གནས་ཚུལ་མཁོ་སྤྲོད་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་
ཁ་སང་སྟེ་ཕྱི་ཟླ་༧ཚེས་༡༥ཉིན་གྱི
- ད་ཐེངས་ཀྱི་ཚོགས་འདུ་དེའི་སར་བོ
ད་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ སྤེལ་རྒྱུའི་རེ་བ་དང་། རྒྱ་ནག་སྲིད་འཛིན་ལ་ཞི་བའི་ཐོག་ ནས་བོད་དོན་ཐག་གཅོད་ཀྱི་འབྲས་བུ ་བཟང་པོ་ཞིག་སྨིན་ཐུབ་པའི་འབོད་ སྐུལ་ཞུ་རྒྱུ་དང་། - སྲིད་འཛིན་ཞི་ཅིན་ཕིང་གྱིས་བོད་
རྒྱ་ཞི་མོལ་མུ་མཐུད་མཇུག་སྐྱོང་ ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ བསྒྲགས་གཏམ་རྣམས་གསར་འགོད་པ་ཚོ་ གཙོས་ཚོགས་བཅར་བ་མི་༣༠མ་ཟིན་ཙམ་ ལ་དབྱིན་བོད་གཉིས་ཀྱི་ཡིག་ཐོག་ ཏུ་བཀྲམས་ཤིང་སྒྲོག་སྦྱང་བྱས་ པའི་ཡི་གེ་ཟུར་དུ་བཀོད་པ་བཅས།
དགུ་བཅུ་གསུམ་ཚོགས་པས་སྔོན་ལོ་རྡ་ས་རུ་སྟོང་ཉིད་ཉམས་ལེན་བྱེད་རྒྱུའི་དམ་བཅའ་ཕུལ་ཚར་རུང་ད་རེབ་བུ་མེད་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་མཉམ་དུ་སྡོམ་པ་ཤོར་གྲབ་བྱེད་ཀྱི་ཡོད་པ་འདྲ།
ནུས་པ་ཐོན་རྒྱུ་མེད་པའི་ལས་འགུལ་འདི་འདྲ་སྤེལ་བར་དགའ་བསུ་མེད། དུས་ནམ་ཡིན་ཡང་གཞན་ཞིག་གི་རོགས་རམ་ལ་ངང་སྒུག་བྱེད་པའི་ང་ཚོའི་གོམས་གཤིས་ངན་པ་འདི་བསྒྱུར་ཐུབ་ན་བཟང་། སྤྱིར་ང་ཚོ་ལ་གཞན་གྱི་རོགས་རམ་མི་དགོས་ཟེར་བ་མིན་མོད་ཡོད་ཚད་གཞན་གྱི་ལག་ནང་དུ་བལྟ་བའི་འོ་སྐོལ་གྱི་གོམས་གཤིས་འདི་ཅུང་ཐལ་དྲགས་པ་ཞིག་ལ་ངོས་འཛིན་མི་བྱེད་ཀ་མེད་རེད། ལྷག་པར་དུ་ཚོགས་པ་ག་གེ་མོ་རེའི་མིང་ཐོག་ནས་ལས་འགུལ་འདི་འདྲའི་ཐབས་རྡུགས་སྤེལ་བ་ནི་ངོ་ཚ་དགོས་པའི་སྣང་ཚུལ་ཞིག་རེད།