ཆུ་བ་འཕྲིན་བཟང་།
ཆེས་བློ་ཡུལ་ལས་འདས་པ་ཞིག་ལ་༢༠༡༥/༡༠/༢༡ སྟེ་རེས་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་ཞིག་ལ་ངོ་དེབ་བརྒྱུད་འཕྲིན་ཐུང་ཞིག་འབྱོར་ཏེ། ལོན་ཌོན་དུ་གནས་སྡོད་བྱེད་བཞིན་པའི་ངའི་དགའ་རོགས་བསོད་ནམས་དང་ཁོ་མོའི་གྲོགས་མོ་འཇམ་འཕེལ་ལྷ་མོ་གཉིས་ད་ལྟ་རང་ཉེན་རྟོག་པའི་འཛིན་བཟུང་བྱས་སོང་ཟེར། ཡིན་ནའང་དེ་ཙམ་གྱི་སེམས་ཁྲལ་མ་བྱུང་། གང་ཡིན་ཞེ་ན་ཨིན་ཇིའི་རྒྱལ་ཁབ་ལ་མཚོན་ན་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་ཁྲིམས་ཀྱིས་དབང་བསྒྱུར་བའི་རྒྱལ་ཁབ་ཅིག་ཡིན་པས། རང་ཉིད་ཡུལ་ཁྲིམས་ལ་མ་འགལ་ན་སྒེར་གཅོད་སྲིད་གཞུང་ནང་བཞིན་དོན་མེད་དུ་ཁྲིམས་ཆད་གཏོང་མི་ཆོག་པ་མ་ཟད། སྤྱི་འབངས་ཡོངས་ལ་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་ཡོད།
དེ་བས་དེ་རིང་གི་སྐད་འབོད་ནི་ཚབས་ཆེའི་ཁྲིམས་འགལ་ཞིག་མིན་པར་བརྟེན་རྒྱུན་ལྡན་བཞིན་ཆུ་ཚོད་གཅིག་གཉིས་ནང་གློད་གྲོལ་ཐོབ་ཤག་བྱས་པ་ཡིན། ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་མིང་དང་ཨང་གྲངས་མི་གསལ་བའི་ཁ་པར་ཞིག་འབྱོར་བྱུང་བས་སུ་ཡིན་ནམ་བསམ་ཞོར་ཁ་པར་སྒོ་ཕྱེས་དུས། ངའི་དགའ་རོགས་བསོད་ནམས་རེད། མོས་བཤད་རྒྱུར་ “མོ་དང་འཇམ་འཕེལ་ལྷ་མོ། རྒྱ་རིགས་རང་དབང་འཐབ་རྩོད་པ་ཞོ་ཅང་གསུམ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་ཁང་ནང་ན་ཡོད།
ཉེན་རྟོག་པས་བཤད་ན་ང་ཚོ་ཞི་ཅིན་ཕེན་ཕྱིར་འགྲོ་ཚར་རེག་བར་དུ་གཏོང་གི་མིན་ཟེར་བས་སེམས་ཁྲལ་མ་བྱེད་ཨ་” ཟེར། དེ་མ་ཐག་ངའི་སེམས་སུ་་་་་་ཨོ་ད་ནི་ངོ་མ་ཨིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཚོང་འབྲེལ་ལྟག་རྒྱབ་ཀྱི༷ས་རྒྱ་དམར་གཞུང་གི་མ་འོངས་པའི་རྨི་ལམ་ངོ་མ་ཏེ་མངོན་འགྱུར་འབྱུང་བར་ཨིན་གཞུང་གིས་ཕྱོགས་འདེགས་དངོས་སུ་བྱེད་ཀྱིན་པ་མ་ཟད། མི་རིང་བར་ཨིན་ཇིའི་རྒྱབ་ཁབ་ཀྱང་ལྷོ་ཨ་ཧྥི་རི་ཁ་དང་བལ་ཡུལ་རྒྱལ་ཁབ་ལྟ་བུ་ཞིག་ཏུ་མི་ཆགས་པའི་ངེས་པ་མི་འདུག་བསམ་པའི་ཚོར་སྣང་བྱུང་།
དེ་ནས་དགུང་དྲོའི་ཆུ་ཚོད་བདུན་པ་ཙམ་ལ་བཙོན་ཁང་སྒོ་ཁར་སོང་སྟེ། མཚན་གྱི་ཆུ་ཚོད་བཅུ་གཉིས་མ་ཟིན་ཙམ་ལ་ཁྲིམས་རྩོད་པའི་ཁ་པར་ཡོང་ནས། གཅིག་བྱས་ན་ཉེན་རྟོག་པ་ཁྱེད་ཚོའི་ཁང་པའི་ནང་སྔོག་བཤེར་བྱེད་ཀི་ཡོང་སྲིད་པ་རེད་ཟེར། ཡིན་ནའང་དེ་ཙམ་གྱི་ཡིད་ཆེས་དང་འཚབ་འཚུབ་བྱས་མེད། གང་ཡིན་ཞེ་ན་ནང་བསྔོགས་དོན་གྱི་ཁྲིམས་འགལ་ཞིག་བྱས་མེད་པ་མ་ཟད་གལ་སྲིད་བསྔོགས་ནའང་དམིགས་བསལ་ཁྲིམས་འགལ་གྱི་ཅ་དངོས་གང་ཡང་མེད་། དེ་ནས་སྐར་མ་བཅུ་ཙམ་གྱི་རྗེས་སུ་ཁྱིམ་མཚེས་ཞིག་གིས་ཁ་པར་འབྱོར་ཏེ། ཉེན་རྟོག་པས་ཁྱེད་ཚོའི་ནང་ཡོངས་རྫོགས་བསྔོགས་གཤེར་བྱས་ཏེ་གློག་ཀླད་དང་འཐེབ་སྡེར་(USB)སོགས་ཁྱེར་སོང་ཟེར་བའི་སྐད་ཆ་གོ་བ་དང་མི་ལོ་བཅུ་ལྷག་རིང་རྒྱལ་ཁབ་འདིར་བསྡད་རྗེས་ཀྱི་དེ་རིང་བསྐྱར་དུ་ངའི་སེམས་སུ་ང་སླར་ཡང་རྒྱ་ནག་དང་བལ་ཡུལ་སོགས་གང་རུང་ཞིག་ན་ཡོད་པའི་ཚོར་སྣང་བྱུང་པ་མ་ཟད་ངའི་ཁྱིམ་མཚེས་ཚོ་ལའང་ཚོར་བ་དེ་འདྲ་རང་བྱུང་འདུག
དེར་བརྟེན། ཐེངས་དང་བོར་ཁྲིམས་དང་དམངས་གཙོས་དབང་བསྒྱུར་ལ་ཡིད་ཆེས་བློ་འཁེལ་བྱེད་ཆོག་པའི་རྒྱལ་ཁབ་དེར་ཡང་སེམས་གཏིང་ནས་དོགས་པ་ཞིག་མི་ཟ་ག་མེད་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་ནག་དང་བལ་ཡུལ་ནང་བོད་རང་བཙན་གྱི་འབོད་ཚིག་བསྒྲག་མི་ཆོག་ལ་བོད་ཀྱི་རྒྱལ་དར་ཡང་འཕྱར་མི་ཆོག ལྷག་པར་དུ་རྒྱ་ནག་གི་དཔོན་རིགས་གང་རུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་ཚོར་དྲག་སྤྱོད་པ་དང་མི་གསོད་ལག་དམར་ལས་ལྷག་པའི་ཉེས་ཅན་པར་ངོས་འཛིན་བྱེད་ཀྱིན་ཡོད་པས་ཡིན།
བསམ་བློ་ག་ཚོད་བཏང་ཡང་བློ་ཡིད་ལས་འདས་པ་ཞིག་ལ། ཨིན་ཇིའི་རྒྱལ་ཁབ་ནི་འཛམ་གླིང་ཐོག་དམངས་གཙོའི་དང་འགྲོ་བ་མིའི་ཕུགས་བསམ་ལ་བརྩི་བཀུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྡོག་ཟླར་ལངས་བའི་སྲིད་གཞུང་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པར་མ་ཟད། དམངས་གཙོའི་དང་འགྲོ་བ་ཐོབ་ཐང་ཆེད་དུ་ཤར་ནུབ་ཀུན་ཏུ་ཞི་བདེའི་དམགས་དཔུང་ཐེངས་མང་བཏང་མྱོང་། དེ་བཞིིན་བོད་ལ་འབྲེལ་བ་བྱེེད་མཁན་གྱི་ཕྱི་རྒྱལ་བ་ཐོག་མིའི་ཁོངས་སུ་གཏོགས་ལ་ཐ་ན་རྒྱ་གར་ཨིན་གཞུང་དང་བོད་གཉིས་པར་དུ་ས་མཚམས་ཀྱི་ཆིངས་ཡིག་ཀྱང་(Shim la Treaty 1914)བཞག་མྱོང་ཡོད་མཁན་ཞིག་ཡིན།
དེ་བས་ལོ་རྒྱུས་ཐོག་གི་བོད་ཀྱི་ས་མཚམས་ཆུ་མཚམས་གསལ་བོ་ཤེས་པ་མ་ཟད་བོད་ཏེ་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དུས་ད་ལྟ་བར་དུ་རྒྱ་ནག་དམར་གཞུང་གིས་བཙན་འཛུལ་འོག་ནས་བོད་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་རིག་གཞུང་གི་ལྟེ་གནས་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིགས་བྱས་པ། བོད་ཀྱི་རང་བྱུང་ཁོར་ཡུག་རྩ་མེད་བཟོ་དང་བཟོ་བཞིན་པ། ཉིན་རེ་བཞིན་རྒྱ་མི་སྟོང་ཕྲག་མང་བོ་བོད་ཡུལ་ལ་གནས་སྤོར་བྱེད་བཞིན་པ། བོད་མི་བརྒྱ་དང་བཞི་བཅུ་ལྷག་གིས་རང་ལུས་མེ་རུ་བསྒྲོན་ནས་རང་དབང་གི་སྐད་འབོད་བྱས་པ། བཙོན་པ་སྟོང་ཕྲག་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་དང་ད་ལྟའང་མང་བོ་ཞིག་གིས་མནར་གཅོད་མྱངས་དང་མྱོང་བཞིན་པའི་གནས་སྟངས་གསལ་བོར་ཤེས་མཁན་ཞིག་ཡིན།
འོན་ཀྱང་། རྒྱལ་ཁབ་འདི་ལྟ་བུ་ཞིག་གིས་ཤེས་བཞིན་དང་མཐོང་བཞིན་དུ་ཨིན་ཇིའི་སྲིད་བློན་དང་རྒྱལ་མོ་རྒྱལ་སྲས་འཁོར་དང་བཅས་པས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བོད་དང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་གི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ཟུར་ཙམ་ཡང་མ་གླེང་བ་ཙམ་དུ་མ་ཟད། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ངོ་རྒོལ་སྐད་འབོད་ཙམ་དང་བོད་ཀྱི་རྒྱལ་དར་འཕྱར་བ་ཙམ་གྱིས་དྲག་སྤྱོད་པ་ལྟ་བུར་འཛིན་བཟུང་དང་བསྔོགས་གཤེར་ཚད་ལས་འདས་པ་བྱས་པ་རེད།
གནད་དོན་འདི་དག་ཕྱོགས་གཅིག་ཏུ་བསྡུས་ནས་བཤད་འདོད་པ་ནི། ཨིན་ཇིའི་དམངས་གཙོ་དང་གུ་ཡངས་འགྲོ་བ་མིའི་ཐོབ་ཐང་སོགས་ཆེས་རྩ་བའི་དམ་བཅའ་ཁག་རྒྱ་ནག་གིས་དཔལ་འབྱོར་ལ་བརྟེན་ནས་ཉོས་ཟིན་པ་འདྲ། ཡོངས་ཁྱབ་རང་བཞིིན་གྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྒྱལ་ཁབ་དང་རིགས་རུས་ལ་དབྱེ་མཚམས་མེད་པའི་འགྲོ་བ་མི་ཡོངས་ཀྱི་གཞི་རྩའི་རིན་ཐང་འདི་དག་དཔལ་འབྱོར་ལ་བརྟེན་ནས་ཉོ་ཚོང་བྱེད་ཐུབ་བམ།
འདི་འདྲའི་རིགས་དབྱིན་ཡིག་ཏུ་བྲི་དགོས་རེད། དེ་ཡང་དབྱིན་ཡུལ་གྱི་ཚགས་ཤོག་དང་དྲྭ་ལམ་སོག
ས་སུ་སྤེལ་ཐུབ་ན་ཅི་ཡང་མ་བྱས་པའམ་མེད་པ་ལས་དགའ་ (something is better than nothing) ཙམ་ཡོང་གི་རེད། གཞན་དུ་ནང་ཁུལ་ལ་སྡུག་སྐད་ཙམ་ཞིག་སྟེ། སེམས་གསོ་བྱེད་མཁན་ཞིག་ཡོང་སྲིད་ན་གང་ཤེས། དེ་མིན་སྟོང་པ་ (nothing) རེད།
ཁྱེད་ཀྱིས་དགའ་བོ་ཞེས་འབོད་སྟངས་ལ་བལྟས་ན་ལོ་གཞོན་ཞིག་ཡིན་ཚོད་དུ་གདའ། དེས་ན་དབྱིན་ཡིག་དབྱིན་སྐད་ལོས་ཀྱང་ཤེས། མི་ཤེས་ན་ངོ་ལ་དེ་ལས་ཚ་བ་མེད་དོ།།ཤེས་ན་ནི་སྡུག་སྐད་ཡུལ་དེ་གའི་གནས་ཚུལ་རྒྱུད་ལམ་ནས་བསྒྲག་རྒྱུ་ཀུན་ལས་གལ་ཆེའོ། །
དངོས་བྱུང་འདི་དབྱིན་ཡིག་ཐོག་སྤེལ་ཐུབ་ན་ཡག་ཀི་་་་་དེང་སང་མང་པོ་ཞི་བདེ་སོགས་ཁ་གཡང་སྙན་མོ་བཤད་ཀྱི་ཡོད་ཀྱང་དོན་དངོས་ཀུན་དགའ་དོན་འགྲུབ་ཀྱིས་མཇུག་བསྡུས་འགྲོ་རེད་དོ།།
ལྷན་རྒྱས་ཚོས་བསམ་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་གཅིག་ཞུ་དབྱིན་ཡིག་ཐོག་ཡོད་་་་་
དེ་ཡག་པོ་རེད། ཐུགས་རྗེ་ཆེ།
གཞུང་དང་ཚོགས་པ་སུས་རྒྱབ་སྐྱོར་དགོས་ན་བྱས་ནས་དབྱིན་འཇིས་གསར་ཤོག་ཆེ་གྲས་ཁག་ལ་ངེས་པར་དུ་དངོས་བྱུང་རྩོམ་དེ་རིགས་སྤེལ་ཐུབ་པ་བྱ་དགོས་
་་་་་་་་་་་ དེ་ནས་སྐར་མ་བཅུ་ཙམ་གྱི་རྗེས་སུ་ཁྱིམ་མཚེས་ཞིག་གིས་ཁ་པར་འབྱོར་ཏེ། ཉེན་རྟོག་པས་ཁྱེད་ཚོའི་ནང་ཡོངས་རྫོགས་བསྔོགས་གཤེར་བྱས་ཏེ་གློག་ཀླད་དང་འཐེབ་སྡེར་(USB)སོགས་ཁྱེར་སོང་ཟེར་བའི་སྐད་ཆ་གོ་་་་་་་་་་་་་་་་
དབྱིན་ཡིག་ནང་ཚགས་ཤོག་འདྲ་མིན་ནང་ན་མང་བ་ཟིག་ཐོན་ཡོད་ཁུ། སྒྱུར་ན་དགོས་པ་མེད་ནི་ཟིག་རེད། བོད་ཡིག་ན་བྲིས་ནི་ཟིག་དབྱིན་ཡིག་མི་ཤེས་ནོ་ལ་ཕན་ཁུ་མུ།