བང་ཚ་ཡེ་ཤེས་བསྟན་གྱིས་གྱིས་ཕུལ།
དེའང་འདིའི་ལོར་བལ་ཡུལ་ས་གནས་གཞུང་གྱི་དཀའ་ངལ་ལ་བསྟུན་མཁས་ཀྱིས་བལ་སྡོད་བོད་མིས་ད་ལོར་བཀའ་སྤྱིའི་དངོས་གཞིའི་འོས་ཤོག་མི་འཕེན་རྒྱུར་གྲོས་འཆམ་བྱེད་དགོས་བྱུང་ཡོད་ཀྱང་། རྩྭ་གང་བཟང་དེ་ཟོས། ཆུ་གང་ཡག་དེ་བཏུང་ཟེར་བའི་དཔེ་ལྟར། དབུས་འོས་བསྡུ་ལས་ཁུངས་དང་། བལ་ཡུལ་དོན་གཅོད་སོགས་ཀྱིས་ཅི་ཞིག་གི་དམིགས་ཡུལ་དང་སུ་ཞིག་གི་བརྒྱུད་བསྐུལ་འོག་ནས། འདི་གའི་ས་གནས་ཁག་ཅིག་ནས་དངོས་གཞིའི་འོས་བསྡུ་བྱས་ཡོད་པ་དང་། བོད་མི་འདུས་སྡོད་བྱེད་སའི་ས་གནས་གཙོ་བོ་ཁག་ཅིག་ལ་འོས་བསྡུའི་གྲ་སྒྲིག་ཙམ་ཡང་བྱས་མ་སོང་། ཐོག་མར་ས་གནས་གཞུང་ལ་བསྟུན་ཐབས་བྱས་པ་རེད་དེ། ད་ལྟ་ས་ཁུག་འགའ་ནས་འོས་འཕེན་བྱས་པ་དེས་བོད་མི་ལ་བཟུང་པའི་ཡིད་ཆེས་གཏོར་བརླག་བཏང་ཡོད་ལ། དེ་ལ་བརྟེན་ནས་ས་གནས་གཞུང་གིས་བོད་མི་ལ་གནོན་ཤུགས་སྤྲོད་འགྱུར་སོགས་ནི་བལ་སྡོད་བོད་མི་ཡོངས་ཀྱིས་གཅིག་མཚུངས་སུ་མྱོང་དགོས་པ་ལས་དམིགས་བསལ་ཡོང་མི་སྲིད། འོན་ཀྱང་ས་གནས་དོན་གཅོད་ཅིག་གི་འོག་ཏུ་ཡོད་པའི་ས་ཁུག་ལ་གདམ་གསེས་ཀྱིས་འོས་བསྡུ་བྱས་པ་དེས་བོད་མི་ནང་ཁུལ་དུའང་དྲང་པོ་བྱུང་མེད་པ་མ་ཟད། ས་གནས་གཅིག་གི་བོད་མི་ལ་མཚོན་ནའང་ཐོབ་ཐང་འདྲ་མཉམ་སྤྲད་མེད་པར་བརྟེན་ང་ཚོ་ཧ་ཅང་བློ་ཕམ་བྱུང་། འདིར་དམིགས་བསལ་ཞུ་རྒྱུ་ནི།
༡༽ རབ་ན་ང་ཚོ་དངོས་འོས་བླུགས་རྒྱུ་མ་རག་མཁན་གྱི་ས་གནས་དག་ལའང་། ཡུལ་ལུང་འདི་གའི་ས་གནས་འགའ་ལ་འོས་བསྡུའི་གྲ་སྒྲིག་གནང་སྟེ་འོས་འཕེན་བྱས་ཡོད་པ་ལྟར་ཐོབ་ཐང་འདྲ་མཉམ་སྤྲོད་རོགས་ཞུ་རྒྱུ་དང་།
༢༽ དེ་ལྟར་མ་བྱུང་ན་འོས་བསྡུའི་སྒྲིག་ཁྲིམས་དང་འགལ་བའི་དོ་མི་མཉམ་བའི་ས་གནས་གཅིག་གི་མི་མང་ལ་ཐོབ་ཐང་འདྲ་མཉམ་མ་གནང་བའི་བྱེད་ཐབས་ལས་བྱུང་བའི་འདི་གའི་འོས་ཤོག་རྣམས་རྩིས་མེད་གཏོང་རོགས་ཞུ་རྒྱུ་ཡིན།
འདི་ལྟར་ཞུ་འབོད་བྱེད་དོན་ནི། ས་གནས་དོན་གཅོད་ཅིག་གི་འོག་ཏུ་ཡོད་པའི་མི་མང་ལ་ཐོབ་ཐང་འདྲ་མཉམ་སྤྲད་མེད་པ་ནི་གནས་ལུགས་ཡོད་པ་དང་། ཁྲིམས་དང་མཐུན་པ་ཞིག་མིན་པས་ཡིན་ལ། བལ་གཞུང་ལ་བསྟུན་མཁས་བྱེད་རྒྱུའི་དམ་གཅའ་དང་གྲོས་མོལ་དེར་རྩིས་མེད་ཀྱིས་མ་འོངས་བལ་སྡོད་བོད་མིའི་དཀའ་ངལ་བསམ་ཤེས་བྱས་མེད་པས་ཀྱང་ཡིན། རྗེས་མ་འདི་གའི་བོད་མིར་དཀའ་ངལ་འཕྲད་དུས་འོས་བསྡུ་ལས་ཁུངས་གོ་ཐོས་མེད་པ་ཆགས་ཀྱི་རེད་ལ། ད་ལྟ་ས་གནས་འགས་འོས་འཕེན་བྱས་ཡོད་པ་དེ་དག་གིས་ནག་ཉེས་རང་ཁུར་བྱེད་ཀྱི་མ་རེད། ང་ཚོ་ནི་བོད་ཀྱི་བདེན་མཐའ་མ་གསལ་བར་ས་གནས་གཞུང་ལ་བསྟུན་མཁས་ཀྱིས་འདུག་དགོས་པ་ཞིག་ཡིན་པས། མ་འོངས་པའི་དཀའ་ངལ་ལ་ད་ལྟ་ནས་བསམ་བློ་མི་གཏོང་མཐུ་མེད་རེད། དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་ཀྱང་ད་ལྟ་༸གོང་ས་མཆོག་གིས་དགོངས་ཞུ་གནང་ཀྱིན་པ་ལྟར། ཁོང་མེད་པའི་རྗེས་སུ་ང་ཚོ་ནི་ཁྲིམས་དང་སྒྲིག་གི་འོག་ནས་འཚོ་དགོས་པ་ལས། དེ་མིན་འཆམ་མཐུན་དང་ཆིག་སྒྲིལ་གྱི་འོག་ཏུ་འཚོ་ཐབས་གཞན་ཞིག་རག་མི་སྲིད་པར་བརྟེན། ཁྲིམས་ལུགས་ལ་བློ་གཏད་དང་སྲུང་སྐྱོབ། ཐོབ་ཐང་ལ་རྩོད་ལེན་དང་མཉམ་ཐབས་བྱེད་ཀྱིན་ཡོད་ཞུ།
ལས་འགུལ་འདི་སྤེལ་མཁན་གཙོ་བོའི་གྲས་ནི་འོག་ཏུ་རིམ་པས་འགོད་རྒྱུ་ཡིན་ཞེས་ཕྱི་ལོ་༢༠༡༡ཟླ༤་ཚེས༡༡་ཉིན།
དེ་ནི་ཕྱིས་ཐག་ཆེ་བའི་མགྲོན་པོ་ཞིག་དང་མཚུངས་པས། ཇ་ཡི་སྔོན་ལ་ཆུ་ཡང་རག་གི་མ་རེད། གནང་ཉིང་གསལ་བསྒྲགས་གནང་ཡས་མ་རེད་པས།
ཡེ་ཤེས་བསྟན་གྱི་སྙན་ཞུའི་མཇུག་ཏུ། ངས་རྩོམ་པ་པོ་ཁྱེད་རྣམས་ལ་གཏམ་བཟང་བཤད།
གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་།
འདི་ལོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་རྒྱལ་བ་དོན་གྱི་བདག་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་ལ་གནང་ཞིང་། གཞུང་ས་དགའ་ལྡན་ཕོ་བྲང་ཆེན་མོ་ཕྱིར་བསྡུ་གནང་བའི་དུས་རིམ་གྱི་འཕོ་འགྱུར་ཧ་ཅང་གནད་འགག་ཅན་ཞིག་དང་། བོད་མི་རིགས་ལ་མཚོན་ན་སྐྱབས་མེད་མགོན་མེད་བྱིས་པ་ཐང་སྟོང་དུ་ལྷུང་པ་ལྟ་བུའི་མྱོང་ཚོར་ཟབ་མོ་འོང་བའི་དུས་ཚོད་གཉན་ཕྲང་ཅན་འདིར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་མཆོག་གིས་རང་ཅག་གངས་ཅན་བོད་མིའི་བདེ་སྡུག་ཇི་ལྟར་ཕྱག་དུ་བསྣམས་པ་དང་། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གངས་ཅན་པ་རྣམས་ལ་དྲིན་གྱིས་ཇི་ལྟར་བསྐྱངས་ཡོད་མེད་ཤེས་ཤིང་བཀའ་དྲིན་རྗེས་དྲན་དང་མི་རབས་ཕྱི་མ་རྣམས་ལ་རྩིས་སྤྲོད་དགོས་པ་ནི། ང་ཚོའི་མི་ཐིག་གི་ལས་འགན་ལ་སོང་། གངས་ལྗོངས་གེ་སར་ཚང་གིས་བརྗོད་བྱར།༼ གངས་རིའི་མགོན་པོ་དང་གངས་ཅན་པ།༽ཞེས་པའི་འགྲན་རྩོམ་འདི་གོ་སྒྲིག་བྱེད་བཞིན་ཡོད། འདིར་ལོ་ཚད་སོགས་ལ་ཚད་བཀག་གང་ཡང་མེད་པ་མ་ཟད་གཤམ་གསལ་ལྟར་གསོལ་རས་ཀྱང་མི་ཆུང་བ་འབུལ་རྩིས་ཡོད་ན། རྒྱ་ཆེའི་སྨྱུག་ཐོགས་པ་གང་མང་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུ།
ཐུགས་སྣང་དགོས་པ།
༡༽ རྩོམ་ཡིག་གི་ལུས་ཇི་ལྟར་རུང་ཡང་། ཚེག་བར་ཉུང་མཐའ་ཉིས་སྟོང་ལྔ་བརྒྱ་དང་མང་མཐའ་བཞི་སྟོང་ཡིན།
༢༽ རྩོམ་ཡིག་དཔྱད་འདེམས་དང་བརྒྱ་ཆ་སྤྲོད་ཕྱོགས་ནི། རང་རིགས་བཙན་བྱོལ་ནང་ཚད་འཛིན་ཡོད་པའི་རྩོམ་པ་གང་མང་ལ་ཕུལ་ནས་དེ་དག་གིས་རྩོམ་ཡིག་རྩེ་ཕུད་བཅུ་ལ་གནང་བའི་ཨང་རིམ་ལ་བརྒྱ་ཆ་ལྔ་བཅུ་དང། རྩོམ་ཡིག་རྩེ་ཕུད་བཅུ་པོ་དེ་དག་དྲ་རྒྱའི་ཐོག་ཏུ་ཟླ་གཅིག་རིང་བཀོད་ཅིང་། བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཡོད་དོ་ཅོག་གིས་འོས་ཤོག་ལ་བརྒྱ་ཆ་ལྔ་བཅུ་ཚད་འཛིན་བྱས་ཏེ་མཐའ་མའི་ཐག་གཅོད་གཏན་འབེབས་བྱ་རྒྱུ་ཡིན། བརྒྱ་ཆ་སྤྲོད་མཁན་སུ་ཡིན་དང། དྲ་རྒྱ་གང་དུ་འོས་ཇི་ལྟར་ལྡུག་དུས་ཐོག་ཏུ་གསལ་སྒྲོག་བྱ་རྒྱུ་ཡིན།
༣༽ རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་དང་བསྐུར་སའི་བརྒྱུད་ལམ། རྩོམ་ཡིག་བསྐུར་སའི་བརྒྱུད་ལམ་ནི་གློག་ཡིག་ཁོ་ན་ཡིན་པས། རྩོམ་པ་པོ་ཚང་མས་རྩོམ་ཡིག་གཤམ་གསལ་གློག་ཡིག་ཁ་བྱང་ཐོག་གཏོང་རོགས། རྩོམ་ཡིག་དང་ལྷན་དུ་འབྲེལ་བ་བྱེད་སའི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་གསལ་པོ་དང་རང་ཉིད་ཀྱི་ཕྱེད་དཔར་རེ་ཡང་བསྐུར་རོགས། རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་ནི་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཕྱི་ཟླ་༧་པའི་ཚེས་༦་ལ་ཡིན།
༤༽ དཔེ་དེབ་འགྲེམས་སྤེལ་དང་ཨང་རིམ་གསལ་སྒྲོག་གི་དུས་ཚོད། འགྲན་རྩོམ་ནང་གི་རྩོམ་ཡིག་རྩེ་ཕུད་ཉི་ཤུ་འདེམས་སྒྲུག་གིས་དེབ་གཟུགས་སུ་དཔར་བཏབ་ནས་འདི་ལོའི་ལོ་མཇུག་དང་འཆར་ལོའི་ལོ་འགོར་༧གོང་ས་མཆོག་གི་རྡོ་གདན་དུས་དབང་སྐབས་འགྲེམས་སྤེལ་བྱ་རྒྱུ་དང་། ཨང་རིམ་གྱི་བྱ་དགའ་ཡང་དེའི་སྐབས་སྤྲོད་ཀྱི་ཡིན།
གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གྱི་བྱ་དགའ།
ཨང་རིམ་དང་པོ་ནས་གསུམ་པ་བར་ཨང་རིམ་གྱི་བྱ་དགའ།
ཨང་དང་པོར་ཧིན་སྒོར་ཁྲི་གསུམ་། ༼ ༣༠༠༠༠༽
ཨང་གཉིས་པར་ཧིན་སྒོར་ཁྲི་གཉིས། ༼༢༠༠༠༠༽
ཨང་གསུམ་པར་ཧིན་སྒོར་ཁྲི་གཅིག ༼༡༠༠༠༠༽
ཨང་བཞི་པ་ནས་བཅུ་པ་བར་ལེགས་བསྟོད་ཀྱི་བྱ་དགའ་། མི་རེ་ལ་ཧིན་སྐོར་ཆིག་སྟོང་ལྔ་བརྒྱ་བཅས་འབུལ་རྒྱུ་དང་རྩོམ་ཡིག་རྩེ་ཕུད་བཅུའི་རྩོམ་པ་པོར་ཕྱག་འཁྱེར་རེ་ཡང་འབུལ་རྒྱུ་ཡིན།
འབྲེལ་བ་བྱེད་ས།
ཨ་རིར། Kalsang GGT 1860 Shalburne
RD.S.Burlington VT 05403 USA
phone no: 0018028637110
E- Mail: kalsagggt9@yahoo.com
རྒྱ་གར་ནང། Sonam Tsering Sermey
Tsawakhamtsen House no:37 P.O Byllakupe
distt Mysore (kS) India Phone no: 9945034410
E- Mail: kalsagggt9@yahoo.com
གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གོ་སྒྲིག་པས།
ཁྱོད་ཀྱི་བསམ་ཚུལ་བརྗོད་པ་ངོ་མ་བཟང་གི་ཡིན་ན་ཡང་ད་བར་དུ་ཁྱེད་རང་གང་ཞིག་ནས་གཉིད་ལས་སྡད་པ་ཡིན། ད་ཡོད་ཚད་འཕྱི་དྲགས་སོང་གསལ་བསྒྲགས་དུས་ཚོད་སླེབས་ཉེ་ཡོད་མ་ཟད་ད་རུང་མི་ཞིག་གིས་གང་ནས་གོ་ནས་ན་བཤད་ཚར་ཡོད་གི་ཡ། ཁོམ་པ་ཡོད་ན་དུས་བབས་ཚང་ལ་སོང་ན་ཤེས་ནི་རེད།
གྲོགས་པོ་ཚོ། འདི་ཤེས་མི་ཤེས་ཀྱི་སྐད་ཆ་ཞིག་མིན་པ་འདྲ། འདིའི་ནང་དུ་བྲིས་པ་ལྟར་ང་ཚོ་ས་ལག་མཐིལ་ཙམ་མེད་པའི་གནས་འདི་ནས་སྐྱིད་སྡུག་མཉམ་མྱོང་དང་། ཐོབ་ཐང་གཅིག་པའི་སྟེང་ནས་འགྲོ་དགོས་པ་འདྲ།
དངོས་གནས་བལ་ཡུལ་གྱི་བོད་པ་ཚོ་འོས་མེད་པ་རེད། ས་ཁུག་འགའ་ཞིག་ནས་འོས་བསྡུ་བྱས་པ་དང་། འགའ་ཞིག་ནས་བྱས་མེད་པ་འདི་ཡོང་སྟངས་དམིགས་བསལ་ཞིག་རེད། འོས་བསྡུ་ལས་ཁུངས་ཀྱིས་འདིའི་སྐོར་འདི་ངེས་པར་དུ་གསན་འཇོག་དང་། མི་མང་གི་སྐད་ཆ་དང་བསམ་ཚུལ་རྡོག་རོལ་གཏོང་མི་རུང་པ་ཞིག་ཡིན།
ད་ལོ་འོས་བསྡུ་ལས་བྱེད་ཚོའི་སྟེང་ནས་བོད་པ་རྣམས་འདོད་བློ་མ་ཁེངས་ས་མང་པོ་ཐོན་པའི་ནང་འདི་ནི། ཧ་ཅང་ནོར་འཛོལ་ཕྱིན་པ་དང་། ངེས་པར་དུ་བཅོས་སྒྲིག་དང་། ནོར་འཁྲུལ་ངོས་ལེན་བྱས་ཏེ། མང་ཚོགས་ལ་དགོངས་དག་ཞུ་དགོས་ས་ཞིག་རེད། དེ་འདྲ་མ་བྱས་ན། ད་ལྟའི་འོས་བསྡུ་ལས་བྱེད་པ་ཚོས་སོ་སོའི་མི་ཚེ་གཅིག་གི་རིང་། བཤགས་ཐབས་མེད་པའི་ལས་ཀ་ཞིག་བྱེད་བཞིན་ཡོད་པ་རེད། ང་ཚོ་བོད་མི་ཚོས་ཀྱང་འདིའི་ཐད་ནས་ཉིན་མ་གཅིག་གཉིས་མ་གཏོགས་མེད་ཟེར་བ་ལྟར་མིན་པ། སྐྱིད་སྡུག་མཉམ་མྱོང་གི་སྐད་ཆ་བཤད་པ་དང་། ཁྲིམས་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པའི་དུས་ལ་བབ་པ་རེད་དོ།
ད་ལོ་དབུས་གཙང་གིས་ཆོལ་ཀ་ལ་ཤ་ཚ་དགོས་ལབ་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དབུས་གཙང་སྤྱི་འཐུས་གཏོང་བ་མ་ཟད། དབུས་བཙང་ཆོལ་ཀའི་ཚོགས་གཙོ་ཡང་འདེམ་སོང་། ཁོང་ནི་ནམ་རྒྱུན་གྲོས་ཚོགས་ནང་གི་སྐད་ཆ་འཁྲུགས་ཤོས་དང་རྙོག་དྲ་མང་ས་ཞིག་ཡིན་འདུག དེས་མ་ཚད་ཁོང་གིས་རྡ་སའི་ཡང་གླིང་སློབ་གྲའི་ས་ཆ་སྒེར་ཟོས་བྱས་རྗེས། བོད་གཞུང་གིས་ཁྲིམས་ཆད་ཕོག་ནའང་ངོས་ལེན་མ་བྱས་པ་བོད་གཞུང་གི་ཁྲིམས་ཁང་ཁོ་རང་རྒྱ་གར་ས་གནས་ཁྲིམས་ཁང་ནང་བསྐྱལ་མཁན་གྱི་བོད་ཀྱི་འཐུས་མི་ཤིག་ཡིན་པ་རེད།
འདིའི་ནང་ཟླ་བ་ཕུན་སྐྱིད་ལྟ་བུ་མི་འགའ་ཤས་ལ་འོས་ཤོག་བརྒྱ་ཆ་མ་ཚང་བ་ལུས་ཡོད་པ་འདུག
མདོ་སྟོད་ཀྱི་ནང་ལ་བོན་པོའི་དགེ་བཤེས་གཡུ་དྲུང་རྒྱལ་མཚན་ལགས། ན་ནིང་བོད་ཀྱི་གྲོས་ཚོགས་ནང་རྙོག་དྲ་ཆགས་དུས་གཟན་ཤམ་གྱོན་མཁན་ཞིག་གིས་དེ་འདྲ་རྣམ་འགྱུར་སྟོན་སྟངས་ཀྱིས་མང་ཚོགས་ལ་བག་ཆགས་ནག་པོ་ཞིག་བཞག་པ་རེད། དེ་ལྟར་ཁོང་ནི་འགའ་རེས་ཟེར་ན་གྲོས་ཚོགས་ནང་ལ་དབུས་གཙང་གི་སྤྱི་འཐུས་ཟླ་བ་ཚེ་རིང་སླེབས་ཀྱི་ཡོད་པ་ཡིན་དུས་གཏོང་པ་རེད་ཟེར་ཡང་དེ་ཚོ་ལ་རྒྱུ་མཚན་ག་ཚོད་ཡོད་མེད་དང་། སྐད་ཆ་ཡང་དག་ཅིག་ཡིན་མི་ཤེས། འོན་ཀྱང་ད་ལོ་མདོ་སྟོད་ཀྱིས་ཁོང་མདོ་སྟོད་ཆོལ་ཀའི་འཐུས་མི་ལ་གཏོང་པ་རེད། སྨ་ཁམས་ཆོས་འཕེལ་ལ་འོས་བསྡུ་ལས་ཁུངས་གིས་འོས་ཆོས་མ་ཚང་འི་ཉག་ཉེས་བཙུགས་ནས་ཡར་གཏོང་མེད་པ་རེད། ཡིན་ར་པད་མ་བདེ་ལེགས་སོགས་མདོ་སྟོད་ལ་ཡོན་ཏན་ཅན་དང་འཇོན་ཐང་ཅན་ད་རེས་ལུས་པ་རེད
མདོ་སྨད་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ལ་རྩོམ་ཡིག་གི་ལམ་ཁྲིད་པ་རེད་ཟེར་བའི་ཆབ་བྲག་ལྷ་མོ་སྐྱབས་ཕྱིར་འཐེན་བྱས་ཏེ། རྨོག་རུ་བསྟན་པ་ལྟ་བུའི་མི་སྣ་གསར་བ་འགའ་གཏོང་ཡོད་པ་རེད། རྨོག་རུ་བསྟན་པ་ནི་ལས་ཀ་སྣ་མང་མགོ་བཙུགས་ཏེ་མཐའ་ཆོད་པ་ཞིག་གཅིག་ཀྱང་མེད་པའི་གདན་ས་འབྲས་སྤུངས་ནས་གནས་དབྱུང་གཏོང་བའི་གྲ་བ་ཞིག་རེད། འགའ་རེས་ཟེར་ན་ཁོང་ནི་ཟླ་བ་ཚེ་རིང་དང་། རྒྱ་རི་སྒྲོལ་མ་ཚོས་ཨ་ལགས་འཇིགས་སོགས་ལ་འབྲེལ་བ་བྱས་ནས་སླེབས་པ་རེད་ཟེར།
ད་ཡང་བསྟན་འཛིན་མགོན་པོ་ལགས་ཡང་ཕྱིར་འཐེན་ཚར་བ་རེད། ཁོང་ནི་གྲོས་ཚོགས་ནང་གི་ཁ་ཁོག་བསྲང་ཐུབ་མཁན་ཞིག་རེད་དེ་ད་རེས་མདོ་སྨད་ཀྱི་ཆོལ་ཁས་མོས་མཐུན་མ་བྱས་པ་རེད་ཟེར།
དེའི་སྟེང་ལ་ཀླུ་མཁར་བྱམས་རེད། ཁོ་ནི་བཙན་བྱོལ་ལ་མི་འཁྲུགས་པོ་གཅིག་རེད། འགའ་རེས་ལྷ་ཟུར་ལ་བཞག་པ་དང་། འགའ་རེས་འདྲེ་རེད་ཟེར་ཀྱི་འདུག ཡིན་ནའང་ཁོ་ནི་རང་གིས་དྲན་པ་དེ་བཤད་ཐུབ་མཁན་ཞིག་ཡིན་པ་ཡོངས་གྲགས་རེད།་ཡིན་ན་ར་ཁོ་འཐུས་མི་ལ་སླེབས་མེད་པ་ཡིན།
བལ་ཡུལ་ནས་མང་ཚོགས་ཆ་ཚང་ཡོངས་ལ་འོས་ཤོག་འཕེན་རྒྱུ་བྱས་པ་ཡིན་ན་དེ་ཚོ་ལ་ཡང་ཁྱད་པར་ཆེན་པོ་ཡོང་གི་རེད། ཡིན་ན་ཡང་བལ་ཡུལ་ནས་འོས་འཕེན་རྒྱུ་མ་བྱས་པ་རེད། གཅིག་བྱེད་དུས་ས་ཆ་ཁ་ཤས་ནས་འོས་བླུགས་པ་རེད་ཟེར་བ་ཞིག་ཐོས་རྒྱུ་ཡོད་པ་འདུག དེ་འདྲ་ཡིན་ན་ཡག་པོ་མ་རེད།
ལི་ལི་ཤོར་ཚར་དུས། སྐར་ཁུང་རྡོ་ཞེས་པའི་དཔེ་ལྟར་མ་རེད་དམ།