞིན་ཡིན་པས་ཤེས་པར་གྱིས། ད་མི་བཤད།
གཡུ་འབྲུག དེ་ཡིན་ན་བློ་བདེ་སོང་། མགར་ཚང་གྲུ་བཞི་ཟེར་བ་ན་ག་རེ་རེད། དོན་དག་ཤེས་མ་སོང་།
ཤེས་པར་གྱིས། གོ་བར་གྱིས། སྡིག་ར་སྐུལ་ནས་སུ་ཞིག་ཞེད་ཀྱི་མ་རེད། མགར་ཚང་གྲུ་བཞི་མགར་བའི་གདན་ས་ཞེས་པའི་གོ་དོན་བཤད་དང་། ཨི་ནས་ག་ལེ་བལྟ་ཆོག
ད་ཕལ་ཆེར་ལན་མེད་པ་འདྲ། ང་རང་འགྲོ་ཡི་ཡིན། སྒུག་ཁོམ་མེད། ང་རང་དོགས་པ་ཟ་དོན་ནི། དྲང་བདེན་ཟེར་མཁན་དེས་འབྲུག་ཆེན་པོ་ཆེའི་ཆོས་ཞུ་སར། ལ་དྭགས་པ་མ་གཏོགས་བོད་པ་འགྲོ་ཡི་ཡོད་མ་རེད་ཟེར་བ་དེས་རྐྱེན་བྱས་བྱུང་། ཡིན་ན་ཡང་བོད་ནས་ཚུར་རྒྱ་བལ་ལ་ཁུར་བ་དེར་མོས་མཐུན་རྩ་ནས་མེད། བླ་སྤྲུལ་སུ་ཡིན་ན་ཡང་།
མགར་ཚང་གྲུ་བཞི་ཟེར་བ་མི་གོ་རྒྱུ་མིན་འདུག མགར་བའི་ཁང་པ་ལ་ཟེར། དེ་སུ་ལ་དབང་ན་མགར་བ་ལ་དབང་ངོ་།།
དེ་ཙམ་རེད། ད་འདི་ལ་གོ་རྒྱུ་ཅན་པོ་འདུག་མདོག་མདོག་མ་བྱེད་དང་། ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད། །གསུངས་པ་འདིའང་མད་དོ།།
ངའི་གཡས་གཡོན་དང་མཐོང་ས་ལ་ཀརྨ་ལ་མཁྱེན་ནོ་ཟེར་མཁན་བོད་པ་མིན་འདུག་ལ་ཤཀྱ་ཐུབ་པ་མཁྱེན་ནོ་ཟེར་མཁན་ཡང་མིན་འདུག གང་ལྟར་ཀརྨ་པ་མཁྱེན་དགོས་ན་ཤར་པའི་ཀརྨ་པ་ཡིན་དང་། ཞ་དམར་ཀརྨ་པ། སི་ཏུ་ཀརྨ་པ། སི་ཏུའི་ཀརྨ་པ་ཡིན་ན་དང་པོ་རང་གི་དངུལ་དེ་ཚོ་བདག་པོ་ཡག་པོ་རྒྱབ། རྒྱ་གར་གཞུང་གིས་འཇུས་དུས་བོད་པ་ཚང་མ་ངོ་ཚ་ཡོང་གི་འདུག
དང་པོ་དངུལ་བདག་པོ་རྒྱག་སྟངས་མཁྱེན།
ཆོས་པ་ཡིན་ན་འཁོར་དང་རྒྱུ་དགོས་རེད་ཟེར་བ་དེ་དགོད་བྲོ་བ་དང་།སྙིགས་མའི་ཆོས་པ་ཚོ་ཡིན་རྒྱུ་རེད། ང་ནི་དད་པ་དགའ་བོ་མེད། མཁན་ཚུལ་གྱི་བལྟ་བ་དེ་བོད་ཀྱི་སྤྱི་ཚོགས་ལ་ཕན་ལས་གནོད་ཆེ་བ་རྐྱང་རེད། རྒྱ་གུང་ཀྲན་གྱི་འདོད་ཐོག་ལ་ཆར་རེད། ངས་ལྟོས་ན་ཝང་ལི་ཞུང་མཁན་ཚུལ་གཉིས་ངོ་བོ་གཅིག་རེད།
གང་ལྟར་མཁན་པོ་ཚུལ་ཁྲིམས་བློ་གྲོས་དཀྱུས་མ་ཞིག་དང་སྤྱིར་བཏང་བ་ཞིག་མ་རེད། སྤྱི་ཚོགས་ཡོམ་ཡོང་ཡི་འདུག་ག དེ་ནི་ཁོང་གིས་གཅིག་ལས་གི་ཡོད་པའི་རྟགས་རེད། ང་ལ་མཚོན་ན་ཁོང་གི་བཀའ་སློབ་དེ་ཚོ་དུས་ཐོག་ཆར་པ་གང་ཤེས་ཏེ། རྣག་ཐོག་བཙགས་ཁེལ་རེད། གུས་པ་དང་ཡི་རང་བསྔགས་བརྗོད་ཡོད།
དཀོར་བདག་ཚོའི་རྗེས་འཇུག་པ་དཀོར་ཕྲུག་ལྕགས་ཀྱི་མཆུ་ཏོ་ཅན་ཚོས་དཀོར་ཁྲིར་མཐོ་དམན་རྩོད་བསྡད་དུས་ལྟད་མོ་འདྲ་འདུག་་་་་་་་་་་་་ཧཧཧཧ
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནི་མཁས་དབང་ཞིག་ཡིན་པ་མ་ཟད། བསྟན་པ་དང་མི་རིགས་ལ་ལྷག་བསམ་དཀར་པོ་ཞིག་ཡིན་པ། ཁོང་གི་གསུང་རྩོམ་དག་ལ་གཟིགས་ན་ཤེས། མ་ཟད་ཁོང་ནི་ཆོས་རྗེ་དམ་པའི་དགོངས་བཞེད་བཞིན་རིས་སུ་མ་ཆད་པའི་བསྟན་པ་ལ་དག་སྣང་གནང་མཁན་ཞིག་ཡིན་པ་ཁོང་གི་ཕྱག་ལས་གནང་སྟངས་ལ་བལྟས་ན་ཤེས། དེས་ན་སྐྱེས་བུ་དམ་པ་ལ་སྐུར་བ་གཏབ་སྟེ་དོན་མེད་སྡིག་པ་མ་བསགས་ན་བཟང་།
བསོད་ནམས་གྲགས་པ་ཟེར་བ་དེ་ངོ་མ།་་་་་་་་་་་དམིགས་ལོང་ཅན་ཞིག་ཡིན་པ་ཐག་ཆོད་སོང་།་་་་་་་་་་་་་་་་་་ཡང་ན་ཕྲག་དོག་གི་དུག་ཆུས་སྨྱོས་ཟིན་པ་འདྲ།་་་་་་་་་་་་་་་་་་ཡང་ན་ཕྱོགས་རེས་ཀྱི་འགལ་འདུ་ཕུང་པོ་ཕྲག་ལ་ཁྱེར་མཁན་ཞིག་ངོ་མ་རེད། ་་་་་་་་་་་་་་་་་་ཡང་ན་ཀླད་སྟོང་གི་ཡང་སྟོང་ཟན་དང་སྐྱག་པ་ངོ་མི་ཤེས་མཁན་ཞིག་ཡིན་པ་འདྲ། ་་་་་་་་་་་་་་་་ཡང་ན་དགེ་སློང་ལྷ་ཆེན་པོ་དངོས་ཀྱི་སྤྲུལ་བ་འམ་་་་་་་་་་་་ཏ་ར་ཀླུ་གོང་་་་་་་་་་་་་ལེགས་པའི་སྐར་མ་་་་་་་་་་་་་་་་་ལྷས་བྱིན་་་་་་་་་་་་་་་་་སྨོན་ལམ་ལོག་པ་དོལ་གྱི་རྗེས་འབྲང་་་་་་་་་་་་་་་བརྒྱ་ཆ་བརྒྱ་ཐམ་པ་རེད
༧རྒྱལ་བ་རིན་པོ་ཆེ་ལས་ཀརྨ་པ་མཐོ་བ་རེད་ལབ་ན་ཧ་ཧ་དང་ཧུ་ཧུ་ཡིན་ནོ། །སྤྱིར་ཕྲན་མཁན་པོ་ཚུལ་
ཁྲིམས་བློ་གྲོས་ཚང་ལ་དད་པ་ཡོད་མཁན་ཡིན་མོད། འོན་ཀྱང་ཐ་སྙད་ཚད་མ་མི་འདོད་ཟེར་ན་ཀུན་མཁྱེན་
རོང་ཀློང་གཉིས་ཀའི་གསུང་དང་འགལ་བ་མ་ཟད། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་དང་འགལ་བས་
ཤིན་ཏུ་ནས་འཐད་དཀའ་བ་ཞིག་གོ། །དུས་ཕྱིས་དགེ་ཆོས་ཀྱིས་མི་ཕམ་རིན་པོ་ཆེར་བསྔགས་པ་ཐ་ཐོར་རེ་བྱས་
པ་ལ་དགའ་འོས་པ་ཅི་ཡང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་མ་ཡིན་པ་སྔ་འགྱུར་རྙིང་
མའི་མཁས་གྲུབ་སུས་ཀྱང་ཞལ་གྱིས་མི་བཞེས་པའི་ཕྱིར་དང་། དགེ་ཆོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཚད་མའི་སྐྱེས་བུ་མ་ཡིན་པར་བཤད་པ་ལོང་བས་བལྟས་ཀྱང་ཤེས་པའི་ཚོད་དུ་ཡོད་པའི་ཕྱིར།
http://www.youtube.com/watch?v=rhVx9yhbXHM&feature=relmfu
ལུང་རྟོགས་ལགས། བོད་མི་ཞིག་བོད་ལ་ཞེན་ཁོག་ཡོད་ན་ག་རེ་ཧང་སངས་དགོས་རེད། སོ་སོའི་བསམ་ཚུལ་མ་ཐུན་ན་ཚེ་དོལ་རྒྱལ་དང་སོ་བ་རེད་སོགས་བཤད་ན་སྙིང་རྗེ་བའི་ཡུལ་རེད། ཐ་སྙད་དེ་གཉིས་ད་ལྟ་བེད་མེད་ནུསམེད་དང་གད་སྙིགས་ཆགས་ཚར་ཡ།
རོང་ཟོམ་ཆེན་པོས་ཐེག་ཆེན་ཚུལ་འཇུག་དང་ལྟ་བའི་བརྗེད་བྱང་། སྣང་བ་ལྷ་སྒྲུབ་སོགས་ལས་སྣང་བ་འགོག་
མི་རུང་བའི་ཚུལ་རྒྱ་ཆེར་གསུངས་ཤིང་། ཀུན་མཁྱེན་ཀློང་ཆེན་པོས་ཡིད་བཞིན་མཛོད་དུ་སྣང་བ་གསུམ་སྐབས་
སུ་ཕྱི་དོན་ཡོད་པར་གསུངས་ཤིང་། མདོ་ལས་སེམས་ཙམ་དུ་གསུངས་པ་ནི་ཉན་ཐོས་གྲུབ་མཐའ་སྨྲ་བས་རྡུལ་
ཕྲན་ཆ་མེད་ཕྱི་དོན་གྱི་རྩོམ་གཞིར་འདོད་པ་ཉིད་འགོག་ཆེད་ཡིན་པར་གསུངས། གཞན་ཡང་གྲུབ་མཐའ་མཛོད་
དམ་ཡིད་བཞིན་མཛོད་ཡིན་གསལ་བོ་མི་དྲན་མོད། དེ་གཉིས་གང་རུང་ཞིག་ཏུ་སྤྱོད་འཇུག་གི་ལུང་། ཇི་ལྟར་
མཐོང་ཐོས་ཤེས་པ་དག །འདིར་ནི་འགོག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུ་གྱུར་པ། །བདེན་པར་རྟོག་
པ་དགག་བྱ་ཡིན། །ཞེས་པ་འདི་དྲངས་ནས་སྣང་བ་འགོག་མི་རུང་བ་རྒྱ་ཆེར་གསུངས་ལ། ཀུན་མཁྱེན་ཡེ་ཤེས་
ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་མཁྱེན་ཡང་རི་བོང་གི་རྭ་དང་ནམ་མཁའི་མེ་ཏོག་མི་མཁྱེན་པ་ནི་ཅིག་ཡོད་ལ་
ཅིག་ཤོས་གཏན་མེད་ཡིན་པའི་རྒྱུ་མཚན་གསུངས་པས། ཐ་སྙད་ཚད་མ་ཞལ་གྱིས་བཞེས་པ་གསལ་ལོ། །མི་ཕམ་
རིན་པོ་ཆེས་ཀྱང་། བཀའ་བརྒྱད་འགྲེལ་བ་དང་སྤྱི་དོན་འོད་གསལ་སྙིང་བོ་གཉིས་ཀར་ཐ་སྙད་ཚད་མ་གསུངས་
མ་ཟད། དགག་ལན་གསུམ་དང་དབུ་མ་རྒྱན་གྱི་འགྲེལ་བ་སོགས་སུ་ཐ་སྙད་ཚད་མ་ཡོད་པར་གསལ་བར་
གསུངས། ངེས་ཤེས་སྒྲོན་མེར་སྟོང་ཉིད་མེད་དགག་ཆེན་པོ་ཡིན་པར་གསལ་བར་གསུངས། ཁོང་གི་རྒྱུད་བླའི་
འགྲེལ་བའི་སྤྱི་དོན་དུ་སྟོང་ཉིད་མེད་དགག་ཉིད་རྩ་ཤེའི་དགོངས་པར་ལེགས་ལྡན་དང་ཟླ་གྲགས་གཉིས་ཀས་
བཞེད་པ་ལྟར་དོན་ལ་གནས་པར་གསུངས་འདུག ཡིད་མ་ཆེས་ན་དེ་དག་ཏུ་ཞིབ་ཏུ་གཟིགས་ཤིག དོན་གྱི་
གནད་དེ་དག་ལ་བརྟེན་ནས་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ་དེ་ནི་རྙིང་མ་བ་རྣམས་ཀྱི་ལྟ་གྲུབ་གྱི་ཕྱོགས་ཙམ་ན་
ཡང་མེད་པས། མཆིང་བུ་ལ་ནོར་བུར་མ་འཁྲུལ་ཞིག
ཡ་ཡ། གཡུ་འབྲུག་དཀར་པོའི་ལན་དེ་མེ་ཏོག་དཀར་པོས་བརྒྱབ་འདུག འོན་ཀྱང་ད་དུང་མགར་ཚང་གི་དཔེ་དོན་སྦྱོར་ཡ་མི་འདུག གཞན་མི་བཤད་བསམ་སྟེ་བསམ་ཚད་བཤད་དགོས་པ་འདྲ། གཞན་གྱིས་བཤད་ཆོག་པ་ལ་ང་རས་མི་ཆོག་པ་གང་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་དེ་ཚོ་ལྟ་མ་མྱོང་བས་མཁས་པ་ཡིན་མིན་བཤད་ཚོད་མི་ཐིག ཡོན་ཏན་སྣ་རེ་མེད་པའི་མི་ནི་མེད་ཅེས་སངས་རྒྱས་རང་གིས་གསུངས་ཡོད། འོན་ཀྱང་ཁོང་ཁྱབ་བསྒྲགས་བྱེད་སྟངས་དེར་བལྟས་ན་ཅུང་ཟད་ཡ་མཚན་ཐལ།གཅིག་བྱས་ན་ཁོང་དང་འབྲེལ་བ་ཡོད་ཀྱི་མ་རེད། དགེ་ཕྲུག་ཚོས་བཟོས་པ་ཡིན་སྲིད། བོད་ལ་ཁོང་ལས་མཁས་པ་དང་ཁོང་དང་འདྲ་བ་རེ་ཟུང་ཏན་ཏན་ཡོད་རྒྱུ་རེད། བཙན་བྱོལ་ནང་དུ་བཤད་གྲྭ་གདན་ས་ཁག་ལ་ལྷ་རམས་དང་མཁན་པོ་དགེ་བཤེས་སྐད་གྲགས་ཅན་མང་པོ་ཡོད་རེད། འོན་ཀྱང་ཁོང་ནང་བཞིན་ཁྱབ་བསྒྲགས་བྱེད་མཁན་སུ་ཡང་མི་འདུག བྱེད་མི་དགོས་པ་ཡིན་སྲིད། མ་བྱས་ན་ཡང་འགྲིག་སྡོད་ཀྱི་ཡོད་སྲིད། དགེ་ཕྲུག་ཡིན་ན་འདྲ། ཆོས་ལུགས་དང་ལུང་ཚན་ཡིན་ན་འདྲ། ཞེན་གོག་ཡིན་ན་འདྲ། ཁོང་གི་གསུང་ཡག་པོ་དེ་འདྲ་ཡོད་ན་ཆོས་སྦྱིན་གནང་ན། རྟ་ཕོ་མདུན་ལ་བཤམ་ན་གོང་ཐང་མིས་བརྒྱབ་ཡོང་གི་རེད། ཞེ་དྲགས་བཀྱག་དྲགས་ན་ཕན་གནོད་བཤད་ཁག་པོ་རེད། ད་དུང་དེ་ཙམ་བསམ་བློ་མི་ཐོངས་བ་ཚོས་བསྟོད་པ་ཁེ་མཚར་བརྒྱབ་ཀྱི་འདུག དེ་ཚོ་སེམས་གཏམ་ཡིན།
༧རྗེ་གུང་ཐང་པ་ཆེན་པོས། སྤྲུལ་སྐུ་བསྟན་དོན་དུ་བྱོན་ན། །བསྟན་ལ་ལག་རྗེས་ཞིག་དགོས། ཞེས་གསུངས་པ་ལྟར། སྤྲུལ་སྐུ་བསྟན་པའི་དོན་དུ་བྱོན་པ་ཡིན་ན་བསྟན་པ་ལ་ལག་རྗེས་ཞིག་ཡོད་དགོས། དེ་མེད་ན་ཁས་ལེན་མཁན་མང་ཉུང་ཙམ་གྱིས་སྤྲུལ་སྐུ་དངོས་ཡིན་མིན་གྱི་ཁྱད་པར་སྒྲུབ་མི་ཐུབ།
ད་དུང་དྲན་བདེན་ལ་གསལ་བཤད་ཅིག་ཡོད། རྒྱལ་དབང་ཀརྨ་པའི་སྐུ་མདུན་དུ་ཟམ་གདོང་བཀའ་ཤག་ནས་བཏང་བའི་ཀརྨ་པ་ལ་སོ་ལྟ་བའམ་དམིགས་བསལ་དོ་དམ་པ་མིང་ལ་ཆོས་དོན་སྐུ་ངོ་ཟེར་བ། ལས་སུ་བྱ་བ་ཀརྨ་པའི་ཉིན་གཅིག་ལ་བྱ་བ་ཆེ་ཕྲ་གང་དང་གང་ལས་པ་དང་། མི་སུ་དང་ཐུག་འཕྲད་བྱས་པ། མི་དང་ཐུག་སྐབས་ཕན་ཚུན་ཅི་ཞིག་བཤད་པ་ཚང་མ་ཚིག་ཐོ་བྲིས་ཏེ། ཆོས་རིགས་ལས་ཁུངས་བརྒྱུད་ཟམ་གདོང་བླ་མའི་སྤྱན་ཟུང་གཡོ་བའི་འབབ་སྟེགས་སུ་འབུལ་དགོས་འདུག་ཟེར། སྐྱགས་རྫུན་ཟེར་ན་དེ་རེད། བོད་པ་ཚང་མས་ཤེས་ཀྱི་རེད། ཀརྨ་པ་མཇལ་བར་བརྒྱུད་ལམ་གཉིས་ཡོད་རེད། གཅིག་བོད་གཞུང་དང་གཅིག་བླ་བྲང་རེད། འགྲོ་སྟངས་དེ་༧སྐྱབས་མགོན་རིན་པོ་ཆེ་ལ་གཅིག་མཚུངས་རེད། ཀརྨ་པ་མདུན་ལ་ཚིག་ཐོག་འབྲི་མཁན་མཐོང་མི་ཐུབ་པའི་གདུག་འདྲེ་འདྲ་པོ་ཡོད་ན་མ་གཏོགས་སུ་ཞིག་ཡོད་མ་རེད། ང་རང་ཀརྨ་པ་མཇལ་ཁ་ཐེངས་མང་བཅར་མྱོང་། ཐོག་མར་བོད་གཞུང་བརྒྱུད་པ་ཡིན། དེ་རྗེས་རྣམས་ཐད་ཀར་བླ་བྲང་ལ་སྙན་གསེང་ཞུས་ནས་རེད། དེ་ཚོ་ཁྱོད་རང་དངོས་གནས་མ་ཤེས་པར་གཞན་གྱི་མགོ་བསྐོར་བཏང་བ་ཡིན་ན་གསལ་བཤད་དེས་ཕན་གྱི་རེད། ཤེས་བཞིན་དུ་སྐད་ཅ་དེ་བཤད་པའི་བཀའ་བབས་ཡོད་ན་དེ་ག་རེད།
མཆན་༥༣པ་པདྨས་བཀོད་པའི་དྲ་བྱང་དེའི་ནང་བསྟན་བཤིགས་མཁན་ཚུལ་གྱིས་ལབ་རྒྱག་གི་འདུག ཁོ་པས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ལ་མཐོང་ཆུང་ང་རང་ཚོས་མཐོང་ཆུང་ནམ་བྱས་པ་དེ་ཉིན་ནས་ང་ཚོའི་མི་རིགས་འདི་འཛམ་གླིང་ས་སྒང་འདིའི་ཐོག་ནས་ཉམས་ཆགས་འགྲོ་རྒྱུའི་མགོ་བརྩམས་པ་ཡིན་ཞེས་ཟེར། དེ་ནི་ངོ་མ་བདེན་པ་རེད། བོད་ཀྱི་འབྲོག་ཕྱོགས་ཀྱི་སྲོལ་རྒྱུན་སྒོ་ཕྱུགས་བེད་སྤྱོད་སོགས་ལ་ཚུལ་བློས་ཆོས་འགགས་གྱོན་ཏེ། ཡས་རེད་མས་རེད། ཅེས་འགྲེལ་བཤད་བརྒྱབས་བརྒྱབས་རྗེས་དེང་སྐབས་མདོ་སྟོད་སྨད་ཀྱི་བློ་ཕུགས་བླ་མ་དང་ཆོས་ལུགས་ཁོ་ནར་གཏད་དེ་རི་བོང་ཅར་འདྲོགས་བྱེད་སའི་འབྲོག་གླེན་གྱི་ས་ཁུལ་གང་མང་ཞིག་གིས་ཁོ་པས་བཤད་ཚད་ལ་ཡིད་ཆེས་བྱས་དྲགས་པ་དང་གཅིག ཡོན་ཏན་མེད་པའི་རྒྱ་བླ་སྐོར་ཞིག་གིས་རང་ཉིད་ཀྱིས་ལེགས་བྱས་ངོ་སོ་འཁྱེར་ཐབས་སོགས་གཡོ་འཁྲུལ་འདྲ་མིན་སྟོབས་ཀྱིས་དགེ་བཅུ་ཟེར་བའི་མཁན་ཚུལ་གྱི་ཁྲིམས་ལུགས་དེ་ལ་བརྟེན། དེང་སང་འབྲོག་ཕྱོགས་ཉམས་ཉེས་ཚབས་ཆེན་འགྲོ་བཞིན་པ་དེ་ཚོ་མཐོང་ཐེངས་རེ་ལ་སེམས་སྐྱོ་བ་ལའང་།
སི་ཏུའི་ཀརྨ་པ་འགྲམ་ལ་འགྲོ་དུས་བོད་གཞུང་བརྒྱུད་འགྲོ་དགོས་དོན་གང་ཡིན་ནམ། ཁོང་བོད་གཞུང་གི་དཔོན་རིགས་ལས་བྱེད་འདྲ་རེད་དམ། བོད་མིའི་སྒྲིག་འཛུག་ལ་ཞུ་རྒྱུར། དགོས་པའི་བོད་དོན་ལ་དོ་སྣང་གནང་རོགས། ཀརྨ་པ་ལ་བྱུས་གཏོགས་མི་དགོས། ཁྱེད་སྒྲིག་འཛུག་ལ་ལས་ཀ་གཞན་མེད་སོང་བ་རེད་དམ།
སྤྱིར་བཏང་ཁྱབ་བསྒྲགས་བྱས་པ་ནང་བཞིན་མཁན་པོ་ཁོང་མཁས་པ་ཡིན་མིན་ནི་ལོ་མང་རིང་གཤིབ་ན་མ་གཏོགས་ཁ་ཚོན་གཅོད་རྒྱུ་ཁག་པོ་རེད་དེ། འོན་ཀྱང་ཁོང་གིས་དགག་རྩོམ་རྣམས་ལ་དཔག་པ་ཡིན་ན། ལན་མང་ཆེ་བ་ཁ་ཐུག་ཁ་ཐུག་ལ་མི་སྐྱོན་པར་ལ་བཤད་ལུང་སྐོར་ནས་བཤད་ཀྱིན་ཡོད་པའི་བསམ་ཚུལ་ཞིག་བྱུང་སོང༌། བཀའ་སློབ་ཁག་ལ་ཉན་དུས་ཙམ་པཱ་ཡང༌། ཆོས་སྐད་ཐོག་གཙོ་ཆེར་མི་གསུང་བར། སྐད་མཁྲེགས་པོ་ཞིག་སྐྱོན་གྱིན་འདུག་ཀྱང༌། དཔེ་ཁྲིད་སོགས་ཀྱི་མཐའ་དཔྱོད་གང་འདྲ་གསུང་གི་ཡོད་མེད་ནི་ད་ལྟའི་བར་ཉན་རྒྱུ་བྱུང་མ་སོང༌། དེང་སྐབས་བོད་ཀྱི་མཁས་པ་དེ་འདྲ་བ་ཞིག་གི་བཀའ་སློབ་གནང་དུས་ཐག་ཐོགས་མེད་པར་གསུང་མཁན་ཞིག་ཡོད་པའི་སྣང་བ་འཆར་མྱོང་ཡང༌། གསུང་འགྲོས་ཆུ་ཞུར་དུ་ཞུར་དུ་མི་འགྲོ་བའི་ཚོར་བ་ཞིག་ཀྱང་སྟེར་གྱིན་ཡོད་པ་ནི། http://www.youtube.com/watch?v=rhVx9yhbXHM&feature=relmfu དྲ་རྒྱ་འདིར་གཟིགས་ན་ངེས་ཤེས་རྙེད་པ་བཅས་སོ།།
རྣམ་དཔྱོད་ཅན་གྱི་བྱ་གླག་རྒོད་པོ་ལགས། ཤེས་མཁན་ཞིག་གིས་བལྟས་ན་དེང་སྐབས་ཚུལ་བློ་རྗེ་འབྲང་བཅས་ཀྱིས་བྱེད་བཞིན་པ་དེ་དག་རྙིང་མ་སྤྱི་ཡོངས་ཀྱི་མཁས་པ་ཚོས་གསུངས་དང་རྒྱབ་འགལ་ཤ་སྟག་རེད། ཀུན་མཁྱེན་རོང་ཀློང་གཉིས་སོགས་སྔ་འགྱུར་བའི་དྲི་ཙམ་ཡང་ཁོ་ཚོར་མི་བྲོ་ཞེས་བཤད་ཆོག་ངེས་རེད། ཆེས་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ནི། ཚུལ་བློ་ལ་ཐ་ན་ཀླུ་སྒྲུབ་དགོངས་རྒྱན་གྱི་ཁྲིད་རྒྱུན་ལུང་རྒྱུན་ཙམ་ཡང་རི་བོད་རྭ་རེད། བདག་ཅག་གི་སྟོན་པ་ནས་བཟུང་སྟེ། ཐེག་པ་ཆེ་ཆུང་སྔགས་བཅས་ལ་ཁྲིད་ལུང་གི་རྒྱུན་མ་ཉམས་པར་ད་བར་འགྲོ་བཞིན་པ་འདི་རེད། འོན་ཀྱང་ཚུལ་བློ་རྗེས་འབྲང་བཅས་ཀྱིས་དེང་སྐབས་ཁྱི་དང་ཤ་རློན་འཕྲད་པ་ལྟར་འགྲེལ་བཤད་རགས་པ་ཞིག་རྒྱག་ཐུབ་ན་རྒྱག་རྐྱང་བྱེད་བཞིན་པ་ཙམ་ལས། གང་བཤད་བྱའི་ཆོས་དེའི་ཁྲིད་རྒྱུན་སོགས་ལ་དོ་སྣང་གཏན་ནས་མེད་པ་འདི་དག་སྔ་འགྱུར་རྙིང་མའི་རང་ལུགས་ཡིན་ཟེར་ན་རྙིང་མ་པ་ངོ་ཚ་བ་ལ། དེ་ལས་སྔ་འགྱུར་ལ་མཚན་ཤས་བཟོ་སྟངས་གང་ནས་ཡོང་།
མཁན་མིང་ཁུར་བའི་རྫ་ཚེ་རིང་བཀྲ་ཤིས་ཟེར་བ་དེས་ཀྱང་དགོས་པའི་མཁན་པོའི་འདུལ་ཁྲིམས་མི་སྲུང་པར་མི་འོས་པའི་ཐེ་པེ་ན་རྒྱ་མོ་ཚོའི་རུམ་ལ་འཛུལ་རབས་རྙོག་གྲ་མང་གི། ད་མང་པོ་མི་བཤད། གང་ལྟར་ཀརྨ་པའི་གྲངས་ཀ་བགྲང་དགོས། དེ་ལ་དབྱེ་འབྱེད་བྱེད་དགོས་ཟེརན་མཁན་ཞིག མི་བྱེད་རྒུ་བྱེད་མ་བྱེད་བུ། །
བོད་མི་ཚོ།
རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་དུ་བཞག་ནས་བོད་མི་ནང་ཁུལ་ཚིག་སྐམ་སྟོང་བཤད་ཀྱི་འཐེན་འཁྱེར་བྱེད་པ་དང་གཅིག
རང་རིགས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་འཁུར་བོར་ཏེ་རང་ཉིད་གཅིག་པུ་རང་འགོ་གང་ཐོན་བྱེད་པ་དང་གཉིས།
ད་ལྟ་བོད་མི་རིགས་སྤྱིའི་བདེ་སྡུག་གནས་སྟངས་ཛ་དྲག་གང་འདྲ་ཞིག་ཡོད་པ་ངོས་མ་ཟིན་པར་འབྱོར་ལྡན་རང་དབང་ཅན་གཞན་དག་ལ་དཔར་བཀབ་རྒྱས་སྤྲོས་སྐྱིད་འདོད་བྱེད་པ་དང་གསུམ་ནི་ཤིན་ཏུ་འཁྲུལ་ཚབ་ཆེ་བས་མནོ་བསམ་ནན་ཏན་གཏོང་དགོས།
ཏཱ་ལའི་བླ་མས།
ཀརྨ་ཡེ་ཤེས་ལགས།
ནང་ཁུལ་འགལ་ཟླའི་རྙོག་ཟིང་མ་བཟོས་ན་འགྲིག་གམ༽
༧རྒྱལ་བ་ཀརྨ་པའི་སྐོར་ལ་མེ་སྤར་མཁན་གཏེ་བོ་ཁྱོད་ཡིན་པར་བརྟེན་མ་འཇོན་གསུམ་རྒྱག་མ་བྱས་ན་ལེགས།
འཇོན་པོ་དགོས་པོ་ཡོད་ན་རྒྱ་མི་གུང་ཁྲན་ལ་ཁ་གཏད་ཅོག་དང་༽
རང་ཅག་ལ་ཕན་པར་བཞེད་ནས་དགེ་འདུ་ཆོས་འཕེལ་གྱི་བསྒྱུར།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
ཚིགས་སུ་བཅད་པ་འདི་ལ་རང་རེས་ཉམས་ལེན་བྱེད་དགོས་པ་དང་། ལྷག་པར་དུ་བླ་མ་དག་ལ་སྐྱོན་བརྗོད་སེམས་ལ་ཤར་དུས་འདི་ལ་ཉམས་ལེན་བྱེད་ཐུབ་ན། ཅི་མ་རུང་སྙམ་པ་ཞིག་ཏུ་མཐོང་ངོ་།།
མདོག་འགྱུར་དྲྭ་འབུ། མདོག་འགྱུར་དྲྭ་འབུ་ཟེར་ན་ཐེངས་རེད་བོན་པོ་ཡིན་མདོག་གིས་བན་ལ་ཁ་གཏོང་བ་དང་། ཐེངས་རེ་རྙིང་མ་ཡིན་མདོག་ཐེངས་རེ་བཀའ་རྒྱུད་ཡིན་མདོག་ཐེངས་རེ་དགེ་ལུགས་ཡིན་མདོག ཐེངས་རེ་མ་གཞི་ཆོས་ཁས་མི་ལེན་པའི་བོད་རིགས་ལ་རྒྱ་ཅན་ཞིག་ཡིན་མདོག་བྱེད་ཀྱི་འདུག དེས་ན་འདི་དག་གི་མིང་ལ་མདོག་འགྱུར་དྲྭ་འབུ་ཟེར་ན་ཏག་ཏག་རེད།
ངོ་མ་དྲ་འབུ་འདི་དག་དང་ལྷན་དུ་སྐད་ཆ་བཤད་རྒྱུའི་རེ་ཐག་ཆད་མོད། འོན་ཀྱང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་འདི་བརྡ་འཕྲིན་ཅན་དུ་བསྐྱོད་རྒྱུ་དང་དེར་ཤུགས་སྣོན་རྒྱུ་ནི་མི་རེ་ངོ་རེའི་ལས་འགན་ཡིན་སྟབས་ཕྲན་གྱིས་ཀྱང་ཕྱི་གཤོལ་མེད་པར་མདུན་བསྐྱོད་བྱ་ངེས་ཡིན།
གོང་དུ་མཁན་ཆེན་མཆོག་ལ་སྐུར་འདེབས་ཞུས་པ་ཁག་ནས་ཕྲན་རྒྱ་མོའི་རིམ་ལ་འཛུལ་མ་འཛུལ་བར་གྱི་གང་ཟག་སྒེར་དང་འབྲེལ་བའི་སྨྲ་བ་ཁག་ལ་ལན་འདེབས་རྒྱུ་མིན།
ཚུལ་ཁྲིམས་བློ་གྲོས་མཁས་མི་མཁས་ཡང་ང་དང་འབྲེལ་བ་ཅང་མེད།
ཁོང་མ་མཁས་པར་མ་ཟད། ཅི་ཡང་མ་ཤེས་ཀྱང་ཆོག ཁོང་ཁོང་ཡིན་པ་དེ་ཀས་འགྲིག
མ་གཞི་ང་ནི་ཁོང་གི་སློབ་མ་ཞིག་གཏན་ནས་མིན་ལ། དྲ་ཐོག་ཏུ་ཁོང་གི་ཆ་འཕྲིན་བཀོད་པ་སོགས་ཀྱང་ཁོང་དང་འབྲེལ་བ་དེ་བས་མེད། འོན་ཀྱང་ཁ་གསལ་པོས་ཞུ་རྒྱུ་ཞིག་ནི། ང་ཉིད་ཁོང་ལ་དད་མོས་དང་བརྩི་བཀུར་བླ་ན་མེད་པ་ཞུ་མཁན་ཞིག་གི་ངོས་ནས་ངས་ཇི་སྲིད་ཀྱི་བར་དུ་ཁོང་གི་མཛད་པ་འཕྲིན་ལས་དང་། གསང་གསུམ་གྱི་སྣང་བརྙན་དེ་དྲ་རྒྱའི་འཇིག་རྟེན་དུ་གང་ཐུབ་ཀྱིས་མངོན་པར་བྱ་ངེས་ཡིན། དེ་ནི་ང་སྒེར་གྱི་རང་དབང་དང་དགའ་ཕྱོགས་ཙམ་ཡིན།
བྱ་གླག་དང་བཀྲ་རྡོ་སོགས་ལ་ཟློ་བ།
ཁོ་བོའི་བླ་མ་ཨ་རིག་པདྨ་ཚེ་དབང་གིས་ནི་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་བརྒྱན་འབྲལ་སྤངས་ཀྱི་ཚུལ་དུ་བསྣམས་ནས་ཕེབས་བཞིན་པ་གུས་སློབ་ལ་དངོས་སུ་གསལ་ཆ་ཡོད།
སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེས་ནི་ངོ་མཚར་ཀླུ་དབང་གཉིས་པའི་ཟླ་བཞོན་ཞེས་དགེ་ཆོས་ལགས་ལ་ཀླུ་སྒྲུབ་གཉིས་པ་ཡིན་པའི་བསྔགས་པ་གནང་འདུག
དེས་ན་དགེ་ཆོས་ཀྱི་དགོངས་པ་དེ་ཡང་རྩམ་རྡོག་ཅིག་ལས་བཟང་ཙམ་ཞིག་ཡིན་ས་རེད་བསམ་སོང་།
ལར་འཇམ་མགོན་མི་ཕམ་རིན་པོ་ཆེས་ནི་དོན་དཔྱོད་ཚད་མའི་སྐབས་སུ་སྣང་བ་ཁེགས་དགོས་པའི་ཚུལ་གཞུང་སྤྱིའི་དཀའ་གནད་སོགས་སུ་ཅི་ཙམ་གསུངས།
ཉེ་བའི་ཡང་དར་གྱི་དུས་རབ་འདི་ཙམ་ན་སྔ་འགྱུར་གྱི་གྲུབ་མཐའ་སྨྲ་བར་མཆོག་ཏུ་རྩི་བའི་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱིས་ནི་ཀུན་མཁྱེན་མི་ཕམ་པའི་གསུང་གི་གྲུབ་མཐའི་གནད་མཐའ་དག་རོང་ཀློང་རྣམ་གཉིས་ཀྱི་དགོངས་པའི་ཞེ་ཕུགས་ཡིན་པའི་ཞལ་བཞེས་གནང་གི
འདི་ལ་མ་གཞི་མཉམ་བཞག་ལ་ཟློ་བ་དང་རྗེས་ཐོབ་ཤན་འབྱེད་པ་གཉིས་ཀྱི་སྐབས་ཕྱེས་པའི་འཆད་ཚུལ་དང་། གནས་སྣང་དང་སྣང་སྟོང་གི་བདེན་གཉིས་ཕྱེས་པའི་འཆད་ཚུལ། དེ་བཞིན་རྣལ་འབྱོར་གྱི་ཉམས་ལེན་གྱི་བབས་དང་མཁས་པའི་དཔྱད་ངོ་ལ་སྣང་བའི་ཚུལ་གྱི་འཆད་ཚུལ་སོགས་ཀྱི་ཁས་ལེན་དང་འཛིན་མཚམས་མཁས་པའི་ཚོགས་ལ་གྲགས་པ་མང་པོ་ཞིག་མཆིས་སྐད་པས་དེ་དག་ཤེས་ན་གཞི་ནས་རྙིང་མས་ཐ་སྙད་ཚད་གྲུབ་ཁས་ལེན་དང་མི་ལེན། སྔ་འགྱུར་མཁས་པ་རྣམས་ཀྱི་དགོངས་པའི་བབས་རྟོགས་མཁན་སུ་ཡིན་དང་མ་རྟོགས་མཁན་སུ་ཡིན་སོགས་རྟོགས་པར་འགྱུར་རོ།།
མིག་བརྒྱད་པས།
ཀླུ་དགོངས་ཆོས་ཅན། དགེ་ཆོས་རང་གི་དོགས་སློང་ཞིག་ཡིན་པ་ལས་འདོད་པ་མཐར་ཐུག་དེ་མིན་ཏེ། དགེ་ཆོས་སྐུ་གཤེགས་ཁར་རྟེན་འབྲེལ་བསྟོད་པ་གསུང་ཞོར་དགོངས་པ་རྫོགས་པའི་ཕྱིར།
འདིའི་རྟགས་ཁྱབ་གྲུབ་སྟངས་གསུང་མཛོད།
མིག་བརྒྱད་པའི་སྐད་ཆ་དེ་ལ་རྟགས་ཁྱབ་མི་ལོ་བཅོ་བརྒྱད་ལ་གྲུབ་གི་མ་རེད།
དེ་ནས་གང་ཤེསཧཧཧ
མ་གཞི་རྟེན་འབྲེལ་བསྟོད་པ་རྩ་བ་རང་གི་ཐོག་ན་དེ་ཙམ་ཁ་གསལ་པོས་ཕྱོགས་གཅིག་ཁོ་ནས་འབྲེལ་བ་ཞིག་གསུངས་འདུག་སྙམ་པ་ཅང་མི་འདུག
ཧ་ཅང་སྒྲོམ་ཆེན་པོ་རེད།
དཔེར་ན་རྩ་བ་ཤེས་རབ་ལྟ་བུ་རེད།
ཐལ་རང་གང་གིས་གང་ལྟར་འགྲེལ་ན་ཐ་ན་སེམས་ཙམ་དུ་ཡང་བཀྲལ་མཁན་ཡོད་པ་ལྟ་བུ་རེད།
དེ་སོ་སོའི་གོ་བ་ལེན་ཕྱོགས་རེད།
ས་གནས་འཕགས་ཆེན་གྱི་གསུངས་ལ་དངོས་ཤུགས་ཟུར་གྱི་རྣམ་པ་མང་པོ་འདྲེན་རྒྱུ་མེད་ཟེར་ན་རྗེ་རང་ལ་ཅོ་འདྲི་དང་ལོག་ལྟ་ཙམ་རེད།
ཁོང་འདའ་ཁར། རྟེན་འབྲེལ་བསྟོད་པ་གསུངས་པར་ཁོང་གི་ལྟ་གྲུབ་ཐ་སྙད་ཚད་གྲུབ་བཞེད་པའི་ཕྱི་རབས་པའི་ལུགས་དེ་ཡིན་ཟེར་ན། ཁོང་གིས་རྫོགས་ཆེན་སྨོན་ལམ་རིག་སྟོང་རྡོ་རྗེའི་རང་མདངས་དེ་ཡང་བཏོན་པར་བཤད་འདུག་པས་དེ་ཅི་ལྟར་འགྲེལ།
རིག་སྟོང་རྡོ་རྗེའི་རང་མདངས་ཀྱི་ཚིག་ནི་རྙིང་དྲི་དྲོ་བ་ལ་ཐོས་ན་མགོ་ཡུ་འཁོར་དགོས་པ་ཧ་ཤང་ཧ་ནག་ཅིག་ཡོད་རེད།
རྫ་ཡི་མཚན་ཅན་ལགས། ཉིད་ཀྱིས་དགེ་ཆོས་ལགས་གསུངས་འདུག བདུད་འཇོམས་རིན་པོ་ཆེ་ལགས། མཁན་ཆེན་ཆོས་དབྱིངས་ལགས་ཞེས་བརྗོད་ན་འགྲིག་གམ། ཁོ་བོ་ཚོར་བ་རྣོ་བས་ན་ལགས་ཞེས་པ་དགེ་འདུན་ཆོས་འཕེལ་གྱི་མཚན་ལ་སྦྱར་ན་ཅུང་མི་མཛེས་པ་མཐོང་།
དབུས་སྐད་དུ་ཁྱི་དང་རྒད་མོ་གཉིས་ལའང་ལགས་དང་ལེགས་སོ་རྗོད་ཀྱི་འདུག དེས་ན་ཁྱེད་རང་ཚོར་བ་རྣོ་དྲགས་པ་རེད་ཤག
དགེ་ཆོས་ནི་རྟ་ལ་ཞོན་ནས་རྟ་བརྗེད་མཁན་ཞིག་མ་རེད། རྟེན་འབྲེལ་བསྟོད་པའི་ཚིག་དོན་གཉིས་ཀ་ཡིད་ལ་འཆར་གྱིན་དགོངས་པ་རྫོགས་པ་དེ་ཐ་སྙད་ཚད་གྲུབ་འདོད་པའི་མཚོན་རྟགས་ཤིག་རེད། མཐར་ཐུག་གི་དམིགས་འདུན་ཁས་ལེན་ཐམས་ཅད་རྟེན་འབྲེལ་ཟབ་མོའི་ཐོག་ཏུ་བཞག་པའི་མཚོན་རྟགས་བླ་མེད་རེད། མི་ཞིག་ལ་མཚོན་ན་འཆི་ཁའི་གཏམ་དང་སྨོན་ལམ་དེ་རེ་འདུན་མཐར་ཐུག་ལོས་ཡིན། སོ་སོའི་མྱོང་བ་ལ་བསྐོར་དང་དེ་ལས་ལྷག་སྒྲུབ་བྱེད་གང་ཡོད།
རྐུན་བུ་ཞིག་གིས་གོང་གི་མཁན་པོ་རྫ་ཚེའི་མིང་རྫུན་འོག་ང་ལ་འཇབ་རྒོལ་བྱས་སོང་ང་། ཧ་ཧ
མཁན་ཆེན་མེ་ཏོག་དཀར་པོ།
སྐྱབས་རྗེ་མེ་ཏོག་དཀར་པོ་རིན་པོ་ཆེ།
འཇམ་མགོན་མེ་ཏོག་དཀར་པོ།
ཁོ་བོའི་བླ་མ་མེ་ཏོག་དཀར་པོས་ནི་་་
མེ་དཀར་ལགས།
ད་གང་ལ་དོན་གྱིས་ཞེ་ས་ཆེ་བ་སྦྱར་འདུག འདི་ངས་སྒང་ནས་མཚན་བེད་སྤྱོད་ཞུ་སྟངས་རེད།
ཐུགས་བདེ་སོང་བས་ཧཧཧཧ
བཅོམ་ལྡན་འདས་ལགས། ཤ་རིའི་བུ་ལགས། མགོན་པོ་ཀླུ་སྒྲུབ་ལགས། འདི་ཚོ་བདེ་པོ་མེད།
ཨ་མ་ལགས། ཨ་ཞང་ལགས། འདི་ཚོ་བརྗོད་བདེ།
ཡིན་ནའང་ཁྱི་ལ་ཁྱི་ལགས་ཞེས་བརྗོད་པ་མ་གོ། རྒན་མོ་ལགས་ཞེས་བརྗོད་ཡུལ་ལ་ལགས་བརྗོད་ན་ལེགས་ཏེ། ཡ་རབས་ཕྱག་དང་ཞེ་ས། མ་རབས་རྐུབ་གྲལ་ཤིག་ཤིག ཅེས་པ་བཞིན་ནོ།།
མཆན་བདུན་ཅུ་དོན་གཅིག་པ་ནི་རྫ ཚེ་རིང་བཀྲ་ཤིས་རང་ཡིན་ལགས།
འོ་བྱས་ཙང་དགེ་ཆོས་ཀྱིས་ཐ་སྙད་ཚད་མ་སྤྱིར་བཀག་ལ། མི་ཕམ་རིན་པོ་ཆེས་དོན་དམ་དཔྱོད་པའི་སྐབས་སུ་
ཐ་སྙད་ཚད་མ་ཞལ་གྱིས་མི་བཞེས་ཤིང་ཐ་སྙད་དཔྱོད་པའི་སྐབས་སུ་ཚད་མ་ཞལ་གྱིས་བཞེས་པའི་ཁྱད་པར་
གནམ་ས་ལྟ་བུ་འདི་ཤེས་པར་བྱས་ལ། དོན་དམ་དཔྱོད་པའི་སྐབས་སུ་ཡང་ཀུན་རྫོབ་སྣང་ཕྱོགས་ཀྱི་ཆོས་རྣམས་
མི་འགོག་པར་དགག་སྒྲུབ་མགོ་སྙོམ་པར་རྗེ་རོང་ཟོམ་ཆེན་པོས་གསུངས་ལ། ལྟ་བ་དགག་གཉིས་དང་བྲལ་བའི་
ཟུང་འཇུག་འོད་གསལ་ཆེན་པོའོ། །ཞེས་གསུངས་ཤིང་། འདི་ནི་ཀུན་མཁྱེན་ཀློང་ཆེན་པོས་གནས་ལུགས་མཛོད་
དུ་ཆོས་དབྱིངས་ཀྱི་ངོ་ལ་ལྟོས་ནས་ཞེས་གསུངས་པ་དང་གནད་གཅིག་སྟེ། དཔལ་ལྡན་ཟླ་བས་ཚིག་གསལ་ལས།
ཡེ་ཤེས་དེ་ཉིད་ལ་ལྟོས་ནས་འགག་སོགས་མེད་པར་གསུངས་པ་དང་ཡང་གནད་གཅིག་ཏུ་འབབ་པ་ཡིན་ལ།
འདི་སྐོར་ད་དུང་བདག་ལ་བླ་མའི་མན་ངག་ངོམ་དུ་རི་བ་མང་དུ་ཡོད་དེ། ཡོངས་ཁྱབ་ཏུ་བསྒྲག་པར་ཕངས་སོ། །
ཁྱེད་ཅག་གི་མིག་བརྒྱད་པ་ལ་འཕྱ་སྨོད་བྱས་འདུག་མོད། དགེ་ཆོས་ཀྱིས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནི་རྒྱ་གར་བའི་རྟོག་ངོའི་རི་མོ་ཙམ་ལས་གཏན་མེད་དུ་ཤུགས་ཀྱིས་འཕངས་འདུག་པ་མ་གོ་བ་ཤིན་ཏུ་
བླུན་ནོ། །
བླ་མ་དང་སྤྲུལ་སྐུ་རྣམས་ལ་དོན་མེད་ཁ་མ་གཏང་རོགས་ཞུ་
དངོས་ཡོད་གནས་ཚུལ་ཞུ་ཐུབ་ན་སྤྱིར་ཚོགས་ནང་ཕན་རྟོགས་ཙམ་ཐོག་གི་རེད་བསམ་གྱི་འདུག་
སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེ་ནི་སེམས་ཅན་ཕན་ཐོག་པའི་བྱང་ཆུབ་སེམས་པ་ཞིག་རེད་ལ
དེ་ལ་ཡག་སྡུག་གིས་གནས་ཚུལ་མུ་འདུག། ཀརྨ་གཉིས་ཡོད་པ་དེ་ལ་རྒྱལ་བ་རིན་པོ་ཁོང་གིས་སྐད་ཆ
གསར་པོ་ཞིང་གསུང་གི་མེད་པ་འདི་གང་ཡིན་ན་། སྤྱ་ཚོགས་ནང་སྙོག་དྲ་མེད་སུ་ཡིན་ན་དགའ་པོ་ཡོད་རེད་
བཀའ་རྒྱུད་སྙོག་དྲ་འདི་མ་འོང་པ་ཆེན་རུ་འགྲོ་གི་རེད་ལ། དེ་རྒྱལ་བ་རིན་པོ་ཆེན་གིས་མེད་པ་བཟོ་
ཐུབ་ཀྱི་རེད་། དེ་ལ་ཚང་མའི་ཞུ་བ་རྒྱབ་ནས་་རྒྱ་བ་རིན་པོ་ཆེན་ཁོང་ད་ལྟར་སྐུ་གཞུགས་ཡོད་དུས་
སྙོང་དྲ་དེ་མེད་པ་བྱེད་རྒྱུ་གལ་ཆེན་པོ་རེད་། བཀའ་རྒྱུད་བསྟན་པའང་དར་ན་འགྲོ་བ་སེམས་ཅན་ལ་
ཕན་གྱི་རེད།.
ད་བར་ངས་གཞན་གྱི་མིང་དང་གབ་མིང་བེད་སྤྱོད་བྱས་པ་མེད་དེའི་དགེ་བའི་ལས་ཀྱི་རྣམ་སྨིན་འདྲ་མིན་འགྲོ ངའི་མིང་བརྐུ་མཁན་ཡང་ཕལ་ཆེར་ད་བར་བྱུང་མ་སོང་།
མིག་བརྒྱད་པའི་མཆན་དོན་བཞི་པ་དེ་ལ་ཡང་གཏན་ཚིགས་ཀྱི་ཁྱབ་མཐའ་མེད་པ་ཞིག་སྟེ། གནས་སྐབས་བཞག
མེ་ཏོག་དཀར་པོའི་སྐད་ཆ་ལ་ངས་གོ་ནོར་ཏོག་ཙམ་ཐེབས་འདུག
དགེ་འདུན་ཆོས་འཕེལ་ལ་ཞེ་ས་སྦྱར་མི་འདུག་གསུང་གིན་ཡོད་པ་འདྲ།་
དེ་འདྲ་ཡིན་ན་དགོངས་དག་ཞུ།
སྐྱེས་བུ་དམ་པ་ལ་བཀུར་བསྟི་ལོས་དགོས།
མཁས་དབང་དགེ་འདུན་ཆོས་འཕེལ་ཞེས་ཞུའོ།།
རྫ་ཚེ་ལགས། ལགས་ཞེས་པ་སྦྱར་ཡུལ་དེ་དངོས་གནས་ཁྱད་པར་ཞིག་སྣང་། ཚད་མཐོའི་གུས་ཞབས་བྱ་ཡུལ་ལ་ལགས་ཞེས་སྦྱར་ན་མི་བདེ། དེ་བཞིན་སྐྱབས་རྗེ་དང་སྐྱབས་མགོན་ཞེས་པ་ཡང་དེ་དེ་བཞིན་དུ་སྣང་།
ཁྱེད་ཀྱིས་ང་ལ་འཕྱས་འདུག་མོད། ངའི་དོགས་པ་དངོས་གནས་ཡིན།
གོང་གི་ཡིག་ཕྲེང་གསུམ་པར་ཐ་སྙད་ཚད་མ་ཞེས་པའི་ཐ་སྙད་ཅེས་པ་ཆད་འདུག་པ་དང་། ་མི་ཕམ་རིན་པོ་ཆེས་ལྟ་བ་དགག་གཉིས་དང་བྲལ་བའི། །ཞེས་པའི་མི་ཕམ་རིན་པོ་ཆེས་ཞེས་པ་ཆད་འདུག་པ་དགོངས་འཇགས་འཚལ།
སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པ་ནི་རོང་ཟོམ་པའི་གཞུང་མང་པོ་དང་ཁྱད་པར་དུ་ལྟ་བའི་བརྗེད་བྱང་ཆེན་མོ་འབྲས་བུ་རོལ་བའི་ཆོ་འཕྲུལ་དུ་ལྟ་བའི་ཡི་གེ་སོགས་ཀྱི་དངོས་བསྟན་རེད།
ཡེ་ཤེས་མེད་ན་འོག་མིན་སྟུག་པོ་བཀོད་པ་རྟོག་ངོའི་རི་མོར་འགྱུར་བ་ལས་ཅི་ཡོད་ཟེར་ན་གང་སྨྲ། ཕྱེད་རྩེད་མོ་ཡིན།
རང་ལ་བླ་མའི་མན་ངག་ཡོད་ན་ངའི་སྐད་ཆ་ལ་གོ་བ་ལོས་ལོན།
དགེ་ཆོས་ཀྱིས་བཤད་པ་ནི་ཐལ་འགྱུར་བའི་མཐར་ཐུག་གི་ལྟ་བ་རང་རེད།
ཡིན་ན་ཡང་། དེ་ནི་མཉམ་བཞག་རྩལ་ཏུ་འདོན་པའི་སྐབས་རང་རེད།
གཞུང་གཅིག་གིས་ཕྱོགས་གཅིག་རྩལ་ཏུ་བཏོན་ནས་འཆད་པའང་ཡོད།
ཕྱོགས་གཉིས་ཞིབ་ཏུ་དབྱེ་བར་བྱས་ནས་འཆད་པའང་ཡོད། གཡག་གཞར་གྱི་རྩྭ ལྟར་མི་ལྟའོ། །
ངས་ཆེན་པོ་རང་ཅང་མི་ཤེས་ཏེ། གང་ཟག་ལ་སྐུར་འདེབས་མིན་པའི་གཞུང་གི་ཐོག་ནས་བཤད་ན་གང་ཤེས་ཀྱིས་བཤད་འདོད་འདུག
སྤྲོ་བོ་འདུག
སློབ་དཔོན་ཚད་མ་རྒྱལ་དབང་མཚོ་འཁྲུངས་ཞབས། །
མཁན་ཆེན་ཚད་མ་བྱང་སེམས་ཞི་འཚོ་རྗེ། །
ཆོས་རྒྱལ་ཚད་མ་ཁྲི་སྲོང་རྣམ་གསུམ་ལས། །
བྱུང་བའི་བཀའ་གཏེར་རྒྱ་མཚོའི་བསྟན་པ་རྨད། །
རང་ལུགས་མཁས་པའི་གཞུང་ལུགས་ལྷུན་པོའི་ལྟོས། །
བཞུགས་བཞིན་གང་གཱའི་འགྲམ་དུ་བ་ཚྭ་ཡི། །
ཁྲོན་པ་རྐོ་བའི་རྣམ་ཐར་སྐྱོང་བ་རྣམས། །
ཀྱེ་མ་ཡལ་གའི་རི་དྭགས་ངང་ཚུལ་སྟོན་པར་ཟད། །
བཀའ་བརྒྱུད་པན་ཆེན་ཏྰ་ཡི་སི་ཏུ། དགེ་ལུགས་སྐྱབས་མགོན་ཏྰ་ལའི་བླ་མ། མཁན་ཆེན་ཁྲ་འགུ ས་སྐྱ་ཁྲི་འཛིན། གྲུབ་དབང་པད་ནོར། སྨན་རི་ཁྲི་འཛིན་སོགས་ས་དགེ་བཀའ་རྙིང་བོན་དང་བཅས་ངོས་ལེན་གཙང་མ་ཡོད་པ་དེ་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལས་གཞན་དག་ཀརྨ་པ་ཡོད་པ་གསུངས་ཟུར་ཙམ་ཡང་མི་འདུག་གདའ། བོད་གཞི་བྱེས་དང་རྒྱལ་ཕྱི་ནང་ལ་གྲགས་པ་དོན་དང་ལྡན་པ་རེད། ༧ཀརྨ་པ་མཁྱེན་ནོ། ཀརྨ་པ་ཞེས་པ་ནི་དཔལ་ལྡན་དུས་གསུམ་མཁྱེན་པའི་སྐྱེ་རྒྱུད་ལ་ཐོགས་པའི་མཚན་ཏེ། དུས་ནམ་ཞིག་ཐོགས་པ་ནི། གོ་ཤྲི་དཔལ་འབྱོར་དོན་འགྲུབ་ཀྱི་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་ལས། རྗེ་དུས་གསུམ་མཁྱེན་པ། དབུ་ལོ་བསིལ་རབ་ཏུ་བྱུང་བའི་དུས་སུ། བྲམ་ཟེ་ཆེན་པོ་ས་ར་ཧ་པ་ལ། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བྱོན་ནས། ཀརྨ་པ་ཞེས་ཕྲིན་ལས་བཞི་ལ་དབང་བསྐུར། ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས། དགུང་ལོ་བཅུ་དྲུག་ལ་ཆོས་འཁོར་ཀ་བྲག་བྱ་བར་མཁན་པོ་མཆོག་གི་བླ་མ་དང་སློབ་དཔོན་ཆག་སེང་གེ་གྲགས་ལས་རབ་ཏུ་བྱུང་། དཔལ་ཆོས་ཀྱི་གྲགས་པར་མཚན་གསོལ། གཙུག་ཕུད་དོར་བའི་ཚེ་ཡེ་ཤེས་ཀྱི་ཌཱ་ཀི་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་མཁའ་འགྲོའི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་གི་ཅོད་པཎ་བཅིངས་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་བསྡུས་སུ་མཛད་པའི་ཕྱིར་ཀརྨ་པ་ཞེས་མཚན་གསོལ་བར་གཟིགས་པས་ཕྱིས་དབུ་ཞྭ་ནག་པོ་བསྣབས། ཞེས་པས་དུས་མཁྱེན་གྱི་དག་སྣང་ལས་བྱུང་བའི་གསང་མཚན་ཡིན་ལ། སྐུ་ཕྲེང་གཉིས་པ་ཀརྨ་པཀྴིའི་སྐབས་ཡོངས་ཁྱབ་ཏུ་གྱུར་པ་སྟེ། མི་བསྐྱོད་རྡོ་རྗེའི་ཞྭ་ནག་བྱུང་ཁུངས་ལས། རྣལ་འབྱོར་དབང་ཕྱུག་དུས་གསུམ་མཁྱེན་པ་ཡི། །མཆོག་གི་སྤྲུལ་སྐུ་ཆོས་ཀྱི་བླ་མ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །ཀརྨ་པ་ཡི་མིང་གི་དབང་མཆོག་བསྐུར། །ཞེས་དང་། ཀརྨ་གཞན་ཕན་རྒྱ་མཚོའི་ཀཾ་ཚང་ཡབ་སྲས་དྲུག་གི་རྣམ་ཐར་ལས། གཙོ་བོར་བྱང་ཆུབ་ཀྱི་སེམས་དང་རྫུལ་འཕྲུལ་གྱི་ནུས་པ་སློབ་དཔོན་པདྨ་དང་རྣམ་དབྱེ་མེད་པར་བསྟན་ནས་འཛམ་གླིང་འདུལ་བར་མཛད་པས་ཀརྨ་པ་ཞེས་ཡོངས་སུ་གྲགས་པའང་དེ་ནས་བྱུང་། ཞེས་སོ། །
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་མའི་གྲུབ་མཐའ་ལས། དུས་མཁྱེན་གྱིས་ཕྱིས་སུ་ཀརྨ་ལྷ་སྟེང་གི་དགོན་པ་བཏབ་པས་ཀརྨ་པ་ཞེས་ཐོགས། ཞེས་དང་། བྲག་གཡབ་གདོང་ཀཾ་ཁྲི་རིན་པོ་ཆེའི་རྒྱུད་སྡེ་ཀུན་བཏུས་དཀར་ཆག་ལས། ཁམས་པ་དབུ་སེའམ་དུས་གསུམ་མཁྱེན་པས་ཀརྨ་ལྷ་སྡིང་གི་དགོན་པ་བཏབས་ནས་དེར་བཞུགས་པས་ཀརྨ་པར་གྲགས། ཞེས་པ་ལྟར་ནི་མིན་ཏེ། ཀརྨ་ལྷ་སྟེང་གི་དགོན་པ་ནི་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐུལ་ནས་གཞན་དོན་འབྱུང་བར་དགོངས་ཏེ་ཀརྨར་བྱོན། གཞན་ཕན་གྱི་ལྟས་མཁྱེན་ནས་ལྷ་སྟེང་གི་རི་ཁྲོད་བཏབ་ལ་ཀརྨ་པ་ཞེས་པའི་མཚན་ནི་སྔོན་ནས་གྲགས་ཟིན་པའི་ཕྱིར་རོ། །
ཀརྨ་པའི་རྒྱལ་ཚབ་ཏུ་བཞུགས་ཤིང་མཛད་ཕྲིན་རྒྱ་ཆེ་བའི་ཞྭ་དམར་སྐུ་ཕྲེང་འགའ་ལ་ཀརྨ་པ་ཞེས་འབོད་པའང་བྱུང་སྟེ། འགོས་ལོའི་དེབ་སྔོན་དུ་དཔལ་ཀརྨ་པ་ཞྭ་དམར་ཅོད་པཎ་འཛིན་པ་བཞི་པ་ཞེས་བཀོད་པ་ལྟ་བུའོ། །
གཞན་སྨོན་ལམ་ཚིག་མཛོད་དུ། ཀརྨ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་བླ་མ་དང་མཁན་པོ་སོགས་ལ་ཡང་ཀརྨ་པ་ཟེར། ཞེས་བྲིས་པ་ནི་དོན་དངོས་མིན་པའི་ཀྱོག་བཤད་དེ། རབ་ཏུ་བྱུང་བ་ན་མཁན་སློབ་ཀྱི་མཚན་ནས་འདོགས་པའི་རྒྱུན་སྲོལ་བཞིན་ཀརྨ་པར་མིང་ཞུས་པའི་ཕོ་མོ་དག་ལ། ཀརྨ་ཚེ་རིང་དང་ཀརྨ་སྒྲོལ་མ་ཞེས་པ་ལྟ་བུ་མིང་གི་མགོར་ཀརྨ་གནང་སྲོལ་ཡོད་པ་ཙམ་ལས་ཀརྨ་པ་ཞེས་ཆ་ཚང་གནང་བཞག་པ་ནི་སུ་ཡང་མེད་པའི་ཕྱིར་རོ། །
གོང་ས་ལྔ་པ་ཆེན་པོ་སོགས་དགེ་ཕྱོགས་ཀྱི་མཁས་པ་འགས་ཀརྨ་པ་ན་རིམ་གྱི་མཚན་སྨོས་པ་ན་ཀརྨ་མི་བསྐྱོད་རྡོ་རྗེ་ཞེས་སོགས་ཀརྨ་ལས་པ་མ་བོས་པ་ནི་ཐུགས་མ་རངས་པའི་ཚིག་ཏུ་མངོན་ཏེ་རང་ཕྱོགས་ཀྱི་ཡིག་ཆ་གང་ནའང་ཀརྨ་པཀྴི་ལས་གཞན་པར་དེ་འདྲའི་འདོགས་སྲོལ་མི་སྣང་བའི་ཕྱིར་རོ། །
ཀརྨ་པ་ཞེས་པའི་མཚན་དོན་ནི། ཀརྨ་ཕྲིན་ལས་པའི་དྲི་ལན་རྣམ་པར་ཐར་པའི་དོན་བསྡུས་ལས། རྒྱ་སྐད་ཀརྨཱ་ཞེས་པ་བོད་སྐད་དུ་ལས་ཞེས་བྱ་བར་བསྒྱུར་དགོས་པས། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ་ཡིན་པའི་དོན་གྱིས་ན་ཀརྨཱ་པ་ཞེས་གྲགས་པའོ། །ཞེས་འབྱུང་བ་ལྟར་རོ། །
ཀརྨ་པ་མཁྱེན་ནོ། །ཞེས་པ་ནི་བོད་ཁམས་སྟོད་སྨད་ཀུན་ན་ཧ་ཅང་དར་ཁྱབ་ཆེ་བའི་བླ་མའི་གསོལ་འདེབས་ཤིག་སྟེ། ཀརྨ་ཆགས་མེད་ཀྱི་རི་ཆོས་ལས། དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་སམ། །རྒྱ་གར་སྐད་དུ་ཀརྨ་ཞེས་བྱ་སྟེ། །བོད་སྐད་སྒྲ་ཡི་འགྱུར་ལ་ལས་ཞེས་བྱ། །དོན་འགྱུར་སངས་རྒྱས་ཀུན་གྱི་ཕྲིན་ལས་པ། །དེ་ཕྱིར་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་། །སངས་རྒྱས་ཕྲིན་ལས་སྒྲུབ་མཁན་ཁོ་ནའི་ཕྱིར། །ཀརྨ་པ་མཁྱེན་བརྗོད་ཀྱང་ཆོག་པ་ཡིན། །ཞེས་གསུངས་པས་བརྒྱུད་པའི་བླ་མ་སྤྱིའི་མཚན་བསྙེན་དུ་རུང་བའི་ཚིག་གལ་པོ་ཆེ་བྱིན་རློབ་ཀྱི་ཚན་ཁ་ལྡན་པ་ཞིག་ཡིན་པར་མངོན་པས་ཀུན་གྱི་ཐུགས་དམ་དུ་བྱ་བར་འོས་སོ། །
རྫ ་ཚེ་རིང་བཀྲ་ཤིས་ལགས་སུ་ཞུ་རྒྱུར།
ད་ཕྱིན་ཆད་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱི་ཁྱབ་བསྒྲགས་དང་འབྲེལ་བའི་དྲ་ཐོག་ཏུ་
མ་འགོད་རོགས། གང་ཡིན་ཞེ་ན། མཁན་ཆེན་ཁོང་རང་ཉིད་ཀྱི་མཛད་རྣམ་ངོ་སྤྲོད་དང་
སྐུ་པར་འགྲེམ་སྤེལ་སོགས་ལ་ཐུགས་མི་དགྱེས་པ་ངར་རྒྱུས་གསལ་པོར་ཡོད།
དཔེར་ན་ཁོང་གི་སྐུ་པར་འཚོང་རྒྱག་མཁན་དག་ལས་སྐུ་པར་ཚུར་ཉོས་མཛད་དེ་
ད་ཕྱིན་ཆད་ཁོང་གི་སྐུ་པར་བཙོང་མ་ཡོང་ཞེས་རེ་སྐུལ་མཛད་པ་མངོན་སུམ་གྱི་མཐོང་ཐོས་བྱུང་།
ཁྱེད་ཀྱིས་ལྷག་བསམ་རྣམ་དག་ཡིན་པར་ཡིད་ཆེས་ཡོད་ཀྱང་གནས་ཚུལ་དང་རྒྱུ་མཚན་འགའ་ཤས་ལ་
བརྟེན་ནས་ཁྱབ་བསྒྲགས་བྱེད་མི་ཉན་པར་ཤེས་སོང་།
༡ ༽ མཁན་ཆེན་ཁོང་ལ་དད་འདུན་ཡོད་མཁན་གྱི་བོད་པ་ཞིག་ཡིན་ནས་བཟུང་སྟེ་ཁོང་ལ་རྒྱུས་
རགས་རིམ་ཞིག་ཡོད་པས་ཁྱབ་ན་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་ལ་དགེ་མཚན་དམིགས་བསལ་
མེད་པ་དང་།
༢༽ ཁོང་ལ་དད་མོས་མེད་མཁན་དག་གི་སྐུར་འདེབས་ཀྱི་གོ་སྐབས་དང་ས་མིག་སྐྲུན་པ་
དང་མཚུངས་པས་སོ།།
༣ ༽ཕྲག་དོག་ཅན་རྣམས་ཕྲག་དོག་གི་རྒྱུ་རྐྱེན་ལྟ་བུར་འགྲོ་གི་འདུག་པས་ཐུགས་གཟབ་གནང་རོགས།
དཔེར་ན་ཁྱེད་ཀྱིས་ཟིན་བྲིས་འདྲ་མིན་ནང་དུ་ཁོང་གི་སྐོར་བཀོད་དུས་བསྟོད་པ་ལས་
སྐུར་འདེབས་མང་བ་ལྟ་བུ་འདུག་པས་ཁྱེད་ལ་དམིགས་བསལ་ཐུགས་ཚོར་འདྲ་གང་མི་འདུག་གམ།
ཁོང་རང་གིས་དགོངས་ཁྲོལ་འདྲ་ཡོད་ན་མ་གཏོགས་དེ་དག་ཐུགས་ལ་འཛིན་རོགས།
ཁྱེད་རང་གི་མིང་གྲགས་ཀྱི་ཆེད་དུ་མིན་པར་སྨོན་ལམ་འདེབས།
འདི་ནི་ཁྱེད་ཀྱིས་དགེ་ཆོས་ལ་ཞེན་པའི་ཞེན་ལྟས་རོང་ཀློང་གཉིས་ཀྱི་དགོངས་པ་ལ་ཡང་སྐུར་བ་ཆེན་པོ་འདེབས་ཕོད་པ་ནི་ཨ་ཙ་མ་ཡིན་ནོ། །ཕ་དམ་པ་རང་ཁྱིམ་ནས་ཕྱི་ལ་བཏོན། འབྲེལ་བ་མེད་པའི་མི་ཞིག་ཏུ་
བཅུག་ཏུ་ཨུ་ཚུགས་ཀྱིས་བཅུག་པ་ལ་དགོས་པ་ཅི་ཞིག་འདུག་སོམས་ཤིག གོང་དུ་ཕྲན་གྱིས་ཀུན་མཁྱེན་ཀློང་ཆེན་པོས་གྲུབ་མཐའ་མཛོད་དུ་ཇི་ལྟར་གསུངས་པའི་ཚུལ་བཤད་པ་ལྟར་ཡིན་ཏེ། རྗེ་རོང་ཟོམ་པཎ་ཆེན་ཡང་
དེ་ལྟར་བཞེད་པར་རྩོད་པ་མེད་ལ། ཁྱེད་ཀྱིས་མི་ཤེས་ཤེས་མདོག་གིས་དཔལ་སྔ་འགྱུར་བའི་ཞབས་མ་འདྲེན་
རོགས། སྔ་འགྱུར་རང་གཞུང་གང་ན་འོག་མིན་སྟུག་པོ་བཀོད་པ་་མེད་གསུངས་འདུག་ང་ལ་གཅིག་སྟོན་དང་།
འོ་ད་ལྟ་དེ་ཕོ་ལགས་ནས་གསུངས་པ་ལྟར་རེད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཁོང་ལ་དད་པ་དག་སྣང་ང་ལ་
ཡང་ཡོད། ཁོང་གིས་ཀླུ་སྒྲུབ་དགོངས་རྒྱན་ཁྲིད་གནང་བར་དགོས་པ་རྒྱུ་མཚན་ཁྱད་པར་བ་ཞིག་ལོས་ཡོད། འོན་ཀྱང་ཁྱེད་ཀྱིས་དགེ་ཆོས་ཀྱི་ལྟ་བ་དང་དཔལ་སྔ་འགྱུར་བའི་ལྟ་དགོངས་གཅིག་ཏུ་མ་བསྲེ་རོགས་ཞུས་པ་ཡིན།
ཀརྨ་ཡེ་ཤེས་ལ་ནན་ཏན་དུ་ལབ་རྒྱུར། ༧གོང་ས་མཆོག་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ལས་དགེ་ལུགས་སྐྱབས་མགོན་ཞེས་པ་འདི་འདྲ་དེང་ཕྱིན་མ་བཤད་རོགས་ཞེས་རེ་བསྐུལ་ཡིན།
གཞན་ཀརྨ་པ་ནག་རིལ་དེ་མགོ་མཐོ་མཐོ་བྱས་ནས་འདུག་རྒྱུ་བྱུང་བ་༧གོང་ས་མཆོག་གི་ཞབས་རྡུལ་གྱི་བྱིན་རླབས་ཡིན་པར་ཤེས་མཛོད།
སི་ཏུ་སུ། རྒྱ་མི་ལ་མགོ་བཏགས་མཁན་རྒྱ་གར་གྱི་དགྲ་བོ་དེ་ཨེ། མ་གཞི་ཀརྨ་བཀའ་བརྒྱུད་པ་འདི་ཚོ་ལྷོ་བྲག་མར་པ་དང་། གུང་ཐང་མི་རས་པ། སྒམ་པོ་པའི་སློབ་བརྒྱུད་ཡིན་བཟོ་གཏན་ནས་མིན་འདུག ཆེ་ཆེ་རྫིག་རྫིག་རང་རེད་འདུག ད་རེ་བ་ཏོག་ཙམ་ཡོད་ས་དེ་༧རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་དང་། ༧རྒྱལ་དབང་ཀརྨ་པ་ཤར་པ་མཆོག་རྣམ་གཉིས་རེད་འདུག ཁོང་གཉིས་ཐུགས་མཐུན་ན་རེ་བ་ཞིག་འདུག
ཁ་སང་ཞིག་ལ་༧ཀརྨ་པ་ཤར་པས་ཀ་ལུ་རིན་པོ་ཆེའི་དགོན་པའི་གཤམ་གྱི་ཤར་པ་དགོན་པར་དད་ལྡན་རྣམས་ལ་བཀའ་ཆོས་ཟབ་རྒྱས་གནང་བ་ཚགས་ཤོག་ནང་གསལ།
བྱ་གླག་རྒོད་ལགས། འཇམ་མགོན་མི་ཕམ་པས། ཀ་བ་ཀ་བའི་བདེན་གྲུབ་གཉིས།། གཅིག་ན་གཅིག་ཁག་གཞན་ན་ནི།། བདེན་གྲུབ་ཁེག་ཀྱང་ཀ་བ་ནི།། གང་གིས་མི་སྟོང་དཔྱད་བཟོད་འགྱུར།། གསུངས་བའི་དོན་གང་རེད་ལགས།
བཀྲིས། མཆན་བུ ༣༤ བཀླགས་པས་གད་མོ་ཤོར་ནས་བྲོག་ཁོག་གཟུགས་རྒྱག་སོང་། དངོས་གནས་ཐུགས་ཁག་མེད་ཡ། ཏོག་ཙམ་ཏོག་ཙམ་བཤད་རེས་མ་བྱས་ན་ག་ནས་འགྲིག ༧རྒྱལ་དབང་ལྔ་པས། མ་བཤད་བུས་ཀྱང་མི་གོ་རན་པར་སྨྲ། །ཞེས་གསུངས་སྣང་།
ཡང་ཀརྨ་ཡེ་ཤེས་ལ་ཞུ་རྒྱུ། ངའི་ཉེ་ས་ན་དད་ལྡན་ཞིག་འདུག་པ་དེས་བཀའ་བརྒྱུད་སྨོན་ལམ་ལ་མང་ཇ་ཕུལ་དགོས། སྨོན་ལམ་ག་དུས་རེད་ཟེར། ཁྱོད་ཚོ་བཀའ་བརྒྱུད་པའི་སྨོན་ལམ་པ་ཊི་མང་པོས་ཚོགས་གི་འདུག་པར་ངས་ཁོ་ལ་ལན་རྒྱག་མ་ཐུབ། ད་ག་གི་ལ་ཆ་འཇོག་དགོས་རེད་དམ།
སི་ཏུའི་ཀརྨའི་སྨོན་ལམ་ནི་བཙན་པོ་སྨོན་ལམ་ལས་དད་པའི་སྨོན་ལམ་གྱི་བཟོ་ཅང་མིན་འདུག དེ་ལས་ཞ་དམར་སྨོན་ལམ་དེ་དྲག་ས་རེད་སྨོ། དེ་སྐབས་བལ་ཡུལ་ནས་སྙེ་ཤང་གི་ཨ་ནི་མཛེས་མ་མི་ཉུང་བ་འོང་གིན་འདུག་དེ་ཡག་ས་རེད། ད་ཁོ་ལ་ཞ་དམར་སྨོན་ལམ་ངོ་སྤྲོད་གི་ཡིན་ད།
གཟུགས་ཟུག་ལ་བཅོས།
གཅིག་ན་གཅིག་ཁེག་གཅིག་ཀྱང་ཁེག། གཞན་ན་ཀ་བ་མ་ཡིན་པའི།། བདེན་གྲུབ་ཁེག་ཀྱང་ཀ་བ་ནི།། གང་གིས་མི་སྟོང་དཔྱད་བཟོད་འགྱུར།། ནོར་བཅོས།།
མིག་བརྒྱད་པ་ལགས། དགེ་ཆོས་གཤེགས་ཁར་རྟེན་འབྲེལ་བསྟོད་པ་འདོན་ཞེས་པ་ལོ་རྒྱུས་དེབ་ཐེར་ག་རེའི་ནང་གཟིགས་སོང་། དེ་དུས་རྟེན་འབྲེལ་བསྟོད་པ་ཞེས་པའི་གོང་འོག་ཅིག་ཏུ་རྫོགས་ཆེན་སྨོན་ལམ་ཞེས་པ་དེ་ཁྱོད་མིག་བརྒྱད་ཅན་ཞིག་གིས་མ་མཐོང་བ་འདི་བཤེས་གཉེན་དང་། གྲོགས་དང་། གྲུབ་མཐའ་ལས་བྱུང་བའི་ཀུན་བཏགས་ཀྱི་སྒྲིབ་བྱེད་ཅིག་གིས་སྒྲིབ་པ་གོར་མ་ཆགས་སྙམ།
མེ་དཀར་ལགས། ཟླ་བ་བཟང་པོས་རག་ར་ལ་བསྐུར་བའི་ཡི་གེའི་ནང་། གཤེགས་ཁའི་མཐའ་མར་རྟེན་འབྲེལ་བསྟོད་པ་ཞིག་མཉམ་དུ་བཏོན་གསུངས་ནས། རྟེན་འབྲེལ་བསྟོད་པ་གསུངས་བཞིན་པའི་མུར་ཞི་བའི་དབྱིངས་སུ་གཤེགས་སོང་། ཞེས་པ་འདི་རག་རས་དགེ་ཆོས་ཀྱི་ལོ་རྒྱུས་སུ་དྲངས་འདུག །རག་རས་འདི་ལྟར། གང་ལྟར་བླ་དགེ་མང་པོ་ཐུགས་འཁྲུག་ཡུལ་གྱི་ཨ་མདོ་བ་དགེ་འདུན་ཆོས་འཕེལ་ནི། རྗེ་བླ་མའི་གསུང་བཟང་གསུང་གི་སྙིང་པོ་དམ་པ། སྟོན་པ་ཐུགས་རྗེ་ཅན་ལ་རྟེན་ཅིང་འབྲེལ་བར་འབྱུང་པའི་སྒོ་ནས་བསྟོད་པའི་ཚངས་པའི་དབྱངས་དེ་གསུངས་བཞིན་དུ་གཤེགས་འདུག་པས།་ཡར་ལ་ཕེབས་ནས་ཡིད་དགའ་ཆོས་འཛིན་ནས་ཕྱི་བལྟས་ཤིག་གཟིགས་ནས་འཛུམ་ཙམ་གནང་མེད་དམ་སྙམ། ཞེས་པ་འདི་རེད། གལ་ཏེ་རྫོགས་ཆེན་སྨོན་ལམ་གསུངས་ཡོད་ན་ཟླ་བཟང་མཉམ་དུ་ཡོད་པས་ཟླ་བཟང་གིས་གནས་ཚུལ་དེ་གསལ་བོ་བཤད་ངེས་རེད། སྦས་དགོས་དོན་ཅི་ཡོད།
འོ་ང་ཚོས་བླ་མ་སུ་ཆེ་དང་གོ་ས་སུ་མཐོ་བརྩད་པས་ཅི་ཞིག་ཡོང་རྒྱུ་ཡོད། དབང་ཆེན་ལགས་ཀྱིས་གོང་དུ་ཕྲན་ལ་དྲི་བ་བཀོད་གནང་བར་དགའ་བསུ་ཡོད། མི་ཕམ་རིན་པོ་ཆེའི་གསུང་འདིས། དགེ་ལྡན་པའི་ལུགས་སྤྱིར་
དགག་པ་མ་ཡིན་པར། དགེ་བཤེས་འགའ་ཤས་ཀྱིས་་ད་ལྟའི་སྣང་བ་ལིང་ལིང་པོ་དེ་བདེན་གྲུབ་ཀྱི་སྣང་ཚུལ་དང་དེ་ལྟར་འཛིན་པ་བདེན་འཛིན་ཡིན་པར་ངོ་མ་འཕྲོད་པར། བདེན་གྲུབ་བྱ་བ་དེ་ལས་གཞན་ཞིག་ཡོད་སྙམ་
པ་དེ་བཀག་པའི་གཞུང་རེད། དེ་ལྟར་སྣང་བ་ལིང་ལིང་པོའི་ཀ་བ་དེ་བདེན་གྲུབ་གཉིས་གཅིག་ཐ་དད་བརྟག་
པའི་སྒོ་ནས་བཀག་པ་རེད། ཡང་དོན་དམ་པར་དཔྱོད་པའི་དཔྱོང་ངོར་ཀ་བ་ཀ་བས་སྟོང་བ་སྟེ། དེའི་ངོར་ཀ་བ་
མེད་པ་ལ་གོ་ཡི་དེས་ཀ་བ་བཀག་པ་ལ་གོ་མི་རུང་། དེ་ཡང་མི་ཕམ་རིན་པོ་ཆེས་ཀ་བ་ཀ་བས་སྟོང་བའི་དོན་ནི་
ཀ་བ་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་གསུངས་པས། དོན་དམ་དཔྱོད་པའི་སྐབས་ཡིན་པར་ཤིན་གསལ། དེས་ན་ སྤྱིར་ཀ་བ་ཀ་བས་སྟོང་མི་ཟེར་བའི་ཚུལ་འདི་མི་ཕམ་རིན་པོ་ཆེའི་དགོངས་པ་རྨ་མེད་པ་ཡིན།
རྫ་ཚེས་ཁྱབ་པ་ལོ་བཅོ་བརྒྱད་ལ་མ་གྲུབ་པོ་ཟེར་བ་དེ་གང་དུ་བུད་སོང་། དགེ་ཆོས་ཀྱི་སེམས་ལ་ཅི་ཞིག་དྲན་འདུག་པ་སུས་ཀྱང་བཤད་དཀའ་མོད། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་མཚན་མ་དག་ལས་ཤེས།།ཞེས་པ་ལྟར་ལུས་ངག་གི་རྟགས་མཚན་ལས་དཔོག་པ་ཞིག་ཡོད་ངས་ཤེས་ཟེར་བའི་དོན་དེ་ཡིན།
གོང་དུ་དགོས་ཡོད་དགོས་མེད་ཀྱི་སྐད་ཆ་མང་པོ་ཞིག་བཤད་འདུག ། གང་ལྟར་མཁན་པོ་ཚེ་བཀྲ་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་མཁན་པོ་ཁོང་གི་བཀའ་སློབ་ཕབ་བཤུ་གནངས་པར་ངོས་རང་དགའ་བ་རབ་ཏུ་བཏགས། དེབ་དེ་ལ་དྭགས་དང་། འབྲུག་ཡུལ། འབྲས་ལྗོངས་སོགས་སུ་དར་ཁྱབ་ཆེན་པོ་བྱུང་སོང་ལ། དེ་གའི་མི་རྣམས་ལ་ཁ་ཚ་དགོས་གཏུགས་ཀྱིས་ཕན་རླབས་ཆེན་ཆེན་པོ་བྱུང་བས། ངས་ཁྱེད་ལ་བསྐྱར་དུ་ཐུགས་རྗེ་ཞེས་སྙིང་སྟེང་ནས་ཞུ་བཞིན་ཡོད།
སྔ་འགྱུར་རྙིང་མའི་རང་ལུགས་ནོར་བུའི་མཛོད། །
སྲུང་ལ་ལུང་རིགས་མཆུ་སྡེར་གཙིགས་པ་ཅན། །
བྱ་གླག་རྒོད་པོའི་རྣམ་དཔྱོད་གཤོག་འགྱུར་གྱིས། །
བཀའ་གཏེར་རྒྱ་མཚོ་ཡུད་ཀྱིས་སྐྱོམ་ལ་ལྟོས། །
གོང་དུ་དགོས་ཡོད་དགོས་མེད་མང་པོ་མང་ཞིག་ལབ་ཀྱིན་འདུག་གང་ལྟར་ཀྱང་མཁན་པོ་ཚེ་བཀྲ་ལགས་ངོས་ནས་སེམས་གཏིང་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་་་་་་་་་་་་་་་ལྷག་དོན་དུ་འབྲུག་ཡུལ་དང་ལྭ་དག་འབྲས་ལྗོངས་སོགས་སུ་དར་ཁྱབ་ཧ་ཅང་ཆེན་པོ་འདུག་མ་ཚད་ཕན་ཐོག་ཡང་ཆེན་པོ་བྱུང་དང་བྱུང་བཞིན་ལགས་སོ་་་་་་་་་་་ཁར་སང་ཅུང་སྔོན་དུ་མི་ཉག་ཕྱོགས་སུ་སློབ་གྲྭ་མང་པོའི་ནང་དུ་འདྲེན་སྤེལ་བཞིན་འདུག་ཡང་གྲོགས་པོ་མང་པོ་ཞིག་གིས་ལབ་སོང་།
སྤྱིར་དགེ་ཆོས་ནི་རྒྱ་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་རིག་གནས་སོགས་ལ་མཁས་པའི་ཕུལ་དུ་ཕྱིན་པས་མངོན་པར་
བསྟོད་འོས་མོད། དབུ་མའི་ལྟ་བ་འཆད་སྐད་བྱས་པ་ནི་ཧམ་པ་གནམ་མཁར་མི་ཤོང་བ་ཞིག་བྱས་འདུག་སྟེ།
དཔལ་ལྡན་ཟླ་བའི་རྩ་འཇུག་བཞི་གསུམ་དང་རིགས་པ་དྲུག་པའི་འགྲེལ་བ་རྣམས་དཔང་བོར་བཞག་ནས་རྒྱ་
མཚོའི་ཕ་རོལ་ཏུ་སླར་མི་ལྡོག་པའི་ཚུལ་གྱིས་བསྐྲད་པར་བྱ་བ་རང་རེད་འདུག་གོ། །སློབ་དཔོན་མིག་བརྒྱད་པ་
འདི་མང་དུ་ཐོས་པའི་ནོར་བུའི་ཕྲེང་བས་མགུལ་བ་བརྒྱན་པ་ཞིག་ཡིན་ཚོར། དེས་ན་དགེ་ཆོས་དགེ་མིན་རྙིང་མིན་གྱི་མི་ཞིག་ཡིན་པར་གདོན་མི་ཟའོ། །
དགེ་ཆོས་བཤེགས་ཁར་རྫོགས་ཆེན་སྨོན་ལམ་བཏོན་པ་འདི་མི་རྒན་ཤེར་རྒྱམ་གྱི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སུ་གསལ་བ་ཡིན།
མེ་ཏོག་དཀར་པོ་ལགས། ང་ལ་གསོལ་ཆང་གང་གནང་དང་རྩོད་པ་ཡུན་གྱིས་བྱེད་ཆོག
ངའི་ཁ་ལྕེ་སྐམ་འདུག
དེ་ཕོ་ལགས་ཀྱི་ལྷག་བསམ་རྣམ་དག་གི་གསུང་ལ་ངས་གུས་ཞབས་ཞུ་བཞིན་ཡོད།
ངས་ཀྱང་མཁན་པོ་སང་ཁྱབ་བསྒྲགས་དང་ཆོས་བརྒྱད་ལ་མི་མཉེས་པ་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད།
ཁོང་ནི་འཇིག་རྟེན་ཆོས་བརྒྱད་ལ་མི་མཉེས་པ་ཞིག་རེད།
འོན་ཀྱང་། ཕྱོགས་གཞན་ཞིག་ནས་ཁོང་གི་ཡོན་ཏན་དང་མཁྱེན་པའི་རྗེས་སུ་འབྲེལ་བའི་ཕན་ནུས་ཞིག་ཐོན་དགོས་ན་ང་ཚོའི་ངོས་ནས་ཁོང་ཉིད་རྒྱལ་སྤྱིའི་སློབ་དཔོན་ཞིག་ཏུ་སྒྱུར་ཐུབ་དགོས་པ་འདུག
དྲ་ཐོག་གི་ལས་རིགས་འདི་དག་ཁོང་ཐུགས་མི་བརྙེས་པའང་མ་ངེས་ཏེ། ཁོང་གི་ཉིན་བཞིའི་སྔོན་རང་ལ་ཡང་། བསམ་བློ་རྗེ་རེས་དང་སློབ་སྦྱོང་གི་ཆེད་དུ་ཡིན་གསུང་ནས་སྐུ་སྒེར་གྱི་ཝི་པོ་ཞེས་སུ་གྲགས་པའི་ཟིན་ཕྲིན་ཞིག་བོད་ཡིག་ཐོག་སྒོ་ཕྱེས་གནང་ཡོད་པར་མ་ཟད། དེ་ལ་ལྟ་ཀློག་མཁན་དང་། མཆན་བུ་འདེབས་མཁན་ཡང་རང་དབང་ཡིན་པ་དང་མྱུར་ཚད་མགྱོགས་པོས་འཕེལ་བཞིན་འདུག
གཤམ་གྱི་འདི་ནི་ཁོང་གི་བོད་ཡིག་ཟིན་ཕྲན་སྒོ་འབྱེད་སྐབས་ཀྱི་ཆེས་ཐོག་མའི་གསུང་འཕྲིན་རེད།༼དྲྭ་ཐོག་ན་རྒྱུ་བའི་བོད་རིགས་སྤུན་སྲིང་རྣམ་པ། དེ་རིང་ངས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཀྱི་ཆེད་དུ་པོད་ཕྲན་ཞིག་སྒོ་ཕྱེས་པ་ཡིན་པས་གཟིགས་པར་ཞུ།༽ཞེས་དང་། ཡང་ཁོང་གིས་ད་བར་སྤེལ་བའི་ཟིན་ཕྲན་ཁག་ལྔ་ཡོད་པའི་གཅིག་ཏུ་འདི་ལྟར། ༼གློག་རྡུལ་ལག་རྩལ་ལ་བརྟེན་ནས་སྐད་དང་ཡི་གེ་རྩིས་འཕྲུལ་དང་དྲྭ་ཐོག་ཏུ་བཀོལ་བ་འདི་ལ་སྐད་ཡིག་དེང་རབས་ཅན་དུ་བསྒྱུར་བ་ཞེས་བྱ་སྟེ། ཤིན་ཏུ་གལ་ཆེའོ། །༽ཞེས་བྲིས་འདུག
དེས་ན་ཁོང་ནི་སྐྱོན་བརྗོད་དང་སྐུར་འདེབས་ཕྲག་དོག་བཅས་ལ་གཡོལ་མཁན་ཞིག་མ་ཡིན་ཞིང་། བརྡ་འཕྲིན་བརྒྱུད་ལམ་གྱི་བཤད་ཡམ་ལ་གཡོལ་མཁན་ཞིག་ཀྱང་མ་ཡིན་པར་རང་ལམ་རང་གིས་བསྐྱངས་ནས་ཕེབས་མཁན་ཞིག་རེད་ཅེས་ཞུ།
མ་གཞི་རྙིང་མ་འདི་ལ་སྐྱོན་ཞིག་ཡོད་པ་ནི། བླ་མ་ཚོ་ཁྱབ་བསྒྲགས་ལ་མི་མཉེས། ཆོས་བརྒྱད་ལ་མི་དགའ་ཞེས་དེ་རྒྱུ་མཚན་དུ་བྱས་ནས་སློབ་མ་ཚོས་རང་ཉིད་ཀྱི་ཆོས་བརྒྱད་ཀྱི་མགོ་མནོན་རྒྱུ་དང་། རང་ཉིད་ཀྱི་ཁེངས་པ་བསྐྱུང་རྒྱུའི་ཚབ་ཏུ་བླ་མ་དང་ཆོས་བརྒྱུད་རིན་པོ་ཆེའི་དབུ་འཕང་ལ་ཁེངས་པ་བསྐྱུངས་ནས་སུས་ཀྱང་གོ་མེད་ཚོར་མེད་ཅིག་བྱེད་བཞིན་ཡོད།
དེ་ནི་གོ་ནོར་ཅིག་རེད་བསམ་གི
སངས་རྒྱས་ལ་ཆོས་བརྒྱད་མེད་པ་དང་བསྟོད་པ་ལ་མི་དགའ་བའི་རྒྱུ་མཚན་གྱིས་ང་ཚོས་སངས་རྒྱས་ལ་བསྟོད་པ་བྱེད་མི་དགོས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་གཞན་ལ་སྒྲོགས་མི་དགོས་ཟེར་ན་དེ་བས་གད་མོ་ཤོར་བ་ཞིག་གང་ན་ཡོད།
དགེ་ཆོས་ཟེར་བ་དེ་ག་རེ་ཡིན་ན་ཡིན།
ཁྱེད་རང་ཚོར་བྱུས་ཏོག་ཡོད་པ་ཞིག་མ་རེད།
ཁོང་སྙན་ངག་པ་ཞིག་རེད། འདོད་པའི་བསྟན་བཅོས་རྩོམ་པ་པོ་རེད། སོ་སོའི་དགའ་རོགས་མཉམ་དུ་འདོད་པ་སྤྱོད་མི་ཤེས་ན་དེ་ལ་སློབ་སྦྱོང་བྱས་ན་ད་གཟོད་དཀའ་ཚེགས་མེད་པར་གྱུར་ངེས།
དེ་ནས་བྱ་གླག་ལ་ཞུ་རྒྱུར།
ངས་དགེ་འདུན་ཆོས་འཕེལ་གྱི་དགོངས་པ་ཡང་དག་པ་རེད་ཅེས་ཞུས་པ་དང་། ཚུལ་ཁྲིམས་བློ་གྲོས་ཀྱིས་གླུ་སྒྲུབ་དགོངས་རྒྱན་འཆད་པ་ཚང་མ་ཡང་ཁོང་གི་དགོངས་པ་རྙིང་མ་ཡིན་པ་ལ་ཡིན་པར་བཤད་པ་ཙམ་ལས། ཁོང་མེད་ན་རྙིང་མ་པ་མེད་པ་དང་རྙིང་མ་པའི་ཁུངས་ཁོང་ལ་གཏུག་དགོས་པའི་སྐད་ཆ་མ་རེད།
དཔེར་ན། འཇམ་མགོན་མི་ཕམ་པས་ཨ་མ་ངོ་ཤེས་ཀྱི་མགུར་གྱི་འགྲེལ་པའི་མཇུག་ཏུ་གལ་ཏེ་ལྕང་སྐྱ་མེད་ན་རྙིང་མ་ལ་ལྟ་གྲུབ་མེད་པ་དང་། ལྕང་སྐྱའི་དགོངས་པ་ངེས་པར་སྔ་རབས་པའི་ལུགས་དང་དགོངས་པ་གཅིག་ཏུ་བབ་ཡོད་དགོས་པའི་ཐེབས་ཆག་གང་ཡང་མེད་ན་ཡང་། དགོངས་པ་དེ་བཞིན་དུ་གནས་པ་ཧ་ཅང་གསལ་པོ་ཡིན་སྟབས་དེ་ཇི་བཞིན་ཏུ་བཀྲལ་བ་ཙམ་ཡིན་གསུངས་པ་དང་ཚུལ་མཚུངས་པ་ཡིན།
རྫ་ཚེ་ལགས། ཨ་དྲིན་ཆེན་པོ། དགེ་ཆོས་སྐུ་གཤེགས་ཁར་ངག་གཅིག་གིས་རྫོགས་སྨོན་དང་རྟེན་འབྲེལ་བསྟོད་པ་གཉིས་དུས་གཅིག་ཏུ་གསུངས་པ་ཨེ་ཡིན། ཟླ་བཟང་འཁྲིས་ལ་ཡོད་པས་ཟླ་བཟང་གིས་མ་གོ་བ་དེ་ཡ་མཚན། མི་རྒན་ཤེར་རྒྱམ་པས་དགེ་ཆོས་ལགས་ཀྱིས་དགེ་བཤེས་ཤེར་རྒྱམ་གྱི་དགེ་ཕྲུག་ཡིན་མདོག་མདོག་སྟོན་པ་ལས་དོན་དུ་དགེ་ཕྲུག་མིན་པ་ལྟ་བུར་ཡང་བཤད་འདུག །གྲྭ་སར་ཕེབས་ནས་ལོ་བདུན་གྱི་རིང་དགེ་རྒན་མ་བསྟེན་པར་དཔེ་ཆ་གཟིགས་པ་ཡིན་ན་མི་ཤེས། དགེ་འདུན་ཆོས་འཕེལ་གྲྭ་སར་ཕེབས་ནས་ཀླུ་འབུམ་ཁམས་ཚན་དུ་ཞུགས་པའི་ལོ་དེར་དགེ་བཤེས་ཚང་གིས་ལྷ་རམས་པའི་དམ་བཅའ་བཞག་ནས་ལོ་ངོ་བཅུ་གཉིས་སོང་བའི་སྐབས་ཡིན་པ་དང་དགུང་ལོའི་བབས་དང་བསྟུན་ནའང་ལོ་བཅུ་དགུ་ལས་རྒན་པ་དང་ཁམས་ཚན་རྒན་ཡིན་ཐོག་སློབ་བུ་མང་པོར་དཔེ་ཁྲིད་གནང་བཞིན་པས་དགེ་ཆོས་ཀྱིས་ཀྱང་དགེ་རྒན་དུ་བསྟེན་ཡོད་ཚུལ་ཧོར་ཁང་གིས་བཤད་པ་དེ་བློ་གཟུ་བོར་གནས་པའི་གཏམ་རེད། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེས།
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།
མི་སྨྲ་ནགས་ཀྱི་ཁུང་བུར་གནས་པར་བྱ།།
ཚིགས་བཅད་འདི་མདོ་གང་དང་། ལེ་གྲངས། ཚིགས་བཅད་གྲངས་གང་ཡིན་པ། གསུང་ཐུབ་མཁན་ཡོད་དམ།
རྫ་ཚེ་བཀྲ་འདི་ཐེ་ཝན་གྲོང་ཁྱེར་ཚུན་ཆད་ལ་མཚན་འཁྱམས་བྱས་ཏེ། ད་ལྟ་རྙེད་བསྟོད་སྙན་གྲགས་ཁོ་ནའི་རྒྱ་རུ་ཚུད་རྗེས། ད་ནི་ཞ་དཔེ་ལྷམ་འགེབས་ཀྱིས་རང་གི་དེ་ཉིད་ཕྱིར་བསྟན་ཏེ། སྔ་འགྱུར་རྙིང་མས་འཇིག་རྟེན་ཆོས་བརྒྱད་སྤངས་པ་ནོར་འཁྲུལ་ཚབས་ཆེན་ཡིན་མདོག་སྟོན་པ་སོགས་དངོས་གནས་བདུད་ཀྱི་ཚིག་མིན་ན་ཅི་ཡིན། ཡང་དེའི་ཞོར་ལ་རྙིང་མ་ལ་ཤ་ཞེན་ཡོད་མདོག་སྟོན་བཞིན་འདུག
ཡང་མཁན་ཚུལ་སྒེར་གཅོད་རང་ལུགས་པ་རྒྱལ་སྤྱིའི་སློབ་དཔོན་ཞིག་ཏུ་བཀུར་ཐབས་བྱེད་དགོས་ཟེར། ཡིན་པ་ནི་མགོ་བདེ་འདི་ཚོས་རང་དོན་འགྲུབ་ཐབས་སུ་གཞན་ལ་པེ་ལེ་འདྲ་ཞིག་འཁྲབ་པའི་ཁུལ་རེད།
ཡང་མཁན་ཚུལ་གྱིས་ཟིན་སྒོ་ཕྱེས་རབས་དང་། བོད་སེམས་ཆེ་རབས་བྲིས་སྐོར་ཟེར། རྒྱ་དཔོན་ཧུའི་ཅིན་ཐའོ་ཡིས་ཁ་ནས་ཞི་བདེ་དང་འཆམས་མཐུན་ཤོད་ཞོར། དོན་ལ་མེ་མདས་སྲིད་དབང་སྒེར་བཟུང་བྱས་པ་དང་གཅིག་མཚུངས་རེད། ཆབ་སྲིད་པ་གཡོ་ཅན་ཚོ་ལ་སུས་ཡིད་ཆེས་གི་རེད། དེ་ལ་ཡིད་ཆེས་བྱས་ན་རང་ཉིད་བརླགས་པ་རེད། ཚུལ་བློས་འཇོན་མདོག་གིས་བོད་ཀྱི་འབྲོག་སྡེ་གང་མང་རྩ་མེད་བཏང་། ཆོས་ལུགས་བར་དཀྲུག་ཤིས་བསླངས། སྔ་འགྱུར་སྒྲུབ་པ་བཀའ་བརྒྱད་སོགས་བཏོན་ན་ཕན་མེད་ཟེར་བ་སོགས་རྙིང་མ་ལ་ཕན་པའི་གཏམ་རེད་དང་། གནོད་བྱེད་རེད། ད་དུང་ཁྲིད་རྒྱུན་མེད་བཞིན་དུ་ཀླུ་སྒྲུབ་དགོངས་རྒྱན་འཁྲིད་ཁུལ། ཉིན་གཅིག་བླ་རྒན་དེས་འདོད་པའི་བསྟན་བཅོས་ཀྱང་ཨ་ནེ་ཚོར་མི་ཁྲིད་པའི་ངེས་པ་མི་འདུག ད་བསྟོད་པ་བརྒྱ་བརྒྱ་སྟོང་སྟོང་བྱས་ཀྱང་ང་ཚོས་ཤེས་ཚར་རེད།
ཀླུ་སྒྲུབ་དགོངས་རྒྱན་དུ་ཐ་སྙད་ཚད་གྲུབ་མེད་ཅེས་ཚིག་གཅིག་གསུངས་མི་འདུག །ཐ་སྙད་ཚད་གྲུབ་ལ་དོགས་སློང་མཛད་པ་ནི་ཚིག་གི་དངོས་ཤུགས་བརྒྱུད་གསུམ་ནས་ར་འཕྲོད་ཡོང་གི་འདུག །ཁ་ཅིག་གིས་ཐ་སྙད་ཚད་གྲུབ་བཀག་སོང་ཟེར་གི་ཡོད་པ་རེད། མཁན་པོ་ཚུལ་བློས་རྙིང་མའི་རང་གཞུང་ལྟ་བུར་ངོས་འཛིན་མཛད་པ་ལྟ་བུར་མཐོང་སོང། ཁྱེད་ཚོས་དགེ་ཆོས་རྙིང་མ་བ་ཡིན་ཟེར་གི་ཡོད་པ་རེད་པ། རྒྱལ་བ་ཀློང་ཆེན་པའི་སློབ་བཤད་ཀྱི་རྒྱུན་འཛིན་པ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་བཀག་མེད་པ་གསལ་བོ་རེད། །ཡིན་ཡང་ལྟ་གྲུབ་ཤན་འབྱེད་དུ་སྟོང་ཉིད་མེད་དགག་མི་འདོད་པ་གསལ་བོར་གསུངས་འདུག །ལམ་མཐོན་པོའི་སྐབས་ན་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷ་ཡི་རྣམ་པར་ཤར་བ་ལྟ་བུར་ཡོང་གི་ཡོད་པ་རེད། རྣམ་གྲོལ་གླིང་གི་གྲྭ་བ་ཞིག་དང་ངེད་གཉིས་རྩོད་པ་ཏོག་ཙམ་བརྒྱབ་པ་ཡིན། ཁོས་ཟེར་ན། རྙིང་མའི་ལུགས་ལ་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་ཟེར་གི་རེད། ཟེར། དེའི་ཁུངས་ཤེར་སྙིང་ལས། སྟོང་བ་ཉིད་ལས་གཟུགས་གཞན་མ་ཡིན། གཟུགས་ལས་ཀྱང་སྟོང་བ་ཉིད་གཞན་མ་ཡིན་ནོ། ཞེས་སོགས་སྟོང་ཉིད་བཞི་སྐོར་དྲངས་སོང་།
རྒན་ལ་དྭགས་པ་ལགས། འཇུ་ལེ། ཁོ་བོ་ལ་ཡོད་པའི་དཔེ་ཆ་གཅིག་གི་ནང་དུ། འདུལ་བ་ལུང་ལས། དེ་བཞིན་གཤེགས་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྟོགས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་བཀོད་པ་ཙམ་ལས་རག་མ་བྱུང་བས། དེས་ཐུགས་ཕན་ཅུང་ཟད་གསོས་པའི་རེ་བ་ཡོད།
དྲ་མཆན་ཕར་ཆེར་བཀླགས་པ་ཡིན། ལ་དྭགས་བློ་བཟང་འཇམ་དཔལ་མཆོག་ལ་དངོས་གནས་དད་པ་སྐྱེ་སོང་།དེ་མིན་མིག་བརྒྱད་པ་དང་རྫ་ཚེ་རིང་བཀྲ་ཤིས་སོགས་མཁྱེན་དཔྱོད་མངའ་བ་འགའ་རེས་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་པ་ལས་ཕྱོགས་ལྷུང་སྡང་ཞུགས་ཀྱི་རྣམ་པ་མི་མངོན་པས་ཡི་རང་འཕེལ།དེ་ལས་ལྡོག་པ་འགའ་རེས་ཕྱོགས་ཞེན་ཆགས་སྡང་གི་གཏམ་འཆལ་འཛེམ་མེད་དུ་སྨྲ་ཞིང་མི་གཞི་ཚུད་ཆད་ལ་ཁྱད་གསོད་དང་སྐུར་འདེབས་བྱེད་པ་འདི་རིགས་དྲ་ཐོག་ཏུ་གད་སྙིགས་སྤུངས་མཁན་ཉིད་དུ་སེམས་སོ།
མིག་བརྒྱད་པ་ལགས། དགེ་ཆོས་གཤེགས་ཁར་རྫོགས་ཆེན་སྨོན་ལམ་ཡང་འདོན་སོང་ཞེས་ངེ་ཨུ་ཚུགས་ཅང་མིན་ཏེ། ཨ་སྔགས་ཚེ་ེིང་བཀྲ་ཤིས་ཀྱི་དགེ་འདུན་ཆོས་འཕེལ་ཞེས་པའི་དེབ་དེ་ཤོག་གྲངས་ ༡༠༧ ནང་། ཉིན་གཅིག་ཕྱི་དྲོ་ཞིག་ཏུ་ཉེ་གནས་བུ་སློབ་ཤེས་རབ་རྒྱ་མཚོ་ལ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གསུང་རྟེན་འབྲེལ་བསྟོད་པ་བློ་ལ་ཨེ་ཡོད་ཅེས་དྲིས། བློ་ཐོག་ནས་མེད་དེ་དཔེ་ཆ་ཡོད་ཅེས་བརྗོད་པས་དེ་དང་འཇུ་མི་ཕམ་པའི་འཇམ་དཔལ་རྫོགས་ཆེན་གྱི་གཞི་ལམ་འབྲས་བུའི་སྨོན་ལམ་དེ་ཁུར་ཤོག་ཚར་རེ་ཐོན་གསུངས། དཔེ་ཆ་བླངས་ནས་ཚར་རེ་བཏོན་པས་འོ་སྙན་པོ་འདུག དགེ་ཆོས་སྨྱོན་པས་འཇིག་རྟེན་ཁམས་ཀྱི་ལྟད་མོ་ཚང་མ་མཐོང་ཚར། ཞེས་བྲིས་འདུག དེ་ཡང་དཔེ་ཆའི་ལེན་སྟངས་གི་གོ་རིམ་བྱས་ན་རྟེན་འབྲེལ་བསྟོད་པ་སྔོན་དང་རྫོགས་ཆེན་སྨོན་ལམ་རྗེས་ལ་བཏོན་པ་འདྲ་པོ་འདུག སྨོན་ལམ་ཞིག་འདོན་བཞིན་གཤེགས་པ་ཡིན་ན་རྫོགས་ཆེན་སྨོན་ལམ་འདོན་མུར་གཤེགས་པ་ཁས་ལེན་དགོས། ལར་ནས་སྨོན་གཅིག་གམ་གཉིས་པོ་ཕྱི་དྲོ་བཏོན། དེ་རྗེས་ཆུ་ཚོད་ཁ་ཤས་རྗེས་འདས་འདུག ཧ་ཧ་ཧ།
གཞུང་ལུགས་བཀའ་ནད་འབྱེད་པའི་ཤེས་རབ་དང་། །
ཐོས་དོན་ཉམས་སུ་ལེན་པའི་བརྩོན་པ་གཉིས། །
གང་ཡང་མེད་པའི་རྟགས་གསལ་ཐན་ཐུན་རེས། །
ང་རྒྱལ་སྦུབས་ཀྱིས་རྒྱངས་རྣམས་གད་མོའི་གནས། །
དཀའ་དང་བཀའ་ཡི་ཁྱད་པ་མ་ཤེས་ཤིང་། །
གནད་དང་ནད་ཀྱི་དག་ཆ་མ་ཤེས་པར། །
གཞན་སྐྱོན་འཚོལ་བའི་ལྕགས་ཀྱི་མཆུ་ཏོ་ཅན། །
མི་ལུས་འདྲེ་རྐང་ཅན་ཞིག་འདི་ན་སྣང་། །
རི་རྒྱལ་ཏི་སེ་ལེགས་ལན་གསུངས་པར་བཀའ་དྲིན་ཆེ། གཅིག་ན་ཚིགས་བཅད་འདི་མདོ་རྒྱ་ཆེར་རོལ་པ་ན་མེད་དམ། སླར་ཡང་ཁྱེད་ཉིད་དམ། ལྷག་པར་བཀའ་བརྒྱུད་རྗེ་སྒམ་པོ་པའི་ཐར་པ་རིན་པོ་ཆེའི་རྒྱན་ལ་ཐོས་བསམ་སྒོམ་གསུམ་མཛད་མྱོང་བ་དང་། བོད་ཀྱི་ཚིག་ལ་མྱོང་བ་འཐོན་པ་ཞིག་གིས་གསུང་ཐུབ། དེ་ཡང་མི་རྟག་པ་སྒོམ་པ་ན། ཅིས་ཀྱང་མི་སྟོངས་པ། ཞེས་སོགས་དཔེ་གཉིས་ལ་བལྟས་པས། གཉིས་ཀ་ན་དེ་འདྲ་འདུག སྤྱིར་བཏང་། སྡོངས་འགྲོགས་མཛོད། ཅེས་ཐོས་མྱོང་། ཚིག་མཛོད་ན། སྡོང་བ། བསྡོངས། བསྡོང་། སྡོངས། ཞེས་འགྲོགས་པའི་དོན་ལ་སྡོང་ཞེས་པ་སྟོངས་ཞེས་ཡིག་ནོར་ཡིན་ནམ། མཁྱེན་མཁན་འདྲ་ཡོད་ན། བདག་ཙམ་མ་ཡིན་པར་གཞན་བོད་སྐད་སློབ་དོན་གཉེར་ཀུན་ལ་ཕན་པས་གསུང་གྲོགས་ཞུའོ།།
མི་ཡི་ལུས་ལ་བོང་བའི་རྣམ་ཤེས་འབྱར། །
མི་ཡི་གདོང་ལ་ནེ་ཙོའི་མཆུ་ཏོ་ཅན། །
མི་ཡི་ཁོག་ལ་གཡག་རྭ་སྐྱེས་པ་ལས། །
འདྲེ་ངས་དག་ནོར་ཤོར་ཡང་ཅི་ལ་སྐྱོན། །
ཧ་་ཧ་ཧ་རྫ་ཚེས་དགེ་ཆོས་རྙིང་མར་སྒྲུབ། མིག་བརྒྱད་པས་དགེ་ཆོས་དགེ་ལུགས་པར་སྒྲུབ། ངས་ནི་དགེ་ཆོས་འདི་དགེ་མིན་རྙིང་མིན་ལྟ་བ་ལོག་པ་ཞིག་ཡིན་པར་འདོད། དགེ་ཆོས་ཀྱིས་ཐ་སྙད་ཚད་མ་སྤྱིར་བཀག་འདུག་མི་
འདུག་ལ་དོགས་པ་ཡོང་དོན་གཏན་ནས་མེད། ང་ལ་འོག་མིན་སྟུག་པོ་བཀོད་པ་གཏན་ནས་མེད་གསུངས་པའི་སྔ་འགྱུར་རྙིང་མའི་རང་ལུགས་ཀྱི་མཁས་པའི་གསུང་ཞིག་ཡོད་ན་སྟོན་རོགས་ཞུས་་པར་སྟོན་རྒྱུ་ཅི་ཡང་རག་མི་འདུག་དཱ། མིག་བརྒྱད་པ་འདི་ངས་རྣམ་དཔྱོད་ཅན་ཞིག་ཡིན་པར་བསམས་ཀྱང་། དགེ་ཆོས་དགེ་ཆོས་དགེ་
ལུགས་པར་སྒྲུབ་པ་ནི་རང་སྡུག་རང་གིས་ཉོས་པ་ཞིག་སྟེ། གོང་དུ་ལོངས་སྐུ་དང་འོག་མིན་སྟུག་པོ་ནི་བྱིས་པ་
མགོ་སྐོར་གཏོང་བའི་ངག་ལྟ་བུ་ཞིག་ལས་དོན་ལ་གཏན་མེད་དུ་འཕངས་དང་། སྣང་བ་ཐམས་ཅད་བདེན་གྲུབ་
ཡིན་པས་འགོག་དགོས་ཟེར་བ་དང་། ཐ་སྙད་ཚད་གྲུབ་མེད་པ་དཔེ་དང་བཅས་བཤད་པའི་མན་ངག་གདན་
དྲོངས་ཤིག་དང་ཁྱེད་ཀྱི་རྒྱན་དུ་འགྱུར་རོ། །ད་ང་ལ་འདི་ལྟར་ལབ་ནས་སྡོད་ལོང་མི་འདུག་རྗེས་སུ་དྲ་ཐོག་ཏུ་མཇལ་ཡོང་བདེ་མོ་གྱིས། གོང་དུ་ཞུས་པ་རྣམས་སྐུ་རྩེད་ཡིན། རྣམ་པ་གཉིས་ཀྱི་སྐུ་ཡོན་ལ་རྗེས་སུ་ཡི་རང་ཡོད།
ངེད་གསུམ་གྱི་རྩོད་པ་ནི་གཞུང་གི་དོགས་གཅོད་ཡིན་པ་ལས། གང་ཟག་ལ་སྡང་བ་གཏན་ནས་མིན།
ཚུལ་ཁྲིམས་བློ་གྲོས་ཁོང་ཆོས་ཀྱི་གཞུང་ལ་མཁས་པ་རེད་ཟེར་ན་རང་ཉིད་ཀྱིས་ཆོས་ཀྱི་གཞུང་དེ་ཙམ་མ་ཤེས་པ་རེད་དྲན་་དེ་བས་ཁོང་ཆོས་པ་རྣལ་མ་ཞིག་ག་ལ་ཡིན་་་འོན་ཀྱང་ཁོང་དེང་སྐབས་སྐད་གྲགས་ཆེ་བའི་བོད་ཀྱི་གྲྭ་བ་ཞིག་ཡིན་པ་སྨོས་མེད་རེད་་་་་དེས་ན་ཁོང་ལ་་་གུས་བཀུར་དང་ཆེ་མཐོང་ལོས་བྱེད་་ང་ཚོ་བོད་ལ་ཁོང་དང་ཁོང་འདྲ་བ་ཡོད་ལ་ཁོང་ལས་མཁས་པའི་མཁས་པ་དེ་བས་མང་པོ་རེད།
དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་རྙིང་མའི་ལྟ་གྲུབ་ཡིན་ཚུལ་ཨེ། དགེ་ཆོས་རྙིང་ཆོས་པ་་ཨེ། ཧཧཧཧཧཧཧ། ཀླུ་སྒྲུབ་དགོངས་རྒྱན་གྱིས་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་འདིར་ཡིད་གཏན་མེད་སྐོར་བཤད་ཡོད་པས་དེ་རྙིང་ཆོས་ཡིན་ནམ།
ཁྱོད་ཚོ་གྲུབ་མཐའ་ཕྱོགས་རིས་ཀྱིས་མིག་སྒྲིབ་པ་སྙིང་རྗེ། སྙིང་རྗེའི་རང་གཟུགས་རྒྱལ་བ་ཀརྨ་པས་འདྲེན་དུ་གསོལ།
སངས་རྒྱུས་ཀུན་གྱི་བདག་ཉིད་ཅན།བདེ་བར་གཤེགས་པ་ཀརྨཔ་འི་ཀེཾ་ཚང་།སྒྲིབ་གཉིས་རྙོག་པ་དང་བྲལ་བ་མཁྱེན་ནོ།
རྗེ་ཕྲིན་ལས་བཞི་ལ་རང་དབང་ཐོབ་ནས། ཡེཤེ་ས་གཏད་ཙམ་གྱིས་བྱིན་རླབས་འཕོ་བ།
སྒྲུབ་བརྒྱུད་གཅིག་བསྡུས་རྡོ་རྗེ་དབྱངས་ཅན དཔལ་ལྡན་ཀརྨ་པ་ཆེན་པོ་མཁྱེན་ནོ། རྡོ་
རྗེ་འཆང་ཆེན་ཡོན་ཏན་བརྒྱད་ལྡན།།ཧེ་རུ་ཀ་དཔལ་ནི་ཡན་ལག་བདུན་ལྡན། རྒྱལ་བའི་
དབང་པོ་སངས་རྒྱས་འདུས་པའི་སྐུ། རྗེ་རྒྱལ་དབང་མི་བསྐྲོད་རྡོ་རྗེ་མཁྱེན་ན་ནོ། རྒྱལ་
དབང་གཅིག་བསྡུས་ཀརྨ་པ་མཁྱེན་ན་ནོ། སངས་རྒྱས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ།
བདེ་གཤེགས་གཅིག་བསྡུསཀརྨ་པ་མཁྱེན་ན་ནོ། ཐམས་ཅད་མཁྱེན་པ་ཀརྨ་པ་མཁྱེན་ནོ།
ཀརྨ་པ་མཁྱེན་ན་ནོ།ཞེས་གྲངས་མེང་བརྫོང ཟུགས་རྗེ་གཅིག་བསྡུས་མཁྱེན་ནོ། སངས་རྒྱས་
གཅིག་བསྡུས་མཁྱེན་ན་ནོ། །ཀུན་འདུས་ཆོས་རྗེ་མཁྱེན་ན་ནོ། མི་བསྐྲོད་རྡོ་རྗེ་ལ་གསོལ་བ་
འདེབསས་སོ་། ཆོས་གྲགས་རྒྱ་མཚོ་ལ་གསོལ་བ༴།དྭགས་པོ་བཀའ་བརྒྱུད་ལ་གསོལ༴།
ཀརྨ་ཀཾ་ཚང་ལ་༴།རྗེ་བཙུན་ཁྱེད་རང་ལྟ་བུརཤོ་ག་ཅིགཆོས་རྗེ་ཁྱེད་རང་ལྟ་བུར་ཤོག་
ཅིགབླ་མ་ཁྱེད་རང་ལྟ་བུརཤོ་ག་ཅིག འགྲོ་མགོན་ཁྱེད་རང་ལྟ་བུརཤོ་ག་ཅིགཕ་ཅིག་
ཐམས་ཅད་མཁྱེན་པ། སངས་རྒྱས་མཉན་པ་གྲུབ་ཐོབ རྒྱལ་དབང་མི་བསྐྱོད་རྡོ་རྗེ།
གསོལ་བ་ང་ཡིས་མི་འདེབས་ན་སུ་ཡིས་འདེབས ཐུགས་རྗེས་ཁྱོད་ཀྱི་ས་མི་གཟིགས་ན་
སུ་ཡིས་གཟིགས། གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤི་ག སྤྱིར་དུ་སེམས་ཅན་
ཐམས་ཅད། སྒོས་སུ་སྙིགས་མའི་གདུལ་བྱ །ལྷག་པར་རེ་ལྟོས་གཅིག་ཆོག་ཏུ་བཅས་
པའི། བློ་གཏད་འགྱུར་བ་མེད་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལཅིག་བྱིན་རླབས་
ཁྱོད་ལ་མེད་ན་སུ་ལ་ཡོད།བྱམས་པས་བདག་ལ་མི་སྐྱོང་ན་སུ་ལ་སྐྱོང་། སྐུ་དྲིན་ང་ཡིས་
མི་གཞལ་ན་སུ་ཡིས་གཞལ། གདུལ་བྱ་ཁྱོད་ཀྱིས་མི་འདུལ་ན་སུ་ཡིས་འདུལ། ལས་
ངན་ང་རྗེ་ལམི་རེ་ན་སུ་ལ་རེ།མཐུ་སྟོབས་ཅན་ཁྱོད་བདག་མི་སྐྱོབ་ན་སུ་ལ་སྐྱོབ།བདག་
གི་གཏན་འདུན་སྐྱེ་བ་ཀུན་གྱིསྐྱེ་ལ་མ།ཐེ་ཚོམ་རྩད་ནས་ཟད་པའི་གཏན་ན་ནོར།བློ་གཏད་
ལིངས་སྐྱུར་ཟུབ་པའི་མགོན་པོ། སྲིད་མཚོ་གཏན་སྐེམས་སུ་གནས་པའི་སངས་རྒྱས་ཤོག །
དྲང་པོ་བཤད་ན་ཁྱེད་ཚོ་ཚང་མ་ལས་མེད་རེད་འདུག
ཁ་བརྡར་རྩོད་རྒྱག་པ་ལས་ལས་གཞན་ཡོད་ས་མ་རེད།
མིག་བརྒྱད་པ་དང་ཁ་བརྡ་བ་རྣམ་པ།
འདིར་བློ་གཟུ་བོརའི་ཐོག་ནས་དྲང་གཏམ་ཚིག་གཅིག་ཞུ་གི་ཡིན། བརྟག་པ་མཛོད། དགེ་ཆོས་གཤེགས་ཁར། རྟེན་འབྲེལ་བསྟོད་པ་དང་། ཀརྨ་ཆགས་མེད་ཀྱི་བདེ་བ་ཅན་གྱི་སྨོན་ལམ་དེ་སྐྱོར་རོགས་ཅེས་རེ་བ་འདོན་པ། མཁས་པ་འགས་དྲན་གསོ་གནང་འདུག། དཔེར་ན། ཨ་མདོ་བྱམས་པ་དང་། ཧོར་ཁང་། དེ་བཞིན་ཟླ་བཟང་བཅས་རེད། རྫོགས་ཆེན་སྨོན་ལམ་ཞེས་པ་འདི་ད་རེས་གོ་བ་དང་པོ་ཡིན། འདི་བརྟག་པ་གཅིག་གནོངས་རོགས།
གཉིས་པ། དགེ་ཆོས་ཀྱིས། མཁའ་འགྲོ་སྟེ། ཌ་ཀི་ནི་ཅེས་པ་འདི་ཤིན་དུ་འཇིགས་སྣང་ཆེ་བའི་བུད་མེད་ཚོགས་ཤིག་ཡུལ་ག་གེ་མོ་ཞིག་ལ་ཡོད་པ་གོ་བ་ལས། ཁོང་གིས་མཁའ་འགྲོ་མ་ཞེས། སེམས་ཅན་ལ་གྲོགས་མཛད་མཁན་ཞིག་ལ་ཁས་ལེན་གནང་གི་མིན་འདུག། དེ་བཞིན་དགེ་ཆོས་ལ་སློབ་དཔོན་པད་མའི་འཁྲུངས་ཡུལ་དང་ཁོང་གི་མཛད་རྗེས་སྐོར་ལ་དྭོགས་པ་མང་པོ་མཛད་འདུག། དགེ་ཆོས་ཀྱིས་གསང་སྔགས་ཀྱི་ལྟ་སྤྱོད་མང་པོ་ཞིག་ཧུན་རྡུའི་སྤྲོད་པ་ཙམ་ལ་འཇོག་འདུག། དེ་བཞིན་རྒྱུད་འབུམ་ལ་དྭོགས་གཞི་ཆེན་པོ་ཡོད་མཁན་མི་ཞིག་ལ་ཁོང་རྙིང་མར་གྲུབ་རེ་བྱེད་པ་ནི་ངོ་མ་འཇིགས་སྣང་ཆེ་བ་ཞིག་མ་རེད་པས།
དགེ་ཆོས་ཀྱིས་གསང་སྔགས་ཀྱི་དཔེ་ཆ་དེ་ཚོ་དཔྱད་རིན་མེད་པར་གཟིགས་ཀྱི་འདུག། ཁོང་གིས་རྗེ་རིན་པོ་ཆེར་རྩོད་པ་མཛད་པ་འདི་ཁོང་གི་རྩོམ་ལ་དཔྱད་རིན་ཡོད་པ་ཞིག་ལ་གཟིགས་འདུག
ད་དགེ་ཆོས་ཀྱི་ཀླུ་དགོངས་རྙིང་མའི་དགོན་པར་དབོར་ནས། དེ་རྙིང་མའི་དཔེ་ཆ་ཞིག་ལ་བདག་པོ་བརྒྱབ་དུས། རྙིང་མའི་བསྟན་པ་ཇི་ཙམ་རང་ཁྱིམ་དང་བྲལ་བ་གསལ་པོ་ཡིན། ཀློང་ཆེན་གྱི་ལྟ་བའི་ཡིག་ཆ་དེ་དག་གསལ་པོར་གཟིགས། དེ་ནས་ཀླུ་དགོངས་ལ་གཟིགས་དང་། དགེ་ཆོས་ཀྱི་ཀློང་ཆེན་ལ་དགག་པ་ཆེན་པོ་གཅིག་བརྒྱབ་ཡོད་པ་ནི། ནམ་རྒྱུན་ཀློང་ཆེན་པས་ལུང་མང་པོ་ཞིག་དྲངས་སྟབས། ཁོང་གི་མཚན་ལ་ཡང་བླ་མ་ལུང་དྲངས་པ་ལྟ་བུ་ཞིག་གསུངས་སྲོལ་འདུག
དགེ་ཆོས་ཀྱི་ཀླུ་དགོངས་ཀྱི་མགོ་དེ་ལ། ཁྱོད་ལ་སུས་ཟེར་དྲིས་ན། འདི་ངའི་བླ་མས་ཟེར། བླ་མ་ལ་བླ་མས་ཟེར་མཐར་སྟོན་པ་ལ་ཐུག། ཁོང་ལ་སུས་ཟེར་དྲིས་ན་ཅི་ཟེར་ལྟ་བུ་བཀོད་ནས། ལུང་ཚད་མ་མ་ཡིན་པར་དཔེར་གསལ་པོ་བཀོད་ཡོད་པ་དེ་དག་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིགས་པ་སྨྲ་བ་ཚང་མར། ལུང་ཚད་མ་མིན་པར་བསྟན་ཡོད། ད་རྙིང་མ་ལྟ་བུའི་ཆོས་རྒྱུད་ལུང་གཙོ་ཆེར་སྤྱོད་པ་འགའ་ལ་ཀླུ་སྒྲུབ་དགོངས་རྒྱན་རྙིང་མའི་དཔེ་ཆར་འདོད་ནས་ཁྲིད་དང་། རྗེས་མ་རྙོག་འདྲ་ཚུར་འཁོར་གྱི་རེད། བསམ་བློ་ཐོངས་དང་།
རྡིལ་རྒུ་མཁྱེན་བརྩེ་མཆོག་གིས་ཀླུ་སྒྲུབ་དགོངས་རྒྱན་རྙིང་མའི་ཕྱོགས་ཀྱི་དཔེ་ཆར་ངོས་འཛིན་གནང་གི་མིན་འདུག། དེ་ལ་རྒྱུ་མཚན་ཆེན་པོ་ཞིག་ལྡན་ཡོད་པ་ནི། གསང་སྔགས་ཉམས་ལེན་པ་ཞིག་ལ་མཚོན་ན། དད་པ་དང་དག་སྣང་གལ་ཆེན་པོ་རེད། དགེ་ཆོས་ལྟ་བུར་མཚོན་ན། དཔང་རྟགས་དང་དངོས་གཙོའི་རིགས་པ་གཙོ་བོར་འཛིན་སྟབས། དེ་གསང་སྔགས་པ་ཚོས་བསམ་བློ་ནན་པོ་བཏང་ནས། ཐག་གཅོད་བྱེད་དགོས་ཀྱི་ཡོད།
དེ་ནས། མཁན་ཆེན་ཚུལ་བློས། སྔར་ཡོད་ཀྱི་རྙིང་མའི་ཡིག་ཆ་ནམ་མཁའི་སྐར་ཚོགས་བཞིན་ཡོད་པ་དེ་དག་ཕར་འབུད་ནས། ཀླུ་དགོངས་རྩོད་གཞི་ཅན་དེ་ཚུར་ལེན་པ་ནི། དགོས་པའི་ལྷ་ཁང་སྟོང་པར་བཞག། མ་དགོས་བྲག་ལ་དཀར་རག་གསོལ་ཟེར་བ་ལྟ་བུ་མ་རེད་པས། དགེ་ལུགས་པ་ཚོས། མ་དགོས་ཤུགས་ལྡན་དེ་སྲུང་མར་བཀོད་ནས། རྙོག་འདྲ་ག་ཚོད་བྱུང་སོང་། ད་ཀླུ་དགོངས་ཀྱི་ལྟ་བ་དེ་རྙིང་དགོན་ལ་བསླེབས་ཙ་ན། དག་སྣང་དང་གཏེར་མ་ཟེར་ཡས་དེ་ཚོར་དཔྱད་པ་བྱེད་མགོ་བཙུགས། འོ་ད་རྙོག་འདྲ་ཆེན་པོ་བཟོ་རྩིས་རེད།
དགེ་འདུན་ཆོས་འཕེལ།
དགེ་ལེགས་ཕུན་ཚོགས་སྟོང་གིས་བསྐྲུན་པའི་གང་ཁྱོད་ཨ་མདོ་ཞོ་འཕོང་ནས། །
འདུན་པ་ཤེས་བྱའི་གནས་ལ་གཏད་དེ་མཁས་པའི་འབྱུང་གནས་ཆེན་པོ་སྟེ། །
ཆོས་ཀྱི་བསྟི་གནས་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་དགའ་བའི་ཚལ་ཆེན་དུ། །
འཕེལ་སྒྲིབ་བྲལ་བའི་ཁྱོད་ཀྱི་རྣམ་དཔྱོད་ཤེས་བྱའི་མཁའ་ལ་འཕུར་མགོ་བརྩམས། །
དེ་ཚེ་ཁྱོད་ཀྱི་རྣམ་དཔྱོད་མེ་དབལ་ཧི་མ་ལ་ཡི་རྩེ་ནས་མཆེད། །
དེ་ཚེ་ཁྱོད་ཀྱི་ལུང་རིགས་འབྲུག་སྒྲས་མ་ཕམ་གཡུ་མཚོ་གཏིང་ནས་དཀྲུགས། །
དེ་ཚེ་ཁྱོད་ཀྱི་ཐོལ་བྱུང་སྤྱོད་པས་མཁས་དགུའི་སྙིང་ལ་ཚེར་མ་བཙུགས། །
དེ་ཚེ་ཁྱོད་ཀྱི་ཚོར་འདུ་སྐྱེན་པོས་བླ་བྲང་དགོན་པར་འཕོ་འགྱུར་ཐེབས། །
སྐྱེས་སྦྱང་ཟུང་གི་ལུས་སྟོབས་རྒྱས་པས་སྤོབས་པའི་མགོ་བོ་དགུང་དུ་བཏེགས། །
ལྷན་སྐྱེས་སེམས་ཀྱི་གཤིས་ལ་ཉེ་བས་ཚུལ་འཆོས་སྤྱོད་པའི་བང་སོ་ཞིག །
ཆེ་དགུ་མི་སྣའི་མོས་པའི་ཁམས་དང་ཁྱོད་ཀྱི་སྤྱོད་ཚུལ་མ་མཐུན་པས། །
རང་དབང་བྲལ་བའི་གོམ་པའི་འདེག་འཇོག་དབུས་གྱུར་ཚལ་དུ་སྤོ་མགོ་ཚུགས། །
མི་དྲག་རྣམས་ཀྱི་སྤྱོད་ཚུལ་འཆལ་བས་ཁྱོད་ཀྱི་བློ་སྙིང་ཚར་གསུམ་འཁྲུགས། །
མཁས་པ་རྣམས་ཀྱི་འཐེན་འཁྱེར་ཆེ་བས་ཁྱོད་ཀྱི་ལུས་ཟུངས་ཐེངས་གསུམ་འགུལ། །
མི་མང་རྣམས་ཀྱི་རྙིང་ཞེན་མཐུག་པས་ཁྱོད་ཀྱི་སྲོག་རྩ་ལན་གསུམ་འདར། །
ཁྱེར་རྐྱང་ངུས་པའི་མིག་ཆུ་གྲང་མོ་ཡར་ཀླུང་གཙང་པོའི་རྒྱུན་ལ་འདྲེས། །
ཁྱོད་ཀྱི་མཁྱེན་དཔྱོད་མཆེ་སྡེར་རྣོན་པོས་བློ་ཆུང་ངང་པའི་གཤོག་རྩལ་འཁུམས། །
ཁྱོད་ཀྱི་རྟོགས་སད་རྒྱུ་བ་མྱུར་པོས་རྨོངས་ཞེན་བོང་བུའི་སུག་བཞི་ངལ། །
ཁྱོད་ཀྱི་མཐོང་རྒྱ་མཁའ་དང་མཉམ་པས་ཁྲོན་པའི་སྦལ་བའི་དྲན་པ་འཐོར། །
ཁྱོད་ཀྱི་བཅོས་མིན་གཤིས་ཀྱི་འོད་པོས་ཐན་བྱ་འུག་པའི་སྲོག་རྩ་འདར། །
ལྷོ་ཕྱོགས་མྱ་ངམ་བྱེ་མའི་ཐང་དུ་ངལ་བའི་གོམ་སྟབས་རབ་བཀོད་ཅིང། །
སྟུག་པོ་བཅུ་གཉིས་ནགས་ཀྱི་ཁྲོད་ནས་རིན་ཆེན་སྲོག་ལ་མ་འཛེམས་པར། །
དཀའ་བས་འདས་པའི་ལོ་ཟླའི་དཀྱིལ་ནས་རྣམ་དཔྱོད་འབུམ་གྱིས་རབ་ཕྱུག་པའི། །
རྨད་དུ་བྱུང་བའི་ལེགས་སྐྱེས་ཕུང་པོ་གངས་ཅན་བོད་པའི་རྒྱན་དུ་དྲངས། །
ཆོས་ཚུལ་འདུལ་བའི་ལྕགས་སྒྲོག་དམ་པོ་མི་མངོན་དབྱིངས་སུ་རྒྱས་བཏབ་པས། །
སྨན་ཆུང་བུ་མོའི་མྱོས་བུམ་ཟུང་ནས་ངལ་བའི་ཤུ་སྒྲ་ཐེངས་གསུམ་ཤོར། །
འདོད་པའི་ཁམས་ཀྱི་འདོད་ཡོན་ནང་ནས་འདོད་ཆགས་འདི་ཉིད་མཆོག་མཐོང་བས། །
འདོད་ལྡན་ཕོ་མོའི་འདོད་པའི་གསོས་སུ་འདོད་པའི་བསྟན་བཅོས་སྐྱེས་སུ་བཞག །
གྲུབ་མཐའི་དབང་བསྒྱུར་དག་གི་སྣང་ངོར་ཁྱོད་ནི་ལྟ་ལོག་སྨྱོན་པ་ཞིག །
སྡོམ་ལྡན་མཁན་པོ་དག་གི་སྣང་ངོར་ཁྱོད་ནི་སྡོམ་ཤོར་འཆལ་པོ་ཞིག །
མི་དཔོན་སྐུ་དྲག་དག་གི་སྣང་ངོར་ཁྱོད་ནི་ནག་ཉེས་ཚབས་ཆེན་ཞིག །
ཟུར་གནས་མཁས་དབང་དག་གི་སྣང་ངོར་ཁྱོད་ནི་བོད་མིའི་བླ་སྲོག་ཅིག །
ཁྱོད་ཀྱི་གྱོན་ཆས་དག་ལ་བསམ་ཚེ་གཞུང་ལམ་ཟུར་གྱི་སྤྲང་པོ་ཞིག །
ཁྱོད་ཀྱི་སྤྱོད་ཚུལ་དག་ལ་བསམ་ཚེ་སྨན་ཁང་ནང་གི་སྨྱོན་པ་ཞིག །
ཁྱོད་ཀྱི་ལུས་བོངས་དག་ལ་བསམ་ཚེ་ནགས་ཚལ་ཁྲོད་ཀྱི་དྲང་སྲོང་ཞིག །
ཁྱོད་ཀྱི་ལེགས་བཤད་དག་ལ་བསམ་ཚེ་འགྲན་ཟླ་བྲལ་བའི་མཁས་པ་ཞིག །
གྲགས་པའི་གཏམ་བཟང་བསིལ་རླུང་ཟོལ་གྱིས་མཐོ་སྒང་འཛིན་མར་ཁྱབ་པའི་ཚེ། །
ཆེ་བར་རློམ་པའི་སྐུ་ངོ་རྣམས་ཀྱི་བློ་སྙིང་བྲང་གསུམ་འཁྲུགས་གྱུར་བས། །
བློ་ལས་འདས་པའི་ཆག་སྒོ་མང་པོ་ངམ་གནག་སྤྲིན་པའི་གཟུགས་ཀྱིས་ནི། །
ཁྱོད་ཀྱི་འདུན་ལམ་སྟེང་དུ་བབས་པས་མི་ཚེའི་འོད་སྟོང་མོག་པོར་བྱས། །
བཀའ་ཤོད་ཟུར་ཁང་གཉིས་ཀྱི་དབར་ནས་ཁྱོད་ཀྱི་བཙན་པོའི་རང་ཚུགས་ཤོར། །
ཨ་ཐང་ཆད་པའི་བཙོན་ཁང་ནང་ནས་ཁྱོད་ཀྱི་རྣམ་དཔྱོད་རང་འོད་འགྲིབ། །
ཆང་དང་དུ་བའི་བཟི་ཁའི་ཁྲོད་ནས་ཁྱོད་ཀྱི་ལུས་ཟུངས་དབང་པོ་ཉམས། །
སྐུ་དྲག་རྣམས་ཀྱིས་རྩེད་མོའི་ཚུལ་གྱིས་ཁྱོད་ཉིད་འཇིག་རྟེན་ཕྱི་མར་བརྫངས། །
སོ་སོའི་སྣང་ངོར་ཇི་ལྟར་ཤར་བ་དེ།
དོལ་སྨྱོན་སོར་རྩེ་ལས་འཐོན་སྡེབས་སྦྱོར་འཕྲེང་།
རང་རེའི་དུས་ཀྱི་བོད་ཀྱི་པཎ་བན་དེའི།
རང་གི་ལས་ཀྱི་འབྲས་བུར་བསྔགས་བརྗོད་སྙན།།
སྔོན་མ་ང་ལ་དགེ་ཆོས་ཀྱི་ཀླུ་དགོངས་བོད་ཤོག་ཐོག་ཀ་ལིམ་པུང་ནས་དཔར་པ་ཞིག་ཐོབ་བྱུང། ཡི་གེ་ཡག་མོ་དང་ཤོག་བུ་ཡང་མོ་དེ་འདྲ་འདུག དེ་དཔར་ལ་སུས་བཏབ་རེད་དྲི་དུས། དེ་བདུད་འཇོམ་རིན་པོ་ཆེ་ཡིས་དཔར་པ་རེད་ཅེས་ཟེར། ངས་ཅི་ཡིས་ཕྱིར་དཔར་པ་རེད་ཅེས་དྲིས་དུས། ཨོ་དགེ་ཆོས་ཀྱི་ཀླུ་དགོངས་ནི་རྙིང་མའི་རྡོགས་ཆེན་གྱི་ལྟ་བ་བསྒྲུབ་བྱེད་ཀྱི་གཞུང་ཞིག་ཡིན་པ་དང། དགེ་ཆོས་ཐོག་མར་རྙིང་མའི་ཁྱིམ་བརྒྱུད་དུ་འཁྲུངས་པ་རེད་ཟེར་བྱུང། ཨ་ཙི་རྙིང་མ་བ་ལ་ཁོང་རང་ཚོའི་གཞུང་ལུགས་བརྒྱ་སྟོང་མང་པོ་ཡོད་བཞིན་དུ་ཚད་མ་མཐར་ཐུག་མེད་པར་བསྒྲུབ་པའི་གཞིང་ཞིག་ཅི་ཡིས་ཕྱིར་དཔར་པ་ཡིན་ནམ་བསམ་པའི་དྭོགས་པ་ཆེན་པོ་བྱུང་ད་བྱེད་དུས་ངོམ་དེ་ལྟར་ཡིན་ས་རེད། ཁྱེད་ཚོས་འདིར་དེ་ཡི་སྐོར་ལ་བགྲོག་གླེང་ལྷུག་པོར་གནང་རོགས་ངས་ཉན་ནས་སྡོད་ཀྱི་ཡིན། ཡོང་དགོས་པ་བྱུང་ན་ཡོང་གི་ཡིན།
བློ་བུར་རྡ་སར་འབྱོར་བའི། །
སིཏུའི་ཀརྨ་མཁྱེན་ནོ། །
རྒྱ་མིས་མ་ཚོར་ངང་ནས། །
འཁོར་བཅས་བྲོས་པ་མཁྱེན་ནོ། །
དད་པའི་ཕུལ་བའི་དངོས་རྫས། །
ལུགས་འགལ་གཉེར་བ་མཁྱེན་ནོ། །
ཉིན་བཅུའི་མགོ་སྤུ་བྲེགས་པའི། །
དགེ་སློང་འདུས་དཔོན་མཁྱེན་ནོ། །
བཙན་པོ་དབང་ཡོད་བྱས་ཏེ། །
ཕྱག་མཁན་བསྐྲད་མཁན་མཁྱེན་ནོ། །
གོང་མའི་ཕྱག་ལེན་ཉམས་པའི། །
སི་ཏུའི་ཀརྨ་མཁྱེན་ནོ། །
ལུས་གསར་རྐྱང་རྐྱང་བཟོ་བའི། །
མཁས་པ་ཀརྨ་མཁྱེན་ནོ། །
མར་མིའི་རིང་ལུགས་མིན་པའི། །
བཀའ་བརྒྱུད་པ་ཁྱོད་མཁྱེན་ནོ།།
མེ་དཀར་དེ་དཔལ་མཇེ་ཡིན་པ་ཤེས་ཡོད། བླུན་པོ་ཚོ་ཅི་ཤེས། རྒྱལ་བ་རིན་པོ་ཆེས་དབུས་མཁས་པ་ཚོས་ཀརྨ་པ་ལ་རེ་བ་དང་ཡིད་ཆེས་འདུག་གདའ།
དྲག་ཆར་རླུང་འཚུབ་ཁྲོད་ཀྱི་གཞོམ་གཞིག་བྲལ་བའི་ཀརྨ་པ།
ཀླུ་སྨྱོན་ཧེ་རུ་ཀ
བོད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་མང་པོའི་ཁྲོད་དུ་ཡང་དང་ཡང་དུ་མཐོང་རྒྱུ་ཡོད་པའི་ཚིག་འབྲུ་གསུམ་ནི་ཀརྨ་པ་ཞེས་པའི་ཡི་གེ་འདི་གསུམ་རེད། ཡིག་འབྲུ་འདི་གསུམ་བོད་ཀྱི་ལོ་རྒྱུས་ཆེ་འབྲིང་ཆུང་གསུམ་གྱི་ཁྲོད་ནས་ཅིའི་ཕྱིར་ཡང་ཡང་ཕྱིར་མངོན་ཡོང་དགོས་པ་རེད་ཅེ་ན། དེ་ནི་ཧ་ཅང་ལས་སླ་བ་ཞིག་སྟེ། བོད་པའི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་འགྲན་ཟླ་མེད་པ་ཞིག་བཟུང་ཡོད་པའི་ནང་བསྟན་ཆོས་ལུགས་ཀྱི་ཁྲོད་དུ་བླ་སྤྲུལ་ངོས་འཛིན་ཞུ་བའི་ལུགས་སྲོལ་རླབས་པོ་ཆེ་དེ་ཡང་ཐོག་མར་ཀརྨ་པ་ནས་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ཀརྨ་པ་རིམ་བྱོན་གྱིས་བོད་པའི་ལོ་རྒྱུས་ཁྲོད་དུ་ཆབ་སྲིད་ཁྲོད་ཤུགས་རྐྱེན་དེ་ཙམ་ཆེན་པོ་ཞིག་འཇོག་གནང་མཛད་མེད་ན་ཡང་། ཆོས་ལུགས་ཀྱི་ལོ་རྒྱུས་ཁྲོད་དུ་གོང་ས་ཏྰ་ལའི་བླ་མ་མཆོག་དང་འདྲ་བར་ཀརྨ་པ་དེ་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་རྣམ་པར་བྱོན་པ་ཞིག་ཏུ་ཡོངས་སུ་གྲགས་ཤིང་གྲུབ་ཡོད་ཅིང་། ཁོང་གི་མཚན་ལ་ཡང་གོང་ས་མཆོག་དང་འདྲ་བར་རྒྱལ་དབང་ཀརྨ་པ་ཞེས་ཆེ་བསྟོད་ཞུས་ཡོད།
སྤྱིར་ན་ཀརྨ་ཞེས་པ་འདི་ནི་ལེགས་སྦྱར་གྱི་ཡི་གེ་ཞིག་ཡིན་པ་དང་། དེ་ལ་བཟང་ཕྱོགས་ནས་འཕྲིན་ལས་ཞེས་བསྒྱུར་ཡོད་པ་ཅུང་ཟད་དམན་པའི་ཕྱོགས་ནས་ལས་ཞེས་བསྒྱུར་ཡོད་པས། བླ་མ་ཞིག་གི་རླུང་རྟ་ཆེ་རུ་རྒྱུགས་སྐབས་ཁོང་གི་འཕྲིན་ལས་རྒྱས་བཞིན་ཡོད་པར་སྨྲ་བ་དང་། ཡང་བླ་མ་དེའི་ཆོས་སྲིད་ཀྱི་བྱ་བར་ལམ་འགྲོ་དེ་ཙམ་མ་རྒྱུགས་སྐབས་དེ་ནི་ཁོང་གི་ལས་རེད་ཅེས་བརྗོད་སྲོལ་ཡང་ཡོད། དེ་ལ་ངོ་མཚར་རྒྱུ་ཅི་ཡང་མེད་པ་སྟེ། བདག་ཅག་གི་སྟོན་པས་ཀྱང་ཁོང་གི་ཞབས་མཐེའུ་ལ་ལྷས་བྱིན་གྱི་སྒྱོགས་རྡོ་ཕོག་པ་དང་སྐུ་རྒྱབ་ན་བ་སོགས་ཁོང་གི་ལས་ཀྱི་ལྷག་མ་ཡིན་པར་གསུངས་ཡོད་པས། རང་རེའི་བླ་ཆེན་ཀརྨ་པ་ལྟ་བུས་ཀྱང་སྐབས་རེར་འཕྲིན་ལས་རྒྱས་ཏེ་སྙན་གྲགས་འཕེལ་བ་དང་། ཡང་སྐབས་རེར་མ་ཉེས་ཁ་གཡོག་ཕོག་སྟེ་ལས་ཀྱི་ལྷག་མ་མྱོང་དགོས་པ་དེ་ནི་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་ཧ་ཅང་ལས་སླ་བོའི་སྒོ་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་ཡིན་ནམ།
ལོ་རྒྱུས་ཀྱི་རླུང་འཚུབ་ཁྲོད་དུ་ཀརྨ་པ་སྐུ་ཕྲེང་རེ་ཟུང་ལ་སྐུ་ངལ་འཕྲད་དེ་ཁོང་གི་གདན་སར་བཞུགས་མ་ཐུབ་པར་འཇང་ས་དམ་ཡུལ་དུ་ཕེབས་དགོས་བྱུང་བ་སོགས་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དུ་བརྙེད་རྒྱུ་ཡོད་ཅིང་། དེ་དུས་སུ་ཡང་ཀརྨ་པ་ཁོང་ཉིད་ཀྱི་མཛད་པ་འཕྲིན་ལས་ལ་བར་ཆད་རེ་ཟུང་ཐེབས་ན་ཡང་སངས་རྒྱས་ཀྱི་བསྟན་པ་དེ་ཕྱོགས་གང་སར་སྤེལ་བ་ལ་ཐུགས་སྐྱེད་ནམ་ཡང་ཞུམ་པ་མེད་པར་ཕྱོགས་ཀུན་ཏུ་ཕེབས་བཞུད་གནང་བ་ཞིག་རེད་འདུག ཁྱད་པར་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བཀའ་ཡིག་ཕེབས་པ་ནས་བཟུང་ཏྰ་ལའི་བླ་མ་དང་ཀརྨ་པ་མཆོག་གི་འབྲེལ་ལམ་དེ་ལོ་རྒྱུས་ཀྱི་སྟེང་ནས་བལྟས་ན་ཚད་གཞི་ཧ་ཅང་མཐོན་པོ་ཞིག་ལ་བསླེབས་འདུག
དམིགས་བསལ་ཀརྨ་པ་སྐུ་ཕྲེང་འདི་བར་མཚོན་ན་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་ཞུས་པའི་རྗེས་དེ་གར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་རྩིས་རབ་དང་རིམ་པ་ཞིག་བྱས་པ་ཡོངས་གྲགས་དང་། ཁྱད་པར་དུ་ཁོང་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་ཕེབས་དུས་རྒྱ་དཔོན་ཞིག་གིས་ཤེལ་བུམ་ནང་དུ་བླུགས་པའི་ཉ་ཆུང་ཆུང་འགའ་སྤྱན་འབུལ་ཞུས་ཏེ་འདི་ལ་ཐུགས་མཉེས་པོ་ཡོད་དམ་ཅེས་བཀའ་འདྲི་ཞུས་པར། དེ་དུས་དགུང་ལོ་ཧ་ཅང་ཆུང་ཆུང་ཡིན་པའི་ཀརྨ་པས། “བུམ་པ་ཆུང་ཆུང་འདིའི་ནང་དུ་ཉ་འདི་སྐྱིད་པོ་ཏོག་ཙམ་ཡོད་སྲིད། ཡིན་ན་ཡང་ཉ་འདི་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ནང་དུ་འགྲོ་བཅུག་པ་ཡིན་ན་དེ་ལས་ལྷག་པའི་སྐྱིད་པོ་ཞིག་ཡོང་ངེས་རེད” ཅེས་གསུངས་པ་དེ་སྐབས་དེའི་རྒྱ་གཞུང་གི་མགྲིན་ཚབ་དུས་དེབ་<>ཞེས་པའི་ངོས་སུ་བཀོད་ཡོད་པ་ཁོ་བོས་མཐོང་མྱོང་། ཁོ་བོས་དེ་དུས་གོང་འཁོད་ཀརྨ་པའི་གསུང་དུམ་བུ་དེ་བཀླགས་རྗེས་ལོ་ན་རྒན་ཞིང་སྲིད་དོན་གྱི་ཉམས་མྱོང་གིས་ཁེངས་ཤིང་དྲེགས་པ་ཆེ་བའི་རྒྱ་ནག་དཔོན་རིགས་དག་གི་འཁྲིས་སུ། དགུང་ལོ་ཆུང་ཡང་དགོངས་པ་བཞེས་ཕྱོགས་ཐད་ནས་འགྲན་ཟླ་བྲལ་བའི་རང་བཞིན་ཁྱད་པར་འཕགས་པའི་ཀརྨ་པ་མཆོག་ལ་རང་དབང་མེད་པར་དད་གུས་ཤིག་སྐྱེས་མྱོང་།
རྒྱ་ནག་གཞུང་གི་མགོ་ཁྲིད་དག་ནི་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་རྒྱུས་མངའ་ཆེ་ཞིང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་སྙན་གྲགས་ཅན་དག་བེད་སྤྱོད་བཏང་སྟེ་བོད་མི་རིགས་ལ་དབང་སྒྱུར་རབ་དང་རིམ་པ་ཞིག་བྱས་ཡོད་ལ། གོང་ས་ཏྰ་ལའི་བླ་མ་མཆོག་ཕྱི་ཕྱོགས་སུ་བཞུགས་ཤིང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་རྗེས་ཀྱི་ལོ་ཟླ་དེ་དག་གི་ནང་དུ། ཀརྨ་པ་མཆོག་ནི་རྒྱ་ནག་གཞུང་ལ་དགོས་མཁོ་ཆེས་ཆེ་བའི་བོད་ཀྱི་བླ་ཆེན་ཞིག་ཡིན་ཞིང་། གལ་སྲིད་རྒྱ་གཞུང་གིས་ཁོ་ཚོའི་འདོད་པ་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་རྩ་དོན་དག་ཀརྨ་པ་མཆོག་གི་ཀླད་པའི་ནང་དུ་འབད་མེད་ལྷུན་གྲུབ་ཏུ་ལྡུག་ཐུབ་པ་ཞིག་བྱུང་ན། དེ་ལས་ལྷག་པའི་སྲིད་གཞུང་གི་བསམ་དོན་འགྲུབ་པ་ཞིག་འབྱུང་ཐབས་མེད་པ་ལྟ་བུ་ཡིན་ན་ཡང་། དགུང་ལོ་ཆུང་ཡང་གཟིགས་རྒྱང་ཧ་ཅང་རིང་པའི་ཀརྨ་པ་མཆོག་གིས་རང་ཉིད་གཅིག་བུ་དང་། ཡང་ན་རང་ཉིད་གང་ལ་གཏོགས་པའི་ཆོས་བརྒྱུད་གྲུབ་མཐའ་དེ་གཅིག་པུའི་ཁེ་ཕན་ལ་མ་གཟིགས་པར། གཞི་རྒྱ་ཆེ་བའི་བོད་ཀྱི་མ་འོངས་རྩ་དོན་དང་བོད་མི་དམངས་ཀྱི་རེ་བ་ངོ་མ་དེ་ལ་གདེང་འཇོག་གིས་འཛམ་གླིང་གི་སྒལ་ཚིགས་སམ་ས་གཞིའི་ཡང་རྩེར་གྲགས་པའི་རི་བོ་ཧི་མ་ལ་ཡ་བརྒལ་ནས། བོད་མིའི་དབུ་ཁྲིད་གོང་ས་ཏྰ་ལའི་བླ་མ་མཆོག་བཞུགས་པའི་རྡ་རམ་ས་ལར་ཤར་རྒྱག་ཕེབས་པ་རེད།
རང་ཡུལ་བཞག་སྟེ་མི་ཡུལ་འགྲིམས་པའི་དུས་དེ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ། ཀརྨ་པ་མཆོག་གིས་དགུང་ལོ་མཐོ་ཞིང་མཛད་བྲེལ་ཆེ་བའི་གོང་ས་ཏྰ་ལའི་བླ་མ་མཆོག་གི་བཀའ་སློབ་ཚིག་གཅིག་ཡན་ཆད་ལ་གུས་རྩི་ཞུས་ཏེ་སློབ་དཔོན་དང་སློབ་མའི་བར་གྱི་དམ་ཚིག་གསེར་སྲང་སྟོང་ཕྲག་ལས་གྲུབ་པའི་འགྲན་ཟླ་མེད་པའི་མཆོད་སྡོང་ཞིག་བཞེངས་གྲུབ་ཡོད་ཅིང་། དེ་དང་མཉམ་དུ་དགུང་ལོ་གཞོན་པའི་བླ་ཆེན་ཞིག་ལ་དགོས་པའི་གནའ་རབ་དང་དེང་རབ་ཀྱི་ཤེས་བྱ་རིག་པའི་གནས་མང་པོར་ཐུགས་བརྩོན་ཆེན་པོས་སློབ་སྦྱོང་གནང་སྟེ་ངེས་པ་དོན་གྱི་པཎྜི་ཏ་སྐུ་ན་གཞོན་པ་ཞིག་ཏུ་འཚར་ལོངས་བྱུང་ཡོད།
ཡིན་ན་ཡང་ཕྱོགས་གཅིག་ནས་ཀརྨ་པ་མཆོག་བོད་ནང་བཞུགས་དུས་རྒྱ་གཞུང་གིས་ཕྱོགས་གང་ས་ནས་ཁོ་ཚོའི་ལག་ཆར་འགྱུར་བའི་རེ་བ་བྱས་ཏེ་སྲིད་འཛིན་ཅང་ཙེ་མེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་མཇལ་འཕྲད་སྣ་ཚོགས་ཞུས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གཞུང་གིས་ཀརྨ་པའི་ཡང་སྲིད་རྩོད་རྙོག་ལས་འཕྲོས་ཏེ། སི་ཏུ་རིན་པོ་ཆེ་མཆོག་རྒྱ་གཞུང་གི་སྲིད་ཕྱོགས་དང་འབྲེལ་བ་ཡོད་པར་དོགས་པ་ཟོས་ནས་ཕྱི་སྐྱོད་བཀག་འགོག་བྱས་པ་སོགས་ཀྱི་ཉེར་ལེན་གྱིས། རྒྱ་གར་གཞུང་གིས་ཀརྨ་པ་མཆོག་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་མིག་ལྤགས་ཏོག་ཙམ་གཟེང་བཞིན་ལྟ་གིན་ཡོད་པ་ཡོངས་གྲགས་དང་། ཀརྨ་པ་མཆོག་རང་ངོས་ནས་ཀྱང་མཁྱེན་བརྩེ་ནུས་གསུམ་དང་མཁས་བཙུན་བཟང་གསུམ་ཁྱད་དུ་འཕགས་ཏེ་མཚན་སྙན་ཆེན་པོ་ཆགས་དུས་རང་བཞིན་གྱིས་དེ་ལ་མི་དགའ་བའི་ཕྲག་དོག་གིས་ཡིད་སེམས་མྱོས་པའི་སྐྱེ་བོ་མ་རུང་བ་དུ་མ་ཞིག་ཀྱང་ཕྱོགས་གང་སར་ཡོད་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆོས་ཉིད་ཅིག་ཡིན་པས། ཀརྨ་པའི་མཛད་འཕྲིན་གྱི་བར་ཆད་ཅེས་པ་དེ་ནི་ནམ་ཡང་རྐྱེན་དང་འཕྲད་ན་ལྡང་རུང་གི་ཚུལ་དུ་ཡོད་པ་ཞིག་རེད།
ཀམ་ཚང་བཀའ་བརྒྱུད་པར་མཚོན་ན་ཀརྨ་པའི་དབུ་ཞྭ་ནག་པོ་དེ་ནི་མཁའ་འགྲོ་སྟོང་གི་དབུ་སྐྲ་ལས་གྲུབ་པ་ཡིན་སྐད་ཀྱིས་ལོ་རྒྱུས་ཁྲོད་དུ་ཧ་ཅང་རྩ་ཆེར་བརྩི་སྲོལ་ཡོད་པའི་ཞྭ་མོ་ཞིག་རེད་ལ། དད་ལྡན་མང་ཚོགས་ཁྲོད་དུ་ཀརྨ་པ་དང་ཧ་ལམ་གོ་ས་མཉམ་པའི་ཆོས་ལུགས་ཀྱི་དངོས་རྫས་ཤིག་རེད་ཅེས་བརྗོད་ཆོག་པ་ལྟ་བུར་སྣང་། ཡིན་ན་ཡང་ཀརྨ་པ་འདི་བར་མཚོན་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་བའི་དབུ་ཞྭ་འདི་ལ་ཡང་དེ་ཙམ་ཆགས་ཞེན་ཆེན་པོ་གནང་མཁན་ཞིག་རྩ་བ་ཉིད་ནས་མིན་པར། དུས་ཚོད་ཀྱི་འགྱུར་བའི་ཀློང་ནས་ཆོས་ལུགས་ཀྱི་དངོས་རྫས་འདི་ཚོ་དེ་ཙམ་བློས་མི་ཐོངས་པ་ཞིག་ཏུ་ནམ་ཡང་གཟིགས་ཀྱི་མེད། དཔེར་ན་ཁོང་གིས་ཞྭ་ནག་དེ་རྒྱ་དཔོན་ཅང་ཙེ་མེན་ལ་ཡང་གཡོག་ཆོག་པ་ལྟ་བུའི་བཀའ་མོལ་གསུངས་པ་དེ་ལས་ང་ཚོས་ཁོང་གིས་ཕྱི་དངོས་པོ་ལས་ནང་སེམས་ཀྱི་མཛེས་སྡུག་དེ་གལ་ཆེར་གཟིགས་བཞིན་ཡོད་པ་མཐོང་ཐུབ།
སྐབས་བབས་ད་རེས་ཀྱི་ཀརྨ་པའི་བླ་བྲང་གི་དངུལ་དམར་དོན་རྐྱེན་འདི་ནི་ཆུང་ཆུང་བྱས་ན་བོད་པའི་ཆོས་བརྒྱུད་ཀྱི་བླ་ཆེན་ཞིག་ལ་མི་ཁྲི་ཕྲག་གིས་མ་སྐུལ་དང་བླངས་ཀྱིས་ཕུལ་བའི་དངུལ་དངོས་ཕྱིར་མངོན་པ་ཙམ་ཞིག་དང་། ཆེན་པོ་བཟོས་ན་ཡུལ་ཁྲིམས་དང་མི་མཐུན་པར་རྒྱལ་ཁབ་འདྲ་མིན་དུ་མའི་དངུལ་དམར་ཟུར་ཉར་བྱས་པའི་དོན་རྐྱེན་ཞིག་རེད། བོད་པའི་བླ་མ་དང་བླ་བྲང་གི་ལས་བྱེད་བར་གྱི་འབྲེལ་བ་སྤྱི་དང་མཚུངས་པར་ཀརྨ་པའི་བླ་བྲང་གི་ལས་བྱེད་དག་གིས་ཕྱག་ལས་གནང་སྟངས་ཐད་ཀརྨ་པས་མ་འོངས་སྔོན་གཟིགས་ཀྱིས་བཀའ་མོལ་གནད་འགག་ཅན་ཞིག་གསུངས་མྱོང་བ་སྟེ། དེ་ནི་ལོ་གཉིས་སྔོན་ཀརྨ་པ་འདི་ག་ཨ་རིའི་སེ་ཨ་རོལ་ས་གནས་སུ་ཕེབས་དུས་ན་ལེནྡྲ་ཆོས་ཚོགས་སུ་ས་གནས་བོད་རིགས་མི་དམངས་ལ་མཇལ་ཁ་བཀའ་སློབ་ཅིག་བསྩལ་དུས། ཞབས་ཞུ་བ་དག་གིས་བླ་མའི་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་ཡོད་ཅེས་ཧ་ཅང་ཞལ་གསལ་བོའི་སྒོ་ནས་གསུངས་སོང་ལ། དེ་ལ་བརྟག་དཔྱད་ཞིབ་འཇུག་གནང་འདོད་ཡོད་ན་དེ་དུས་དེར་ཡོད་པའི་བོད་མི་དག་ལ་དྲིས་ན་གསལ་བོ་རེད། ཡིན་ན་ཡང་གསལ་བོར་ཞུ་དགོས་པ་ཞིག་ལ་ཁོང་གིས་ངའི་ཞབས་ཞུ་བས་ངའི་ལས་དོན་ལ་འགོག་རྐྱེན་བཟོ་ཡི་ཡོད་ཅེས་གསུངས་མ་སོང་བར། སྤྱིར་གཏང་རྒྱུན་ལྡན་གྱི་གནས་ཚུལ་ལྟ་བུར་གསུངས་སོང་།
ངས་དེ་རིང་སྔ་དྲོར་རང་ཉིད་ཀྱི་སློབ་མ་བོད་ཕྲུག་ཨ་རིར་སྐྱེས་པ་གཉིས་ལ་གོང་ས་ཏྰ་ལའི་བླ་མའི་<>ཞེས་པའི་དེབ་དེ་ཀློག་རོགས་བྱས་དུས། སྟེས་དབང་གིས་སྤྱི་ལོ་༡༩༥༩ལོར་གོང་ས་ཏླ་ལའིོ་བླ་མ་མཆོག་བོད་ནས་རྒྱ་གར་ལུང་བར་སྐྱབས་བཅོལ་ལ་ཕེབས་དུས། བོད་དང་རྒྱ་གར་གྱི་ས་མཚམས་བརྒལ་ལ་མ་བརྒལ་གྱི་དུས་སུ་གནམ་གཤིས་སྡུག་པོ་ཞིག་གི་རྐྱེན་གྱིས་ཁོང་གི་གསོལ་གྲོད་བསྙུངས་པའི་དུས་དེར། རྒྱ་གར་གྱི་རླུང་འཕྲིན་ཁག་གིས་ཁོང་རྟ་ལས་ལྷུང་སྟེ་སྐུ་གཟུགས་ལ་བརྡབ་སྐྱོན་ཚབས་ཆེན་བྱུང་ལུགས་ཤིག་བསྒྲགས་ཏེ། མི་མང་གི་སེམས་པ་སྡུག་བསྔལ་ལ་སྦྱར་ཚུལ་ཞིག་དང་ཁ་ཐུག་ཁེལ་སོང་བས། རྒྱ་གར་གྱི་གསར་འགྱུར་ཚན་པ་འདི་དག་གིས་དུས་རབས་ཕྱེད་ཀའི་སྔོན་ནས་བཟུང་སྟེ་བོད་པའི་དབུ་ཁྲིད་ཆེན་པོ་འདི་ཚོའི་སྐོར་མགོ་ཚོས་ལ་མ་ཚོས་པའི་གནས་ཚུལ་སྤེལ་རྒྱུར་གོམས་བསྡད་ཡོད་པ་ཞིག་ཏུ་མཐོང་སོང་།
གང་ལྟར་ཐེངས་འདིར་ཀརྨ་པར་འཕྲད་པའི་གནས་ཚུལ་འདི་ནི་བོད་པའི་ཞི་བྱེད་གཅོད་ཀྱི་ཆོས་ལུགས་པ་དག་གིས་མཚན་མོར་དུར་ཁྲོད་སོགས་གཉན་ཁྲོད་དུ་ལྷ་འདྲེར་ལུས་སྦྱིན་གཏོང་དུས། གལ་སྲིད་དམིགས་པ་དེ་ལམ་དུ་འགྲོ་བཞིན་ཡོད་ཚེ་ལྷོངས་ཟེར་བའི་ལྷ་འདྲེས་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་སྒོམ་ཆེན་གྱི་རྟོགས་པའི་གདེང་ཚད་ལ་ལྟ་སྲོལ་ཞིག་ཡོད་པ་དེ་དང་ཧ་ཅང་མཚུངས་པར། ཀརྨ་པའི་མ་འོངས་པའི་སྐུ་ཚེའི་མདུན་ལམ་རིང་མོའི་སྟེང་གི་འབྱུང་སྲིད་པའི་དཔལ་འབྱོར་དང་ཆོས་ལུགས། ཆབ་སྲིད་དང་རིག་གཞུང་སོགས་སྣེ་མང་རྙོག་འཛིང་གི་ཁྲོད་དུ་དཀའ་ངལ་ཅི་བྱུང་ལ་གདོང་ལེན་བྱེད་དགོས་པའི་ཚོད་བགམ་ཞིག་ཏུ་མཐོང་བས། བོད་མི་ས་ཡ་དྲུག་དང་བརྩེ་དུང་གི་འབྲེལ་ཐག་ཧ་ཅང་དམ་པའི་ཀརྨ་པ་མཆོག་ཐེངས་འདིའི་དངུལ་དམར་དོན་རྐྱེན་གྱི་དྲག་ཆར་རླུང་འཚུབ་འདི་ལས་རྣམ་པར་རྒྱལ་ཏེ། ཆོས་སྲིད་གང་ཐད་ནས་བོད་མི་རིགས་ཀྱི་ངེས་པ་དོན་གྱི་དབུ་ཁྲིད་ཁྱད་པར་འཕགས་པ་ཞིག་ཏུ་འགྱུར་བར་སྨོན། ཀརྨ་པ་མཁྱེན་ནོ།།
ཤོག་ངོས་འདི་ཐེངས་ (༣༢༥) ལ་བཀླགས་འདུག
ཡར་འཇོག་མཁན། : སྐུ་ངོ་།
རྩོམ་པ་པོ། : ཀླུ་སྨྱོན་ཧེ་རུ་ཀ
ཡོང་ཁུངས། : བོད་ཀྱི་དུས་བབ།
སྤེལ་དུས : ༢༠༡༡/༠༢/༠༨ ༢༢:༢༢:༢༢
ད་ཡང་མེ་དཀར་ཀརྨ་ཡེ་གཉིས་འཁྲུགས་ས་རེད། ཁ་སྔོན་ཁོང་གཉིས་ཕྱོགས་གཅིག་རེད་འདུག་དཱ། ད་ཡིན་ན་ཡང་བཀའ་རྙིང་ཟུང་འབྲེལ་དེ་གཏོར་ས་རེད།
ཀརྨ་ཡེ་ཤེས། གོང་དུ་དགེ་ལུགས་པའི་རྒྱལ་བ་རིན་པོ་ཆེ་ཟེར་བའི་བོད་མིའི་སེམས་ཁམས་ལ་གནོད་པའི་ཚིག་འདི་ཕྱིར་འཐེན་དང་། ཕྱིན་ཆད་འདི་འདྲའི་ཚིག་འབྱུང་ན་སིཏུའི་ཀརྨའི་གནད་དོན་ཡང་ཡང་གླེང་གི་ཡིན།
ཡང་ཀརྨ་ཡེ་ཤེས་ལ་ཞུ་རྒྱུ། ངའི་ཉེ་ས་ན་དད་ལྡན་ཞིག་འདུག་པ་དེས་བཀའ་བརྒྱུད་སྨོན་ལམ་ལ་མང་ཇ་ཕུལ་དགོས། སྨོན་ལམ་ག་དུས་རེད་ཟེར། ཁྱོད་ཚོ་བཀའ་བརྒྱུད་པའི་སྨོན་ལམ་པ་ཊི་མང་པོས་ཚོགས་གི་འདུག་པར་ངས་ཁོ་ལ་ལན་རྒྱག་མ་ཐུབ། ད་ག་གི་ལ་ཆ་འཇོག་དགོས་རེད་དམ།
སི་ཏུའི་ཀརྨའི་སྨོན་ལམ་ནི་བཙན་པོ་སྨོན་ལམ་ལས་དད་པའི་སྨོན་ལམ་གྱི་བཟོ་ཅང་མིན་འདུག དེ་ལས་ཞ་དམར་སྨོན་ལམ་དེ་དྲག་ས་རེད་སྨོ། དེ་སྐབས་བལ་ཡུལ་ནས་སྙེ་ཤང་གི་ཨ་ནི་མཛེས་མ་མི་ཉུང་བ་འོང་གིན་འདུག་དེ་ཡག་ས་རེད། ད་ཁོ་ལ་ཞ་དམར་སྨོན་ལམ་ངོ་སྤྲོད་གི་ཡིན་ད།
འཇམ་མགོན་མི་ཕམ་རིན་པོ་ཆེས་དབུ་མ་རྒྱན་འགྲེལ་ལས།
མདོར་ན་མཉམ་བཞག་སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་གཞལ་དོན་ལྟར་མཐར་ཐུག་གི་གནས་ཚུལ་བདེན་པ་དབྱེར་མེད་ཀྱི་དབང་དུ་བྱས་ན་ནི་བདེན་གཉིས་ཕྱེ་མི་དགོས་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་ཡོད་མེད་ཡིན་མིན་སོགས་དགག་སྒྲུབ་ཀྱི་ཁས་ལེན་གང་ཡང་མེད་པས་ཅིའང་མི་གསུང་བའི་ཚུལ་གྱིས་ལན་བཏབ་པ་དང་འདྲ་བར་ཡང་དག་པར་ན་ཐ་སྙད་ཐམས་ཅད་ལས་འདས་ཤིང་བརྗོད་དུ་མེད་པ་དང་སྤྲོས་པ་དང་བྲལ་བ་དང་མཉམ་པ་ཉིད་ཀྱི་ཕྱིར་ཁས་ལེན་མེད་པར་གྲུབ་ཀྱང༌། རྗེས་ཐོབ་སྒྲ་རྟོག་གི་ཡུལ་དུ་གྱུར་པ་སྣང་ཚུལ་གྱི་དབང་དུ་བྱས་ཏེ་གཞི་ལམ་འབྲས་བུ་སོགས་ཀྱི་རྣམ་གཞག་ཞིག་རང་གིས་བསམ་ཞིང་གཞན་ལའང་སྨྲ་དགོས་ན་ནི་ཚད་མ་གཉིས་ཕྱེ་སྟེ་དགག་སྒྲུབ་ཀྱི་ཚུལ་ལ་འཇུག་པ་ལས་འདའ་བ་མི་སྲིད་དོ། །དེ་ལྟར་ན་༼དབུ་མ་རྒྱན༽འདི་དང་ཐལ་འགྱུར་གཉིས་ཆེས་མི་འདྲའོ་སྙམ་དུ་རྟོག་པར་མི་བྱ་སྟེ། ཐ་སྙད་ཞལ་གྱིས་བཞེས་ཚུལ་ཙམ་མི་འདྲ་ཡང༌། ཤིང་རྟ་ཆེན་པོའི་དགོངས་པ་མཐར་ཐུག་གནད་གཅིག་ཏུ་དབྱེར་མེད་པར་རིགས་པས་གྲུབ་པས་སོ། །
དེ་ལྟར་ཤེས་ན་གངས་ཅན་འདིར་ཡང་༼དགེ་ལྡན་པའི་༽མཁས་པ་ལ་ལས་༼དབུ་མ་ཐལ་འགྱུར་པས༽ཀུན་རྫོབ་ཚད་གྲུབ་ཏུ་བཞེད་པ་ལ། གཞན་དག་གིས་༼ ས་སྐྱ་པ་དག་གིས་ནི་དབུ་མ་པས་ཚད་གྲུབ་ཅིག་འདོད་པར་སྨྲ་བ་༽དེ་མི་སྲིད་པའི་གཏམ་ངན་དུ་རྩི་བ་དང༌། ༼བོད་སྔ་རབས་པའི་མཁས་པ་གཙང་པ་སོགས༽མཁས་པ་སྔ་མའི་བཞེད་ཚུལ་ལ་༼དགེ་ལྡན་པ༽ཁ་ཅིག་གིས་དེ་རྣམས་ཀྱིས་༼ཁས་ལེན་གང་ཡང་མེད་པར་སྨྲ་བས་ན༽ཐལ་འགྱུར་བའི་ལྟ་བ་རྣལ་མ་མ་རྟོགས་པའི་སྐུར་འདེབས་སོགས་དང༌། གཞན་ཡང་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་ལ་རྨོངས་པའི་དྲི་མ་མང་ཞིག་རང་གྲོལ་དུ་འགྱུར་རོ། ། ཞེས་གསུངས་སོ།
ཨོ་ད་ཡིན་ན་ངས་གཅིག་ཧ་གོ་གྲབས་བྱེད་ཀྱི་འདུག བོད་བརྒྱུད་ཆོགས་ལུགས་ལ་ས་དགེ་བཀའ་རྙིང་བོན་སོགས་བྱུང་བ་དེ་མཉམ་བཞག་གིས་རྟོགས་པའི་དོན་སྒྲ་རྟོག་གི་སྤྱོད་ཡུལ་ལས་འདས་པ་ཡིན་ཙང་། མཉམ་པར་བཞག་པའི་སྐབས་སུ་ཚང་མས་དོན་གཅིག་རྟོགས་པ་ཡིན་ཀྱང་འཆད་རྩོམ་གྱི་སྐབས་སུ་མཉམ་བཞག་གིས་རྟོགས་པའི་དོན་ཇི་བཞིན་བཤད་མ་ནུས་པར། དགེ་ལུགས་པས་ཁག་ཁ་གཅིག་བཤད། རྙིང་མ་པས་ཁག་ཁག་ཅིག་བཤད། ས་སྐྱ་པས་ཁག་ཁག་ཅིག་བཤད་པ་སོགས་ཀྱིས་བྱུང་བ་ཡིན་ས་རེད། དེ་ཡིན་དུས་ཚང་མ་མཉམ་བཞག་ལ་བཞུགས་ན་ཡག་ས་རེད། མ་རེད་པས།
གོང་དུ་འདི་དང་ཐལ་འགྱུར་ཞེས་པར་འདི་དབུ་མ་རྒྱན་ཡིན་པར་གསུངས་འདུག འདི་ཞེས་པ་དབུ་མ་རྒྱན་ལ་གོ་དགོས་པ་ཨེ་ཡིན། ངས་བལྟས་ན་དབུ་མ་རང་རྒྱུད་ལ་གོ་དགོས་པ་མིན་ནམ།
འོ་ཡ་་་་་་ད་ཡིན་ན་་་་་བོད་པ་ཚང་གི་རང་ཚང་ཁྲོམ་སྒྲགས་བྱེད་ཀྱི་འདུག །མ་ཟད་ད་རེས་ཀྱི་ཁ་བརྡ་འདི་ནི་་་་་བོད་པའི་བླ་ཆེན་ང་ཡིན་ཟེར་མཁན་ཚོར་་་་་གཏོར་མ་བརྒྱབ་ཡག་རེད་ཤག་་་་སོང་ཙང་་་་ང་ཞེད་ཡག་གཅིག་ལ་་་་གལ་སྲིད་བོད་རང་བཙན་ཡོད་ན་་་་ཆོས་ལུགས་ཁག་གིས་་་་་ཆོས་ཀྱི་རྒྱལ་པོ་བཙུགས་ཡག་གི་ཆེད་དུ་་་་་མི་ཚེ་གང་པོར་་་་དམག་ལས་བྱེད་པ་ནི་ཐེ་མི་ཚོམ།
ད་རེས་འདི་ནང་་་་་་གདོང་དམར་གྱི་གངས་ཕྲུག་ལགས་ནས་་་་་་་ཡག་པོ་ཞེ་དྲག་བཤད་ཤག །དེ་དངོས་གནས་རེད་་་་་བླ་མ་དང་སྤྲུལ་པའི་སྐུ་ཟེར་ཡག་དེ་་་་་བརྒྱབ་སྐྱོར་བྱེད་མཁན་མི་འབོར་མང་ལུས་ཀྱི་ཆ་ནས་བླ་མར་འཇོག་དགོས་ན་ནི་་་་་རྩ་བ་ནས་ཡོང་ཡག་ཡོ་མ་རེད། དེང་སང་བླ་རྫུན་དང་སྤྲུལ་སོགས་ལ་བརྒྱབ་སྐྱོར་མང་ཤོས་རེད་་་་་གང་ཡིན་ཟེར་ན་ཁོང་ཚོར་དཔེ་ཤ་་་མང་པོ་ཡོད་པ་དང་བོད་པ་ཚོ་དངུལ་དགའ་ཆེས་དྲག་པས་སོ། བྱས་ཙང་་་་་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་མཁན་ཞིག་ཡོད་ན་དེ་ནི་དངོས་ཡོད་ཀྱི་བླ་མ་རེད་ལ་སྤྲུལ་པའི་སྐུ་ཡང་རེད། དེ་མིན་ན་གནམ་ལ་འཕར་ཐུབ་མཁན་ཞིག་ཡིན་ནའང་འདྲ་་་་་ས་འོག་ཏུ་འཛུལ་ཐུབ་མཁན་ཞིག་ཡིན་ནའང་འདྲ་་་་་འཛ་གླིང་མི་དམངས་ཚང་མས་བསྐྱོར་ཡོད་མཁན་ཞིག་ཡིན་ནའང་འདྲ། དོན་དམ་པའི་བླ་མ་ནི་མིན་པ་ཐག་གིས་ཆོད་དོ།།
ཧེ་ཧེ། ད་ངོ་མ་ཚུལ་བློས་བྱེད་རྒྱུ་རྫོགས་ནས་རེད་མ་གཏོགས། དགེ་ཆོས་ལྟ་བུའི་དངོས་གཙོ་སྨྲ་བ་ཞིག་གིས་དྲང་མོ་བཤད་ན་བླ་རུང་ཚང་གི་སྲུང་མའི་གཙོ་བོ་གླིང་གེ་སར་རྒྱལ་པོ་ཡང་ཁས་མི་ལེན་པ་རེད། དགེ་ཆོས་ཀྱིས། གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་གང་དུ་མི་བཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །ཞེས་གེ་སར་ནི་སྒྲོ་བཏགས་ཁོ་ནར་ཁས་ལེན་ཞིང་། དེ་བཞིན་དགེ་ཆོས་ཀྱིས་གུ་རུ་པདྨ་འབྱུང་གནས་ལའང། བཟང་རབས་ཐུ་རབས་ཚིག་གཅིག་གསུངས་མེད་ལ། དེང་སང་རྙིང་མ་པ་ཚོས་གུ་རུའི་གནས་མཆོག་ཏུ་ངོས་འཛིན་པའི་མཚོ་པདྨ་དེ་དགེ་ཆོས་ཀྱི་གོ་བཞིན་ཏུ་ཕྱོགས་དེར་གོམ་པ་གང་སྤོས་མི་འདུག གོང་དུ་དྲ་གྲོགས་གཞན་ཚོས་གསུངས་པ་ལྟར་མཁའ་འགྲོ་ནི་སེམས་ཅན་ལ་གནོད་པ་བྱེད་མཁན་ཞིག་ལ་ངོས་འཛིན་བཞིན་ཡོད། དེ་མཚུངས་རྙིང་མའི་རྒྱུད་སོགས་ཀྱང་དགེ་ཆོས་ཀྱིས་ཁས་ག་ལ་ལེན་སྲིད། རྙིང་མའི་རྒྱུད་རྣམས་ནི་ཕལ་ཆེར་ཞིག་ཆོས་སྐུ་ཀུན་ཏུ་བཟང་པོ་སོགས་ཀྱིས་གསུངས་པར་བཤད་ཡོད། དེ་ལྟར་ན་ཆོ་སྐུ་ཀུན་ཏུ་བཟང་པོ་དེ་ཤཱཀྱ་ཐུབ་པ་ལས་གཞན་ཞིག་ཏུ་ཁས་ལེན་བཞིན་ཡོད། དགེ་ཆོས་ཀྱིས་ནི་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་རྒྱུད་ཟེར་བ་ཕར་ཟད། བཅོམ་ལྡན་འདས་ཀྱིས་གསུངས་པར་གྲགས་པའི་རྒྱུད་སྡེ་རྣམས་ལའང་ཧིན་ཏུའི་ཆོས་ལུགས་འདྲེས་པའི་དོགས་སློང་གནང་བཞིན་ཡོད། དེའི་ཕྱིར་རྙིང་མའི་བླ་མ་པདྨ་འབྱུང་གནས། ཆོས་རྙིང་རྒྱུད་ཁག ཆོས་སྐྱོང་གེ་སར། འཕྲིན་ལས་ཀྱི་བྱེད་པོར་འདོད་པའི་མཁའ་འགྲོ་སོགས་ཁས་མི་ལེན་པའི་དགེ་ཆོས་ཚང་ལ་རྙིང་མ་པའི་ཁུངས་གཏུགས་ས་གཙོ་བོ་ཡིན་ཟེར་ན་ནི། ད་གང་ལ་སླེབས་འགྲོ།
གཟུར་གནས་ཀྱི་སྐད་ཆ་འགའ་ཞིག་ལ་དཔྱོད་དགོས་པ་མི་འདུག
ཁོང་གིས་རྙིང་མ་པ་ལ་གདེངས་འཇོག་ཅི་མཛད་སྨིན་གླིང་གཏེར་ཆེན་ལ་བསྟོད་པའི་ཀུན་འཁོར་དེར་ཧ་ཅང་གསལ།
ལེགས་སྦྱར་བང་མཛད་ཡིན་ནམ་གསེར་ཐང་གང་རུང་ཞིག་ཏུ་ཡང་།
རྙིང་རྒྱུད་རིན་པོ་ཆེ་འདི་གླང་དར་གྱི་ཁྲིམས་འོག་བླུན་པོའི་ལག་འོག་བཅས་བརྒྱུད་སྟབས་སྐབས་འགའ་ཤས་ལ་མ་དག་པའི་ཆ་ཡོད་ཀྱང་དེ་ཙམ་གྱིས་རྒྱུད་རང་མ་དག་པ་ཡིན་པར་མི་འགྲུབ་ཅེས་དམིགས་ཀྱིས་དོགས་དཔྱོད་གནང་ཡོད།
ཀློང་ཆེན་པ་ལ་བསམ་ཡས་ལུང་མང་པ་ཞུ་བ་ནི་སྔར་ཀུན་མཁྱེན་ཉིད་གྲྭ་སྐོར་དུ་ཕེབས་དུས་ནས་ཐོག་པའི་ཆེ་བསྟོད་ཀྱི་མཚན་ཞིག་རེད།
ཁུང་གིས་གཞུང་ཆེན་རྩོམ་སྐབས་ལུང་མང་པོ་འདྲེན་པ་དེར་དཔེ་ལ་ལྟོས་ཀྱི་མེད་པར་ཐད་ཀར་འདྲེན་པ་ཡིན་ཞེས་འཇམ་མགོན་མི་ཕམ་པས་ཡིན་བཞིན་མཛོད་ཀྱི་གྲུབ་བསྡུས་སོགས་སུ་གསུངས།
དེ་བཞིན་ཁོང་ཉིད་ཀྱིས་ཀྱང་གཞུང་རྩོམ་སྐབས་ལུང་མང་དུ་འདྲེན་པ་ལ་དགོས་པ་ཁྱད་པར་ཅན་ཡོད་པ་དམིགས་ཀྱིས་བསལ་ཏེ། ཐེག་མཆོག་མཛོད་དུ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་མཚན་ཡང་དག་པར་བརྗོད་པ་ཚར་གསུམ་ལ་ཉེ་བ་ཟློས་དེ་དྲངས་ཡོད་པ་དང་། འགྲེལ་བ་དོན་གསལ་དུ་ཡང་ལུང་གཅིག་ཡང་དང་ཡང་དུ་དྲངས་པ་ཡོད་པ་གཉིས་དཔེར་བཞག་ནས་གསལ་བཤད་གནང་ཡོད།
ཡང་གཅིག་གིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་ཁོ་ན་བཤད་བསྡད་པ་འདྲ་ཞིག་བཤད་པ་དེའང་བདེན་པ་མ་རེད།
ཁོང་གིས་དེ་ཚར་གཅིག་ཁྲིད་མྱོང་བ་ལས་དེ་མིན་ཁོང་གིས་རྟག་ཏུ་སྔ་འགྱུར་རོང་ཀློང་མི་ཕམ་སྨིན་གླིང་ཡབ་སྲས་སོགས་ཀྱི་གཞུང་ཆེན་ཁག་ཁྲིད་གནང་གིན་ཡོད་པ་འདི་ཚང་མས་ཤེས་གསལ་རེད།
མ་ཏོག་དཀར་པོས་ཚང་མ་མཉམ་བཞག་ལ་བསྡད་བསྡད་ན་རྙོག་ཁྲ་ཡོང་ས་མ་རེད་ཟེར་བའི་མཆན་དེར་ལྟས་པ་དང་ང་གཅིག་པུར་རྩིས་འཕྲུལ་གྱི་ཐད་ནས་གད་མོ་བགད་པ་ཡིན།
ཁོང་གིས་ཁ་མཚར་སྙིང་རྗེ་པོ་ཞེ་དྲགས་ཞིག་གསུང་བཞག
ཁོང་མི་བག་བྲོ་བོ་ཞིག་ཡོད་པ་འདྲ།
གུ་ཡངས་པོའི་བཀའ་མོལ་གནང་ན་སྐྱིད་པོ་འདུག
ལ་དྭགས་ཀྱིས་སྟོངས་དང་སྡོངས་ཀྱི་ཁྱད་པར་དྲིས་འདུག་ཀྱང་།
སྟོངས་ནི་སྡོངས་ཀྱི་འབྲི་ཚུལ་གཞན་ཞིག་ཡིན་པར་དག་གསར་སོགས་སུ་གསལ།
དེ་ཡང་གུ་རུ་རིན་པོ་ཆེའི་ཞལ་གདམས་ཐང་ཡིག་ཏུ་འཁོད་པ་ཞིག་ཏུ། འབྲེལ་བའི་གཉེན་གྱིས་འཆི་བ་ལ་མི་སྟོངསཿ བསགས་པའི་ནོར་གྱིས་འཆི་བ་ལ་མི་སྟོངསཿ
སོགས་གསུངས་ཡོད།
རོགས་བྱེད་ཐུབ་གི་མ་རེད་དམ་སྐྱོབས་ཐུབ་གི་མ་རེད་ཅེས་པའི་དོན་རེད།
སྡོངས་གྲོགས་མཛོད་ཅེས་པའི་སྡོངས་ཡང་དེ་ལྟར་རེད།
དེ་རིང་ངས་རྒྱ་ཡིག་གི་གཏམ་དཔེ་約定俗成ཅེས་པ་ཞིག་སློབ་ཁྲིད་སྐབས་སྦྱང་བ་ཡིན། དེ་སྐད་ཡིག་དང་འབྲེལ་བ་ཞིག་རེད། བོད་སྐད་དུ་གཏན་ཕབ་ཤུགས་འགྲིག་ཅེས་རྒྱ་བོད་ཚིག་མཛོད་ཆེན་མོར་བསྒྱུར་ཡོད།
ནང་དོན་ནི་ཐ་སྙད་དང་བརྗོད་པ་དག་ཆ་སོགས་ནི་མཐར་གཏུགས་ན་བརྗོད་འདོད་དུ་བཏགས་པ་དང་མི་མང་པོ་ཞིག་འདུས་ནས་སམ་ཁ་མཐུན་ནས་དེ་ལྟར་བརྗོད་པ་གོམས་ལོབ་ལྟ་བུར་གྱུར་ཏེ། ཡོངས་གྲགས་སུ་གྱུར་པ་ཙམ་གྱི་རྟེན་ཅན་ཡིན། ཞེས་པ་རེད།
གྲོགས་པོ་ཚང་མར་ཐུགས་རྗེ་ཆེ།
ཚང་མས་ཡ་གླིང་གི་སང་ཉིན་ཞོགས་པ་སྔ་མོ་དང་ནུབ་གླིང་གི་མཚན་མོར་རྒྱལ་སྤྱིའི་ཨོ་ལམ་ཕིག་ལུས་རྩལ་འགྲན་ཚོགས་ཆེན་མོ་དབུ་འཛུགས་རྒྱུ་རེད།་
གུ་ཡངས་བྱས་ནས་གཟིགས་འདོད་ཡོད་མཁན་ཚོས་གཟིགས།
ང་ནི་ལུས་རྩེད་སོགས་ལ་ལྟ་མི་ཤེས་མཁན་ཞིག་ཡིན།
འོན་ཀྱང་དབུ་འཛུགས་མཛད་སྒོར་ཅིག་བྱས་ན་ལྟ་ནའང་ཐང་།
ང་ཚོས་བསམ་བློ་གུ་ཡངས་ཙམ་གནང་དང་།
བརྩེ་བའི་གྲོགས་པོ་ཚོ།
དེ་ཡིན་ངེས་རེད་འདུག
ཡིག་ནོར་མང་པོ་ཤོར་ཡོད་ས་ཡོད། ཞུས་དག་བྱས་མེད། དགོངས་འགལ་མེད་པ།
རྫ་ཚེ་རིང་བཀྲ་ཤིས་ཟེར་བའི་བླ་རྒན་འདི་ཡང་ང་ཚོའི་ཆོས་ལུགས་དང་ཆོལ་ཞེན་གྱི་ན་ཚས་འབྱམས་བསྡད་པའི་བླ་རྒན་ཞིག་ཡིན་འདུག དབུགས་ཆད་ན་མ་གཏོགས་ལོག་བཤད་སྤེལ་བསྡད་མཁན་ཞིག་རེད།
ཡང་རིན་ཆེན་དར་རྒྱས་ཀྱིས་དབུ་མ་རྒྱན་གྱི་འགྲེལ་པའི་ལུང་ཞིག་དྲངས་འདུག
ཡིན་ནང་། དབུ་མ་བདེན་གཉིས་ཀྱི། ཡང་དག་དུ་ན་བཀག་མེད་གསལ། །ཞེས་པ་དང་། དབུ་མ་རྒྱན་རྩ་བའི། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད།
།སོགས་གསུངས་པ་ནི་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་ལ་ལ་བཟློ་བའི་དོན་ཡིན་ལ། འཇམ་མགོན་མི་ཕམ་པས་ཐལ་རང་དགོངས་པ་དབྱེར་མེད་ཅེས་པའི་བཞེད་ཚུལ་གྱི་ཁུངས་ཡང་ཡིན་མོད། དེ་ཙམ་གྱིས་མཐར་ཐུག་གི་དགོངས་པ་དབྱེར་མེད་དུ་འགྱུར་ན་ཡང་། གནས་སྐབས་ཀྱི་མཛིན་མཚམས་གཅིག་པ་ནི་ཡིན་མི་དགོས།
གནད་དེས་འཇམ་མགོན་མི་ཕམ་པས་ཀྱང་མཐའ་གཅིག་ཏུ་དབུ་མ་རྒྱན་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་རྩ་བའི་གཞུང་དུ་བཞེད་པར་མ་ཟད། མཁན་ཆེན་ཉིད་ཚུལ་གཉིས་ཤིང་རྟའི་སྲོལ་འབྱེད་དུ་ལུང་རིགས་མང་པོས་སྒྲུབ་གནང་ཡོད།
དེས་ན་མདོར་ན་མཐར་ཐུག་རྣམ་གྲངས་མིན་པར་ལ་བཟློ་བ་དང་། རྣམ་གྲངས་མིན་པའི་དོན་དམ་རྩལ་ཏུ་འདོན་པ་སོགས་ཉ་དང་ཉུང་མ་མི་བསྲེའོ། །
བརྗེད་ངེས་ཀྱི་རྐུན་པོ་འདིས་རྟག་ཏུ་དགྲ་བཞིན་བཙེས། །
རྣམ་གཡེངས་ཀྱི་ཕྱི་རྐྱེན་འདིས་རྟག་ཏུ་སྤྱང་ལྟར་འཇབ། །
འགའ་ཞིག་ལས་ཆེན་པོའི་སྦྱང་བ་ཁོ་བོར་མ་མཆིས་ཏེ། །
ཡ་ཡུད་ཙམ་དྲན་པའང་བླ་མའི་ཞལ་ལུང་ཡིན་ནོ་སྙམ། །
ནན་གཏན་གྱིས་བདམས་པའི་ཚིག་དོན་རེ་རེ་ཡང་། །
ངེས་དོན་གྱི་ཞལ་ཆབ་དྲི་མེད་ཀྱི་བདུད་རྩི་སྟེ། །
ཡུད་ཙམ་ཞིག་བླ་མའི་ཞལ་ལུང་དྲན་དང་ལྷན། །
གློ་བུར་གྱི་སེམས་པ་འདི་ཅུང་ཟད་འཁྱོམ་པར་གྱུར། །
མི་ཚེ་འདི་མི་བསྡོད་ཡུད་དང་ཡུད་ཀྱིས་ཐལ། །
ངེས་མེད་ཀྱི་སྣང་བ་འདི་གློག་བརྙན་བཞིན་དུ་ཟློས། །
འ་འོར་གྱི་འདས་པ་དག་སེམས་ལ་དྲན་པ་ལས། །
ངོ་མཚར་གྱི་རྨི་ལམ་དེས་འཁྲེང་སེམས་ཁད་ཀྱིས་བསླངས། །
དཔྱད་མཆན་གྱི་རྔ་མ་གླུ་རུ་གྱུར་སོང་།
ད་མི་བཤད།
ཚང་མཉམ་བཞག་ལ་སྡོད་ཟེར་མཁན་གཡུ་འབྲུག་དཀར་པོ་རེད། མེ་ཏོག་དཀར་པོ་མ་རེད་དོ།།
ཧ་ཧ་ཧ་གོང་གི་འཇམ་མགོན་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་གྱི་འགྲེལ་བའི་ལུང་དེས་ཚེ་རྫ་མཁན་ཆེན་གྱི་དབུ་ལ་སྟ་རེ་གཞུས་འདུག་སྟེ། ཚད་མ་གཉིས་ཕྱེ་སྟེ་དགག་སྒྲུབ་ཀྱི་ཚུལ་ལ་འཇུག་པ་ལས་འདའ་བར་མི་སྲིད་དོ། །
ཞེས་པས་ཐ་སྙད་ཚད་མ་ཞལ་གྱིས་བཞེས་པ་མངོན་སུམ་སྤྱན་གྱི་མདུན་ན་ནར་འདུག་གཟིགས་པར་མཛོད་ལ།
དགེ་ཆོས་ཀྱི་ལྟ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་ཏེ། བདག་གི་བླ་མ་ག་གེ་མོས་འབྲལ་སྤང་དུ་བསྣམས་
པ་བདག་གིས་མཐོང་ངོ་ཟེར་བའི་རིགས་པ་ལྟར་སྣང་དེ་ལྟ་བུ་མི་གསུང་བར་ཞུ། དེས་ན་ཀླུ་སྒྲུབ་དགོངས་རྒྱན་
དུ་སྒྲོག་པ་འདི་རང་ལུགས་ཀྱི་མཁས་པའི་གསུང་ཡིན་པས། འདི་ལ་ང་ཚོས་ཨུ་ཚུགས་ཀྱིས་དགོངས་པ་ལེན་
དགོས་པའི་འགན་འཁྲི་ཅི་ཡང་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་ཚད་མའི་སྐྱེས་བུར་ཁས་མི་ལེན་
རྟོག་གེ་ཚིག་འཁྲི་མཁན་པོ། དགེ་ལྡན་པ་ལ་མ་ལོ་བ་ཞིག་ང་ཚོར་ཅིའི་ཕྱིར་དགོས། ད་དུང་ལུང་རིགས་དཔང་
དུ་བཙུགས་ནས་སྨྲ་རྒྱུ་འདུག་ཀྱང་། ཕྲན་གློག་ཀླད་ལ་གོམས་ཆ་ཞན་པས་བཞག་གོ།།
གོང་དུ་རང་ལུགས་ཀྱི་མཁས་པའི་གསུང་མིན་པས་ཟེར་རྒྱུ་ལ་ཡིན་པས་ཞེས་ཡིག་ནོར་ཐེབས་འདུག
མཁས་པ་སོ་སོས་འག྄ེལ་བ་གསུངས་དང་མ་འདྲ་བ་མང་པོ་ཡོད་རེད།
ཡ་དྲ་གྲོགས་ཚོ། སྟོང་ཉིད་མེད་དགག་དང་མ་ཡིན་དགག་ལས་གང་ཞིག་ངོས་འཛིན་མཛད་པའི་ཐད་དུ་བོད་སྔ་རབས་པས་དབུ་མའི་ལྟ་བ་མཐར་ཐུག་པ་སྟེ། གནས་ལུགས་མཐར་ཐུག་དོན་དམ་པ་ཉིད་གཉིས་སྣང་འཁོར་བའི་ཆོས་ཀྱི་སྟོང་པས་སྟོང་ཉིད་མ་ཡིན་དགག་ཏུ་སྨྲ་ལ། རྗེ་ཙོང་ཁ་པ་ནས་ཀྱང་ལེགས་བཤད་གསེར་འཕྲེང་དུ་སྟོང་ཉིད་མ་ཡིན་དགག་ཏུ་བརྗོད་ཅིང་། ཕྱིས་སུ་ལྟ་བ་མཐར་ཐུག་པ་དགག་བྱ་བདེན་གྲུབ་བཅད་པའི་སྟོང་ཉིད་མེད་དགག་ཏུ་འདོད་དགོས་ཞེས་ཕྱི་རྩོམ་ལམ་རིམ་ཆུང་བ་སོགས་སུ་རང་ལུགས་འཐད་ལྡན་དུ་བསྒྲུབས་ཡོད། ཀུན་མཁྱེན་རོང་ཟོམ་ཆོས་བཟང་ལས་བརྒྱུད་པའི་འཇུ་མི་ཕམ་སོགས་སྔ་འགྱུར་རྙིང་མའི་ལུགས་འཛིན་རྣམས་ཀྱིས། ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར་མེད་དགག་ཅེས་བྱ་བ་དགག་བྱ་བདེན་གྲུབ་ལ་སོགས་པ་བཀག་ཤུལ་གྱི་མེད་རྐྱང་ངམ་སྟོང་རྐྱང་དང་། མ་ཡིན་དགག་ཅེས་དགག་བྱ་བཀག་ཤུལ་དུ་ཆོས་ཉིད་ལ་སོགས་པ་ཆོས་ཅི་ཞིག་འཕེན་ཏེ། དེ་གཉིས་ཀ་བློ་ཡིས་གཞན་སེལ་བའི་སྒོ་ནས་བཏགས་པ་ཙམ་ལས་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་ན་གཤིས་ལུགས་མཐར་ཐུག་པའི་དོན་ལ་ཁས་ལེན་ཐམས་ཅད་དང་བྲལ་བས་མེད་དགག་དང་མ་ཡིན་དགག་གཉིས་ཀར་ཁས་མི་ལེན་ཏེ། གནས་ལུགས་མཐར་ཐུག་པ་ནི་དགག་པ་སྟེ་མེད་དགག་དང་སྒྲུབ་པ་སྟེ་མ་ཡིན་དགག་ལ་སོགས་པའི་གཉིས་ཆོས་ཐམས་ཅད་དང་བྲལ་བ་ཡི་བློ་འདས་སྨྲ་བསམ་བརྗོད་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཚུལ་གདོད་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ། དེ་ལྟ་ནའང་གནས་སྐབས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་གཏན་ལ་འབེབས་ཚུལ་ཁོ་ནར་བསམས་ནས་ནི་མེད་དགག་དང་མ་ཡིན་དགག་གང་ཡིན་ཞེས་དྲི་ན་མེད་དགག་ཉིད་ཡིན་ཞེས་ཁས་ལེན་པར་བྱའོ་ཞེས་འཇུ་མི་ཕམ་པས་ངེས་ཤེས་སྒྲོན་མེར་གསལ་པོར་གསུངས་ཡོད། རྗེ་ཙོང་ཁ་པ་ནས་སྟོང་ཉིད་མ་ཡིན་དགག་ཏུ་འདོད་པ་ནི་དངོས་སྨྲ་བའི་ལྟ་བ་གཏན་ལ་འབེབས་ཚུལ་ཡིན་པར་གོ་ནས། རང་ལུགས་ལ་མེད་དགག་གི་སྟོང་ཉིད་དང་རྟེན་འབྱུང་འགལ་མེད་དུ་གོ་བའི་རྣམ་བཞག་མཛད་མོད། ཕྱིས་བྱོན་རྗེ་རིན་པོ་ཆེའི་སློབ་བརྒྱུད་དག་གིས། ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་པར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་པར་བཞེད་པ་ནི་སྟོང་ཉིད་མ་ཡིན་དགག་ཏུ་སོང་འདུག་ཅེས་འཇུ་མི་ཕམ་གྱི་རབ་གསལ་བརྒལ་ལན་དང་དགེ་ཆོས་ཀྱི་ཀླུ་དགོངས་སུ་ཡང་ཡང་བརྗོད་ཡོད། དགེ་ཆོས་རང་ནས་ཚུལ་འདིའི་ཐད་ལ་གསང་སྔགས་རྙིང་མ་བའི་བཞེད་ཚུལ་འཐད་ཕྱོགས་སུ་དམིགས་ཏེ། རྣམ་རྟོག་གི་བུ་ག་ཆུང་ངུ་འདིར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པའི་མཐའ་དང་བྲལ་བའི་ཆོས་དབྱིངས་ནམ་མཁའ་ཆེན་པོ་དེ་མེད་དགག་དང་མ་ཡིན་དགག་སོགས་ཀྱི་གཟུགས་སུ་བཀོད་པ་ག་ལ་ནུས་ཞེས་བརྗོད་དེ་སྔ་ཕྱི་ལུགས་གང་དུ་འདོད་ནའང་རིགས་པའི་གནོད་བྱ་མང་པོ་ཡོད་པར་གཟིགས་སོ།།
དེ་ལྟར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་མ་སྦྱར་དང་དེའི་དབང་གིས་ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་སོགས་ཞལ་གྱིས་བཞེས་མི་བཞེས་སོགས་སྔོན་བྱོན་མཁས་པ་ཆེན་པོའི་བར་གནད་རྣམས་ཡིག་ཚོགས་ཀྱི་ངལ་བར་མ་འཛེམ་པར་སྐབས་སྐབས་སུ་ལུགས་འདིའི་བཞེད་ཚུལ་འདི་དང་ལུགས་འདིའི་བཞེད་ཚུལ་དེ་ཞེས་བརྗོད་ནས་དགེ་ཆོས་ཀྱིས་ཀླུ་དགོངས་སུ་རྩལ་དུ་བཏོན་ནས་བརྗོད་པའི་དཀའ་གནད་རྣམས་ཀྱི་གཞི་གང་ཡིན་པ་གསལ་བཤད་བྱས་པ་ཡིན་གྱི། ལྟ་གྲུབ་སྣ་ཚོགས་ཀྱི་ཤན་ནི་ཁོ་བོ་ལྟ་བུ་བློ་ཆུང་རྣམས་ལྟ་ཅི། གཞུང་བརྒྱ་སྨྲ་བའི་མཁས་གྲུབ་ཆེན་པོ་དག་གིས་ཀྱང་རང་བཞེད་གཙང་མར་འཛིན་པ་ཙམ་ལས་ཡིན་མིན་གྱི་སྒྲོས་ཐག་བཅད་ཐུབ་ཡོད་པ་ནི་སྲིད་མཐའ་ཙམ་མོ།།
འཇམ་མགོན་མི་ཕམ་རིན་པོ་ཆེས་དབུ་མ་རྒྱན་འགྲེལ་ལས། དེའང་བཀའ་དང་བསྟན་བཅོས་རྣམས་ན་བདེན་གཉིས་འཇོག་ཚུལ་གཉིས་སུ་གནས་ཏེ།གནས་ལུགས་དོན་དམ་ལ་དཔྱོད་པའི་ཚད་མའི་དབང་དུ་བྱས་ཏེ། སྟོང་པ་ལ་དོན་དམ་དང༌། སྣང་བ་ལ་ཀུན་རྫོབ་ཅེས་བཞག་པ་དང༌།སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་ཏེ། གནས་སྣང་མཐུན་པ་མི་བསླུ་བའི་ཡུལ་དང་ཡུལ་ཅན་ལ་དོན་དམ་དང༌། ལྡོག་ཕྱོགས་ལ་ཀུན་རྫོབ་ཏུ་འཇོག་པའི་ཚུལ་གཉིས་ལས། ཕྱི་མའི་དོན་དམ་༼སྐུ་དང་ཡེ་ཤེས༽ཡིན་ཀྱང་ངོ་བོ་སྟོང་པ་ཡིན་ལ།
ཞེས་གསུངས།
༼དེ་ཡང་སྣང་བ་ཀུན་རྫོབ་དང་སྟོང་པ་དོན་དམ་ཟེར་བ་ཡོངས་གྲགས་ཡིན། འོ་ན་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་ལ་དོན་དམ་ཞེས་བརྗོད་པ་དེ་གང་ཞེ་ན། རྒྱུད་བླ་མ་ལས། རང་བྱུང་ནང་གི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་གསུངས། དད་པས་རྟོགས་པར་བྱ་བའི་རང་བྱུང་ནང་གི་དོན་དམ་ཞེས་པ་གང་ལ་ངོས་འཛིན་ན་དེའི་འགྲེལ་བར་སློབ་དཔོན་ཐོགས་མེད་ཀྱིས་མདོ་ལུང་དྲངས་ནས་བདེར་གཤེགས་སྙིང་པོ་ལ་ངོས་བཟུང་ཡོད། བདེར་གཤེགས་སྙིང་པོ་ནི་ངོ་བོ་སྟོང་ཞིང་རང་བཞིན་འོད་གསལ་བའི་སྣང་སྟོང་ཟུང་འཇུག་ཅིག་ཡིན་པར་མདོ་མྱང་འདས་ལས་གསུངས་པ་ལྟར་ཡིན།སྐབས་དེའི་བདེར་གཤེགས་སྙིང་པོ་ནི་སྣང་རྐྱང་སྟོང་རྐྱང་ཙམ་ཞིག་མ་ཡིན་པར་སྣང་སྟོང་ཡེ་ནས་ཟུང་དུ་འཇུག་པ་ཞིག་རེད། དེ་ལ་དོན་དམ་ཞེས་མིང་བཏགས་པ་ཡིན། དེའི་ཟླས་ཕྱེ་བའི་ཀུན་རྫོབ་ནི་མ་དག་པའི་ཡུལ་ཡུལ་ཅན་མཐའ་དག་ལ་ཟེར་བ་ཡིན། དེ་ལྟ་བུའི་དོན་དམ་འཇོག་ཚུལ་གཉིས་ཡོད་པ་ནི་འཇོག་བྱེད་གཉིས་ཡོད་པའི་དབང་གིས་ཡིན། འཇོག་བྱེད་གཉིས་ནི། དབུ་མ་རིགས་ཚོགས་སོགས་ལས་དོན་དམ་དང་ཀུན་རྫོབ་ཀྱི་འཇོག་ཚུལ་དེ་གཅིག་དུ་བྲལ་སོགས་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ལ་བརྟེན་ནས་བཞག་པའི་གྲུབ་དོན་ལ་དོན་དམ་དང་དེའི་དགག་བྱ་ལ་ཀུན་རྫོབ་ཅེས་འཇོག་པ་ཡིན།དེའི་དབང་དུ་བྱས་ན་གཅིག་དུ་བྲལ་སོགས་ཀྱི་རིགས་པ་ འདི་དག་གིས་མ་དག་པའི་སྣང་བ་ཀ་བུམ་སོགས་ལྟ་ཅི་བདེར་གཤེགས་སྙིང་པོའི་རང་བཞིན་འོད་གསལ་བ་ཡང་མི་འགྲུབ།འོ་ན་ཅི་ཞིག་འགྲུབ་ན་དགག་བྱའི་ཁྱད་པར་གྱིས་ཡང་ན་རྣམ་གྲངས་པའི་དོན་དམ་ཙམ་དང་ཡང་ན་མཐར་ཐུག་སྤྲོས་པ་ཐམས་ཅད་བྲལ་བའི་སྟོང་པ་དེ་གྲུབ་པ་ཡིན། དེ་ཡི་གྲུབ་དོན་ཡིན་པའི་ཕྱིར་ན་དོན་དམ་ཟེར་བ་ཡིན། བདེན་གྲུབ་སོགས་ལོག་པའི་ཀུན་རྫོབ་དང་རྟེན་འབྲེལ་གྱི་སྣང་བ་བསླུ་མེད་ཡང་དག་ཀུན་རྫོབ་གཉིས་ཀ་ཡང་དོན་དཔྱོད་རིགས་པའི་དགག་བྱ་ཡིན་ལ་དོན་དཔྱོད་རིགས་པའི་གྲུབ་དོན་མ་ཡིན་པའི་ཕྱིར་ན་ཀུན་རྫོབ་བདེན་པ་ཟེར་བ་ཡིན། དེས་ན་རང་སྟོང་དབུ་མའི་སྐབས་སུ་འཇོག་བྱེད་ཀྱི་རིགས་པ་དེ་ལྟ་བུ་ཡིན་པའི་དབང་དེ་ལྟར་བཞག་པ་ཡིན། འོ་ན་འཇོག་བྱེད་ཀྱི་རིགས་པ་དེ་ལྟ་བུ་ཞིག་གིས་འཇོག་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན།སྤྱིར་དངོས་པོ་ཐམས་ཅད་ཀྱི་གནས་ཚུལ་ལམ་རང་བཞིན་ནམ་གཤིས་ལུགས་སྟོང་ཉིད་མིན་པ་ཞིག་མི་སྲིད་པས་སྟོང་ཉིད་ཡིན་ལ།དེའི་སྟོང་ཉིད་དེ་གཏན་ལ་འབེབས་པ་ཡིན།ཤེར་ཕྱིན་གྱི་མདོ་དང་དབུ་མ་རིགས་ཚོགས་རྣམས་ལས་དངོས་པོ་རྣམས་ཀྱི་སྟོང་པའི་ཆ་དེ་གཏན་པ་འབེབས་པ་ཡིན་ལ་སྟོང་པ་དེ་ལས་ལྷག་པའི་གཏན་ལ་འབེབས་རྒྱུ་ཅི་ཡང་མེད། དོན་དཔྱོད་རིགས་པ་ནི་རིགས་པ་སྟོབས་དང་ལྡན་པ་ཡིན་པས་སྟོང་ཉིད་ཇི་ལྟ་བ་བཞིན་གཏན་ལ་འབེབས་ཐུབ།དེ་ལས་གཞན་གྱི་རིགས་པ་དག་གིས་ཇི་བཞིན་གཏན་ལ་འབེབས་མི་ནུས།གཞན་ཡང་འཕགས་པའི་མཉམ་བཞག་གིས་སྟོང་ཉིད་གཟིགས་ཤིང་ཚད་མ་ཡིན་མོད་སྤྲོས་པའི་སྒྲོ་འདོགས་གཅོད་པ་ལ་སྟོབས་དང་ལྡན་པ་ནི་ཐལ་འགྱུར་གྱི་རིགས་པ་དག་ཡིན། བདེན་གཉིས་ཀྱི་རྣམ་གཞག་དེ་ལྟར་འཇོག་པ་ནི་འཇོག་བྱེད་ཀྱི་རིགས་པ་དེའི་དབང་གིས་ཡིན། འོ་ན་དངོས་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཡིན་པའི་རྒྱུ་མཚན་ཅི་ཡིན་ཅེ་ན། དེ་ནི་ཆོས་ཉིད་ཀྱི་དབང་གིས་ཡིན། མེ་ཡི་རང་བཞིན་ཚ་བ་དང་།།བུ་རམ་རང་བཞིན་མངར་བ་ལྟར།།དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པ་ལས་རྒྱུ་མཚན་གཞན་འཚོལ་དུ་མེད་དོ། མདོར་ན་འཁོར་ལོ་བར་བའི་དགོངས་དོན་གཏན་ལ་འབེབས་པ་སྣང་སྟོང་གི་བདེན་གཉིས་འཇོག་དགོས་པའི་རྒྱུ་མཚན་ནི་འཇོག་བྱེད་ཚད་མ་ལ་ཐུག་ཡོད་པ་དང་།འཇོག་བྱེད་ཚད་མ་དེ་ལྟར་ཡིན་པ་ནི་དངོས་པོ་སྟོང་ཉིད་ཀྱི་ཆ་གཏན་ལ་འ
རྫ་ཚེ་རིང་བཀྲ་ཤིས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུག་རྗེ་ཆེ་ཞུ་།་་འདི་འདྲ་བའི་རྩ་ཆེན་བཀའ་སློབ་ཞིག་ཕབ་པ་བཀའ་དྲིན་ཆེན་།དུས་སུ་བབ་པའི་ཆར་།་སྐབས་སུ་བབ་པའི་གསུང་ངོ་མ་དེ་རེད་། ད་ན་མོང་པ་ལ་མཁན་ཆེན་མཆོག་གིས་གསུང་མང་ཙམ་ཕབ་རོག་ᫍᫍཞུ་ཞུ་། ད་ལྟའི་དུས་འདུ་ལ་མཁན་ཆེན་ཚུལ་ཁྲིམས་་བློ་གྲོས་ལས་ལྷག་བཀའ་དྲིན་ཅན་ཞིག་སུ་གང་ཡང་མེད་།་་མ་འོང་པ་ཁོང་རྒྱལ་བསྟན་ཡོང་རྫོགས་ཀྱིས་བངའ་བདག་འཁོད་པ་ཤོག་།མཐར་ངའི་འབོད་སྐུལ་ཞིག་ལ་དྲ་གྲོགས་ནད་འབུ་མེད་ཏོག་དཀར་པོ་གཙོས་པའི་། ་ང་ལ་སྔ་འགྱུར་རྙིང་པ་ཞིག་མ་ལབ་རོག་།
དབུ་མའི་ལུགས་ལ་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་ཡིན་ཀྱང་སྣང་ཆ་ཀུ་རྫོབ་ཀྱི་ཐད་ནས་ཐ་སྙད་ ཚད་གྲུབ་འཇོག་པ་མི་འགལ་བར་འཇམ་མགོན་མི་ཕམ་པས་གཞུང་སྤྱིའི་དཀའ་གནད་ལས་གསུངས།རྟོག་པའི་ཕར་བཏགས་ཡིན་ ཚུལ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་རྟོག་པས་ཕར་བཏགས་ཙམ་དུ་འགྲོ་བ་ཡིན་ཟེར་བ་ལས་ཐ་ སྙད་དཔྱོད་པའི་དབང་དུ་ན་རྟོག་པས་ཕར་བཏགས་ག་ལ་ཡིན།གལ་ཏེ་ཡིན་ན་མེ་འདི་ཚ་ཞིང་སྲེག་པ་མིན་ནོ་སྙམ་ དུ་རྟོག་པས་བཏགས་ནས་མེ་ལ་ལག་པས་རེག་ཀྱང་མི་ཚ་བར་ཐལ་བའི་སྐྱོན་ཡོད།དེ་བཞིན་དུ་ཕྱི་རོལ་མུ་སྟེགས་པས་དབང་ཕྱུག་རྟག་པར་འདོད་པ་དང་ནང་པས་དཀོན་མཆོག་གསུམ་འདོད་པ་ལ་ཡང་ཁྱད་མེད་པར་འགྱུར་རོ། དེས་ན་དོན་དཔྱོད་རིགས་པས་དཔྱད་ན་མ་གྲུབ་པ་རྟོག་པས་ཕར་བཏགས་ཡིན་ལ་དག་གཟིགས་ཚད་མས་དཔྱད་ན་མ་དག་པ་གཞི་མ་གྲུབ་ཀྱང་མ་དག་པའི་བག་ཆགས་ཅན་གྱི་གང་ཟག་དག་གི་ ངོར་མེ་ཚ་བའི་རང་བཞིན་དུ་སྣང་བ་ལས་གྲང་ཞིང་བསིལ་བའི་རང་བཞིན་དུ་ནམ་ཡང་སྣང་བ་མ་ཡིན་ནོ། དེས་ན་རྟོག་པས་ཕར་བཏགས་ཡིན་པ་ཙམ་དང་མཐར་ཐུག་གི་གནས་ཚུལ་དག་པ་སྐུ་དང་ཡེ་ཤེས་ཡིན་པ་ཙམ་གྱིས་ཚུར་མཐོང་ཚད་མ་མེད་པར་འགྱུར་བའི་དོགས་པ་གང་ཡང་མི་དགོས།དཔེར་ན་རྨི་ལམ་གྱི་རྟ་གླང་ལ་དོན་གྱི་སྟེང་ན་རྟ་གླང་ལྟ་ཅི་རྟ་གླང་གི་རྡུལ་ཆ་ཙམ་ཡང་མ་གྲུབ་ཀྱང་རྨི་ལམ་གྱི་རྟ་དེ་རྟ་ལྟར་དུ་སྣང་བ་ལས་མི་ལྟར་དུ་མི་སྣང་བ་བཞིན་ནོ། གནས་ཚུལ་དག་པའི་རང་བཞིན་དུ་བཤད་པ་ལས་སོ་སྐྱེས་ཀྱི་མིག་ཤེས་ཀྱིས་ཀ་བ་མི་མཐོང་ཞེས་སྐུར་འདེབས་བྱེད་ མཁན་སུ་ཡང་མེད་ལ་གལ་ཏེ་ཡོད་ཀྱང་སུ་ཞིག་གིས་ཉན་ཏེ་ཉན་མི་སྲིད།གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་པ།།ཞེས་ཐ་སྙད་ཚུར་མཐོང་གི་དབང་དུ་ཆུ་ཆུའི་ངོ་བོར་གནས་པ་ལས་ཆུ་མེ་ཡི་ངོ་བོར་ གནས་པ་མིན།མི་དགེ་བ་མི་དགེ་བའི་ངོ་བོར་གནས་པ་ལས་དགེ་བའི་ངོ་བོར་གནས་པ་མིན།སྣོད་སྣོད་ཀྱི་ངོ་བོར་ གནས་པ་ལས་བཅུད་ཀྱི་ངོ་བོར་གནས་པ་མིན།བཅུད་ཀྱི་ངོ་བོར་གནས་པ་ལས་སྣོད་ཀྱི་ངོ་བོར་གནས་པ་མིན། དེ་ལྟར་ཚད་མ་ཞེས་པ་ནི་རང་རང་སོ་སོར་གང་སྣང་བ་ལྟར་བླང་དོར་ལ་མི་རྨོངས་པ་ཙམ་གྱིས་ འཇོག་པ་ཡིན།དཔེར་ན་རྨི་ལམ་རང་གི་དབང་དུ་བྱས་ན་སྤང་བླངས་དགག་སྒྲུབ་ཐམས་ཅད་ནུས་པ་ཡིན།དཔེར་ན་ རྨི་ལམ་གྱི་ཉོ་ཚོང་ལྟ་བུ་སྟེ་རྨི་ལམ་དུ་ཁེ་ཐོབ་ན་དེ་ཙམ་གྱིས་དགའ་ཞིང་ཡི་རང་ནས་རེ་འདོད་འགྲུབ་པ་ལྟ་བུ་ཡིན།དེས་ན་དགེ་ཆོས་ཀྱིས་ཀྱང་ཐ་སྙད་དཔྱོད་བྱེད་ཀྱི་དབང་དུ་བྱས་པའི་ཐ་སྙད་ཚད་གྲུབ་འདོད་པ་སྨོས་ཅི་དགོས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།ཞེས་པའི་བློ་མི་བདེ་ས་དེ་དོན་དཔྱོད་རིགས་པས་སྣང་ཙམ་མི་དགག་སྟེ་ཐ་སྙད་ཚད་གྲུབ་ཡིན་པའི་ཕྱིར་ཟེར་བ་དེ་ཡིན་པར་མངོན་ནོ།
འབུ་མེད་ཏོག་དཀར་ཟེར་ན་སུ་རེད། ཧ་ཧ་ཧ་
དབུ་མ་པའི་ལུགས་ལ་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་ཙམ་ཡིན་པའི་ཁྱབ་པ་མཁས་གྲུབ་མང་བའི་འདོད་ཚུལ་གཅིག་
གོ
ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་མིན་སོགས་ཀྱི་ཐད་ལ།
དེ་ཡང་བདེན་གཉིས་ཀྱི་རྣམ་བཞག་མཛད་སྐབས། སྔ་རབས་པ་ཕལ་གྱིས་ཐ་སྙད་དུ་ཡོད་པས་ཡོད་གོ་མི་ཆོད་ལ། དོན་དམ་པར་མེད་པས་མེད་གོ་ཆོད་ཅེས་ཟེར་བ་དང་། ཕྱི་རབས་ཕལ་གྱིས་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད་ཅེས་བརྗོད། འཇུ་མི་ཕམ་སོགས་སྔ་འགྱུར་རྙིང་མའི་ལུགས་འཛིན་རྣམས་ཀྱིས་གོང་བཞེད་ཕྱོགས་གཉིས་ཀའི་བཞེད་ཚུལ་ལས་ཅུང་གསལ་ཁ་ཐོན་པའི་ཚུལ་གྱིས། ཐ་སྙད་དུ་ཡོད་པས་ཐ་སྙད་དུ་ཡོད་པའི་གོ་ཆོད་ལ། དོན་དམ་པར་ཡོད་པའི་གོ་མི་ཆོད་པ་དང་། དོན་དམ་པར་མེད་པས་དོན་དམ་པར་མེད་པའི་གོ་ཆོད་ལ། ཐ་སྙད་དུ་མེད་པའི་གོ་མི་ཆོད་ཅེས་ཟེར་རོ། སྔ་རབས་གནས་སྣང་གཉིས་ལས་གནས་ཕྱོགས་གཙོ་ཆེར་མཛད་པའི་དབང་གིས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་བློས་ཕར་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་པས་ན། ཐ་སྙད་དུ་ཡོད་པ་སྣང་རུང་རང་བཞིན་གྱིས་གྲུབ་པ་དབེན་པས་ཡོད་གོ་མི་ཆོད་པ་དང་། ཆོས་ཀུན་དོན་དམ་དུ་ཡོད་མེད་སོགས་མཐའ་བཞི་ལས་འདས་པའམ་ཡང་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ན་མེད་པའི་གོ་ཆོད་པར་གསུངས་ལ། ཕྱི་རབས་པས། སྤྱིར་སྣང་སྟོང་གཉིས་ལ་ཉེ་རིང་བྱེད་མི་ཉན་ཅིང་། སྣང་བའི་ཆོས་ཀུན་འཇིག་རྟེན་ན་གཏན་མེད་དུ་བཞེད་པ་ཤིན་ཏུ་ཉུང་ལ། ཡོད་པའི་ཆོས་འདི་དག་ཡོད་ཀྱང་ཡོད་ལ་བདེན་པའང་ཡིན་པར་འདོད་པའི་གང་ཟག་གི་ཤིན་ཏུ་མང་ཕྱིར། མེད་པ་ཆད་མཐའ་ལྷུང་བ་ལས་ཡོད་པ་རྟག་མཐའ་ལྷུང་བ་མང་བས། གདུལ་བྱའི་བློ་ཁ་བཀྲི་བའི་ཆེད་དུ་སྣང་ཕྱོགས་ལ་གཙིགས་སུ་བྱེད་དེ་ཡང་ཡང་དཔྱད་པ་བྱེད་པའི་ཆ་ནས། ཀུན་རྫོབ་ཏུ་ཡོད་པ་ཡོད་གོ་ཆོད་དེ། ཀུན་རྫོབ་ཐ་སྙད་གཏན་མེད་དུ་འདོད་ན་ཆད་མཐར་ལྷུང་བའི་ཕྱིར་དང་། ཀུན་རྫོབ་ཏུ་ཡོད་ན་ཡོད་པས་ཁྱབ་པའི་ཕྱིར་རོ། དོན་དམ་དུ་མེད་པའི་མེད་གོ་མི་ཆོད་དེ། དོན་དམ་དུ་མེད་ན་མེད་པས་མ་ཁྱབ་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་རུང་སྣང་བ་རྟེན་འབྱུང་དུ་ཡོད་ཕྱིར་མེད་གོ་མི་ཆོད་ཅེས་བརྗོད། རྗེ་བཙུན་ཤེས་རབ་རྒྱ་མཚོས་ཚུལ་འདི་ཀོ་དགག་ལན་མི་འཇིགས་སེང་གེའི་ང་རོ་རུ། དེའི་རྒྱུ་མཚན་གྱིས་དོན་དམ་པར་མེད་པས་མེད་གོ་མི་ཆོད། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་བྱས་པ་ཡིན། དེ་ཡང་འཐད་དེ། དོན་དམ་དཔྱོད་པས་བདེན་པ་གྲུབ་མ་གྲུབ་དཔྱད་པ་ཡིན་ཕྱིར། དེས་མ་རྙེད་པ་བདེན་གྲུབ་མ་རྙེད་པ་དང་རྙེད་པ་བདེན་མེད་རྙེད་པའི་ཕྱིར་ལ། བདེན་པར་མེད་པས་མེད་གོ་མི་ཆོད་པའི་ཕྱིར་ཏེ། བདེན་པར་མེད་ན་མེད་པས་མ་ཁྱབ་པའི་ཕྱིར་ཞེས་དང་། ཀུན་རྫོབ་དཔྱོད་པས་ཐ་སྙད་དུ་ཡོད་མེད་དཔྱད་པ་ཡིན་པས་དེས་མ་རྙེད་པ་ཐ་སྙད་དུ་མེད་པས་རྙེད་པ་དང་རྙེད་པ་ཐ་སྙད་དུ་ཡོད་པ་རྙེད་པ་ཡིན་པའི་ཕྱིར་ལ། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་པའི་ཕྱིར་ཏེ། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་པའི་ཕྱིར་ཞེས་ཕྲ་ཞིབ་ཆུ་ཐུབ་ཀྱི་རིགས་པས་དཔྱད་པར་བྱས་སོ། དགེ་འདུན་ཆོས་འཕེལ་ནས་ཕྱི་རབས་ལུགས་ཀྱིས་གཟུགས་སོགས་དོན་དམ་པར་མེད་ཀྱང་མེད་པ་མ་ཡིན། ཡང་ན་དོན་དམ་པར་ཡོད་པའམ་བདེན་པར་ཡོད་པ་རིགས་པས་འགོག་རིགས་ཀྱང་། ཡོད་པ་ཙམ་འགོག་མི་རིགས་ཞེས་ཁྱད་པར་འབྱེད་པ་སྟེ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ལ་ཐུགས་སུ་མ་སོང་བས་ན་དོགས་སློང་འདི་ལྟར་བྱས་ཡོད་དེ། དོན་དམ་པར་མེད་པས་མེད་གོ་མི་ཆོད། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་བྱ་བ་འདི་དོན་ལ་འཕགས་པའི་ཡེ་ཤེས་ཀྱིས་མི་རྙེད་པས། མི་རྙེད་པའི་གོ་མ་ཆོད། སོ་སྐྱེའི་རྣམ་རྟོག་གིས་རྙེད་པས་རྙེད་གོ་ཆོད་བྱ་བ་ཡིན་འདུག་ལ། རང་བཞིན་གྱིས་གྲུབ་པ་དོན་དམ་པར་མེད་རི་བོང་རྭ་དོན་དམ་པ་མེད་སོགས། སྟོང་གཞི་ཆོས་ཅན་གཏན་ནས་མི་སྲིད་པའི་རིགས་འདི་འདྲ་མ་གཏོགས་ནམ་ཡང་དོན་དམ་དུ་མེད་པས་མེད་ག
ོ་ཆོད་པ་མ་རྙེད་ན། མེད་གོ་མི་ཆོད་པ་ཙམ་དུ་མ་ཟད་ཀྱི་ཡོད་གོ་ཆོད་པར་འདུག ཅེས་དོན་དམ་པར་མེད་པས་མེད་གོ་མི་ཆོད། ཡོད་གོ་ཆོད་པར་གྱུར་བའི་ཚུལ་དེ། རི་བོང་གི་རྭ་དོན་དམ་པར་མེད་ཅེས་དགག་བྱ་ལ་ཁྱད་པར་སྦྱར་ཚེ། ཀུན་རྫོབ་ཏུ་ཡོད་པ་ཤུགས་ལ་གོ་ཞིང་། གཞན་དུ་ན་རི་བོང་རྭ་དོན་དམ་པར་མེད་ཅེས་པ་དང་རི་བོང་རྭ་མེད་ཅེས་པ་གཉིས་ལ་ཚིག་གི་ནུས་པའི་ཁྱད་པར་ཅི་ཡོད་ཅེས་དྲི་བའི་ཚུལ་གྱིས་སྐྱོན་བསྟན་ཡོད། རང་ལུགས་ནི་དགག་བྱ་ལ་དོན་དམ་དང་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་མི་དགོས་པ་སྟེ། ཚུལ་དེ་ནི་ལྕང་སྐྱ་རིན་པོ་ཆེས་གསུངས་པ་ལྟར། སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། དགག་རྒྱུ་རྭ་ཅན་ཞིག་འཚོལ་འདུག་སྟེ། ཞེས་གསུངས་པའི་ཚུལ་ལས་མ་འདས་པར་དགོངས་སོ།།
རྫ་མཁན་ཆེན་ཚེ་རིང་བཀྲ་ཤིས་དང་བཅོ་ལྔའི་བདག་པོ་མེ་ཏོག་དཀར་པོ་ལ་ཀརྨས་གུས་ཕུལ།
ཀརྨ་ཡེ་ཤེས་ལགས། ཐུགས་རྗེ་ཆེ།
མེ་ཏོག་དཀར་པོ་ལ་ཡི་རང་ཡོད། ད་དུང་ཡོད་མིན་མེད་མིན་ཐད་དུ་རྗེ་བཙུན་ཤེས་རབ་རྒྱ་མཚོས་དགག་ཡིག་མི་འཇིགས་སེང་གེའི་ང་རོ་རུ། རིགས་པས་བདེན་གྲུབ་འགོག་གི་བུམ་པ་མིན།། ཚད་མས་བུམ་པ་འཇོག་གི་བདེན་གྲུབ་མིན།། ཐོ་བས་སྦྲང་འཇོམས་ཕ་ཡི་མགོ་མིན་པས།། ཡོད་མིན་མེད་མིན་མིང་གིས་ཅི་ཞིག་བགྱིད།། ཅེས་དང་། ཡོད་པའི་རྩ་བ་བདེན་གྲུབ་ཡིན་ན་མེད།། མེད་པའི་རྩེ་མོ་ཀུན་རྫོབ་ཡིན་ན་ཡོད།། འདིས་ཀྱང་ཡོད་མེད་གཙང་མར་ཐག་ཆོད་པས།། ཡོད་མིན་མེད་མིན་མཆིལ་མ་བཞིན་དུ་བོར།། བདེན་པའི་ས་བོན་རྫུན་པར་ཤེས་པ་མེད།། རྫུན་པ་མྱོང་ཚེ་བདེན་སྣང་དེ་ག་རང་།། འདི་ཡང་ཐ་སྙད་ཚད་གྲུབ་མེད་པ་དང་།། ཡོད་མིན་མེད་མིན་འཇོམས་པའི་སྟ་རེ་ཡིན།། ཞེས་གསུངས་པ་ལས་བྱུང་བའི་ཡོད་མིན་མེད་མིན་གྱི་སྐོར་འདིའང་སྔ་ཕྱི་མཁས་པའི་བཞེད་ཚུལ་ཅུང་མི་འདྲ་སྟེ། གཞུང་ལས། ཡོད་མིན་མེད་མིན་ཡོད་མེད་མིན།། གཉིས་ཀའི་བདག་ཉིད་མེད་པའང་མིན།། ཞེས་པ་ལ་བོད་སྔ་རབས་པས། བློས་མཐའ་བཞི་གང་དུ་ཡང་མི་འཛིན་པའི་དོན་ཅན་ཏེ། ཆོས་ཉིད་སྤྲོས་པའི་མཐས་བརྒྱད་དང་བྲལ་བ་ནི་མཐར་ཐུག་གི་དོན་དུ་འགྲེལ་བ། ཕྱི་རབས་པས། ཡོད་མིན་མེད་མིན་ཞེས་པའི་དོན་ནི་དོན་དམ་དུ་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་ཡང་མ་ཡིན། བློས་ཀྱང་དེ་ལྟར་འཛིན་དུ་མི་རུང་ཞེས་པ་ལས་ཡོན་མིན་མེད་མིན་སྒྲ་ཇི་བཞིན་ཁས་ལེན་དུ་མི་རུང་བར་བཞེད་ལ། སྔ་རབས་པའི་བཞེད་ཚུལ་ཀྱང་རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་བ་དང་མཚུངས་ཞེས་དགག་པར་མཛད། ཕྱི་རབས་ལུགས་ཀྱིས་ངོས་འཛིན་དེ་ལྟར་བྱེད་པའི་རྩ་བའང་གོང་དུ་ཡང་ཡང་ཞུས་པ་ལྟར། བདེན་གཉིས་སམ་སྣང་སྟོང་གཉིས་ལ་སྤྱིར་ཉེ་རིང་བྱེད་མི་ཉན་པ་སྟེ་འགལ་མེད་ཟུང་འཇུག་ཡིན་རུང་གདུལ་བྱའི་བློ་དང་བསྟུན་ཕྱིར། སྣང་བ་གཙིགས་སུ་བྱེད་དགོས་པའི་རྐྱེན་གྱིས་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་འཐད་པར་འཇོག་དགོས་པ་ལས། སྔ་རབས་པའི་ལུགས་ལྟར་ཀུན་རྫོབ་ཀྱང་རང་ངོ་དང་གཞན་ངོའི་ཁྱད་པར་ཅན་དུ་ཕྱེས་ནས་གཞན་ངོ་ལས་རང་ངོ་ཁས་མ་བླངས་ན་ཆད་མཐར་ལྷུང་བར་དོགས་པར་མཛད་དོ། དགེ་འདུན་ཆོས་འཕེལ་ནས་ཚུལ་ལུགས་འདི་ཡང་བོད་སྔ་རབས་པའི་བཞེད་ཚུལ་འཐད་ལྡན་དུ་དགོངས་ནས་ཕྱི་རབས་ཀྱི་བཞེད་པར་འདི་ལྟར་ཟུར་ཟ་བྱས་ཡོད་དེ། ཡོད་དམ་མེད་པའི་ཕྱོགས་འཇིག་པ་ཞེས། བཅོམ་ལྡན་འདས་ཀྱིས་ལུང་དུ་བསྟན་པའི་ཀླུ་སྒྲུབ་ཀྱི་ལྟ་བ་དེ་ཡོད་པ་བདེན་པར་ཡོད་པ་དང་། མེད་པ་དོན་དམ་པར་མེད་པར་བྱས་ནས་དོན་འཇིག་རྟེན་གྱི་ཡོད་པ་དང་མེད་པ་གཉིས་ཀྱི་ཁོངས་སུ་སླར་ཡང་འདུ་བ་བྱེད་པའི་འདིས་ཀླུ་སྒྲུབ་ཀྱི་བསྟན་པའི་སྙིང་པོ་བཤིག་པ་ཡིན་ནམ་བཟུང་བ་ཡིན་པ་ཁོ་བོས་ཆ་མ་འཚལ་ཏོ། ཞེས་དང་། དེང་སང་གི་མཁས་པ་རྣམས་ཀྱིས། ཡོད་པ་མིན། མེད་པ་མིན་བྱ་བའི་ལུང་ཞིག་རྣ་བས་ཐོས་ཚེ། ཐོག་མར་ལུང་དེ་གསུང་མཁན་སུ་ཡིན་རྩད་གཅོད་བྱེད། གལ་ཏེ་ལུང་དེ་བོད་སྔ་མའི་མཁས་པ་ཞིག་གི་གསུང་ཡིན་འདུག་ན། དེ་འདྲ་ཟེར་མཁན་དེ་ཆད་ལྟ་བ་བླུན་པོ་ཡིན་ཞེས་བརྙས་བཅོས་བྱེད། གལ་ཏེ་ལུང་དེ་སངས་རྒྱས་དང་ཀླུ་སྒྲུབ་སོགས་ཀྱིས་གསུང་ཡིན་པར་ངོས་ཟིན་ན། ཡོད་པ་མིན་གསུངས་པ་བདེན་པར་ཡོད་པ་མིན་བྱ་བའི་དོན་ཡིན། མེད་པ་མིན་བྱ་བ་ཀུན་རྫོབ་ཏུ་མེད་པ་མིན་བྱ་བའི་དོན་ཡིན་སོགས་ཚིག་གི་ལྷན་པ་སྣ་ཚོགས་བཏབ་ནས་རང་གི་ཞེ་འདོད་དང་འགྲིགས་པ་ཞིག་བྱེད་དེ། དོན་ལ་སངས་རྒྱས་ལ་དགག་པ་བཏབ་ན་མི་ངན་ལྟ་ངན་གྱི་མིང་ཐོགས་པ་ལ་འཇིགས། བོད་སྔ་མ་ལ་དགག་པ་བྱེད་ཐུབ་ན། མཁས་པ་དཔའ་བོའི་མིང་ཐོགས་པའི་ཁྱད་པར་དེ་ཙམ་མ་གཏོགས། ཡོད་མིན། མེད་མིན། བརྗོད་མིན། སྤྲོས་བྲལ་སོགས་ཀྱི་ཐ་སྙད་ནི། མདོ་དང་རིགས་ཚོགས་དང་། བོད་སྔ་མའི་མཁས་པ་དག་གི་གསུང་རབ་ལ་མང་ཉུང་མི་འདུག དེ
རྫ་མཁན་པོ་ཚེ་རིང་བཀྲ་ཤིས་ལ་ཐུགས་རྗེ་ཆེ་ཞུ། གལ་ཏེ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ལ་ཏཱའི་བླ་མ་དང་ཀརྨ་པའི་གོ་མིང་ནང་བཞིན་ཞིག་ཡོད་ན་ཕལ་ཆེར་གོ་ལ་ཧྲིལ་བོ་ལ་གནས་སོ་ཅགས་དབང་དུ་བསྡུ་བ་ལ་ཚེགས་ཆེན་པོ་ཞིག་མེད་པར་སྙམ། དེ་ནི་ལྷག་བསམ་དག་པས་ནུས་སྟོབས་ཤིག་ཡིན་པར་མངོན། དེ་མིན་དེང་སང་ཐོབ་དང་གོ་ས་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་གཏམ་བཤད་ཙམ་རེ་བྱེད་ས་རག་ན་ཡང་ཁྲོམ་ཚོགས་དཀྱིལ་གྱི་སྤྲེའུ་ནང་བཞིན་མཚར་སྣང་དང་ཡག་སྣང་ཞིག་མ་གཏོགས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པར་ཤེས། དེ་ནི་ཁ་བདེ་མོས་བྱམས་དང་སྙིང་རྗེ་ཟེར་སྙན་སྙན་ཙམ་རེ་བཤད་པ་ལས་དོན་ལ་ལྷག་བསམ་དག་པས་བསམ་བློ་དང་བྲལ་བས་རྟགས་རེད།
དགེ་འདུན་ཆོས་འཕེལ་གྱིས་་་་་གལ་ཏེ་རང་རེས་ཐག་བཅད་པ་ལ་ཡིད་རྟོན་མེད་དུ་ཆུག་ཀྱང་། སངས་རྒྱས་ཀྱིས་ཐག་བཅད་པའི་རྗེས་སུ་འབྲངས་ནས་མི་བསླུ་བ་ཡིན་སྙམ་ན། འོ་ན་སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན། དེ་མི་བསླུ་བར་ནི་ཀླུ་སྒྲུབ་ལ་སོགས་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཐག་བཅད་དོ་ཟེར་ན། འོ་ན་ཀླུ་སྒྲུབ་མི་བསླུ་བར་སུས་ཐག་བཅད། དེ་ནི་རྗེ་བླ་མས་ཐག་བཅད་དོ་ཟེར་ན། འོ་ན་རྗེ་བླ་མ་མི་བསླུ་བར་སུས་ཤེས། དེ་ནི་ཁོ་བོ་ཅག་གི་བཀའ་དྲིན་མཚུངས་མེད་བླ་མ་དམ་པ་ཆེ་གེ་མོས་ཐག་བཅད་དོ་ཞེ་ན། འོ་ན་ཁྱོད་ཀྱི་བླ་མ་དམ་པ་ལ་བརྟེན་ནས་མི་བསླུ་བ་ནི་ཁྱོད་རང་གི་བློས་ཐག་བཅད་པར་འདུག་པས། དོན་ལ་སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་བྱེད་པར་འདུག དེས་ན་གང་ཐག་བཅད་ཚད་ཀྱི་རྩ་བ་མཐར་ཐུག་ཞིབ་ཏུ་བཅད་ཚེ་རང་རང་གི་བློ་ལ་ཐུག་པ་མ་གཏོགས་གཞན་ཅི་ཡང་མི་སྣང་། ཞེས་གསུངས་པ་དག་གྲགས་པ་ཁོ་ན་ལས་རང་གི་ངེས་ཤེས་ཐག་བཅད་མ་ཐུབ་པ་ལ་ངེས་པར་གོ་དགོས། ཐོས་བསམ་སྒོམ་པ་གོ་རིམ་མ་ནོར་བ་དགོས་པ་རེད། དགེ་ལུགས་བཞིན་དུ་ཁ་ཐོས་རྩོད་ཁོ་ན་ཅི་ཡང་མི་ཕན། ས་སྐྱ་བཞིན་དུ་བསམ་ཞིབ་རྐྱང་བས་གང་ཡང་མི་ཕྱིན། བཀའ་བརྒྱུད་པས་མུན་སྒོམ་གཉེར་བས་གང་ཡང་མི་ཕན། ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་ངེས་ཤེས་ཁོ་ཐག་ཆོད་པ་རང་བཞིན་རྫོགས་པ་ཆེན་པོའི་ལུགས་སུ་འབད་ན་ཚེགས་ཆུང་དོན་ཆེན་པོའི་འབྲས་བུ་ཞིག་ཐོབ་པར་གདོན་མི་ཟའོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་སྒུལ་ཤུགས་དེ་བོད་ཕྱི་ནང་གི་སྐྱ་སེར་གཉིས་ཀྱི་ནང་ལ་ཁྱབ་པ་དེ་རྒྱུ་མཚན་ངེས་ཅན་ཞིག་ཡོད་ངེས་རེད། སྤྱིར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ཁྱད་པར་དུ་ཐུགས་བསྐྱེད་རྒྱ་ཆེ་བའི་དབང་གིས་ཡིན་པ་གོར་མ་ཆག ང་ལ་ཉེ་ཆར་བཀའ་བརྒྱུད་ཀྱི་མཁན་པོ་ཞིག་གིས་བཤད་རྒྱུར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པ་འཆད་ཁྲིད་གནང་བ་ད་ལྟ་སྒྲ་བརྙན་ཐོག་ཡོད་ཅིང་བོད་ནང་གི་བཀའ་རྙིང་སོགས་ཀྱི་བཤད་གྲྭ་དག་གི་སློབ་གཉེར་གྱི་རྒྱུ་ཆ་གཙོ་བོར་གྱུར་ཡོད་པར་མ་ཟད་གདན་ས་ཆེན་པོ་དག་ལ་ཡང་ཁྱབ་ཡོད་ཅིང་དགེ་བཤེས་རྣམས་ཀྱིས་ཀྱང་ཟུར་ཉན་གནང་གིན་འདུག་ཟེར། དེ་ལ་བདག་གིས་མཁན་པོ་ཁོང་རྙིང་མ་པ་ཡིན་པས་གྲུབ་མཐའ་བཤད་སྐབས་གཞན་ཕྱོགས་ལ་ཕོག་ཐུག་ཏུ་མི་འགྲོའམ་ཞུས་པ་ཡིན། ཁོང་གིས་བཤད་རྒྱུར་གྲུབ་མཐའ་ཞིག་འཛིན་དགོས་ན་དེའི་རང་ལུགས་རྩལ་འདོན་མི་བྱེད་ཐབས་མེད་རེད། ཡིན་ན་ཡང་དོན་གྱི་ཐོག་ནས་མཁན་པོ་ཁོང་ནི་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ནང་བཞིན་རིས་སུ་མ་ཆད་པའི་དག་སྣང་ཡོད་པ་དང་བསྟན་འགྲོ་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་ཟེར། གོང་དུ་དྲ་གྲོགས་འགའ་རེས་བོད་ལ་ཚུལ་ཁྲིམས་བློ་གྲོས་འདྲ་བ་མང་པོ་ཡོད་ལ་དེ་ལས་ལྷག་པ་ཡང་མང་པོ་ཡོད་ཟེར། དེ་འདྲ་ཡིན་ན་ངོ་སོ་བསྟོད། ཡོད་པར་གྱུར་ཅིག
ཞར་དུ་རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་དུས་ཐོག་ཆར་པ་ཕབ་སྒྲིག་དང་འགྲེམ་སྤེལ་གྱི་ཕྲིན་ལས་རྒྱ་ཆེན་པོ་བྱུང་དང་བྱུང་བཞིན་པར་རྗེས་སུ་ཡི་རང་དང་རྟེན་འབྲེལ་ཞུ།
ཟླ་རྒྱུད་མཁན་པོ་ལ་ཡི་རང་དང་ཀུན་མཁྱེན་བླ་མའི་བཞེད་དོན་འགྲུབ་པར་སྨོན། །
བོད་ཀྱི་མཁས་པ་བླ་མ་དབུ་མ་པ་ཆེན་པོ་གཉིས་ལས་གཅིག་ནི་རྟག་ལྟ་ལ་ལྷུང་། གཅིག་ནི་ཆད་ལྟ་ལ་ལྷུང་། ཞེས་སྨྲ་བའི་བོད་ཀྱི་དབུ་མ་པ་ཞིག་ཡོད་འདུག འདི་དག་གསུམ་ལས་སུ་བདེན་པ་ཡིན། རང་རིགས་ལ་ཕྱོགས་ལྷུང་དུ་མ་སོང་བར་ཁྱེད་རྩོད་པ་ལ་གཞོལ་བ་རྣམས་ཀྱིས་ལུང་རིགས་ཀྱི་སྒོ་ནས་སྒྲུབ་པར་མཛོད་ཅིག ཅེས་སོ།།
དཔལ་རྒྱལ་དབང་ཀརྨ་པའི་ཞབས་བརྟན་གསོལ་འདེབས་བཞུགས་སོ།
第十七世法王噶瑪巴長壽祈請文
噶瑪仁波切
རྒྱལ་ཀུན་སྙིང་རྗེ་རང་གཟུགས་ཀརྨ་པ། །
諸佛悲心自身噶瑪巴
རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ། །
諸佛事業總集噶瑪巴
རྒྱལ་ཀུན་གདུང་འཚོབ་དབང་བསྐུར་ཀརྨ་པ། །
諸佛傳承灌頂噶瑪巴
ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་ཞབས་བརྟན་གསོལ། །
鄔金卓都欽列祈住世
མང་པོ་ཞིག་གིས་མུ་མཐུད་ནས་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ་ཞུ།
རིན་ཆེན་དར་རྒྱས་ཀྱིས་གསུངས་པའི་ཐ་སྙད་ཚད་མ་གཞེད་དང་མི་བཞེད་ཀྱི་གསུངས་སྟངས་ཤིག་བློ་ལ་འཕྲོད་པོ་བྱུང་།
དགེ་འདུན་ཆོས་འཕེལ་གྱིས་འོག་མིན་ཁས་ལེན་མི་ལེན་དང་། ཚད་མ་ཁས་ལེན་མི་ལེན་སོགས་ལ་ལན་འདེབས་སྟངས་དག་ནི་དངོས་གནས་དོན་དམ་སྒོ་ཅན་དང་ཀུན་རྫོབ་སྒོ་ཅན་གྱི་རྩོད་པ་རེད། དགོངས་པ་དངོས་ལ་ཕྱོགས་ཙམ་ཡང་མི་ཉེ་བ་རེད། ལན་འདེབས་སྟངས་དེ་སྔ་མོ་ནས་ཆུ་སྐྱེས་དགེ་འདུན་བསམ་གཏན་སོགས་ཀྱིས་བཤད་པ་དེ་རེད།
དེ་མིན་དགེ་ཆོས་ཀྱིས་ལོངས་སྐུའི་ཆ་བཤད་རྒྱ་གར་གྱི་ཆས་ལ་དཔེ་བླངས་པར་གསུངས་པ་སོགས་ནི་ཤིན་ཏུ་མད། མ་གཞི་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དེ་ང་ཚོའི་བློ་ངོ་ལ་འཆར་བདེ་བའི་ཆེད་དུ་དེ་ལྟར་གསུངས་པ་ལས་གསང་བ་གསམ་གྱིས་མི་ཁྱབ་པ་མེད་གསུང་གིན་མི་འདུག
གསང་བ་བསམ་གྱིས་མི་ཁྱབ་པ་ནི། ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་ལས་འདས་པ། ཞེས་དཀོན་མཆོག་བརྩེགས་པར་གསུངས་པ་དེ་འདྲ་ཞིག་རེད།
ཁྱད་པར་སྔགས་ཀྱི་ལུང་སྐུ་སོགས་ཐ་ན་བྱང་སེམས་རྣམས་སྣང་བའི་ལོངས་སྐུ་ཡང་གཞན་སྣང་གི་ལོངས་སྐུ་ཞེས་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་ལས་ལོངས་སྐུ་དངོས་མིན་ཞེས་རྒྱལ་བ་ཀློང་ཆེན་པས་གསུངས་ན་ང་ཚོའི་བསམ་ངོ་ལ་ཤར་བ་ལྟ་བུ་ཞིག་ག་ལ་ཡིན།
དེ་བཞིན་དགའ་རབ་རྡོ་རྗེས་མཚན་བརྗོད་ཀྱི་འགྲེལ་པར་སུམ་ཅུ་རྩ་གཉིས་མཚན་མཆང་བ་ཞེས་པ་རྡོ་རྗེ་འཆང་ལ་རྒྱུ་འབྲས་ཀྱི་སེམས་དཔའ་སོ་གཉིས་ཀྱིས་སྐོར་ལ་ལ་འཆད་པར་གསུངས། དེ་ཡང་འབྲས་ཆོས་ཀྱི་གཞིར་གནས་ཀྱི་ཡེ་ཤེས་རང་གི་ལྡོག་པའི་ཡོན་ཏན་གྱི་ཆ་ཙམ་ཏེ་འདི་ལ་ང་ཚོས་བསམ་པ་ལྟ་བུའི་གཞི་གྲུབ་ཅིག་ཡོད་པ་མ་རེད།
འདི་ཚང་མ་དབུགས་ཐོག་གཅིག་ལ་བྲིས། །
འཆད་འདོད་ལ་འཆད་པར་ཕངས་པ་ཞིག །
ངས་དལ་ཁོམས་ཀྱི་གོ་སྐབས་ཅུང་ཟད་འདིར། །
མཆེད་དྲ་གྲོགས་རྣམས་ལ་སྐྱེས་ཙམ་བསྟབས། །
ལོངས་སྐུ་ལ་ལུང་སྐུ་ཞེས་བྲིས་པ་དང་། ཆ་བྱད་ལ་ཆ་བཤད་ཅེས་བྲིས་སོགས་ཡིག་ནོར་ཤོར་བ་རྣམས་ལ་དགོངས་དག་ཞུ།
ཐ་སྙད་ཚད་གྲུབ་སྐོར་ལ། རྩོད་ཟློག་ལས།
ཐ་སྙད་ཁས་ནི་མ་བླངས་པར། །
ངེད་ཅག་འཆད་པར་མི་བྱེད་དོ། །
ཞེས་དང་།
ལོངས་སྐུ་ནི་བྱང་སེམས་འཕགས་པ་ཁོ་ན་ལ་སྣང་བའི་སྐུར་གསུངས་པ་དེ་དུས་ནམ་ཡང་བརྗེད་མི་ཉན།