དགྱེས་རྡོར། ཨ་ཁ་བོད་རིགས་གྲོགས་པོ་ཚོ། ངས་དཔར་འདི་སེང་རྡོར་དྲ་བ་ལས་མཐོང་ནས་དེ་རིང་གཉིད་ཀྱང་མ་ཁུག་ཐལ། ད་དུང་མཐོང་ཐོས་ལ་དཀོར་གཟན་གྱི་གྲྭ་རྫུན། སྐུ་ཚོང་གི་དཔོན་པོ། སྨད་ཚོང་གི་རྒྱ་མོ། བོད་ལོག་གི་ཏང་ཡན། བན་ལོག་གི་སྤྲུལ་སྐུ། ཤྭ་དུད་ཆང་རོལ་གྱི་མི་ཚོགས་ཀྱིས་གང་འདུག་ཟེར་བ་དེ་བདེན་ནམ། ད་ནི་གནས་འདིར་རྐུ་རྫུན་ཁྲམ་པའི་དོ་ར་ཞིག་ཏུ་མེས་པོའི་བླ་མཁར་འདི་ལྷག་པར་ ཡིད་རེ་སྐྱོ། སེམས་རེ་སྡུག ། གཞན་ཡང་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་ལ་བཟང་ངན་གྱི་དབྱེ་བ་མེད། བདེ་སྡུག་གི་རྣམ་གྲངས་མེད་མོད། སེམས་ཅན་ལས་ངན་པ་འདི་ཚོ་དང་། བོད་འབངས་བསོད་ནམས་ཆུང་བ་འདི་དག་ལ་ཐབས་ཅི་རེ་དྲག། གུ་རུ་རིན་པོ་ཆེ་མཁྱེན། སེ་འབྲས་དགར་ཚོས་བསྡུས་ཚན་རིགས་སྦྱང་སྦྱང་བ་ཚོས་འདི་ཙམ་ཡང་འགོག་ཐུབ་མ་ཐོན་ ཅི་ཞིག་རྩོད། ད་ཅི་དྲག་ཐལ། ཁ་བའི་རྒྱལ་ས་ཁ་ཆེའི་འདོན་པ་གྱེར། །རྣ་བ་མི་དལ་རང་སེམས་མ་སྐྱིད་ནས། །གཉིད་དང་ཟས་ཀྱི་འདུ་ཤེས་དེ་ལས་ཆུང་། །མཐའ་ཡི་རྒྱ་མཚོའི་འགྲམ་ནས་ངག་འདི་ཐལ། ཤྲྰིས། །
བདག་གི་ལན། ཨི་ཟི་རལ་དུ་ཡོད་པའི་ཇི་རོ་ཟི་ལམ་ཞེས་པའི་གྲོང་ཁྱེར་དེ་ནི་ཁ་ཆེ་དང་རྗུའུ། ཡེ་ཤུ་ཆོས་ལུགས་གསུམ་གྱི་གནས་མཆོག་ཡོད་ན་མེད་ན་ཞིག་རེད། ལྷ་ས་ཡང་དེ་ཡང་འདྲ་བ་སྟེ། ནང་པ་དང་ཁ་ཆེ། དམར་ཕྱོགས་པ་དང་ཡེ་ཤུའི་རྗེས་འཇུག་སྟེ་དད་མོས་མི་འདྲ་བ་བཞི་ཉམས་སུ་ལེན་མཁན་ དག་འདུས་སྡོད་བྱེད་བཞིན་ཡོད་པ་རེད། འདི་ལ་སེམས་ཁྲལ་ཅང་བྱེད་དགོས་ནི་མ་རེད། དམར་ཕྱོགས་རིང་ལུགས་ད་བར་དུ་དེར་ཡོད་པ་ལ་ཉིད་མ་འཇིགས་པར་ཁ་ཆེའི་ལྷ་ཁང་ཞིག་ གི་རྩེ་མོ་རིག་རྗེས་གསུང་སྐད་ཤོར་དོན་ཅི་རེད། བོད་པ་ཁ་ཆེ་བ་ནི་རྒྱ་མི་བོད་ལ་མ་བསླེབས་སྔོན་ནས་ལྷ་སར་ཡོད་ཡོད་པ་རེད། འབའ་བ་ཕུན་དབང་གི་བཟའ་ཟླ་སྔོན་མ་པེ་ཅིན་བཙོན་ཁང་ནང་རྒྱ་མིས་དམར་གསོད་བཏང་བ་ དེ་ཡང་བོད་རིགས་ཁ་ཆེ་བའི་ཁྱིམ་ཚང་ཞིག་གི་བུ་མོ་རེད།
ཡ་རེད་ཡ།
དགྱེས་རྡོར། བསད་པ་ཆོས་སུ་སྨྲ་བའི་ཁ་ཆེ་གཅིག །འཇིག་རྟེན་བྱེད་པོ་འདོད་པའི་ཡེ་ཤུ་གཉིས། །དགེ་སྡིག་རྒྱུ་འབྲས་འདོད་པའི་ནང་པ་གསུམ། །འགལ་མེད་གཅིག་ཏུ་འདོད་ན་འཁྲུལ་བའི་གཏམ། །དོལ་རྒྱལ་ཚོགས་པས་དགེ་བཤེས་བསད་དང་གཅིག །ཁ་བ་སྤྲུལ་ལོས་དཔལ་འབྱོར་སྒྲུབ་དང་གཉིས། །རྒྱ་དམར་ཚོགས་པས་གཡོ་སྒྱུ་འཕྲུལ་བ་གསུམ། །རང་ཆོས་བསྟན་པ་གོ་ན་དེ་ག་མཛོད། །ཀ་བ་དཀར་པོ་དག་སྣང་རིས་མེད་དེ། །ཁ་བས་མཚམས་མེད་ལས་བསགས་སེམས་ཁྲལ་མེད། །ག་ས་གང་དུ་ངན་སྤྱོད་སྤེལ་བ་འདི། །ང་རྒྱལ་བསྟན་པ་འདོད་ན་ཁྱོད་རང་ཤེས། །ཁྱོད་དང་ངེད་གཉིས་ལྟ་སྤྱོད་ཁ་ཁ་རེད། །ཤྲིས།
བདག་གི་ལན། གོང་ས་མཆོག་གིས་ཐེངས་དང་པོར་ཆོས་ལུགས་མཐུན་སྒྲིལ་ལ་དགོངས་ཏེ་ཡེ་ཤུ་དང་ཁ་ཆེའི་ལྷ་ཁང་དག་ཏུ་ཕེབས་ནས་ཐུགས་སྨོན་གནང་དུས་རྒྱ་གར་དང་ཐེ་ལན་གྱི་དགེ་སློང་སེར་ པོ་ཚོས་ངོ་རྒོལ་གནང་བ་རེད། ཡིན་ན་ཡང་། ལོ་མང་རིང་འཛམ་གླིང་གི་ཆོས་ལུགས་པ་ཚོའི་མཐུན་སྒྲིལ་ཆེད་དུ་ཁོང་གིས་ཆོས་ ལུགས་གཞན་པའི་སློབ་དཔོན་དང་སློབ་མ་ཚོའི་ཁྲོད་དུ་ཕེབས་ནས་བྱམས་བརྩེའི་བཀའ་སློབ་མཚམས་ཆད་མེད་པར་གནང་བ་ལ་བརྟེན་ནས་མཐའ་མར་དགེ་སློང་སེར་བོ་ཚོས་ཀྱང་གོང་ས་མཆོག་གི་གནང་སྟངས་དེ་འཛམ་གླིང་གི་ཆོས་བྱེད་མི་དམངས་བར་མཐུན་སྒྲིལ་ཡོང་ཐབས་ཀྱི་ཐབས་མཆོག་བླ་ན་མེད་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུས་པ་ཡོངས་གྲགས་རེད། ངས་ཀྱང་སྔོན་མར་ཕ་ཡུལ་དུ་ཡོད་དུས་རྫོང་ཐོག་ནས་ཁ་ཆེའི་ལྷ་ཁང་ཞིག་གི་ནང་དུ་ ཡར་བལྟས་ནས་མཆིལ་མ་ཞིག་བཏབ་པ་ཡིན། ད་ལྟ་བསམས་ན་དེ་ལས་ལྷག་པའི་བསྟན་པའི་ཞབས་འདྲེན་ཞིག་མི་འདུག གཞུང་ལས། མུ་སྟེགས་ཅན་ལ་སྨོད་པ་ན། །རྣམ་པར་སྣང་མཛད་རིང་བར་འགྱུར། །ཞེས་གསུངས་ཡོད་པས། ཁྱེད་ཀྱིས་ཀྱང་ཆོས་ལུགས་པ་སྤྱིའི་མཐུན་སྒྲིལ་ལ་ཐུགས་བསམ་བཞེས་མི་ཐུབ་ཀྱང་རང་རྒྱུད་ཀྱི་རིགས་ལྔའི་དམ་ཚིག་ལ་ཐུགས་བསམ་རེ་མ་བཞེས་ཐབས་མེད་རེད་ལགས། ཡིན་ན་ཡང་གསང་སྔགས་ཀྱི་དམ་ཚིག་ལ་ངོས་ལེན་མེད་ན་དབྱུགས་ཤོག
ངས་ བྲིས་པ་ཁག་གཉིས་ལ་མི་འགྲིགས་པ་ཡོད་ན་ཚིག་ཕྲེང་རེ་རེ་བཞིན་འདི་ནས་འདི་བར་འདི་ལྟར་འགྲིག་གི་མི་འདུག་གསུངས་ན་མཁས་པའི་གཏམ་རེད། དེ་མིན་མཚམས་མེད་པ་ལྔ་བསགས་སོང་། མི་བསད་སོང་། རྒྱུ་ནོར་བསགས་སོང་ཞེས་པ་སོགས་ནི་སྐབས་འདིའི་གླེང་གཞི་མིན་ནོ།།
ནང་པ་ཞིག་གི་ངོས་ནས་བལྟས་ན་ལྷ་སར་ཡོད་པའི་ཁ་ཆེ་ཚོ་ཡང་ང་ཚོ་དང་འདྲ་བར་བདེ་བ་ འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་སེམས་ཅན་ཏག་ཏག་རེད། རྩ་ལྟུང་བཅུ་བཞིའི་རྣམ་བཤད་ལས། རང་གཞན་གྱི་གྲུབ་མཐའ་ལ་སྨོད་པ་དེ་རྩ་ལྟུང་གང་ཡིན་གསུངས་ཡོད་པ་ཉིད་ལ་ཞུ་མི་ དགོས་པས། ཐུགས་བསམ་ཞིག་ཡང་སྐྱར་བཞེས་ནས་དགོངས་ཚུལ་རེ་སྤེལ་རོགས།
དགྱེས་རྡོར། “བདག་གི་ཟིན་བྲིས་ འདི་དག་གྲོགས་པོ་སུ་གང་ཡིན་ཡང་ཀློག་པ་པོའི་འདོད་བློ་དང་མི་འཚམ་ཚེ། ལྷག་བསམ་ཟོལ་མེད་ཀྱིས་”སྐྱོན་བརྗོད་”དང་”དོགས་འདྲི”། “བསམ་ཚུལ་”བཅས་གནང་བར་འདོན་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཕན་ཚུན་ལ་”གདེང་འཇོགས་”དང་”བརྩི་བཀུར”། ཆོས་དང་འཇིག་རྟེན་གྱི་གནས་ལུགས་ཡོད་པའི་སྒོ་ནས་བསམ་ཚུལ་སྤེལ་རྒྱུར་སྐུལ་ འདེད་བྱེད་པ་ལགས་སོ།”
ཁོ་བོའི་ལན། ཉིད་ཀྱི་ཐོག་མའི་དམ་བཅའ་འདི་ཡང་སྐྱར་གཅིག་ལྗགས་ཀློག་གནང་རོགས།
ང་ཚོའི་ས་གནས་འདིར་ཡེ་ཤུ་དང་ཁ་ཆེ། རྗུའུ་དང་ནང་པ་བཅས་ཆོས་ལུགས་བཞིའི་རྗེས་འཇུག་པ་དག་ལོ་རྟག་པར་མཉམ་དུ་འཛོམས་ནས་འཛམ་གླིང་ཞི་བདེའི་སྐོར་བགྲོ་གླེང་དང་གོམས་བགྲོད། སྨོན་ལམ་བཅས་རྒྱག་གིན་ཡོད། འདི་ནི་གོང་ས་ཏྰ་ལའི་བླ་མ་མཆོག་གི་རླབས་ཆེན་དགོངས་བཞེད་ཀྱི་ཆ་ཤས་གཅིག་ཀྱང་རེད། དེའི་ཕྱིར་ངའི་ཆོས་ལུགས་མ་གཏོགས་ངའི་ས་ཐོག་ཏུ་དར་མི་ཆོག་པའི་ལྟ་ཚུལ་རྙིང་བ་འདི་དེང་སང་བེད་སྤྱོད་བྱེད་ས་ཞེ་དྲགས་རྙེད་ཀི་མེད་པའི་གནས་ལུགས་འདི་ངོས་ ཟིན་ན་ལེགས། དེ་ལྟར་མིན་ན། ལོ་བཅུ་ཕྲག་གི་སྔོན་དུ་ཨབ་ཧྥུ་སྒན་གྱི་ཁ་ཆེ་ཚོས་འཛམ་གླིང་རྒྱལ་ཁབ་མང་པོས་ ཞུ་བ་འཐེན་པ་ལ་མ་ཉན་པར་ནང་པའི་སྐུ་བརྙན་རྩ་གཏོར་དུ་བཏང་བའི་སྡུག་འབྲས་འཁོར་ ནས་ཁོ་ཚོའི་ལུང་བར་ས་ཡོམ་དང་དམག་འཁྲུག་སོགས་གནོད་འཚེ་སྐྱི་གཡའ་བ་དག་མུ་ མཐུད་དུ་ཡོང་གིན་ཡོད་པ་དེ་ལ་བསམ་བློ་གཏོང་རན་ཡང་རེད།
སྔོན་མར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོས་མེ་དགྲ་བཞེས་དུས་ཉེ་འཁོར་གྱི་ཁ་ཆེ་ཚོས་ལྷ་ཁང་འདི་ཁྱོད་ཚོའི་ཚེ་ཕྱི་མའི་འཚོ་རྟེན་རེད། ང་ཚོའི་ཚེ་འདིའི་འཚོ་རྟེན་རེད་ཅེས་ངུ་འབོད་བྱེད་བཞིན་རང་ལུས་ཀྱི་གྱོན་པ་ཚུན་ཆད་ཆུ་ལ་བསྒྲེས་ནས་མེ་གསོད་རོགས་བྱས་པའི་ངོ་མཚར་བའི་གཏམ་རྒྱུད་ཀྱང་ད་དུང་གསོན་པོར་བསྡད་ཡོད་པས། ང་ཚོ་ནང་པ་ཞིག་གི་ངོས་ནས་གནའ་བོའི་དུས་ནས་ལྷ་སར་ཡོད་པའི་ཁ་ཆེ་ཚོས་རང་རང་གི་ སྨོན་ལམ་འདེབས་སའི་ལྷ་ཁང་ཞིག་བཞེངས་པ་ལ་དེ་འདྲའི་བློ་ཡུལ་དུ་མི་ཤོངས་མདོག་ གནང་ཨེ་དགོས། སྔོན་མར་ངའི་ཕ་ཡུལ་དུ་ལས་བྱེད་པ་འགའ་རེས་བོན་པོ་ཚོར་ཐུབ་ཚོད་བཏང་སྟེ་ལྷ་ཁང་བཞེང་དུ་མ་བཅུག་པའི་སྐབས་སུ་ངས་ཀྱང་དེ་ལ་མོས་མཐུན་བྱས་པ་ཡིན། ཡིན་ན་ཡང་། ད་ལྟ་བསམས་ན་བོན་དང་ནང་པ་ཞེས་པ་འདི་མིང་ཚིག་རེ་ཟུང་གི་ཁྱད་པར་མ་གཏོགས་ལྟ་བ་ བདག་པས་གཞན་གཅེས། སྤྱོད་པ་ཕར་ཕྱིན་དྲུག་དང་ལྟ་བ་རྫོགས་པ་ཆེན་པོ་སོགས་གང་ཐད་ནས་ཁྱད་མེད་ལྟ་ བུར་བཞུགས་པས། དེ་དུས་ཀྱི་བོན་པོར་སྡང་པའི་བསམ་བློ་གུ་དོག་དེ་ད་ལྟ་དུས་རབས་གསར་བའི་གད་ སྙིགས་ཀྱི་ཁྲོད་དུ་ཡང་དབྱུགས་ས་མི་རྙེད་པའི་ཚོད་དུ་འདུག་ཨང་།
བསད་པ་ཆོས་སུ་སྨྲ་བའི་ཁ་ཆེ་ ཞེས་འདི་ཡང་ཁ་ཆེའི་ཆོས་བྱེད་ཡོད་ཚད་ལ་ཟེར་བ་ཡིན་ན་ནི་ཅུང་ཟད་མ་ངེས་པ་ཞིག་སྟེ། ཟླ་འགའི་སྔོན་དུ་གོང་ས་ཏྰ་ལའི་བླ་མ་མཆོག་གི་གསུང་བཤད་ཅིག་ཏུ། ཁ་ཆེའི་ལྷ་ས་གྲོང་ཁྱེར་མེ་ཁར་གནས་སྐོར་དུ་སོང་བའི་བོད་པ་ཁ་ཆེ་བ་ཞིག་ང་ལ་ཕྲད་དུ་བསླེབས་སོང་། ཁོང་གིས། གྲོང་ཁྱེར་དེར་བསླེབས་དུས་ལུགས་སྲོལ་ལྟ་བུར་ལུག་རེ་བཤའ་དགོས་ཀྱི་འདུག་ཀྱང་ ངས་སྡིག་པར་འཛེམས་ནས་ལུག་གསོད་ཐུབ་མ་སོང་། ཞེས་བརྗོད་སོང་། བོད་པ་ཞིག་ཡིན་ཕྱིན་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་སེམས་རྩ་ན་སྙིང་རྗེ་ཞིག་ འདུག་གསུངས་སོང་། གང་ལྟར་ལྷ་སའི་ཁ་ཆེ་བའི་ཁྲོད་དུ་བོད་རིགས་ཀྱང་འཚམ་ཞིག་ཡོད་པས་རང་རིགས་གཅིག་ པ་ཞིག་ཡིན་པའི་བསམ་བློ་ཞིག་ཀྱང་ཞར་དང་ཞོར་ལ་བསླེབ་ཐུབ་ན་ལེགས། སྤྱིར་ནང་པས་འཚེ་བ་སྡིག་པར་སྨྲ་ན་ཡང་བོད་ཁམས་ཧྲིལ་བོར་ལོ་རེ་རེ་བཞིན་ནོར་ ལུག་བསད་པའི་ཤ་ཁོག་དེ་ཚོ་ཅིག་སྤུངས་བཞག་ན་རི་ཆེན་པོ་ཞིག་གི་ཚོད་དུ་ལོས་ཡོད་ དེ། བོད་པ་ས་ཡ་དྲུག་པོ་ཁྱིམ་ཚང་ས་ཡ་གཅིག་གི་ནང་དུ་ཡོད་པར་ཆ་བཞག་ན། ཆ་སྙོམས་ཁྱིམ་ཚང་རེ་རེས་ལོ་རེར་ལུག་དྲུག་རེ་གསོད་པའི་དབང་དུ་བཏང་ན་ལོ་རེར་ ལུག་ས་ཡ་དྲུག་རེ་གསོད་ཀྱིན་ཡོད་པ་རེད་ལ། འདི་ཡང་འཚེ་བ་ཆོས་སུ་སྨྲ་བའི་ཁ་ཆེ་ཚོ་མ་ཡིན་པར་འཚེ་བ་སྡིག་པར་སྨྲ་བའི་ནང་པ་ ཚོ་རེད་ཡ། ད་ཞིབ་ཏུ་བཤད་ན་ང་ཚོའི་ནང་པ་ཚོ་ཡང་ཚེ་ཕྱི་མར་བློ་བདེ་བོ་བྱས་ནས་འགྲོ་ས་ཞེ་དྲགས་ཡོད་པ་མ་རེད་ལགས། འདི་ལ་ཡང་མི་འགྲིགས་པ་རེ་ཡོད་ན་ཡིག་ཕྲེང་རེ་རེ་བཞིན་དགར་ནས་གསུངས་དང་ནོར་བ་ཡིན་ན་ནོར་བས་ངོས་ལེན་བྱེད་ཆོག
དེང་སྐབས་ཀྱི་དམག་འཁྲུག་མང་པོ་ཞིག་ཆོས་ལུགས་ཀྱི་དཀའ་རྙོག་ཏུ་འགྱུར་བ་འདི་ཡང་ཐོག་མར་ཆོས་ལུགས་དེ་དང་ དེའི་སློབ་དཔོན་དུ་ཁས་འཆེ་བ་མང་པོས་ངའི་ཆོས་ལུགས་གཅིག་པོ་བླ་ན་མེད་པ་ཞིག་ཡིན། ཁྱོད་ཀྱི་ཆོས་ལུགས་ནི་ཐ་ཆད་ཅིག་རེད་བརྗོད་པ་ལ་བརྟེན་ནས་ཆོས་ལུགས་དེ་དང་ དེའི་རྗེས་འཇུག་པ་ས་ཡ་དུ་མ་གཅིག་ལ་གཅིག་སྡང་གི་ལམ་དུ་བགྲོད་པ་རེད། གོང་ས་མཆོག་བཀའ་དགོངས་གཞིར་བཟུང་ནས་ཆོས་ལུགས་ཀྱི་སློབ་དཔོན་རྣམ་པས་དབུ་ ཁྲིད་དེ་ཆོས་ལུགས་ཕན་ཚུན་བར་གུ་ཡངས་དང་བཟོད་སྒོམ་བྱེད་རེས་བྱས་པ་ཡིན་ན། ཆོས་ལུགས་ལ་བརྟེན་པའི་སྡུག་བསྔལ་འདི་དག་ཡོང་དོན་མེད་པ་ཞིག་རེད།
འདི་ལ་དགོངས་པ་ཞིག་བཞེས་མ་ཐུབ་ཚེ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་པོ་མཐར་སྐྲོད་བཏང་སྟེ་ནང་པའི་ཆོས་ལུགས་གངས་ལྗོངས་ས་མཐོར་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་པ་འདི་ཡང་ཁྱོད་ཤི་ང་གསོན་ གྱི་རྒྱལ་ཁ་ཞིག་ཏུ་བརྩི་དགོས་པས། ཤེས་རབ་ལྡན་པ་ཞིག་ལ་མཚོན་ན་རང་གི་ཆོས་ལུགས་གཅིག་པོའི་ཆེད་དུ་གཞན་དག་གི་ལྟ་ སྒོམ་སྤྱོད་གསུམ་རྨེག་མེད་དུ་གཏོང་བར་འབད་པ་ལས་ལྷག་པའི་ཆེས་འུ་ཐུག་པའི་ལས་ ཀ་ཞིག་གང་ནས་འཚོལ། སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་ཐོག་མར་ནང་པའི་ཆོས་ལུགས་དར་སྤེལ་མཛད་དུས་ཆོས་ ལུགས་གཞན་དག་ལ་རྩི་བཀུར་དང་གུ་ཡངས་ཀྱི་རྣམ་པའི་སྒོ་ནས་རང་ལུགས་དར་སྤེལ་མཛད་པ་ཞིག་ཡིན་པ་ནི་བསྙོན་དུ་མེད་པ་ཞིག་རེད།
གོང་དུ་བརྗོད་པ་དག་ནི་རང་ རེའི་སྟོན་པ་ཤྰཀྱ་མུ་ནེ་དང་གོང་ས་ཐམས་ཅད་མཁྱེན་པ་རྣམ་གཉིས་ཀྱི་དགོངས་བཞེད་ གཞི་ལ་བཞག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་ལྟ་ཚུལ་ཞིག་སྤེལ་བ་ཡིན་མ་གཏོགས། ང་རང་ངོས་ནས་ནང་པའི་ཆོས་ཀྱི་རྗེས་འཇུག་ཐེབས་ཆག་ཅིག་གི་ཟོལ་དུ་གནས་པས། ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་སྤྱོད་པ་འཚེ་མེད་ཞི་བའི་ཁྱད་ཆོས་དང་ལྡན་པའི་ ནང་པའི་ཆོས་ཀྱི་ལམ་བཟང་འདི་ཉིད་ཡུལ་ཕྱོགས་གང་དུ་དར་ཞིང་རྒྱས་ན་དེ་ལ་མི་དགའ་གང་ལ་དགའ།
ངས་བསམས་ན་དེང་སྐབས་ཀྱི་སངས་རྒྱས་བསྟན་པའི་གེགས་བྱེད་ངོ་མ་དེ་ནི་ལྷ་སའི་ཁ་ཆེ་བ་འདི་ཚོ་མ་ཡིན་པར། ནང་པ་དང་བཀའ་གདམས་གསར་མ་བར་ཁས་འཆེ་བའི་དོལ་རྒྱལ་བ་འདི་ཚོ་རེད། འདི་ཚོས་རྒྱབ་ལ་ཆོས་གོས་གྱོན་ནས་མི་བསད་མེ་རྒྱག་གི་སྦྱོར་ངན་ལག་ལེན་དུ་ འདེབ་ཀིན་ཡོད་པས། ཁྱེད་གཉིད་མི་ཡོང་ན་འདི་ཕྱོགས་སུ་ངོ་མ་གཉིད་མི་ཡོང་རིན་ཆོག་པ་ཞིག་འདུག་ལགས།
ད་དུང་ཡོད། ཨ་མདོ་མཚོ་སྔོན་ཞོན་ཧྭ་རྫོང་ཁོངས་སུ་བོད་རིགས་ཡིན་པའི་ཁ་ཆེའི་ཆོས་ལུགས་པ་ཧ་ཅང་མང་པོ་ཞིག་ཡོད། དེ་ཚོས་ཁ་ཆེའི་ཆོས་ལ་དད་པ་བྱེད་པ་མ་གཏོགས་སྐད་ཆ་ནི་བོད་པ་གང་མང་ཞིག་གིས་འགྲན་ཡ་མི་ཡོང་བའི་བོད་སྐད་དག་མོ་ཞིག་བཤད་ཀྱིན་ཡོད། ད་དུང་ང་ཚོ་བོད་པ་ཚོ། ཁོ་ཚོ་རྒྱ་རྩོག་ཚོ་ཞེས་བོད་པའི་ཞེན་ཁོག་ཀྱང་གང་འཚམ་ཞིག་ཡོད། དེའི་ཕྱིར། ལྷ་སའི་ཁ་ཆེ་འདི་ཚོར་མཚོན་ན་ཧེ་རིགས་གཅིག་པོ་མ་ཡིན་པར་བོད་རིགས་ཀྱང་གང་འཚམ་ ཞིག་ཡོད་པས། ཉིད་ཀྱིས་བོད་རིགས་ནང་ཚགས་ཀྱི་མཐུན་སྒྲིལ་དང་། མི་རིགས་བར་གྱི་མཐུན་སྒྲིལ། ཆོས་ལུགས་བར་གྱི་མཐུན་སྒྲིལ་གསུམ་ལ་དམིགས་ནས་ལྷ་སར་ཁ་ཆེའི་ལྷ་ཁང་བཞེངས་པའི་ སྐོར་ནས་དགོངས་ཚུལ་གཉིས་པ་ཞིག་སྤེལ་རྒྱུ་ཤེས་དམན་ངའི་རེ་བ་ཡིན།
གལ་སྲིད་ཉིད་ཀྱི་སྐད་ཆ་འདི་དག་ནང་ཆོས་ཀྱི་ཞེན་ཁོག་ཅིག་ཁྱེར་ནས་བརྗོད་པ་ཡིན་ན་ནི། རང་རེའི་སྤྱི་ནོར་གོང་ས་མཆོག་དང་བོད་མི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རི་དང་ཡོ་རོབ་རྒྱལ་ཁབ་མང་ཆེ་བ་ཡེ་ཤུའི་ལུང་བ་ཡིན་ཞིང་། ཤར་ཕྱོགས་སུ་མཚོན་ན་ཡང་རྒྱ་གར་དང་བལ་ཡུལ་གཉིས་རང་རེས་མུ་སྟེགས་པར་རྩི་བའི་ཧིན་རྡུའི་ལུང་བ་དང་། ཧྥི་ལི་ཕིན་དང་སྦང་ལ་རྡེ་ཤི་གཉིས་ཆོས་བྱེད་མི་གྲངས་ལ་དཔགས་ན་རང་རེས་ཀླ་ཀློར་བགྲངས་པའི་ཁ་ཆེའི་རྒྱལ་ཁབ་ཡིན་ཡང་མང་ཚོགས་ཁྲོད་ནས་བོད་དོན་རྒྱབ་སྐྱོར་སྔ་ཕྱིར་མི་དམན་པ་ཞིག་བྱས་ཡོད། གཞན་ནང་པའི་རྒྱལ་ཁབ་གྲགས་ཆེན་ཐེ་ལན་དང་ཤྲི་ལིངྐ་། འབར་མ་དང་ཝི་ཐི་ནིམ། ཐ་ན་འབྲུག་ཡུལ་སོགས་ཀྱིས་རྒྱ་ངོ་འབའ་ཞིག་བསྲུངས་ནས་རང་རེར་ཆབ་སྲིད་ཀྱི་ཕྱོགས་སུ་རྒྱབ་སྐྱོར་ཅི་ཡང་བྱེད་མི་ཐུབ་པ་དངོས་མཐོང་ཡིན་པས། ནང་ཆོས་ཀྱི་ཞེན་ཁོག་གཅིག་བུས་རང་མགོ་མི་ཐོན་པ་ནི་ནམ་ལངས་ཉི་ཤར་རེད།
བཀྲ་ཤིས་བདེ་ལེགས་ཤོག།
བརྗོད་སྙིང་ཧ་ལས་བ་རེད། ཡིན་ཡང་དོགས་འདྲི་གཅིག་ཡོད།
ཨ་མདོ་མཚོ་སྔོན་ཞོན་ཧྭ་རྫོང་ཁོངས་ན་བོད་རིགས་ཡིན་པའི་ཁ་ཆེ་ཆོས་ལུགས་པ་ཧ་ཅང་མང་པོ་ཞིག་ཡོད།
ཞེས་པའི་ཚིག་འདི་གང་འདྲ་ཡིན་ནམ། ཁུངས་ལུང་དང་དངོས་ཡོད་ཅིག་ཨེ་ཡིན།
སྡེ་བ་དང་ཚོ་བའི་མིང་བཏོན་ནས་འདི་དང་འདི་དག་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་བོད་པ་རེད་ཟེར་ན་ཁྱེད་ཀྱི་སྐད་ཆ་དེ་སྐད་ཆ་རེད། དེ་མིན་ཞོན་ཧྭ་ས་ཆ་ན་བོད་སྐད་ཤེས་པའི་ཁ་ཆེ་བ་མང་པོ་ཞིག་ཡོད་པ་བདེན་ཡང་ཁོ་ཚོ་བོད་པ་མིན། ཁོ་ཚོར་ཁོ་ཚོའི་སྐད་དང་ཡི་གེ་ཡོད་ལ། ཁོ་ཚོར་ཁོ་ཚོའི་ཆོས་དང་གོམས་གཤིས་ཡོད། ཁོ་ཚོ་ཀྲུང་གོའི་ས་ཁོངས་གཞན་ན་ཡོད་པའི་རྒྱ་ཁ་ཆེ་དང་མི་འདྲ། ཁོ་ཚོ་མི་རིགས་ཧོས་ཧོས་མིན། ཁོ་ཚོའི་རིགས་ཟ་ལར་རིགས་ཡིན། ཞོན་ཧྭ་ས་ཆར་མཚོན་ན་ཟ་ལར་རིགས་མང་ཤོས་ཡིན་ལ། བོད་རིགས་དང་རྒྱ་རིགས་ནི་ཟ་ལར་རིགས་ལས་ཞེ་དྲག་གི་ཉུང་། མི་ལོ་ཉི་ཤུ་ས་དེར་སྡོད་རིང་བོད་པ་ཁ་ཆེ་བ་ཧ་ཅང་མང་པོ་ཞིག་ཡོད་པ་མ་མཐོང་ཞིང་མ་ཐོས་ལ། བོད་རིགས་དང་ཁ་ཆེ་གཉིས་ཆུ་དང་འོ་མ་བཞིན་མཉམ་དུ་འདྲེས་མེད་ལ། ཁ་ཆེ་དང་བོད་པ་གཉིས་ཁ་དང་ཁ་སྤུ་བཞིན་སོ་སོར་གནས་ཡོད། ཡིན་ན་ཡང་ཁོ་ཚོ་དཔལ་འབྱོར་འདུ་འགོད་ཐད་ལ་ཧ་ཅང་འབྱོན་ཐང་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། ཁོ་ཚོ་སྔ་མོ་ཞིག་ནས་ས་ཆ་ཐག་རིང་ལ་འཚོང་རྒྱག་ཏུ་འགྲོ་བར་དགའ་བའི་མི་རིགས་ཤིག་ཡིན་པ་འདྲ། དེའི་སྟབས་ཀྱིས་ཟ་ལར་ཕོ་གསར་འགའ་རེས་ལྷ་ས་དང་འབྲོག་ཕྱོགས་ས་ཁུལ་ནས་བོད་པའི་བུ་མོ་ཁ་ཤས་མནའ་མར་འཁྲིད་ཡོང་འདུག་ཟེར་ནས་ཐོས་མྱོང་། དེ་ཡང་མང་ན་བཅུ་ཁ་ཤིག་ལས་ཧ་ཅང་མང་པོ་ཞིག་ཡོད་ཚོད་མི་དུག
མ་གཞི་ནས་ངས་མ་མཐོང་ན་མེད་པས་མི་ཁྱབ་ན་ཡང་། ཁྱེད་ཀྱིས་མཐོང་བའི་ཞོན་ཧྭ་རྫོང་གི་བོད་རིགས་ཁ་ཆེ་བ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་ལ་གསལ་བཤད་ཅིག་གནང་སྐྱོང་ཡོང་བར་མཁྱེཻན་མཁྱེན་ཞུ།
ལགས་སོ། ཀ་བ་དཀར་པོས་དཔྱད་པ་མཐོང་སོང་། ཧ ཧ ཁ་སང་ང་གཉིད་མ་ཁུག དེ་རིང་ཁྱོད་གཉིད་མ་ཁུག ལྟ་སྤྱོད་མི་མཐུན་ཟེར་བ་དེ་རེད། ཡ་ཐུན་སྒྲིལ་དགོས་ན་དེའི་ཆོས་ལུགས་དེ་སྒྲུབ་དགོས་པས་ཁྱབ་ཡོད་མ་རེད། དེས་ན་ཁ་ཆེ་དང་ཀླ་ཀློ་ལས་ཁྱད་པར་དུ་གྱུར་བའི་དམ་པའི་ཆོས་ཞིག་བོད་རང་ལ་ཡོད་རེད། དེ་སྤང་མ་འདོད་ནས་བོད་ཀྱི་ས་ཤོར་བ་རེད། གཞི་བྱེས་གཉིས་སུ་གྱེས་པ་རེད། གལ་ཏེ་དེ་འདོད་དེ་སྒྲུབ་པ་ཡིན་ན་ཅི་ཞིག་རྩོད། ཐུགས་བདེ་མོ་གྱིས་ཁྱོད་རང་འདོད་པའི་རིས་མེད་དང་། ངས་འདོད་པའི་རིས་མེད་ལ་ཁྱད་པར་ཆེན་པོ་འདུག་གོ ། གོང་ས་མཆོག་ལ་དད་ཁུལ་དང་མཐོང་རྒྱ་ཡོད་འདོགས་མ་སྟོན། དེང་དུས་གསར་རུ་འགས་ཕ་མ་ཤི་དུས་དགད་དགད་ནས་ཕ་མ་ཀླད་རྙིང་དེ་ཤི་སོང་རེད་ཟེར་ནས་རང་ཉིད་བྱིལ་བྱིལ་བྱེད་པ་ལས་དམ་པའི་ཆོས་མི་སྒྲུབ་རང་སེམས་སྡུག་མི་བསགས་པ་དང་གཅིག་པ་རེད། གཏམ་དེ་གོ་ཨེ་མྱོང་། །གོང་ས་མཆོག་གིས་དོལ་རྒྱལ་དགག་དགོས་པའི་གཞི་རྩ་དེ་ཧ་གོ་ཡོད་དམ། བོད་ནང་ཁུལ་དང་བོད་གཞུང་གིས་ངན་སྤྱོད་སྣ་དགུ་སྤྱོད་ཀྱང་དེ་ནི་འགྲོ་ནི་མི་ཡི་ཐོབ་ཐང་རེད། གོང་ས་མཆོག་གི་དགོངས་པ་རེད་ལབ་ན་འགྲིག་གམ། ད་དུང་ངས་མཐོང་ཐོས་ལ་རྒྱལ་ས་ལྷ་ས་ལ་དཀོར་གཟན་གྱི་གྲྭ་རྫུན། སྐུ་ཚོང་གི་དཔོན་པོ། སྨད་ཚོང་གི་རྒྱ་མོ། བོད་ལོག་གི་ཏང་ཡན། བན་ལོག་གི་སྤྲུལ་སྐུ། ཤྭ་དུད་ཆང་རོལ་གྱི་མི་ཚོགས་ཀྱིས་གང་འདུག་ཟེར་བ་དེ་བདེན་ནམ། ད་ནི་གནས་འདིར་རྐུ་རྫུན་ཁྲམ་པའི་དོ་ར་ཞིག་ཏུ་མེས་པོའི་བླ་མཁར་འདི་ལྷག་པར་ཡིད་རེ་སྐྱོ། སེམས་རེ་སྡུག །ཅེས་བཤད་ཡོད། འདི་ཚང་མ་རིགས་ལྔའི་སྡོམ་པ་ཡིན་ནམ། ཧ ཧ། ཁ་ཡག་པོ་ཀ་བ་དཀར་པོ་ཁྱེད། ཁོག་འཁོན་འཛིན་མེད་ན་ངོ་སོ་བསྟོད། །ཁ་རིགས་ལྔའི་སྡོམ་པ་ལྡན་པ་དང། །ཁོག་ཁ་ཆེ་མིན་ན་ཁྱོད་རང་རྒྱལ། ། ཤྲྰིས།
ཁ་བ་ཅན་ལ་ཞི་བདེའི་རང་དབང་། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
བསླུ་མེད་གཏན་གྱི་སྐྱབས་གནས་རིན་པོ་ཆེ། །
ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་བ། །
མཚུངས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ལ་ལགས། །
རིས་མེད་ཉམ་ཆུང་བུ་ངའི་ཕྱོགས་ལ་དགོངས། །
དུས་གསུམ་བདེ་གཤེགས་སྲས་དང་སློབ་ཚོགས་ཀྱིས། །
གཞན་གནོད་སྤང་ཞིང་གཞན་ཕན་དོན་དུ་གཉེར། །
སྲིད་ཞིའི་གདུང་སེལ་ཡོངས་རྫོགས་དམ་པའི་ཆོས། །
འཛམ་གླིང་ཕན་བདེའི་དཔལ་དུ་རྒྱས་མིན་ནམ། །
འཕགས་པའི་ཡུལ་དུ་ཤྰཀྱའི་རྒྱལ་པོ་གཅིག །
གངས་ཅན་ལྗོངས་སུ་པདྨ་རྒྱལ་པོ་གཉིས། །
སྙིགས་དུས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གསུམ། །
རིས་མེད་དེད་དཔོན་ཉིད་ལ་ཅིས་མི་བསྔགས། །
བརྒྱུད་གསུམ་མཁས་གྲུབ་བླ་མ་དམ་པ་ཚོས། །
བཤད་སྒྲུབ་ཐོས་བསམ་སྒོམ་པས་རྒྱལ་བསྟན་སྤེལ། །
འཛམ་གླིང་ཡངས་པར་ཕན་བདེའི་དཔལ་དུ་རྒྱས། །
ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛད། །
འགྲོ་ཀུན་མི་བཟད་ལས་ངན་དྲག་པོས་གཟིར། །
བར་མེད་དུ་ཁཿ་མནར་བའི་ཉམ་ཐག་རྣམས། །
བཟོད་དཀའི་ནད་མཚོན་མུ་གེའི་འཇིགས་པ་ཀུན།
ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུངས་མཛད། །
ཆོས་ཟབ་ཙ་ན་ནག་པོ་བདུད་ཟབ་ཅེས། །
ལུང་བསྟན་དོན་མཐུན་དེ་ལ་ལེགས་དཔྱོད་དང་། །
སྟོན་པའི་དུས་སུ་ལྷས་བྱིན་ལེགས་སྐར་དང་། །
པད་འབྱུང་བཞུགས་སྐབས་བོད་བློན་རྫུན་ཕྲ་མཁན། །
ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་དང་། །
ནག་ཕྱོགས་ཀླ་ཀློའི་དམག་དཔུང་བརྩེ་མེད་ལ། །
སྙིང་རྗེ་ཕྱོགས་རིས་མེད་པའི་བླ་མ་དང་། །
འགྲན་འདོད་སྣང་མཐོའི་ཚོགས་ཀྱིས་ལེགས་པར་ཉོན། །
དེང་དུས་ཕ་མགོ་བུས་གཡོག་ཁྲེལ་མེད་ཚོས། །
ཁ་བའི་ལ་རྒྱ་ཁ་འབོད་གཡང་ལ་གྱེར། །
ཁ་གསོ་ཙམ་ལ་རྒྱལ་བསྟན་ངོས་འཛིན་ན། །
ཁ་བའི་ལས་དབང་ཐལ་བ་རླུང་བསྐུར་ལགས། །
ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་གཅིག །
གཡོ་སྒྱུ་ཁོ་ན་མཁས་པའི་དམར་ཕྱོགས་གཉིས། །
རང་ལུགས་ཁོ་ནར་བསམ་པའི་ཁ་ཆེ་གསུམ། །
རིས་མེད་གྲུབ་མཐའ་འཛིན་པ་ཤིན་ཏུ་འཁྲུལ། །
རིང་ནས་ཡིད་ལ་བརྣགས་པའི་འདོད་པའི་དོན། །
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མ་ཞིག །
སྤྱོད་པའི་དགའ་སྟོན་སྐལ་བཟང་རབ་སྤྲོ་མོད། །
རང་མགོ་རང་མྱིས་བསྐོར་ན་ཤིན་ཏུ་འཁྲུལ། །
སྡིག་རྒན་ཤན་པ་སྙིང་རྗེའི་གྲུབ་མཐའ་སྨྲ། །
རྫུན་རྒན་ཁྲེལ་མེད་སྤྲུལ་སྐུའི་གོ་སར་བཞག །
གཡབ་རྒན་ཕོ་མོས་ཆོས་སྲིད་ཟུང་འབྲེལ་དེ། །
རང་གཞན་གཉིས་ཕུང་བགྱིད་ལ་ང་མི་སྤྲོ། །
མི་བསྲུན་སྐྱེ་བོ་ཚོགས་ཀྱིས་བླང་དོར་ཤེས། །
མི་སོགས་འགྲོ་དྲུག་ཀུན་ལ་བྱམས་བརྩེ་སྐྱེས། །
མི་དམངས་སྤྱི་མཐུན་ཕྱོགས་ལ་ལྷག་བསམ་ཅན། །
དེ་འདྲའི་རྒྱལ་ཁམས་བྱུང་ན་ཞི་བདེ་ལགས། །
རང་ལུགས་ཆོས་སྲིད་རིག་གནས་སླར་གསོའི་ཆེད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་བཏང་བ་དང་། །
དཀའ་བ་བརྒྱ་ཕྲག་བརྩོན་པའི་སྤུན་ཟླ་རྣམས། །
ཁ་ཆེ་ཡེ་ཤུས་འགྲན་ཟླ་གཏན་ནས་བྲལ། །
ངན་དགུ་སྤྱོད་པར་གྲུ་འཛིན་མགོན་དགྱེས་ན། །
ཁྱོད་ཀྱི་སྐྱབས་གནས་བླ་མ་ཁ་ཁ་རེད། །
ཕྱི་ནང་ཁྱད་མེད་སྨྲ་བའི་ཁ་རྩོད་དེ། །
རང་རྒྱུད་ལེགས་པོར་དཔྱོད་དང་གོ་རྒྱུ་ཡོད། །
མདོ་སྔགས་བསྟན་པ་སྒྲུང་གཏམ་ཁོ་ན་མིན། །
མཁས་གྲུབ་རིག་འཛིན་བརྒྱུད་པའི་ལོ་རྒྱུས་གཟིགས། །
མདོར་ན་ཁྱོད་དང་ངེད་གཉིས་རྩོད་པ་མེད། །
རྒྱལ་བ་དགྱེས་པའི་ལམ་དུ་གྱུར་བར་སྨོན། །
ཆོས་ཉིད་རྟེན་འབྲེལ་ཟབ་མོའི་བདེན་པ་དང་། །
ཆོས་ཅན་རྒྱུ་འབྲས་ཟབ་མོའི་བདེན་པ་དང་། །
བདེན་གཏམ་གླུ་རུ་བླངས་པའི་དགེ་བ་འདིས། །
དྲང་ངེས་ལེགས་རྟོགས་ངེས་ཤེས་སྒྲོན་མེར་སྨོན། །
༢༠༠༩ ༡༡ ༢༢ ཉིན་ཐོལ་བྱུང་དུ་ཤྲྰིས་གུས་ཕུལ།།།།
ཡིག་ཕྲེང་རེ་རེ་བཞིན་ལན་ཡོད་ན་བྲིས་ཤོག་ལབ་ཚེ་གླུ་ཨ་ལ་ལ་མོ་ཨ་ལ་ལེན་ཞེས་ཆོས་སྲིད་འདྲེས་པའི་མགུར་གླུ་ཆུ་བཞུར་བཞུར་བྱེད་རྒྱུ་འདི་ནི་དཔལ་དགྱེས་པ་རྡོ་རྗེ་ཚང་གི་གྲུབ་རྟགས་ཤིག་རེད། ཨ་ལ་ཀུ་རེ་ཡིན། ལན་གྱིས་ཟློག་པར་མ་ནུས་ན། །དེ་ཡི་རྗེས་འབྲང་དེ་ཡི་ལུགས། །ཞེས་པ་ཞིག་ཀྱང་ཡོད་བསམས།
མདོ་ཁམས་པར། ཞོན་ཧྭའི་མི་རིགས་བོད་སྐད་བཤད་གང་མང་ཞིག་གི་ཕ་མ་ཚོ་སྔོན་ཆད་མ་ཚང་གིས་མགོ་ལོག་སོགས་བོད་ས་མང་པོའི་བུ་མོ་ཚོ་མནའ་མར་ཁྱེར་བ་ལས་སྐྱེས་པར་བཤད་པས། ངས་འདི་ལ་བོད་རིགས་ཞེས་བཏགས་པ་ཡིན་ཞིང་། ཁོ་ཚོས་ང་ཚོ་བོད་པ་ཚོ་ཟེར་གིན་འདུག་ཅེས་གྲོགས་པོ་མང་པོར་བརྗོད་སོང་། འདི་མི་བདེན་ན་དགོངས་དག་ཞུ་གིན་ཡོད།
ཀླུ་སྨྱོན་གྱིས་གཟིགས་པར་དགའ་བསུ་ཡིན། amahoཡ་ ཡ། ངས་ཀ་བ་དཀར་པོ་ཟེར་ཀི་འདུག་སྙམ་ཡང་། ཨ་རིའི་ཁ་བ་དཀར་པོ་རེད་འདུག ། ཧ ཧ། ཁོ་རེ་ཟེར་རྒྱུ་མེད་ས་གྱོད་གཞི་སློང་མ་ཡོང་། ཅི་ཟེར། སེང་རྡོར་ངེད་གཉིས་ལ་ཞེ་འཁོན་དང་མི་དགའ་བ་རྡུལ་ཙམ་ཡང་མེད་པར་མ་ཟད། སེང་རྡོར་དཔར་བཀོད་པ་དེས་ཚོར་བ་ཁྱད་པར་ཅན་འགའ་སྟེར་བྱུང་བས་སེང་རྡོར་དྲ་བ་ ལ་དགའ་བསུ་་དང་ཡི་རང་ཡོད། ཁ་ཆེ་བ་དཀར་པོ་ཟེར་བ་ཁྱོད་མཁས་འདོག་སྟོན་འདུག་པས་ངས་ཐོལ་བྱུང་གི་མགུར། གང་དྲན་གྱི་གླུ་ལ་ལན་རེ་ཡོད་ན། ལན་རེ་དང་ངན་བརྗོད་རེ་གནང་དང་། ངས་ཡང་སྐྱར་མགུར་གླུ་ལེན་ཆོག ཁ་དཀར་ཁ་ཆེ་དགའ་བའི་རིས་མེད་ལ། །ཁ་བའི་ལས་དབང་ཡིད་ལ་འཁོར་དྲག་ནས། །ཁ་ཁོག་མཚུངས་པའི་གླུ་ཆུང་ཕུལ་བ་ཡིན། ཁ་བརྡ་འབྲེལ་མེད་བཤད་པ་གཅིག་ཀྱང་མེད། །ཁ་ཆེ་ནང་གྲོས་ཅི་ཡོད་ཁྱོས་མ་ཤེས། །ཁ་བའི་ཕྱུགས་རྒྱུན་གཅོད་པའི་མནའ་ཚིག་དེ། །ཁ་ཆེ་བོད་ལ་སྡང་བའི་ཞེ་འཁོན་རེད། །ཁ་ཁོག་མཚུངས་པའི་སྐད་ཆ་བཤད་ན་བསམ། །རྒྱ་དམར་དཔུང་གིས་རིགས་རྒྱུན་གཅོད་དང་གཅིག །ཁ་ཆེའི་སྒོར་མོས་ཕྱུགས་རྒྱུན་གཅོད་དང་གཉིས། །ཏང་ཡན་ཚོགས་པས་རིག་གཞུང་རྩ་བརླག་གསུམ། །བོད་ཡུལ་གཞི་མེད་བཟོ་ལ་ཁྱད་པར་མེད། །གོ་བ་ཅན་ལ་སེང་རྡོར་དཔར་འདིས་ཆོག །གོ་བ་མེད་ན་སྐྱབས་སྡོམ་མ་ཤེས་གོང་། །གོ་ཚོད་རིགས་ལྔའི་སྡོམ་བཟུང་སྨྲ་བ་ཁྱོད། །གོ་ལའི་ཡང་སྟེང་རིས་མེད་ཧ་ཅང་ཐལ། །ཁ་བའི་བླ་མ་ཁ་ཆེ་རྒྱབ་སྐྱོར་འདོད། །ཁ་བའི་ལ་རྒྱ་ཡིན་ན་ངོ་སོ་བསྟོད། །ཁ་བ་དཀར་པོའི་གྲུབ་མཐའ་སོ་ཟིན་མེད། །ཁ་མཁས་ང་ཡིས་བསྒྲུབ་པའི་ཡུལ་མ་ཡིན། ། ཤྲྰིས། །
དཔལ་དགྱེས་པ་ཚང་དྲ་ཐོག་འདིར་ཡང་ཡང་ཕེབས་པའི་རེ་བ་ཞུ་གིན་ཡོད། ལྟ་བ་དང་བསམ་བློ་མི་འདྲ་བ་ཙམ་གྱིས་མི་གཉིས་ཀྱི་བར་ཐག་རིང་དུ་འགྲོ་ཐུབ་ཀི་མ་རེད། རང་རེ་ཚང་མ་ས་མཐའ་སྡེ་མཐའ་ན་ལུས་པའི་ཡུལ་གྱར་པ་ཤ་སྟག་ཡིན་པས། དམ་ཚིག་རྡོག་རྩ་གཅིག་སྒྲིལ་རེ་གནང་ནས་བསིལ་ལྗོངས་ཆོས་དཔལ་རིག་གསུམ་སྐོར་ནས་དཔྱད་བརྗོད་རེ་མུ་མཐུད་དེ་སྤེལ་ཐུབ་པའི་རེ་བ་ཡོད། དམ་ཆོས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་ལ་མཚོན་ན། གུ་ཡངས་ཡན་པ་བློ་བདེ་ཞིག་ལོས་ཀྱང་དགོས། བཀའ་དྲིན་ཆེ།
ལགས་སོ་ཀླུ་སྨྱོན་ལགས། ཀླད་རྙིང་ངས་ཧ་གོ་སོང་། སྤྱིར་མི་ངའི་གཤིས་ཀ་ལ་ཁ་ངན་ཙམ་མི་དགོས་དངོས་སུ་ང་རང་བསད་ཀྱང་བསྔོ་སྨོན་ཡག་པོ་བཏབ་པ་ལས་ཞེ་འཁོན་མེད། ཁ་ཡག་དང་ངོ་དགའ་ཡང་བཤད་མི་ཤེས། གླིང་དཀར་དཔའ་བོས་བྱིན་རླབས་ཀྱིས་གང་དྲན་གྱི་གླུ་ཆུང་ལེན་པ་དང་དགའོ། །ཤྲྰི་སྨྱོན་ནས།
ལགས་སོ་ཀླུ་སྨྱོན་ལགས། ཤྲྰི་ཀླད་རྙིང་ངས་ཧ་གོ་སོང་། སྤྱིར་མི་ངའི་གཤིས་ཀ་ལ་ཁ་ངན་ཙམ་མི་དགོས་དངོས་སུ་ང་རང་བསད་ཀྱང་བསྔོ་སྨོན་ཡག་པོ་བཏབ་པ་ལས་ཞེ་འཁོན་མེད། ཁ་ཡག་དང་ངོ་དགའ་ཡང་བཤད་མི་ཤེས། གླིང་དཀར་དཔའ་བོས་བྱིན་རླབས་ཀྱིས་གང་དྲན་གྱི་གླུ་ཆུང་ལེན་པ་ལ་དགའོ། ། ༧གོང་ས་མཆོག་གིས་གསུང་དེ་ཚོ་ཕྱི་ནང་གསང་གསུམ་ལ་གོ་རྒྱུ་ཡོད་པས་དེ་ཁོ་ནའི་དྲང་ངེས་ཤེས་པ་གལ་ཆེ། ཤྲྰི་སྨྱོན་ནས།
༄༅། །དཔྱོད་ལྡན་ཁ་བ་དཀར་པོ་ལ་གུས་ཕུལ། །
ང་ཡི་ཧི་ཟིན་འདི་ལྷག་བསམ་ཞིག་གིས་མགོ་བཟུང་ནས་མུ་འཐུད་དུ་སྤེལ་བ་ཞིག་ཡིན། དྲྭ་སྟེང་ནས་ནང་ཆོས་སྤྱི་དང་དང་ཁྱད་པར་སྔ་འགྱུར་རྙིང་མ་པ་ལ་སྡང་ཞེན་གྱིས་ཟུར་ཟ་དང་ངན་སྨོད། སྒྲོ་བསྐུར་ཅི་ནུས་བྱུང་བས་སུན་པ་ཞིག་བྱུང་བ་ཟིན་ཐོའི་གོང་དུ་དཔྱད་བརྗོད་ཀྱི་གཏམ་ཚོ་ལ་གཟིགས་ནས་ཀློགས་དང་ཤེས་ངེས་སོ། །ད་དུང་རང་ངོས་ནས་ཀུན་སློང་གཅིག་གམ་དམ་བཅའ་གཅིག་གིས་གཞན་གང་ལ་ཡང་བསམ་བློ་མ་གཏོང། མ་ཉན་མ་སུན་པར་ང་རང་གི་ཨེ་མ་ཧོའི་རིག་ལམ་གྱི་རྒྱུན་དུ་བསྐྱོད་པ་ཡིན་ནོ། དེང་འདིར་རྒྱལ་ཕྱི་ནང་ཀུན་ལ་བསམ་བློ་ཅུང་ཟད་གཏོང་ཤེས་མཁན་གྱི་མི་འདི་འདྲ་ཞིག་བྱུང་འདུག ང་རང་གིས་བསམ་པ་ལ་དང་པོ་ད་སྔོན་ཡིན་ན་ངའི་ཟིན་བྲིས་ནང་བཞིན་དུ་ཟུར་ཟ་བའི་བོད་མི་ཚོ་ལོས་ཡིན་སྙམ་ནས་གང་དྲན་གྱི་ཚིག་བཅད་འདི་བྲིས་པ་ཡིན། དེ་འདི་ལྟར། བསད་པ་ཆོས་སུ་སྨྲ་བའི་ཁ་ཆེ་གཅིག །འཇིག་རྟེན་བྱེད་པོ་འདོད་པའི་ཡེ་ཤུ་གཉིས། །དགེ་སྡིག་རྒྱུ་འབྲས་འདོད་པའི་ནང་པ་གསུམ། །འགལ་མེད་གཅིག་ཏུ་འདོད་ན་འཁྲུལ་བའི་གཏམ། །དོལ་རྒྱལ་ཚོགས་པས་དགེ་བཤེས་བསད་དང་གཅིག །ཁ་བ་སྤྲུལ་ལོས་དཔལ་འབྱོར་སྒྲུབ་དང་གཉིས། །རྒྱ་དམར་ཚོགས་པས་གཡོ་སྒྱུ་འཕྲུལ་བ་གསུམ། །རང་ཆོས་བསྟན་པ་གོ་ན་དེ་ག་མཛོད། །ཀ་བ་དཀར་པོ་དག་སྣང་རིས་མེད་དེ། །ཁ་བས་མཚམས་མེད་ལས་བསགས་སེམས་ཁྲལ་མེད། །ག་ས་གང་དུ་ངན་སྤྱོད་སྤེལ་བ་འདི། །ང་རྒྱལ་བསྟན་པ་འདོད་ན་ཁྱོད་རང་ཤེས། །ཁྱོད་དང་ངེད་གཉིས་ལྟ་སྤྱོད་ཁ་ཁ་རེད། །
གསལ་བཤད་གཅིག་ལ་ངས་དཔར་འདི་མཐོང་མ་ཐག ཨ་ཁ། ལྷ་ས་འདི་སྔར་ཆོས་རྒྱལ་མེས་དབོན་སོགས་དམ་པའི་གདན་ས་བོད་རང་གི་རྒྱལ་ས། ཡར་དཔེ་མིག་གི་ལྟ་ས། སེམས་ཀྱི་འཁྲི་ས་དང་ཕྱག་མཆོད་འབུལ་ཡུལ་ཡིན་པ་ཉི་མ་ལྷ་ས་ཞེས་ཡོངས་སུ་གྲགས་པ་ དེ་ད་ཡིན་ན་མུན་ནག་ལྷ་ས་ཞེས་འགྱུར་ས་རེད་སྙམ་ནས་བསམ་པ་ལ་ཅི་དྲག་གི་བསམ་བློ་ མང་པོ་དང། མ་ཚད་གྲོགས་པོ་ཞིག་གི་ཁ་སྤར་ལས་ཐོས་པ་ལྟར་ན། །དཀོར་གཟན་གྱི་གྲྭ་རྫུན། སྐུ་ཚོང་གི་ཚོང་དཔོན། བླ་བཙོང་གི་མགོ་གཉིས། སྨད་ཚོང་གི་རྒྱ་མོ། བོད་ལོག་གི་ཏང་ཡན། བན་ལོག་གི་སྤྲུལ་སྐུ། ཤྭ་དུད་ཆང་རོལ་གྱི་མི་ཚོགས་ཀྱིས་གང་འདུག་ཟེར་བ་ཐོས་པས་སེམས་ཆད་ཡོད། བོད་མི་རང་མྱིའི་རང་རང་ཕུང་བ་བྱེད་པ་དེ་བདེན་ནམ། འདི་ངའི་རྨི་ལམ་ཡིན་ནམ། ད་ནི་གནས་འདིར་རྐུ་རྫུན་ཁྲམ་པའི་དོ་ར་ཞིག་ཏུ་མེས་པོའི་བླ་མཁར་པོ་ཏ་ལ་འདི་ ལྷག་པར་ཡིད་རེ་སྐྱོ། སེམས་རེ་སྡུག ། གཞན་ཡང་སྐུ་རྟེན་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་སོགས་ལ་བཟང་ངན་གྱི་དབྱེ་བ་ མེད། བདེ་སྡུག་གི་རྣམ་གྲངས་མེད་མོད། སེམས་ཅན་ལས་ངན་པ་འདི་ཚོ་དང་། བོད་འབངས་བསོད་ནམས་ཆུང་བ་འདི་དག་ལ་ཐབས་ཅི་རེ་དྲག སྙམ་ནས་གསོལ་འདེབས་ལེའུ་བདུན་དང་འཛམ་གླིང་ཞི་བདེའི་སྨོན་ལམ་སོགས་བཏབ་པས་ གཉིད་ཀྱང་ཡེ་མ་ཁུག་ཐལ། ཁྱད་པར་དོལ་རྒྱལ་ཚོགས་པས་བསྟན་གཤིག དང་། དེང་དུང་ཐོས་བསམ་བསྒོམ་པ་གང་ཡང་མི་དགོས་པའི་རྒྱལ་ཕྱི་ནང་ཀུན་ཏུ་མགོ་བསྐོར་ གཏོང་མཁན་གྱི་བླ་རྫུན་དང་བོད་རྫུན་དུ་མས་རང་ཉིད་ཀྱི་ཁེ་ཕན་ལ་བལྟས་ནས་བོད་ ཀྱི་སྲིད་དོན་དང་ཏྰ་ལའི་བླ་མ་འདི་ཁ་ནས་མ་ཎི་འདོན་འདོན་བྱས་ཀྱང་། དམ་པ་འདི་ཉིད་ལ་ཚོང་ལས་ཀྱི་ཁེ་ཕན་དུ་འཛིན་པ་ནི་གྲངས་ཀྱི་མི་ཆོད་པ་འདི་དག་ བསམ་ཚེ་གཉིད་མི་དགོས་ཟས་ཟ་བའི་ཡི་ག་ཡང་ཆུང་ཆུང་རེད། དེ་སུས་བསྒྲུབ་བཞིན་ཡིན་པ་རང་རང་སོ་སོའི་བློ་ནང་དུ་ཁུག་ནས་བསམ་བློ་གཏོངས་ དང་ཧ་གོ་ངེས་རེད། མ་ཚད་ལྷ་ས་ནས་སེ་ར་འབྲས་སྒར་ཚོས་བསྡུས་ཚན་དང་ནང་ཆོས་རིགས་ལ་སྦྱང་སྦྱང་བ་ ཚོས་ནང་ཆོས་ཁ་ལ་ཁྱེར་བའི་དོལ་རྒྱལ་ཚོགས་པ་དང་། སྐྱབས་འགྲོའི་བསླབ་བྱ་འགལ་བའི་ཁ་ཆེ་བ་འདི་ཙམ་ཡང་འགོག་ཐུབ་མ་ཐོན་ཅི་ཞིག་ རྩོད། ཅི་ཞིག་སྒོམ། ད་ཅི་དྲག་ཐལ། དོན་ལ་བསམ་བློ་མ་གཏོང་བར་ཁ་ཏོན་གྲེ་འགྱུར་སྙན་པོ་དང་ཆོས་གོས་ཡག་པོ་གྱོན་ནས་ ཉམ་ཆུང་འགྲོ་བ་ཚོ་ལ་མགོ་སྐོར་གཏོང་བ་ལ། ཡ་ཅི་མཚན། བསྟན་པ་རྣམ་དག་འདི་ཉག་ཕྲ་བ་ལ་བསམ་ནས། ཁ་བའི་རྒྱལ་ས་ཁ་ཆེའི་འདོན་པ་གྱེར། །རྣ་བ་མི་དལ་རང་སེམས་མ་སྐྱིད་ནས། །གཉིད་དང་ཟས་ཀྱི་འདུ་ཤེས་དེ་ལས་ཆུང་། །མཐའ་ཡི་རྒྱ་མཚོའི་འགྲམ་ནས་ངག་འདི་ཐལ། ཤྲྰིས་ཞེས་བྲིས་པ་ཡིན། དེ་ནས་ཅུང་མ་འགོར་ནས་ཁ་བ་དཀར་པོས། ཨི་ཟི་རལ་དུ་ཡོད་པའི་ཇི་རོ་ཟི་ལམ་ཞེས་པའི་གྲོང་ཁྱེར་དེ་ནི་ཁ་ཆེ་དང་རྗུའུ། ཡེ་ཤུ་ཆོས་ལུགས་གསུམ་གྱི་གནས་མཆོག་ཡོད་ན་མེད་ན་ཞིག་རེད། ལྷ་ས་ཡང་དེ་ཡང་འདྲ་བ་སྟེ། ནང་པ་དང་ཁ་ཆེ། དམར་ཕྱོགས་པ་དང་ཡེ་ཤུའི་རྗེས་འཇུག་སྟེ་དད་མོས་མི་འདྲ་བ་བཞི་ཉམས་སུ་ལེན་མཁན་ དག་འདུས་སྡོད་བྱེད་བཞིན་ཡོད་པ་རེད། འདི་ལ་སེམས་ཁྲལ་ཅང་བྱེད་དགོས་ནི་མ་རེད། དམར་ཕྱོགས་རིང་ལུགས་ད་བར་དུ་དེར་ཡོད་པ་ལ་ཉིད་མ་འཇིགས་པར་ཁ་ཆེའི་ལྷ་ཁང་ཞིག་ གི་རྩེ་མོ་རིག་རྗེས་གསུང་སྐད་ཤོར་དོན་ཅི་རེད། བོད་པ་ཁ་ཆེ་བ་ནི་རྒྱ་མི་བོད་ལ་མ་བསླེབས་སྔོན་ནས་ལྷ་སར་ཡོད་ཡོད་པ་རེད། འབའ་བ་ཕུན་དབང་གི་བཟའ་ཟླ་སྔོན་མ་པེ་ཅིན་བཙོན་ཁང་ནང་རྒྱ་མིས་དམར་གསོད་བཏང་བ་ དེ་ཡང་བོད་རིགས་ཁ་ཆེ་བའི་ཁྱིམ་ཚང་ཞིག་གི་བུ་མོ་རེད། ཅེས་དང་།
དེ་མ་ཐག ཏུ། ཟློས་གར་བ་འཇམ་དབྱངས་བློ་གྲོས་ཀྱིས།wwweeeཤྲྰིས་ལགས་ཀྱི་ཚིག་རྐང་རེ་ལ་གཞལ་ མེད་ཀྱི་རིན་ཐང་རེ་འདུག ཡག་སོང་། ཧ་ཧ། ཞེས་གསུངས་འདུག
ཤྲྰིཿ ལགས་སོ།
ཁྱད་པར་དུ་ཁ་བ་དཀར་པོས་ང་ལ་སེམས་ཁྲལ་དེ་བྱེད་དགོས་མི་དགོས་སྐད་ཤོར་མི་དགོས་ གསུངས་འདུག་ཀྱང་ལན་གོང་དུ་ཞུས་པ་དེ་རེད། ། དཔེར་ན་བོད་ཕྲུག་སྡུག་བསྔལ་ཅན་ཞིག་ལ་སེམས་ཁྲལ་མི་དགོས་སྐད་མ་ཤོར་དྰ། ལྷ་ས་ལ་ཁ་ཆེ་ལྷ་ཁང་ཡག་པོ་ཡོད་རེད། རྒྱ་དམར་རྒྱལ་དར་མཛེས་པོ་ཡོད་རེད། དབྱིན་ཇི་སྒོར་མོ་མང་པོ་ཡོད་རེད། རྒྱ་ནག་མ་ཐོན་ཁོང་སྐུ་དྲག་ཚོ་ཡག་པོ་བྱེ་བྲག་ཡོད་རེད། འབའ་བ་ཆོས་མེད་སྨྲ་བའི་བཟའ་ཟླ་དེ་ཁ་ཆེ་བ་རེད་བཤད་ན་སེམས་ནད་དེ་ཞི་ནུས་སམ། ནུས་ན་ཁྱོད་རང་གི་བསམ་པ་ཞིག་རེད། ང་ལ་ཕན་ཐོག་གང་ཡང་ཡོད་མ་སོང། རིས་མེད་ཁྱེད་བཞུགས་ཡོད་སར་དཀར་དམར་ནག་ལྗང་གི་ལྟ་བ་འཛིན་པའི་མི་ཚོས་ཞི་བདེ་ སྨོན་ལམ་མཉམ་དུ་རྒྱབ་པ་ཡོད་ན་ཡག་པོ་མ་རེད་བཤད་མེད། སྨོན་ལམ་མཉམ་ཚོགས་ཡོད་ན་དེ་དུས་ཁ་ཆེ་སོགས་ཀྱི་ལྟ་བ་མ་རེད། བསམ་པ་བཟང་པོའི་སྨོན་ལམ་རེད། ནང་ཆོས་རྩ་བའི་གཞི་མ་འཇིག་རྟེན་ཡ་རབ་ཀྱི་ལྟ་བ་དང་སྨོན་ལམ་རེད། ཡ་གྲོགས་པོ་གཟིམ་ས་བདེ། འདི་ནས་ནམ་དཀྱིལ་ཁེལ་འདུག་པས་འཆི་བའི་འདུ་ཤེས་ཀྱིས་གཉིད་ཁུག་པ་ཡིན། ནང་མོ་ཁྲུས་དང་གཙང་མར་བྱས་ནས་ཡང་གསང་གི་ཁ་ཏོན་དེ་འདོན་ཟིན་ནས་བཟང་སྤྱོད་ སྨོན་ལམ་དང་བློ་ལྡོག་རྣམ་བཞི་རེ་བསམ་ནས། ལས་ཁང་དུ་ཡོང་ནས་ཀློག་ཀླད་སྒོ་ཕྱེས་ནས་ཨེ་མ་ཧོའི་རིག་མཛོད་ལ་བལྟ་དུས། ཡང་སྐྱར་དུ།
ཁ་བ་བ་དཀར་པོས་༧གོང་ས་མཆོག་གིས་ཐེངས་དང་པོར་ཆོས་ལུགས་མཐུན་ སྒྲིལ་ལ་དགོངས་ཏེ་ཡེ་ཤུ་དང་ཁ་ཆེའི་ལྷ་ཁང་དག་ཏུ་ཕེབས་ནས་ཐུགས་སྨོན་གནང་དུས་ རྒྱ་གར་དང་ཐེ་ལན་གྱི་དགེ་སློང་སེར་ པོ་ཚོས་ངོ་རྒོལ་གནང་བ་རེད། ཡིན་ན་ཡང་། ལོ་མང་རིང་འཛམ་གླིང་གི་ཆོས་ལུགས་པ་ཚོའི་མཐུན་སྒྲིལ་ཆེད་དུ་ཁོང་གིས་ཆོས་ ལུགས་གཞན་པའི་སློབ་དཔོན་དང་སློབ་མ་ཚོའི་ཁྲོད་དུ་ཕེབས་ནས་བྱམས་བརྩེའི་བཀའ་ སློབ་མཚམས་ཆད་མེད་པར་གནང་བ་ལ་བརྟེན་ནས་མཐའ་མར་དགེ་སློང་སེར་བོ་ཚོས་ཀྱང་གོང་ ས་མཆོག་གི་གནང་སྟངས་དེ་འཛམ་གླིང་གི་ཆོས་བྱེད་མི་དམངས་བར་མཐུན་སྒྲིལ་ཡོང་ ཐབས་ཀྱི་ཐབས་མཆོག་བླ་ན་མེད་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུས་པ་ཡོངས་གྲགས་རེད། ངས་ཀྱང་སྔོན་མར་ཕ་ཡུལ་དུ་ཡོད་དུས་རྫོང་ཐོག་ནས་ཁ་ཆེའི་ལྷ་ཁང་ཞིག་གི་ནང་དུ་ ཡར་བལྟས་ནས་མཆིལ་མ་ཞིག་བཏབ་པ་ཡིན། ད་ལྟ་བསམས་ན་དེ་ལས་ལྷག་པའི་བསྟན་པའི་ཞབས་འདྲེན་ཞིག་མི་འདུག གཞུང་ལས། མུ་སྟེགས་ཅན་ལ་སྨོད་པ་ན། །རྣམ་པར་སྣང་མཛད་རིང་བར་འགྱུར། །ཞེས་གསུངས་ཡོད་པས། ཁྱེད་པས་ཀྱང་ཆོས་ལུགས་པ་སྤྱིའི་མཐུན་སྒྲིལ་ལ་ཐུགས་བསམ་བཞེས་མི་ཐུབ་ཀྱང་རང་ རྒྱུད་ཀྱི་རིགས་ལྔའི་དམ་ཚིག་ལ་ཐུགས་བསམ་རེ་མ་བཞེས་ཐབས་མེད་རེད་ལགས། ཡིན་ན་ཡང་གསང་སྔགས་ཀྱི་དམ་ཚིག་ལ་ངོས་ལེན་མེད་ན་དབྱུགས་ཤོག །
ཤྲྰིཿ ལགས་སོ་༧གོང་ས་མཆོག་གིས་ཐུགས་སྨོན་དེ་ཁ་ཆེ་བ་ལ་བྱམས་དང་སྙིང་རྗེས་གསུངས་པ་ རེད། མདོ་ལས་སེམས་དགེ་བ་ལ་ཉེས་པ་མེད་གསུངས་པ་དང་རེད། ཁྱོད་ཀྱིས་ཕ་ཡུལ་ནས་ཞབས་འདྲེན་གྱི་མཆིལ་མ་དེ་སྡང་ཞུགས་གིས་བཏང་ན་བདེན་པ་ རེད། ཞབས་འདྲེན་རེད། ནང་ཆོས་དང་འགལ་བ་རེད། རྣམ་སྣང་དམ་ཚིག་ལ་བསམ་པ་་ཐུགས་རྗེ་ཆེ་ཡང་དོན་དེ་བེེ་རོ་ཙ་ནས་འགྲེལ་ཆེན་ལས་ མུ་སྟེགས་རྒྱང་འཕེན་པ་ལ་ཡང་སྡང་ཞུགས་གིས་སྨད་པར་མི་བྱ་གསུངས་པ་ལས་སེམས་ཁྲལ་ དང་སྐད་ངན་ཤོར་ན་སྡོམ་པ་ཉམས་གསུངས་མེད་དོ། ད་དུང་རིགས་ལྔའི་སྡོམ་བཟུང་ལས་ཆགས་སྡང་རྨོངས་པ་སེལ་ནུས་ན་མ་བྱས་ན་ཉེས་པ་ལས་ མི་ནུས་དེ་བརྩོན་དེ་ཡི་གཟུགས་བརྙན་ཡིན་པར་བཤད་འདུག །གཟུངས་སྔགས་ལོག་འགྲེལ་དང་། གཟུངས་སྔགས་ལོག་བཤད་ཀྱི་ཉེས་པར་སོམས་དང་ལེགས་སོ་སྙམ། །
ཡང་།kawakarpoo ངས་བྲིས་པ་ཁག་གཉིས་ལ་མི་འགྲིགས་པ་ཡོད་ན་ཚིག་ཕྲེང་རེ་རེ་བཞིན་འདི་ནས་འདི་བར་ འདི་ལྟར་འགྲིག་གི་མི་འདུག་གསུངས་ན་མཁས་པའི་གཏམ་རེད། དེ་མིན་མཚམས་མེད་པ་ལྔ་བསགས་སོང་། མི་བསད་སོང་། རྒྱུ་ནོར་བསགས་སོང་ཞེས་པ་སོགས་ནི་སྐབས་འདིའི་གླེང་གཞི་མིན་ནོ།།
ནང་པ་ ཞིག་གི་ངོས་ནས་བལྟས་ན་ལྷ་སར་ཡོད་པའི་ཁ་ཆེ་ཚོ་ཡང་ང་ཚོ་དང་འདྲ་བར་བདེ་བ་ འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་སེམས་ཅན་ཏག་ཏག་རེད། རྩ་ལྟུང་བཅུ་བཞིའི་རྣམ་བཤད་ལས། རང་གཞན་གྱི་གྲུབ་མཐའ་ལ་སྨོད་པ་དེ་རྩ་ལྟུང་གང་ཡིན་གསུངས་ཡོད་པ་ཉིད་ལ་ཞུ་མི་ དགོས་པས། ཐུགས་བསམ་ཞིག་ཡང་སྐྱར་བཞེས་ནས་དགོངས་ཚུལ་རེ་སྤེལ་རོགས།
ཤྲྰིཿ ང་རང་ཚིག་ལ་འཁྲི་བའི་མཁས་པ་ཞིག་མིན་ཡང་དོན་སེམས་པའི་བླུན་པོ་ཞིག་ཡིན་པས། ཁ་དྲག་ཆོག་པའི་རང་དབང་ཡོད་བསམ་ཡོད། མི་དགེ་བཅུ་མཚམས་མེད་ལྔ་བསགས་རུང་གང་མོས་རེད། སྐད་མ་རྒྱག་མི་ཆོག་གླེང་བྱ་མིན་གསུངས་པ་ཡིན་ན། རྒྱ་དམར་དག་གིས་གིས་གནད་གཅོད་གཏོང་བ་ལ་ཅི་ཞིག་ཀི་ཅི་འདོན། ཁོ་རང་ཙོས་དེ་འདོད་ནས་བྱས་པ་རེད་མ་གཏོགས་མི་འདོད་བཞིན་དུ་སྒྲུབ་པ་ག་ལ་ཡིན། །རྩ་ལྟུང་བཅུ་བཞི་ལ་བསམ་བློ་འཁོར་བ་ལེགས་ཀྱང་རྩ་ལྟུང་དེ་དག་གི་གཞི་བསམ་ སྦྱོར་བ་མཐར་ཐུག་ཇི་ལྟར་འབྱུང་མ་ཤེས་པར་སྣང་ངོ་། །
ཡང་kawakarpooབདག་གི་ ཟིན་བྲིས་ འདི་དག་གྲོགས་པོ་སུ་གང་ཡིན་ཡང་ཀློག་པ་པོའི་འདོད་བློ་དང་མི་འཚམ་ཚེ། ལྷག་བསམ་ཟོལ་མེད་ཀྱིས་”སྐྱོན་བརྗོད་”དང་”དོགས་འདྲི”། “བསམ་ཚུལ་”བཅས་གནང་བར་འདོན་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཕན་ཚུན་ལ་”གདེང་འཇོགས་”དང་”བརྩི་བཀུར”། ཆོས་དང་འཇིག་རྟེན་གྱི་གནས་ལུགས་ཡོད་པའི་སྒོ་ནས་བསམ་ཚུལ་སྤེལ་རྒྱུར་སྐུལ་ འདེད་བྱེད་པ་ལགས་སོ།”
ཉིད་ཀྱི་ཐོག་མའི་དམ་བཅའ་འདི་ཡང་སྐྱར་གཅིག་ལྗགས་ཀློག་གནང་རོགས།
ཤྲྰིཿ དམ་བཅའ་འདི་རང་སོར་ཡོད་ལགས། །
ཡང་།kawakarpoo ]ང་ ཚོའི་ས་གནས་འདིར་ཡེ་ཤུ་དང་ཁ་ཆེ། རྗུའུ་དང་ནང་པ་བཅས་ཆོས་ལུགས་བཞིའི་རྗེས་འཇུག་པ་དག་ལོ་རྟག་པར་མཉམ་དུ་འཛོམས་ ནས་འཛམ་གླིང་ཞི་བདེའི་སྐོར་བགྲོ་གླེང་དང་གོམས་བགྲོད། སྨོན་ལམ་བཅས་རྒྱག་གིན་ཡོད། འདི་ནི་གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ཀྱི་ཆ་ཤས་གཅིག་ཀྱང་རེད། དེའི་ཕྱིར་ངའི་ཆོས་ལུགས་མ་གཏོགས་ངའི་ས་ཐོག་ཏུ་དར་མི་ཆོག་པའི་ལྟ་ཚུལ་རྙིང་བ་ འདི་དེང་སང་བེད་སྤྱོད་བྱེད་ས་ཞེ་དྲགས་རྙེད་ཀི་མེད་པའི་གནས་ལུགས་འདི་ངོས་ ཟིན་ན་ལེགས། དེ་ལྟར་མིན་ན། ལོ་བཅུ་ཕྲག་གི་སྔོན་དུ་ཨབ་ཧྥུ་སྒན་གྱི་ཁ་ཆེ་ཚོས་འཛམ་གླིང་རྒྱལ་ཁབ་མང་པོས་ ཞུ་བ་འཐེན་པ་ལ་མ་ཉན་པར་ནང་པའི་སྐུ་བརྙན་རྩ་གཏོར་དུ་བཏང་བའི་སྡུག་འབྲས་འཁོར་ ནས་ཁོ་ཚོའི་ལུང་བར་ས་ཡོམ་དང་དམག་འཁྲུག་སོགས་གནོད་འཚེ་སྐྱི་གཡའ་བ་དག་མུ་ མཐུད་དུ་ཡོང་གིན་ཡོད་པ་དེ་ལ་བསམ་བློ་གཏོང་རན་ཡང་རེད།
ཤྲྰིཿ དེ་ཁྱེད་རང་གི་ཡོན་ཏན་སྐྱོན་ཞིག་ཡིན་པར་སྣང་ངོ།
ཡང་།kawakarpooསྔོན་ མར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོས་མེ་དགྲ་བཞེས་དུས་ཉེ་འཁོར་གྱི་ ཁ་ཆེ་ཚོས་ངུ་འབོད་བྱེད་བཞིན་རང་ལུས་ཀྱི་གྱོན་པ་ཚུན་ཆད་ཆུ་ལ་བསྒྲེས་ནས་མེ་ གསོད་རོགས་བྱས་པའི་ངོ་མཚར་བའི་གཏམ་རྒྱུད་ཀྱང་ད་དུང་གསོན་པོར་བསྡད་ཡོད་པས། ང་ཚོ་ནང་པ་ཞིག་གི་ངོས་ནས་གནའ་བོའི་དུས་ནས་ལྷ་སར་ཡོད་པའི་ཁ་ཆེ་ཚོས་རང་རང་གི་ སྨོན་ལམ་འདེབས་སའི་ལྷ་ཁང་ཞིག་བཞེངས་པ་ལ་དེ་འདྲའི་བློ་ཡུལ་དུ་མི་ཤོངས་མདོག་ གནང་ཨེ་དགོས། སྔོན་མར་ངའི་ཕ་ཡུལ་དུ་ལས་བྱེད་པ་འགའ་རེས་བོན་པོ་ཚོར་ཐུབ་ཚོད་བཏང་སྟེ་ལྷ་ཁང་ བཞེང་དུ་མ་བཅུག་པའི་སྐབས་སུ་ངས་ཀྱང་དེ་ལ་མོས་མཐུན་བྱས་པ་ཡིན། ཡིན་ན་ཡང་། ད་ལྟ་བསམས་ན་བོན་དང་ནང་པ་ཞེས་པ་འདི་མིང་ཚིག་རེ་ཟུང་གི་ཁྱད་པར་མ་གཏོགས་ལྟ་བ་ བདག་པས་གཞན་གཅེས། སྤྱོད་པ་ཕར་ཕྱིན་དྲུག་དང་ལྟ་བ་རྫོགས་པ་ཆེན་པོ་སོགས་གང་ཐད་ནས་ཁྱད་མེད་ལྟ་ བུར་བཞུགས་པས། དེ་དུས་ཀྱི་བོན་པོར་སྡང་པའི་བསམ་བློ་དང་གུ་དོག་དེ་ད་ལྟ་དུས་རབས་གསར་བའི་གད་ སྙིགས་ཀྱི་ཁྲོད་དུ་ཡང་དབྱུགས་ས་མི་རྙེད་པའི་ཚོད་དུ་འདུག་ཨང་།
ཤྲྰིཿ དེ་ཁ་ཆེས་ཁྱད་ཆོས་ཞིག་ཅི་མ་རེད། དེང་དུང་མེ་གསད་ཉེན་རྟོག་པས་རང་ལུས་ལ་མི་སེམས་འདི་ཚོ་དང་ཡག་པོ་རེད། ཁ་ཆེའི་ལྷ་ཁང་བཞེངས་ན་རང་ཡུལ་ལ་མི་བཞེངས་པར་བོད་ཡུལ་དུ་བཞེངས་པ་དེ་དམིགས་ ཡུལ་ཞིག་རེད་མ་གཏོགས་རིས་མེད་གཅིག་རེད་གཏན་ནས་བསམ་ཐུབ་ཀི་མི་འདུག བོན་པོ་ཁ་ཆེ་བ་དང་འདྲ་བའི་ལྟ་བ་ཞིག་ང་ལ་མེད་མོད་། ཁྱོད་རང་ཚོས་ཅི་མོས་རེད། དུས་རབས་གསར་བ་འདི་དག་བེད་བྱེད་གཏང་ཡག་པོ་བྱས་ན་དགའ་ཨང་།
ཡང་།kawakarpoo བསད་པ་ཆོས་སུ་སྨྲ་བའི་ཁ་ཆེ་ཞེས་འདི་ཡང་ཅུང་ཟད་མ་ངེས་པ་ཞིག་སྟེ། ཟླ་འགའི་སྔོན་དུ་གོང་ས་མཆོག་གི་གསུང་བཤད་ཅིག་ཏུ། ཁ་ཆེའི་ལྷ་ས་གྲོང་ཁྱེར་མེ་ཁར་གནས་སྐོར་དུ་སོང་བའི་བོད་པ་ཁ་ཆེ་བ་ཞིག་ང་ལ་ ཕྲད་དུ་བསླེབས་སོང་། ཁོང་གིས། གྲོང་ཁྱེར་དེར་བསླེབས་དུས་ལུགས་སྲོལ་ལྟ་བུར་ལུག་རེ་བཤའ་དགོས་ཀྱི་འདུག་ཀྱང་ ངས་སྡིག་པར་འཛེམས་ནས་ལུག་གསོད་ཐུབ་མ་སོང་། ཞེས་བརྗོད་སོང་། བོད་པ་ཞིག་ཡིན་ཕྱིན་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་སེམས་རྩ་ན་སྙིང་རྗེ་ཞིག་ འདུག་གསུངས་སོང་། གང་ལྟར་ལྷ་སའི་ཁ་ཆེ་བའི་ཁྲོད་དུ་བོད་རིགས་ཀྱང་འཚམ་ཞིག་ཡོད་པས་རང་རིགས་གཅིག་ པ་ཞིག་ཡིན་པའི་བསམ་བློ་ཞིག་ཀྱང་ཞར་དང་ཞོར་ལ་བསླེབ་ཐུབ་ན་ལེགས། སྤྱིར་ནང་པས་འཚེ་བ་སྡིག་པར་སྨྲ་ན་ཡང་བོད་ཁམས་ཧྲིལ་བོར་ལོ་རེ་རེ་བཞིན་ནོར་ ལུག་བསད་པའི་ཤ་ཁོག་དེ་ཚོ་ཅིག་སྤུངས་བཞག་ན་རི་ཆེན་པོ་ཞིག་གི་ཚོད་དུ་ལོས་ཡོད་ དེ། བོད་པ་ས་ཡ་དྲུག་པོ་ཁྱིམ་ཚང་ས་ཡ་གཅིག་གི་ནང་དུ་ཡོད་པར་ཆ་བཞག་ན། ཆ་སྙོམས་ཁྱིམ་ཚང་རེ་རེས་ལོ་རེར་ལུག་དྲུག་རེ་གསོད་པའི་དབང་དུ་བཏང་ན་ལོ་རེར་ ལུག་ས་ཡ་དྲུག་རེ་གསོད་ཀྱིན་ཡོད་པ་རེད་ལ། འདི་ཡང་འཚེ་བ་ཆོས་སུ་སྨྲ་བའི་ཁ་ཆེ་ཚོ་མ་ཡིན་པར་འཚེ་བ་སྡིག་པར་སྨྲ་བའི་ནང་པ་ ཚོ་རེད་ཡ། ད་ཞིབ་ཏུ་བཤད་ན་ང་ཚོའི་ནང་པ་ཚོ་ཡང་ཚེ་ཕྱི་མར་བློ་བདེ་བོ་བྱས་ནས་འགྲོ་ས་ཞེ་ དྲགས་ཡོད་པ་མ་རེད་ལགས། འདི་ལ་ཡང་མི་འགྲིགས་པ་རེ་ཡོད་ན་ཡིག་ཕྲེང་རེ་རེ་བཞིན་དགར་ནས་གསུངས་དང་ནོར་བ་ ཡིན་ན་ནོར་བས་ངོས་ལེན་བྱེད་ཆོག
ཤྲྰིཿ བོད་པའམ་ནང་པ་སངས་རྒྱས་པ་དེ་ནང་སེམས་བཟང་ངན་ལ་གོ་དགོས་པ་ལས། ཁྱོད་ཀྱིས་བོད་པ་ཁ་ཆེ་དང་ཁ་ཆེ་བ་བོད་པ་མཐོང་བ་འདྲ་བོ་ཆགས་འདུག དེ་ཁྱོད་ཀྱིས་ཞིབ་དུ་མདཔྱད་པ་དང་དེ་ཚོས་ཞིབ་དུ་མ་ཤེས་པ་ཞིག་རེད་འདུག ། ཕྱུག་ལུགས་བསད་པ་ཆོས་སུ་སྨྲ་ན་དེ་ཁ་ཆེ་རེད། དེ་འདྲ་བོད་པ་ཡོད་ན་བོད་པ་ཁ་ཆེ་རུ་ཞུགས་པ་དེ་ཚོ་རེད་ལགས། ཁ་ཆེ་ལ་སྐྱབས་སུ་འགྲོ་ལུགས་དེ་ཚོ་གཟིགས་དང་ཤིན་ཏུ་གསལ།
ཡང་། kawakarpoo དེང་ སྐབས་ཀྱི་དམག་འཁྲུག་མང་པོ་ཞིག་ཆོས་ལུགས་ཀྱི་དཀའ་རྙོག་ཏུ་འགྱུར་བ་འདི་ཡང་ ཐོག་མར་ཆོས་ལུགས་དེ་དང་དེའི་སློབ་དཔོན་དུ་ཁས་འཆེ་བ་མང་པོས་ང་ཆོས་ལུགས་གཅིག་ པོ་བླ་ན་མེད་པ་ཞིག་ཡིན། ཁྱོད་ཀྱི་ཆོས་ལུགས་ནི་ཐ་ཆད་ཅིག་རེད་བརྗོད་པ་ལ་བརྟེན་ནས་ཆོས་ལུགས་དེ་དང་ དེའི་རྗེས་འཇུག་པ་ས་ཡ་དུ་མ་གཅིག་ལ་གཅིག་སྡང་གི་ལམ་དུ་བགྲོད་པ་རེད། གོང་ས་མཆོག་བཀའ་དགོངས་གཞིར་བཟུང་ནས་ཆོས་ལུགས་ཀྱི་སློབ་དཔོན་རྣམ་པས་དབུ་ ཁྲིད་དེ་ཆོས་ལུགས་ཕན་ཚུན་བར་གུ་ཡངས་དང་བཟོད་སྒོམ་བྱེད་རེས་བྱས་པ་ཡིན་ན། ཆོས་ལུགས་ལ་བརྟེན་པའི་སྡུག་བསྔལ་འདི་དག་ཡོང་དོན་མེད་པ་ཞིག་རེད། །
ཤྲྰིཿ འདི་ཤིན་ཏུ་ལེགས། དེ་ཡང་རེད་མོད། གལ་ཆེན་པོ་ནི་ད་ལྟ་བོད་གཞུང་གིས་གོང་ས་མཆོག་ཉིད་བེད་བྱེད་ཡག་པོ་གཏོང་ན་དགའ་ ས་རེད་སྙམ་མོ།དཔེར་ན་ཀརྨ་པ་གཉིས། དགེ་ལུགས་གསར་རྙིང་། བན་བོན་སོགས་ལ་༧གོང་ས་མཆོག་གི་ངོས་ནས་ཁྱད་པར་མེད་ཀྱང་འོག་གི་ཆགས་སྡང་ཅན་དེ་ ཚོས་བཟོས་པ་རེད། དེ་གོང་ས་མཆོག་ལ་ལས་འགན་དང་ཁག་བཞག་པ་དེ་ཚོ་ཤིན་ཏུ་ཐ་ཆད་དོ། ། ཡང་། kawakarpooའདི་ ལ་དགོངས་པ་ཞིག་བཞེས་མ་ཐུབ་ཚེ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་པོ་མཐར་སྐྲོད་ བཏང་སྟེ་ནང་པའི་ཆོས་ལུགས་གངས་ལྗོངས་ས་མཐོར་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་པ་ འདི་ཡང་ཁྱོད་ཤི་ང་གསོན་གྱི་རྒྱལ་ཁ་ཞིག་ཏུ་བརྩི་དགོས་པས། ཤེས་རབ་ལྡན་པ་ཞིག་ལ་མཚོན་ན་རང་གི་ཆོས་ལུགས་གཅིག་པོའི་ཆེད་དུ་གཞན་དག་གི་ལྟ་ སྒོམ་སྤྱོད་གསུམ་རྨེག་མེད་དུ་གཏོང་བར་འབད་པ་ལས་ལྷག་པའི་ཆེས་འུ་ཐུག་པའི་ལས་ ཀ་ཞིག་གང་ནས་འཚོལ། སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་ཐོག་མར་ནང་པའི་ཆོས་ལུགས་དར་སྤེལ་མཛད་དུས་ཆོས་ ལུགས་གཞན་དག་ལ་རྩི་བཀུར་དང་གུ་ཡངས་ཀྱི་རྣམ་པའི་སྒོ་ནས་རང་ལུགས་དར་སྤེལ་མཛད་ པ་ཞིག་ཡིན་པ་ནི་བསྙོན་དུ་མེད་པ་ཞིག་རེད།
ཤྲྰིཿ འདི་ལ་ཤིན་ཏུ་མང་། ངས་དཔྱད་པའི་བན་བོན་ཁྱད་པར་ལ་གཟིགས། །
ཡང་། kawakarpooགོང་ དུ་བརྗོད་པ་དག་ནི་རང་རེའི་སྟོན་པ་ཤྰཀྱ་མུ་ནེ་དང་གོང་ས་ཐམས་ཅད་མཁྱེན་པ་རྣམ་ གཉིས་ཀྱི་དགོངས་བཞེད་གཞི་ལ་བཞག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་ལྟ་ཚུལ་ཞིག་ སྤེལ་བ་ཡིན་མ་གཏོགས། ང་རང་ངོས་ནས་ནང་པའི་ཆོས་ཀྱི་རྗེས་འཇུག་ཐེབས་ཆག་ཅིག་ཟོལ་དུ་གནས་པས། ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་སྤྱོད་པ་འཚེ་མེད་ཞི་བའི་ཁྱད་ཆོས་དང་ལྡན་པའི་ ནང་པའི་ཆོས་ཀྱི་ལམ་བཟང་འདི་ཉིད་ཡུལ་ཕྱོགས་གང་དུ་དར་ཞིང་རྒྱས་ན་དེ་ལ་མི་དགའ་ གང་ལ་དགའ།
ཤྲྰིཿ གོང་གི་ཞེ་སའི་ཡུལ་དེ་དང་རྗེས་ཀྱི་ལྟ་སྤྱོད་ལ་གནས་ན་ངོ་སོ་བསྟོད་ཡི་རང་ཡོད་དོ། །
ཡང་། kawakarpooད་ དུང་ཡོད། ཨ་མདོ་མཚོ་སྔོན་ཞོན་ཧྭ་རྫོང་ཁོངས་སུ་བོད་རིགས་ཡིན་པའི་ཁ་ཆེའི་ཆོས་ལུགས་ཧ་ ཅང་མང་པོ་ཞིག་ཡོད། དེ་ཚོས་ཁ་ཆེའི་ཆོས་ལ་དད་པ་བྱེད་པ་མ་གཏོགས་སྐད་ཆ་ནི་བོད་པ་གང་མང་ཞིག་གིས་ འགྲན་ཡ་མི་ཡོང་བའི་བོད་སྐད་དག་མོ་ཞིག་བཤད་ཀྱིན་ཡོད། ད་དུང་ང་ཚོ་བོད་པ་ཚོ། ཁོ་ཚོ་རྒྱ་རྩོག་ཚོ་ཞེས་བོད་པའི་ཞེན་ཁོག་ཀྱང་གང་འཚམ་ཞིག་ཡོད། དེའི་ཕྱིར། ལྷ་སའི་ཁ་ཆེ་འདི་ཚོར་མཚོན་ན་ཧེ་རིགས་གཅིག་པོ་མ་ཡིན་པར་བོད་རིགས་ཀྱང་གང་འཚམ་ ཞིག་ཡོད་པས། ཉིད་ཀྱིས་བོད་རིགས་ནང་ཚགས་ཀྱི་མཐུན་སྒྲིལ་དང་། མི་རིགས་བར་གྱི་མཐུན་སྒྲིལ། ཆོས་ལུགས་བར་གྱི་མཐུན་སྒྲིལ་གསུམ་ལ་དམིགས་ནས་ལྷ་སར་ཁ་ཆེའི་ལྷ་ཁང་བཞེངས་པའི་ སྐོར་ནས་དགོངས་ཚུལ་གཉིས་པ་ཞིག་སྤེལ་རྒྱུ་ཤེས་དམན་ངའི་རེ་བ་ཡིན།
ཤྲྰིཿ ཁྱོད་ཀྱི་རེ་བ་རེད་ང་ཡི་བལྟས་པ་ཡིན། མཐུན་སྒྲིལ་བྱེད་ཚུལ་དུ་མ་ཡོད་དོ འདི་ལ་ཤིན་ཏུ་མང་ངོ། ། ཡང་། kawakarpooངས་ བསམས་ན་དེང་སྐབས་ཀྱི་སངས་རྒྱས་བསྟན་པའི་གེགས་བྱེད་ངོ་མ་དེ་ནི་ལྷ་སའི་ཁ་ཆེ་ བ་འདི་ཚོ་མ་ཡིན་པར། ནང་པ་དང་བཀའ་གདམས་གསར་མ་བར་ཁས་འཆེ་བའི་དོལ་རྒྱལ་བ་འདི་ཚོ་རེད། འདི་ཚོས་རྒྱབ་ལ་ཆོས་གོས་གྱོན་ནས་མི་བསད་མེ་རྒྱག་གི་སྦྱོར་ངན་ལག་ལེན་དུ་ འདེབ་ཀིན་ཡོད་པས། ཁྱེད་གཉིད་མི་ཡོང་ན་འདི་ཕྱོགས་སུ་ངོ་མ་གཉིད་མི་ཡོང་རིན་ཆོག་པ་ཞིག་འདུག་ལགས།
ཤྲྰིཿ དེ་རེད་དོ། དོལ་རྒྱལ་ཁོ་ན་མ་རེད། དོ་འདྲ་མང་པོ་ཆོས་ལུགས་ཁག་ས་དགེ་བཀའ་རྙིང་གཉིས་ཀའི་ནང་ཉི་རྡུལ་ལས་མང་བ་ འདུག་གོ་སྙམ་ནས་ང་གཉིད་མ་ཁུག་པ་རེད། དེ་ཡང་ཁྱེད་ཀྱིས་མཚམས་མེད་དང་མི་གསད་སོང་། རྒྱུ་བསོག་སོང་རུང་གླེང་བྱ་མིན་ཁྱེད་ཀྱིས་གསུངས་ན་འདི་ལ་ཡང་སེམས་ཁྲལ་ཡེ་ མེད་པར་ཆགས་སོང་།
ཡང་། kawakarpooགལ་ སྲིད་ཉིད་ཀྱི་སྐད་ཆ་འདི་དག་ནང་ཆོས་ཀྱི་ཞེན་ཁོག་ཅིག་ཁྱེར་ནས་བརྗོད་པ་ཡིན་ན་ ནི། རང་རེའི་སྤྱི་ནོར་གོང་ས་མཆོག་དང་བོད་མི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རི་ དང་ཡོ་རོབ་རྒྱལ་ཁབ་མང་ཆེ་བ་ཡེ་ཤུའི་ལུང་བ་ཡིན་ཞིང་། ཤར་ཕྱོགས་སུ་མཚོན་ན་ཡང་རྒྱ་གར་དང་བལ་ཡུལ་གཉིས་རང་རེས་མུ་སྟེགས་པར་རྩི་བའི་ ཧིན་རྡུའི་ལུང་བ་དང་། ཧྥི་ལི་ཕིན་དང་སྦང་ལ་རྡེ་ཤི་གཉིས་ཆོས་བྱེད་མི་གྲངས་ལ་དཔགས་ན་རང་རེས་ཀླ་ཀློར་བགྲངས་པའི་ཁ་ཆེའི་རྒྱལ་ཁབ་ཡིན་ཡང་མང་ཚོགས་ཁྲོད་ནས་བོད་དོན་རྒྱབ་སྐྱོར་ སྔ་ཕྱིར་མི་དམན་པ་ཞིག་བྱས་ཡོད། གཞན་ནང་པའི་ནང་པའི་རྒྱལ་ཁབ་གྲགས་ཆེན་ཐེ་ལན་དང་ཤྲི་ལིངྐ་། འབར་མ་དང་ཝི་ཐི་ནིམ། ཐ་ན་འབྲུག་ཡུལ་སོགས་ཀྱིས་རྒྱ་ངོ་འབའ་ཞིག་བསྲུངས་ནས་རང་རེར་ཆབ་སྲིད་ཀྱི་ ཕྱོགས་སུ་རྒྱབ་སྐྱོར་ཅི་ཡང་བྱེད་མི་ཐུབ་པ་དངོས་མཐོང་ཡིན་པས། ནང་ཆོས་ཀྱི་ཞེན་ཁོག་གཅིག་བུས་རང་མགོ་མི་ཐོན་པ་ནི་ནམ་ལངས་ཉི་ཤར་རེད།
ཤྲྰིཿ འདིའི་སྔ་རྒོལ་ཉིད་ཀྱིས་དཔྱོད་དགོས་འདུག །
དཔལ་དགྱེས་པ་རྡོ་རྗེ་ཟེར་བ་འདི་ངོ་མ་མཁས་པ་རེད་སྙམ་པའི་ཡིད་ཆེས་ཡོད། ལྷག་པར་ཁོང་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་མེད་པའི་དག་སྣང་ཅན་ཞིག་རེད། ཨ་ཁུ་ཀླ་སྨྱོན་ཚང་དང་། དཔལ་དགྱེས་པ་འདི་ང་མ་བཟང་གི
གེ་སར་རྒྱལ་པོས་བསྔགས་བརྗོད་གནང་བ་དེ་བཟང་མོད། ཀླུ་སྨྱོན་ལ་ཞུས་པ་དེ་ནི་དོན་མཐུན་ཞིག་རེད། ང་ལ་གསུངས་པ་ཡིན་ན་ཉིད་ཀྱི་དག་སྣང་ལས་ང་ནི་ཡོན་ཏན་གང་ཡང་མེད་པའི་གྲྭ་རྐྱང་སྤྱང་ཀི་འདྲ་བོ་ཞིག་ཡིན། །ཆོལ་ཁ་དང་ཆོས་ལུགས་གང་ཡིན་ན་ཡང་ཆགས་སྡང་གིས་གྲུབ་མཐའ་སྨྲ་བ་ཞིག་ནི་གཏན་ནས་མིན་ནོ། ཅོལ་ཆུང་ཁྱི་བཞིན་རྒྱུགས་མཁན་ཞིག་ཀྱང་མིན་ལགས། གང་ལྟར་དམ་པའི་ཆོས་ལ་ངེས་ཤེས་ལེགས་པོ་ཞིག་སྐྱེ་ན་བློ་བདེ་ཐང་ཐང་པ་ཞིག་ཡིན་པར་འདུག་གོ།
གོང་གི་དྭོགས་པ་དང་དྲི་བ་དག་ལ་ལན་ཞིག་ཕུལ་ཡང་འཆར་ཐུབ་མ་སོང་། ཡང་སྐྱར་བལྟས་ཀྱང་མིང་ཙམ་མ་གཏོགས་གང་ཡང་མི་འདུག དྲྭ་བདག་དང་དོན་དམ་པས་མཐོང་ན་དྲ་ཐོག་ཏུ་བཀོད་ན་ཡང་མི་ཆོག་རྒྱུ་མེད་དོ་སྙམ་མོ། གལ་ཏེ་ཁྲིམས་ཚབས་ཆེན་དུ་མཐོང་ན་གང་དགའ་གྱིས། རང་མོས་རེད་ལགས། ཁ་བརྡ་དོན་དམ་ལ་ཤྲྰིས་གུས་ཕུལ། །
http://www.tibettl.com/blog/u/amaho/archives/2009/20921.html
zsziགྲོགས་ ཁ་བ་དཀར་པོ་ལགས། ཉིད་ཀྱིས་“མདོ་ཁམས་པར། ཞོན་ཧྭའི་མི་རིགས་བོད་སྐད་བཤད་གང་མང་ཞིག་གི་ཕ་མ་ཚོ་སྔོན་ཆད་མ་ཚང་གིས་མགོ་ ལོག་སོགས་བོད་ས་མང་པོའི་བུ་མོ་ཚོ་མནའ་མར་ཁྱེར་བ་ལས་སྐྱེས་པར་བཤད་པས། ངས་འདི་ལ་བོད་རིགས་ཞེས་བཏགས་པ་ཡིན་ཞིང་། ཁོ་ཚོས་ང་ཚོ་བོད་པ་ཚོ་ཟེར་གིན་འདུག་ཅེས་གྲོགས་པོ་མང་པོས་བརྗོད་སོང་། ”;ཞེས་པ་ནི་ཅུང་མི་བདེན་པར་མཐོང་སྟེ། ཁ་ཆེ་བ་ཚོས་བོད་
རིགས་ཡིན་ཚུལ་བཤད་པ་ནི་ཁོང་ཚོ་ས་ཆ་དེའི་ས་བདག་ཡིན་པའི་སྒྲུབ་བྱེད་
དུ་བཀོད་འདོད་པ་ཙམ་ལས་དོན་དངོས་སུ་དེ་འདྲ་མ་རེད། ཁྱིམ་ཚང་ཁ་ཤས་ཤིག་མ་གཏོགས་ཚང་མ་ང་བརྒྱད་ཚུན་ལ་གཞིས་ཆགས་པ་ཤ་སྟག་རེད་འདུག ཞིན་ཧྭ་དང་དཔའ་ལུང་ས་ཆ་གང་ཡིན་རུང་སྔོན་མ་བོད་རིགས་འདུས་སྡོད་བྱེད་ས་གཙོ་ བོ་ཞིག་ཡིན་ཚུལ་དེར་ཡོད་ཀྱི་རྒན་པ་ཚོའི་ཁ་ན་རླུང་ལྟར་གྲགས་གིན་འདུག ང་བརྒྱད་ཡར་སྔོན་དུ་ཨ་མདོའི་རྟེན་གསུམ་དུ་གྲགས་པའི་ཡ་གྱལ་ཨ་མདོ་མཆོད་རྟེན་ རིང་མོ་ཞེས་པ་དེ་ད་ལྟ་དཔའ་ལུང་ས་ཆའི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། མཁར་ནང་བྱམས་ཁང་ཞེས་པའི་ལོ་རྒྱུས་ཀྱི་ཁུངས་དག་པའི་གཙུག་ལག་ཁང་དེ་ཡང་ད་ལྟ་ཁ་ཆེའི་སྡེ་བ་མང་པོའི་དཀྱིལ་དབུས་སུ་ཆགས་ཡོད་པ་དེ་ལྟར་རེད། ང་བརྒྱད་ཚུན་ལ་ཁ་ཆེ་རིགས་མང་དུ་འཕེལ་ཏེ་ད་ལྟ་རང་ས་རང་ལ་མི་དབང་བར་གྱུར་བ་ རེད།ཀླ་ཀློ་དེ་ཚོས་དེར་ཡོད་ཀྱི་བོད་པ་ཚོར་བརྙས་བཅོས་ཚད་མེད་བྱས་བས་མགོན་ མེད་ཀྱི་བོད་པ་ཚོ་རང་ས་ནས་འདུག་མ་ཐུབ་པར་ཐབས་ཟད་པའི་ངང་ཀ་མདོ་སོགས་སུ་སྤོར་དགོས་བྱུང་བ་མ་ཡིན་ནམ། ས་ཆ་དེའི་ལོ་རྒྱུས་དང་།དེར་གནས་ཀྱི་ཁ་ཆེ་ཚོས་བོད་ལ་བརྙས་བཅོས་བྱས་བའི་སྐོར་གསལ་བོ་ཞིག་ཤེས་འདོད་ན་ཨ་རྒྱ་ནང་སོའི་ལོ་རྒྱུས་སྐོར་ལ་ཞིབ་ཏུ་གཟིགས་རོགས།
གསལ་འདེབས་ཞུ་རྒྱུ་ཞིག་ལ། ཁོ་བོས་གནས་ཚུལ་དེའི་སྐོར་ཆེད་དུ་
རྒྱུས་ལོན་བྱེད་དུ་སོང་བ་གཞིར་བྱས་ནས་མདོར་ཙམ་གླེང་བ་ལས་
ཀུན་སློང་ངན་པའི་ཟིན་མེད་ཅེས་པའོ། དཔལ་བེའུ་ནས།
ངས་འདིའི་ནང་ཞལ་འདེབས་ཅིག་ཕུལ་ན་འདོད། ཟ་ལར་ཟེར་བ་འདི་ལ་སྐད་རིགས་དམིགས་བསལ་ཅིག་འདུག དེ་མིན་ཞོང་ཧྭ་ན་ཡོད་པའི་ཧོས་རིགས་ཚོ་ལ་རྒྱུས་མངའ་མེད། ཧྭ་ལུང་གི་ཧོས་ཧོས་དེ་ཚོ་ཚང་མས་བོད་སྐད་བཤད་ཀྱི་འདུག ཁོང་ཚོས་རྒྱ་སྐད་དང་ཟ་ལར་སྐད་ཀྱང་ཤེས་གི་མ་རེད། ང་ཚོ་བོད་ཟེར་བ་གོ་མ་མྱོང་ཡང་རྒྱ་ལ་རྒྱག་རེས་རྒྱག་སྐབས་ཁོང་ཚོས་༼རྒྱ་རྒན་༽འདི་ཚོ་ཟེར་ནས་གཤེ་གཤེ་གཏོང་གི་འདུག
ད་དུང་ཁོང་ཚོ་ཁྱོན་ཚང་ཁ་ཤས་ལ་འགྲོ་མྱོང་། ནང་ན་བརྒྱ་སྟོང་བ་དང་མདོ་ཏིང་ངེ་འཛིན་། ཁ་ཆེ་གསུང་རབ་ཀོ་རན་བཅས་མཉམ་དུ་ཁྱིམ་ཚང་གི་མཆོད་གནས་ལ་བཞག་ཡོད་པ་མཐོང་མྱོང་།
ད་དུང་སྡེ་བའི་མིང་ཕལ་ཆེར་བོད་མིང་ཡིན་པ་དཔེར་ན་ཆོས་འཁོར། ཚེ་མགུར། མཁར་ནང་ལྟ་བུ་རེད། ཡིན་ན་ཡང་འདི་ཚོའི་ཁ་རྩ་ནས་བོད་པ་རྒྱུན་རིང་སྡོད་མི་ཐུབ། འདི་ཚོས་གཞུང་གི་རྩ་འཛུགས་དང་ཆབ་སྲིད་ཀྱི་རྩ་འཛུགས་ལ་མ་ལྟོས་པར་བོད་པ་ལས་སླ་བོས་ཐོག་ནས་ཁུ་སུམ་སུམ་རྩ་མེད་བཟོ་གི་རེད། བོད་རང་བཙན་རེག་ན་ཞེད་སྣང་ཆེ་ཤོས་དེ་ག་རང་ཡིན།
ཐུའུ་བཀན་གྲུབ་མཐའ་ན་བོད་ཀྱི་ཁ་ཆེ་དེ་ཚོ་དུ་རུ་གེས་དམག་གིས་ཁ་ཆེར་བསྒྱུར་བ་དང་དམག་ལྡོམ་དེ་ཚོ་ལྷག་བསྡད་པ་འདྲ་ཅིག་གསུང་འདུག ཡིན་ན་ཡང་ཧ་ལུང་གི་བཤད་རྒྱུན་ཅིག་ལ་ཧ་ལུང་གི་ཧོས་ཧོས་དེ་ཚོ་ཁ་ཆེའི་ཨ་ཧོང་ཞིག་གིས་ཁ་ཆེར་བསྒྱུར་བ་ཅིག་དང་། ཡང་རེབ་གོང་གི་སེང་གཞུང་ཡར་ནང་མར་ནང་དང་། སྒོ་དམར་དེ་ཚོ་རོང་བོ་སྐལ་ལྡན་རྒྱ་མཚོས་ནང་པར་བསྒྱུར་བ་འདྲ་བོ་ཅིག་བཤད་རྒྱུན་འདུག ད་དེ་ཚོ་བདེན་མིན་མི་ཤེས།
ཟ་ལར་འདི་ཚོ་ཁ་ཆེ་ལས་ལོག་པར་བགར་བ་ལ་ཁ་ཆེ་དེ་ཚོ་རྒྱ་ནག་ལ་ཁོང་ཁྲོ་ཟ་གི་ཡོད་པ་རེད། ཁ་ཆེ་དེ་ཚོས་བཤད་ན་དེ་ཚོ་ཁ་ཆེ་རེད་ཟེར་གི་ཡོད་པ་རེད། རྒྱ་ནག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཚར་བའི་རྗེས་ལ་མཚོ་སྔོན་མངའ་སྡེ་ནང་མི་རིགས་བདུན་དུ་དབྱེ་བ་རེད། དེ་སྔོན་མེའོ་རིགས་འདི་བོད་རིགས་རེད་ཟེར་གི་ཡོད་ན་ཡང་། བོད་པ་དེ་ཚོས་དེའི་སྐོར་མི་གླེང་བ་ཅི་ཡིན་ནམ།
དེང་སང་བོད་ནང་དུ་ཧོས་ཧོས་སམ། ཟ་ལེར། ཁ་ཆེ་བ་ཚོས་ལོ་རྒྱུས་ཀྱི་དེབ་རིགས་འདྲ་མིན་བྲིས་ཏེ། བོད་ཀྱི་ས་ཆ་མང་པོ་ཞིག་གནའ་རབས་ནས་ཁོང་ཚོར་དབང་གི་ཡོད་རབས་སོགས་གླེང་གི་འདུག་ཟེར། སྤྱིར་སྟོད་དབུས་གཙང་གི་ཕྱོགས་ཀྱི་ཁ་ཆེ་བ་དང་། ཡུལ་མདོ་སྨད་ཕྱོགས་ཀྱི་ཟ་ལེར་ཚོའི་རུས་རྒྱུད་དང་ཡོང་རྐྱེན་མི་འདྲ་བ་ཞིག་འདུག གཅིག་ནི་ཀ་ཤི་མུར་དང་། པ་ཀི་སི་ཐན་ཕྱོགས་ནས་རེད། མང་ཆེ་བ་ནི་ཚོང་བ་རེད། འདི་ཚོ་དབུས་ཕྱོགས་སུ་དུས་རབས་བདུན་པའི་སྐབས་ནས་ཡོང་བ་འདྲ། ཅིག་ཤོས་ནི་ཐོག་མར་ཨ་རབ་ཕྱོགས་ནས་རྒྱ་ནག་ཏུ་འོངས། དེ་ནས་དུས་རབས་བཅུ་གསུམ་པའི་སྐབས་མདོ་སྨད་ཕྱོགས་སུ་འཁྱར། ཁོང་ཚོ་དམག་མི་ཏག་ཏག་ཡིན་པ་འདྲ། ཞིབ་མོར་རྗེས་སུ་གླེང་གི་ཡིན། ཡིན་ནའང་ཁྱེད་ཅག་ལ་ངག་རྒྱུན་དེ་འདྲ་ཡོད་ན་གསུང་རོགས་ཞུ།
དྲ་གྲོགས་གཞོན་ནུ་ཟླ་མེད་ཀྱིས་རེབ་གོང་སེང་གེ་གཤོང་ཡང་ནང་མར་ནང་འདི་ཤར་སྐལ་ལྡན་རྒྱ་མཚོས་ནང་བར་བསྒྱུར་བའི་བཤད་རྒྱུན་ཅིག་གསུངས་འདུག ངས་དེ་འདྲ་ཞིག་གོ་ཐོས་མ་བྱུང་། རེབ་གོང་སེང་གེ་གཤོང་གི་རུས་རྒྱུད་སྟོད་ཕྱོགས་ནས་རེད། ནང་བ་རེད། སྡེ་བ་འདིས་རྒྱ་སྐད་བོད་སྐད་འདྲེས་མ་ཞིག་བཤད་པའི་རྒྱུ་རྐྱེན་ནི་ལྷ་བཟོ་བ་གསུམ་རྒྱ་ནག་གོང་མས་གདན་འདྲེན་གྱིས་རྒྱ་ནང་དུ་སོང་བ་དང་། དེ་ག་ནས་ལྷ་བཟོ་བ་ཚོས་ཤ་ཁ་འཇམ་ཞིང་ཤ་མདོག་དཀར་བའི་རྒྱ་མོ་འགའ་དང་ལྷན་དུ་གཉེན་བསྒྲིགས་ཏེ་ཕྱིར་ཡུལ་དུ་ཡོང་ནས་རུས་རྒྱུད་མང་བོ་སྤེལ་
བ་དང་། དེ་དག་གི་རྒྱུད་པ་ཚོས་བོད་སྐད་རྒྱ་སྐད་འདྲེས་མ་བཤད་པ་དེ་ད་ལྟའང་མ་ཉམས་རྒྱུན་འཇགས་སུ་ཡོད་པ་རེད། ཞིབ་ཏུ་ཤེས་འདོད་ན་‘‘རེབ་གོང་སེང་གེ་གཤོང་གི་ལོ་རྒྱུས་གངས་རིའི་ཆུ་རྒྱུན’’ལ་གཟིགས་རོགས་ཞུ།