རྩོམ་པ་པོ་བློ་བཟང་ཆོས་འབྱོར་གྱིས།
ཕྲན་ནས་ཉེ་སྔོན་དུས་བབ་དྲ་ངོས་སུ་༼ སེང་གེའི་བཀའ་ཤག་གི་མདུན་ལམ ༽་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ། རང་ངོས་ནས་ལྷག་བསམ་རྣམ་དག་གིས་ཆབ་སྲིད་དཔྱད་གཏམ་དུ་བྲིས་པ་ཉག་ཅིག་ཡིན་ཡང་། ལས་བྱེད་པའི་བླང་དོར་སྒྲིག་གཞི་དང་འགལ་འཛོལ་བྱུང་བའི་བཀའ་ཡིག་འབྱོར་སོང་བས། ཕྲན་རང་ལས་བྱེད་བླང་དོར་སྒྲིག་གཞིའི་ཐད་ཤེས་རྟོགས་གང་ཡང་མེད་པས་དེ་འགལ་རིགས་ལ་སྙིང་ནས་དགོངས་སེལ་ཞུ་རྒྱུ་ཡིན། དེ་བཞིན་རྩོམ་ཡིག་དེར་རང་གི་བློ་མིག་ཉམས་ཆུང་གིས་མ་མཐོང་མ་རྟོགས་པའི་ཆ་ཤིན་ཏུ་མང་བ་ཆོས་ཉིད་དུ་གྲུབ་ཀྱང་། ཀུན་སློང་དང་དམིགས་ཡུལ་གཙང་མ་གཙང་རྐྱང་ཡིན་པའང་དོ་གལ་ཆེན་པོས་ཞུ་བཞིན་ཡོད།
ཕྲན་ནས་བྲིས་པའི་དཔྱད་གཏམ་རིགས་ལ་བཙན་བྱོལ་བོད་མིའི་ནང་དོ་སྣང་དམིགས་བསལ་འདུག་པས། ཕྲན་ནས་རྩོམ་ཡིག་དེ་འབྲེལ་གྱི་དགོངས་སེལ་ཡང་རྒྱ་ཁྱབ་ཡོངས་གྲགས་ཀྱིས་ཞུ་དགོས་ཀྱང་བརྒྱུད་ལམ་ཁག་སྤྱད་ནས་ཞུ་ངེས་ཡིན། མདོ་དོན་ཕ་ཡུལ་ཕ་མ་རྒྱབ་ཏུ་བསྐྱུར་བ་དང་། ༧གོང་ས་མཆོག་དང་རང་གཞུང་བཀའ་དྲིན་གསབ་ཐབས་མེད་པ་ཡིན་པས། རང་གིས་ཀྱང་གང་ཡོང་རྒྱ་ནག་གཞུང་གི་བསྙོན་འཛུགས་ལ་དུས་ལྟར་ལན་འདེབས་དང་། རྒྱ་ནག་དང་ཨེ་ཤ་ཡའི་མ་འོངས་པ་དང་བོད་ཀྱི་གནས་བབ་སྐོར་གང་ཐུབ་ཀྱིས་ཉམས་ཞིབ་བྱེད་ཁུལ་སོགས། སྒོ་གང་ས་ནས་དུས་ཚོད་དབྱེར་མེད་ཀྱིས་ལས་དོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། རྒྱ་ཕྱོགས་ནས་ཀྱང་བོད་དུ་གཉེན་འཕྲད་བསྐྱོད་པའི་ཆོས་འཕེལ་ལགས་སུ་རེབ་གོང་གི་གདུགས་དཀར་ཚེ་རིང་དང་། ཕྲན་གྱི་པར་དང་ལོ་རྒྱུས་བཅས་བརྗོད་ནས་རྗེས་མར་ལན་འདེབས་ཚོགས་ཚུང་གི་ལས་ཀ་བྱས་ཚེ་ཕ་ཡུལ་དུ་ཡོང་བའི་རེ་བ་མ་བཅངས་ཞེས་འཇིགས་སྐུལ་ཀྱང་སླེབས་འདུག་པས། ཕྲན་གྱི་གནས་སྟངས་ངོ་མ་དང་དམིགས་ཡུལ་དངོས་གནས་བ་དེའང་ལས་གནས་འདི་བརྒྱུད་རང་གི་རྒྱལ་ཁབ་ཀྱི་བདག་དབང་ཤོར་བའི་ཉག་ཕྲ་བའི་སྐབས་འདིར་སྲི་ཞུ་སྒྲུབ་རྒྱུ་ལས་གཞན་མེད། བོད་ནང་དུའང་ལན་འདེབས་ཚོགས་ཆུང་གི་དྲ་བ་གསང་སྟབས་ཀྱིས་ཟི་ལིང་དང་རེབ་གོང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་གཟིགས་ཐུབ་ཀྱི་ཡོད་པ་ཞིབ་འཇུག་བྱས་ན་ཤེས་ཐུབ། གནད་དོན་དེ་དག་ལ་དགོངས་བཞེས་ཀྱིས་གུས་བ་མུ་མཐུད་ལས་གནས་འདི་བརྒྱུད་བོད་ཀྱི་བསྟན་སྲིད་ལ་སྲི་ཞུ་སྒྲུབ་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བ་དང་། གལ་སྲིད་དགོངས་བཞེས་གནང་ཐབས་མེད་པར་གྱུར་ན། དུས་ཡུན་ཟླ་དྲུག་གི་དུས་ཚོད་བསྩོལ་གནང་ཡོང་བ་དང་། དེའི་བར་ཕྲན་ནས་བཀྲ་ཤིས་ལོ་ལེགས་ངང་སྦྱོར་དངོས་རྗེས་གསུམ་གཙང་བའི་ཐོག་དགོངས་ཞུ་ཕུལ་ངེས་ཡིན། རྩོམ་ཡིག་དེ་དང་འབྲེལ་བའི་རྙོག་འགལ་གང་བྱུང་ལ་བསྐྱར་དུ་སྙིང་དབུས་ནས་དགོངས་སེལ་ཞུ་རྒྱུ་ཡིན་ན་ཅི་ནས་ཀྱང་དགོངས་བཞེས་གནང་རྒྱུ་མཁྱེན་མཁྱེན་མཁྱེན་ཞུ།། །།
རྩོམ་པ་པོ་བློ་བཟང་ཆོས་འབྱོར་གྱིས།
༢༠༡༡། ༡༠། ༡༣།
ངོ་བཤུས། ཆོས་རིག་བཀའ་བློན། ནང་སྲིད་བཀའ་བློན། དཔལ་འབྱོར་བཀའ་བློན། བདེ་སྲུང་བཀའ་བློན། ཕྱི་དྲིལ་བཀའ་བློན། འཕྲོད་བསྟེན་བཀའ་བློན། ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ།
དེའི་མིང་ལ་ཁ་ཆག། སྣ་རལ། སྡུག་གྱོང་སྒོམས་ཤིག
གཞན་ལ་སྤྲེལ་ལད་འཁྲབ་མི་ཤེས་པ་ནི་ཨ་མདོ་བ་ཚོའི་སྐྱོན་ཆེ་ཤོས་ཤིག་ཡིན། བློ་བཟང་ཆོས་འབྱོར་ཡང་སྐྱོན་འདིས་དྲུད་སོང་། ཀླུ་མཁར་བྱམས་ཀྱང་སྐྱོན་འདིས་དྲུད་སོང་། བསྟན་འཛིན་མགོན་པོ་ཡང་སྐྱོན་འདིས་དྲུད་སོང་། ད་ནི་རྡ་རམ་ས་ལ་རུ་གཞན་ལ་སྤྲེལ་ལད་འཁྲབ་སྟངས་ཀྱི་འཛིན་གྲྭ་ཞིག་བཙུགས་ཏེ། ཨ་མདོའི་གསར་བུ་སྣང་བ་མཐོན་པོ་ཅན་མགོ་ན་གནམ་དང་རྐང་འོག་ན་ས་མ་གཏོགས་མེད་མཁན་ཚོར། གཉའ་ཞུམ་རྐུབ་འཕྲུག་སྤྲེལ་བརྫུས་འཁྲབ་སྟངས་ཀྱི་སློབ་ཁྲིད་ཡག་པོ་ཞིག་བྱེད་རོགས། དེ་ཡང་དགེ་རྒན་རྩེ་གྲ་ཞིག་མེད་ན་མི་འགྲིགས་པས། རྡ་ས་རུ་གཞན་ལ་སྤྲེལ་ལད་འཁྲབ་ན་སྐད་གྲགས་ཡོད་པའི་མི་ཞིག་དགེ་རྒན་དུ་གདན་འདྲེན་ཞུ་རོགས།
དངོས་གནས་མི་ཚད་ལྡན་རེད། ༧སྐྱབས་མགོན་རིན་པོ་ཆེ་དང་རང་གི་གཞུང་ལ་བསམ་བློ་བཏང་འདུག དེ་མིན་ལས་ཀ་དེ་འབབ་གླ་ཅང་ཡོད་ཚོད་མི་འདུག བློ་སེང་ལ་འདི་ལྟར་ཉམས་ཆུང་དང་འགན་ཁུར་བ། ཕུགས་རྒྱང་རིང་པོ་བསམ་བློ་བཏང་ནས་མི་སྐད་བཤད་རུང་། ཤོག་བུའི་སེང་གེས་དེས་དགོངས་པ་ཁྱོན་ནས་བཞེས་མི་འདུག ད་ལྟོས་དུས། རང་གི་ཟུར་བསྟེན་མ་ཞིག་བཀའ་བློན་དུ་བསྐོས། རང་གི་ཆུང་མའི་སྤུན་ཟླ་ཞིག་ཀྱང་བཀའ་བློན་དུ་བསྐོས་ཚུལ་ཟེར་བ་སོགས་ཀྱང་བདེན་པ་ཡིན་ས་རེད། བློ་སེང་ཟེར་བའི་མི་འདི་ལ་བློ་ཁོག་འདི་ལས་མེད་ཚེ་དངོས་གནས་ཐང་ཆད་པ་རང་རེད། བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་དེ་ཚོ་སྙིང་རེ་རྗེ། ཤར་ཁུག་དང་མེ་ལྕེ་ལྟ་བུའི་རྩོམ་པ་པོ་དེ་ཚོའང་སྙིང་རེ་རྗེ། ད་དངོས་གནས་བོད་ལ་ལུས་ཡོད་ཀྱང་མགོ་མེད་ཟེར་བའི་དུས་ཚོད་ཅིག་སླེབས་རྒྱུ་ཡིན་ཚོད་འདུག ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་མཁྱེན།།།
བཀའ་ཁྲིའི་བོད་ཡིག་ཡག་པོ་མི་མཁྱེན་པས་སྙིང་ཞུ་བོད་ཡིག་གི་སྟེང་འཁོད་པ་ནི་ཁོང་གིས་བསམ་ཤེས་བཏང་རྒྱུ་ཁག་པོ་རེད། འཇིག་རྟེན་གྱི་བགྲོད་ལམ་རྒྱ་ཆེ་བས་ཁྱེད་ར་ཕུལ་སའི་ས་ཆ་ཞིག་དུས་ཀུན་ཡོད། དཀའ་ངལ་བྱུང་བ་ནི་འོད་སྟོང་གི་ལམ་བུ་རྙེད་ཆེད་ཡིན་པས་དེ་ལྟར་བྱུང་བ་བཀྲ་ཤིས་བདེ་ལེགས་ཡོད། དཀའ་ལང་མ་འཕྲད་གོང་གཟབ་རྒྱུ་གལ་ཆེ་ཞིང་འཕྲད་ཚེ་བློས་བཏང་བྱེད་རྒྱུ་ནི་རྒྱལ་ཁའི་སྔོན་འགྲོ་ཡིན། བུ་རྒོད་པོ།
སྔར་བླ་བྲང་བཀྲ་ཤིས་འཁྱིལ་དུ་འདི་འདྲའི་གཏམ་དཔེ་ཞིག་ཡོད་དེ། གྲྭ་པ་ཞིག་གིས་ཤམ་ཐབས་ཤིག་བཟོ་དགོས་པ་དང་། དེ་བཟོ་བྱེད་ཀྱི་དངུལ་ཡང་གྲ་སྒྲིག་བྱས་ནས་ཡོད་པ་རེད། ཡང་དེ་དང་དུས་མཉམ་དུ་འཛིང་རེས་བྱེད་དགོས་པའི་དོན་རྐྱེན་ཞིག་ཀྱང་ཡོད་སྟབས། འཛིང་རེས་བྱས་ན་ཉེས་ཆད་སྤྲོད་དགོས་པས་ཤམ་ཐབས་བཟོ་བྱེད་དེ་དེར་སྤྲོད་དགོས་པ་དང་། ཡང་ཤམ་ཐབས་བཟོས་ན་འཛིང་རེས་བྱེད་ཐབས་མེད་པས་ཁོས་ཅི་ཞིག་གདམས་དགོས་མིན་ཐད་དཀའ་ངལ་ཆེན་པོ་བྱུང་ཚུལ་ཞིག་ཡོད། འདིར་ཡང་དེ་དང་འདྲ་མཚུངས་སུ་་་་་རྩོམ་ཡིག་འབྲི་དགོས་ན་རང་དབང་གི་ཁོར་ཡུག་དགོས་པ་ལས། གཞུང་གི་ལས་ཁུངས་ནང་བསྡད་ནས་གཞུང་འཛིན་ཚོགས་པའི་འགན་འཛིན་ལྟ་བུའི་བཀའ་ཁྲིར་སྐྱོན་བརྗོད་བྱས་པ་དེ་ལྐུག་རྟགས་དང་། འགྲོ་སྟངས་མ་ཤེས་པ་ཞིག་རེད། ཨེ་ཤ་ཡའི་མ་འོངས་པ་དང་། རྒྱ་ནག བོད་བཅས་ཀྱི་ཆབ་སྲིད་གནད་དོན་ཐོག་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན། རང གི་ལས་ཁུངས་ནང་གི་འགྲོ་སྟངས་མི་ཤེས་པ་སྲིད་དམ། གལ་ཏེ་དངོས་གནས་ཤེས་ཀྱི་མེད་ན་མི་དེ་དེ་འདྲའི་ལས་ཀ་ཚད་མཐོ་བོ་ལས་མཁན་དང་ཡང་ན། ལས་ཀ་བྱེད་ཤེས་མཁན་ཞིག་མིན་ཧ་ཅང་གསལ་བོ་རེད། སྔ་ཕྱིའི་རྩོམ་ཡིག་ཁག་དང་། ལྷག་དོན་རྩོམ་ཡིག་བྲིས་རྗེས་ཀྱི་དགོངས་སེལ་ཞུས་ནས་ཁྱི་བཞིན་རྒྱུག་བསྡད་པ་དེས་ཁྱོད་ཀྱི་བསམ་བློའི་གོ་རྟོགས་དང་། འཇོན་ཐང་། མི་གཞིའི་གནད་དོན་ཆ་ཚང་བསྔོགས་ནས་ཡོད་སྟབས་ང་དངོས་གནས་ཞེན་པ་ལོག་བྱུང་། དེ་རྩོམ་པ་པོ་ཞིག་གི་འགྲོ་སྟངས་མ་རེད་ལ། ཤར་གླིང་ཨེ་ཤ་ཡའི་འབྱུང་འགྱུར་ལ་ཞིབ་འཇུག་བྱེད་མཁན་ཞིག་གི་འགྲོ་སྟངས་དེ་བས་ཀྱང་མ་རེད། ཁྱོད་ཀྱི་ལས་ཀ་བྱེད་སྟངས་དེ་དངོས་གནས་སྙིང་རྗེ་དགོས་པ་དང་། ཡ་ང་བ་ཞིག་རང་རེད་་་་ བྱེད་སྟངས་འདི་འདྲས་བོད་ཀྱི་རྩོམ་པ་པོ་རྣམས་ངོ་ཚ་འཇུག་པ་ལས་སྤོབས་པ་སྐྱེ་འཇུག་མི་ཐུབ་གི་་་་་་་་་
ཁུག་རྟའི་རང་གི་གང་བསམ་པ་བཤད་ཕོད་པ་དང་རང་སྐྱོན་ངོས་ལེན་བྱེད་ཕོད་པའི་སྙོང་སྟོབས་ལ་ཡིད་རང་ཞུ།
སྤྱིར་སྐད་ཆ་ཅི་ཞིག་བཤད་རུང་རྒྱུ་མཆན་ཡོད་པ་དང་ཁུང་ལུང་ཡོད་པ་ཞིག་བཤད་ན་དཔྱོད་ཤེས་ལྡན་པའི་མི་སུ་ཞིག་ཡིན་རུང་རྒྱབ་སྐྱོར་བྱེད་པ་དང་ཡང་ན་དྲང་བདེན་གྱི་ཕྱོགས་སུ་ལངས་པ་དོན་དངོས་རེད།ཡིན་ནའང་མཆམས་ལེན་རེར་ཨ་ཅེ་རྒྱ་མོ་ངར་གི་གླེབ་ན་ལག་པ་མཆི་མ་བཏབ་ནས་གྲོ་ཕྱེ་བརྗི་བ་ནང་བཞིན།རང་གི་ཁ་ལག་ལ་བདག་པོ་ཏོག་ཅམ་བརྒྱག་ཐུབ་བ་ཡག་པོ་རེད་བསམ།དཔེར་ན་ཟླ་འགའི་སྔོན་དུ་ཁྱེད་ཀྱིས་བོད་ནང་གི་རང་དབང་དབང་གི་རྕོམ་པ་པོ་སྤུན་གྲོལ་དང་ཡེ་རྡོར་གཉིས་ཕྱོགས་གཅིག་ཏུ་གནས་པ་སོགས་ཁུང་ལུང་མེད་པའི་སྐད་ཆ་གང་མང་ཞིག་དང་།ད་དུང་ཞོགས་དུང་འཁོར་དང་བཅས་པ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་འཇིགས་སུ་རུང་བའི་དོན་རྐྱེན་དེར་བདེ་སྣང་ཞིག་འདུག་ཟེར་བ་སོགས་ལ་རང་སྣང་གང་དྲན་གྱི་སྐད་ཆ་ཞིག་ཡོད་པ་དེ་ལྟ་བུ་ནམ་ཡང་ཁུང་ལུང་དང་རིག་པ་ཡོད་པའི་སྒོ་ནས་བཤད་པ་བྱ་རོགས་ཞེ་འབོད་སྐུལ་ཞུ་པ་ཡིན།གཞན་ཐེངས་འདིའི་བློ་སེང་དང་ཁྱེད་ཆོའི་བར་གྱི་འབྲེལ་བ་འདི་ལས་ཉིད་ལ་སྔར་མ་རེག་པའི་ཉམ་མྱོང་གང་མཆམས་ཞིག་རེག་པར་སྨོན།
ཨ་རོགས། ཀླུ་སྨྱོན་ལགས། ངའི་ཁྱོད་ལ་ཐལ་མོ་སྦྱར་བཞིན་ཕྱག་འཚལ་གྱིན་ཡིན། སྐབས་འདིར་དགོས་མེད་ཀྱི་ཆོལ་ཁའི་སྐད་ཆ་འདི་འཁྱེར་མ་ཡོང་རོགས། ཁྱོད་ལ་ཁ་རྒྱག་པ་འདྲ་བཤད་རྒྱུ་ཡོད་ན་རྒྱ་ནག་ལ་ཁ་གཏད་གཅོག་རོགས། རྒྱ་ནག་གི་བོད་མི་ཡོད་དོ་ཅོག་ཕྱིར་མི་མངོན་པའི་འཇིགས་སྐུལ་རིགས་ལུགས་པ་རེད་ཅེས་གསར་འགོད་གསར་བསྒྲགས་སྤེལ་བཞིན་འདུག མ་གཞི་ནས་ཁྱེད་རང་གིས་རྒྱ་ནག་ལ་རྒོལ་བའི་རྩོམ་ཞིག་འབྲི་མྱོང་ངམ། ཁྱེད་རང་གི་ཀླུ་སྨྱོན་རྩོམ་རིགས་བྱ་དགའ་འབུལ་བའི་དམིགས་ཡུལ་དང་རྒྱབ་ལྗོངས་དེ་རེད་དམ། གཞིས་བཞུགས་བོད་མི་ཚོས་མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་ཡན་ཆད་ནས་ཀྱང་མེར་བསྲེགས་བཞིན་ཁྱོད་ཀྱི་མཐོང་ཐོས་ཨེ་བྱུང་། འདི་ན་སླར་ཡང་ཆོལ་ཁ་ཆོས་ལུགས་ཀྱིས་རོ་ལངས་རྒྱག་ས་ཡོང་ནི་ཁྱོད་ལ་ངོ་ཚ་རྒྱུ་མི་འདུག དྲང་པོ་བཤད་པ་ཡིན་ན་ཁྱོད་ལ་ཡང་བོད་ཡིག་ཐབས་ཆགས་ཤིག་གི་གནས་ཚད་མ་གཏོགས་གུར་ཡངས་ཀྱི་བསམ་བློ་དེ་ཡོད་ས་མ་རེད། གོང་དུ་ཁྱེད་རང་གིས་བཤད་པ་བཞིན་དེ་འདྲའི་དགེ་རྒན་ཞིག་དགོས་ན་ངའི་ཁྱེད་རང་ཨ་རི་ནས་རྡ་སར་གདན་འདྲེན་ཞུ་ཁོ་ཐག་ཡིན།
སྙན་ཞུ་འདི་བཀླགས་ཡོང་དུས་ངོ་མ་སེམས་སྐྱོ་བ་ཞིག་རེད། ཡིན་ནའང་། དྲི་བ་གཉིས་འདུག ༡ ཆོད་གན་རྫོགས་ཡོད་མེད་ཀྱི་སྐད་ཆ་ཞིག་བཤད་ཀྱིན་པའི་དོན་ཅི་རེད། དེ་གསལ་བོ་བཤད་དགོས་ཀྱི་འདུག ༢ སེངྒེ་བཀའ་ཤག་གིས་ཆོས་འཕེལ་ལ་སྤྲད་པའི་ཡིག་ཆའི་ནང་དོན་འདིར་འབྲི་དགོས་ཀྱི་འདུག
དེ་མིན་རེ་བ་གཅིག་ཡོད། ངྷ་རམ་སཱ་ལ་ནས་བཤད་ཕོད་ན། ཕམ་ཡང་ཕོད་པའི་སྤོབས་པ་ག་དུས་ཀྱང་དགོས་པ་རེད། གལ་སྲིད་གཞན་དབང་སྟབས་བསྟུན་གྱི་འོག་ཏུ་ཚུད་པ་ཡིན་ན། ཕམ་དུས་རིང་བའི་ས་ནས་མཛུབ་ཀེར་གྱིས་ལངས་འདུག་མི་ཚང་མ་ཕྱི་ལ་བསྒྲགས་རོགས།
བློ་བཟང་ཆོས་འབྱོར་ལགས། ཁྱེད་ཀྱིས་བཤད་པར་བདེན་ཁ་ལོས་སྦྱིན། ཁྱེད་ནི་དྲ་ཚིག་འདིར་བཤད་ཕོད་པ་དང་། བཤད་ཤེས་པ། འབྲི་ཤེས་པའི་ཕུལ་བྱུང་གི་མི་སྣ་ཞིག་ཏུ་ཕལ་མོས་འདོད། འོན་ཀྱང་རེ་འགས་ཁྱེད་ལ་སྨད་ཡང་སྲིད་ལ། ཁྱེད་ཀྱི་རྒྱ་ཆེ་བའི་ལས་གཞིར་འགོག་རྐྱེན་ཡང་བྱེད་སྲིད་པས་སེམས་ཤུགས་མ་ཆགས། ཅི་སྟེ་སྐུ་ཉིད་ཀྱི་ལས་ཀར་མ་ལྷོངས་མ་བྱུང་བའམ། སྐུ་ཉིད་དགོངས་བསེལ་ཡི་གེར་བདག་གཅེས་མ་གནང་ཚེ། བོད་ཡིག་མ་ཤེས་པའི་བཀའ་ཁྲིའི་ཀླད་པའི་ནང་བོད་ཡིག་གི་ལས་བྱེད་ལ་ནམ་ཡང་བརྩི་བཀུར་མེད་པ་མ་ཟད། གངས་ཅན་སྐྱིད་གཤོངས་དུ་བཙན་བྱོལ་སྒྲིགས་འཛུགས་ཀྱི་ལས་ཁུངས་ཁག་གི་བོད་ཡིག་ལས་བྱེད་ཁག་རིམ་པས་རྩ་མེད་བཟོ་འདོད་ཀྱི་བསམ་པ་ཡོད་པ་མ་ཟད། གཞུང་འབྲེེལ་ཡིག་ཆ་ཁག་ཀྱང་དབྱིན་ཡིག་ཏུ་བསྒྱུར་བསམ་པའི་བསམ་ངན་ཐེབ་ཆག་ཞིག་ཡོད་ཁོ་ཐག་ཡིན་པས། ཁྱེད་བདེ་མོ་བྱོས། བོད་ཡིག་ནི་ང་ཚོའི་ཚེ་སྲོག་ཡིན་དུས་བཀའ་ཁྲིས་མེད་པར་བཟོ་མི་ཐུབ་ལ། བོད་ཡིག་ནི་བཙན་བྱོལ་སྒྲིགས་འཛུགས་ཀྱི་སྙིང་ཡིས་པས་བཀའ་ཁྲིས་དུས་ནམ་ཡང་ཁྱེད་ལ་ཕམ་ཁ་སྤྲོད་ཐབས་མེད། གྲོགས་པོ་བདེ་མོ„། ཁྱེད་རྒྱབ་ཏུ་ཡོད་པ་ནི་བོད་ཡིག་ལ་དགའ་ཞིང་དུང་བ་མ་ཟད། བོད་རིགས་ཀྱི་ལ་རྒྱར་གདང་རྒྱབ་མཁན་གྱི་བོད་པ་དག་ཡིན།
ཤར་ཕྱོགས་ཁུག་རྟ་ནས་རེབ་གོང་དུ་ཁོང་དང་གདུགས་དཀར་ཚེ་རིང་གཉིས་ལ་རྒྱ་མིས་དོགས་པ་བྱས་ཀྱིན་ཡོད་པ་དེར་ཡ་མཚན་ཆེ་མདོག་བྱས་པ་དེ་ངོ་མཚར་སྐྱེས་མ་བྱུང་། གདུགས་ཚེ་ཡིས་མདོ་སྨད་སྤྱི་རྫས་སྒེར་བདག་བྱས་ནས་ཨ་རི་རྡོག་ཐོན་གྱི་ཆོས་པ་བརྫུས་ནས་འཁྲབ་སྟོན་ཅི་ཞིག་བྱེད་ཀྱི་ཡོད་པ་ཀུན་གསལ་རེད། ཁྱེད་ཀྱིས་ཀྱང་མིང་སྣ་ཚོགས་བརྫུས་ནས་བོད་སྤྱིའི་རྩ་དོན་ཐད་ཕུང་དཀྲུགས་ག་ཚོད་བྱས་པ་མིག་མཐོང་ལག་ཟིན་རེད།རིག་པ་འབྱུང་བའི་དཔའ་བོ་རྣམས་བོད་ནང་དུ་བཞུགས་པ་ལས།ཕྱི་ན་ཅིག་མེད་པ་བློ་ལྡན་ཚོས་ཤེས་ཡོད། ཞོར་འཕྲོས་ལ་ཀླུ་སྨྱོན་ལགས་རྡ་སའི་ཨ་མདོ་ཚོས་ཁྱེད་ལྟ་བུའི་མི་ཚེ་འཁྲབ་སྟོན་བྱས་གཏན་ནས་མི་ཐུབ་པ་ཐུགས་ལ་བཞག་རོགས།
མཆན་མང་པོའི་ནང་། ཞེན་འཁོགས་དང་ཧོལ་རྒྱུག་གི་གནས་ཚུལ་མང་པོ་མཐོང་གི་འདུག ཆབ་བྲག་ཕོ་ཉ་འདི་ཡང་ཉོན་མོངས་མངོན་འགྱུར་རེ་ལངས་སྐབས་ཞེན་འཁོགས་ཀྱི་ན་ཚས་ཟིན་པའི་མི་ཞིག་རེད། དེའི་སྐོར་ང་ལ་བཤད་རྒྱུ་ཡོད། འོན་ཀྱང་ཆབ་བྲག་གིས་བོད་ཀྱི་སྐད་ཡིག་ལ་བཅངས་པའི་དུང་སེམས་དེ་ཧ་ཅང་རིན་ཐང་ཆེན་པོ་རེད། ད་དུང་ཁོ་པ་རྩྭ་ཆུ་གང་བཟང་ལ་ཡང་བསམ་བློ་གཏོང་མཁན་ཞིག་མ་རེད། དེའི་ཆ་ནས་ངས་ཁོ་དང་ཁོ་འདྲ་བའི་མི་དེ་རིགས་ཀྱི་ཡོན་ཏན་དེ་གལ་ཆེར་བརྩིས་ཏེ། གུས་བཀུར་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟས་བཀའ་ཁྲི་བློ་སེང་གིས་འགོ་ཁྲིད་པའི་བཀའ་ཤག་ལ་དཔྱད་བརྗོད་བྱས་རྐྱེན། གླ་པ་ཞིག་ལ་གཞུང་ཞབས་ཀྱི་སྒྲིག་གཞི་བཙན་འགེལ་བྱས་ཏེ་གནས་དབྱུང་བཏང་ཡོད་ན། དེ་ལ་ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད། དེ་ནི་དབང་བསྒྱུར་གྲལ་རིམ་གྱི་གདུག་རྩུབ་རྩེར་སོན་པ་ཞིག་རེད། དེའི་གཞུང་དེ་ཕམ་པར་རྒྱོབ་དགོས།
འོན་ཀྱང་གནས་ཚུལ་འདི་ཆབ་བྲག་ཕོ་ཉས་བསྒྲགས་པ་ཞིག་ཡིན་སྟབས། ཆབ་བྲག་ཕོ་ཉས་གསལ་པོ་བཟོ་དགོས་པ་ཁ་ཤས་འདུག
དང་པོ། ཤར་ཕྱོགས་ཁུག་རྟ་གནས་དབྱུངས་བཏང་བའི་གཞུང་གི་ཡིག་གེ་ངོ་མ་དེ་དྲྭ་རྒྱར་འགོད་དགོས།
གཉིས་པ། ཤར་ཕྱོགས་ཁུག་རྟས་བློ་སེང་གི་བཀའ་ཤག་ལ་རྩོམ་ཡིག་སྤེལ་རྐྱེན་ལས་གནས་དབྱུངས་བཏང་བ་ཡིན་དང་། ཡང་ན་དོན་གནད་གཞན་གྱི་སྐོར་ཡིན་མིན་གསལ་པོ་བཟོ་དགོས།
གསུམ་པ། གལ་ཏེ་བཀའ་ཤག་གི་སྐོར་རྩོམ་ཡིག་སྤེལ་ཏེ་ལས་གནས་དབྱུངས་ཡོད་པ་དང་། དེ་སྒྲིག་གཞི་དང་འགལ་བ་ཡིན་ན། གཞུང་ཞབས་ཀྱི་སྒྲིག་གཞི་ཡིན་དང་གླ་པའི་སྒྲིག་གཞི་ཡིན། སྒྲིག་གཞི་དོན་ཚན་གང་ཞིག་དང་འགལ་བ་ཡིན།
དེ་ནས་ང་ཚོས་དཔྱད་པ་གཏོང་དགོས། ད་ལྟ་ང་ཚོའི་མིག་མདུན་དུ་ཤར་ཕྱོགས་ཁུག་རྟས་བཀའ་ཁྲིར་ཕུལ་བའི་སྙན་ཞུ་དེ་གཅིག་པུ་རེད། ཁ་ཤས་ཀྱི་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་བསྡུར་ནས་གླེང་འདུག ཀླུ་བྱམས་ཀྱིས་བཤད་ཚད་ལ་མོས་མཐུན་མེད་ཀྱང་། ཀླུ་བྱམས་ཀྱི་མི་གཤིས་དེ་མི་འདྲ་བ་ཞིག་རེད། དེ་མིན་ཀླུ་སྨྱོན་ལྟ་བུ་རང་ཚུགས་མེད་པའི་མི་དེ་ལྟ་བུའི་ཤོད་སྟངས་མཐོང་དུས། རྩོམ་པ་པོར་རློམས་པ་རྣམས་ཀྱི་ཤོད་ཚུལ་ལ་སེམས་སྐབས། ང་ཚོའི་མི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་སེམས་གཏིང་ནས་སྐྱོ་སྣང་སྐྱེས་བྱུང་།
བཀའ་ཤག་གིས་ཤར་ཁུག་ལ་སྤྲད་པའི་ཡིག་ཆ་དངོས་སུ་མ་མཐོང་ན་ཅང་བཤད་ཤེས་ས་མ་རེད། ཆོད་གན་དུས་ཡུན་རྫོགས་ཡོད་མེད་དང་རྒྱུ་མཚན་ག་རེ་ཡིན་མིན་ཡིག་ཆའི་ནང་གསལ་ཡོད་རྒྱུ་རེད། ཡིག་ཆ་འདིར་འགོད་མ་ཐུབ་ན་ཤར་ཁུག་གིས་ཅི་ཞིག་བཤད་ཀྱང་ཡིད་ཆེས་བྱེད་རྒྱུ་མིན། བཤད་ཕོད་པ་དང་སྒྲུབ་ཕོད་པ་ཞིག་ཡིན་ན་ཡིག་ཆའི་ངོ་བཤུས་འདིར་ཁོད་དང་དེ་ནས་ཚང་མས་བསྡུར་ཆོག་གི་རེད།
གྲོགས་པོ་མང་ཙམ་གྱིས་ཆ་ཤས་བླང་ནས་ཟིན་བྲིས་མང་པོ་བྲིས་མོད་དོན་ན་ཤར་ཕྱོགས་ཁུག་རྟའི་རང་གཞུང་དང་བཀའ་ཁྲི་ལ་སྐྱོན་འདོགས་ཚུལ་འདི་རིགས་ནི་ངོ་ཚ་་ཁྲེལ་ཡོད་དང་། མི་ཆོས་ལ་འགལ་བའི་མངོན་རྟགས་ཞིག་ལས་མ་འདས། གོང་མ་བཀུར་ཤེས་བར་བ་འགྲོགས་བདེ་དམའ་བ་སྐྱོང་ཤེས་བྱེད་རྒྱུ་གལ་གནད་དམ་པ་ཞིག་ཏུ་སོང་། དེང་དུས་མི་ཁ་ཤས་མང་གཙོ་དང་སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ནས་བཤད་མཁན་རྣམ་ནི་ཆོས་སྲིད་གང་ལ་ཡང་མཁྱེན་རྒྱ་མེད་པའི་དན་རྟགས་སུ་སོང་། མང་གཙོ་ལ་ཡང་བཀག་རྒྱའི་ར་བ་ཞིག་ལོས་ཡོད། སྨྲ་བརྗོད་ལ་ཡང་དེ་བཞིན་རེད། ཁ་ཅིག་གིས་བཀའ་ཁྲིས་བོད་ཡིག་མི་ཤེས་པར་གླེང་ཀྱང་དེ་ནི་ངོ་མ་བསམ་ན་བཀའ་ཁྲིས་བོད་ཡིག་འབྲི་གློག་རྐྱང་གསུམ་ལ་ནི་བྱང་ཆུབ་ཡོད་པས་དེ་མྱུར་མོ་ཀློག་མི་ཐུབ་ཙམ་ལ་ཟེར་གྱི་རེད། དེ་ནི་གདན་ས་ཁག་གི་ཆེས་མང་དྲག་ཅན་མང་པོ་ཡང་དེ་ལུགས་མཛད་སྒོ་ཁག་རྣམས་སུ་གདན་ས་ཆེན་པོ་ན་སྐད་གྲགས་ལྡན་པའི་མཁན་པོ་དགེ་བཤེས་མང་པོ་ཡང་དེ་ལས་མ་སྡུག་ན་མེད་པ་ཡང་མངོན་གསལ་རེད། དེ་ཚོ་ཆེད་ལས་བོད་ཡིག་སྦྱང་ཀྱང་དེ་ཙམ་ཡིན་ན་་་བཀའ་ཁྲི་ལ་ཇི་དགར་རྙད་བཀོ་ཚུལ་འདི་རིགས་ནི་མིའི་སྦྱོད་ཚུལ་ལས་ཉམ་པ་རེད་ཅེས་སྨྲའོ
དྲ་གྲོགས་ཚོ། ཐུགས་བསམ་བཞེས་རོགས། རྟ་རྒྱུགས་ཟིན་པ་རེད། ཐལ་རྡུལ་ལངས་ཚར་བ་རེད། ཚར་བའི་དོན་དག་གླེང་ནས་ཕྱིར་ཡོང་བྱེད་རྒྱུ་མེད། ད་ལྟ་ང་ཚོས་བསམ་ཤེས་ཐུབ་དགོས་པ་ནི་ཚང་མ་ཚོར་བའི་དབང་དུ་མ་སོང་། དངོས་ཡོད་ཀྱི་གནས་བབ་གླེང་དགོས་པ་གལ་ཆེན་པོ་རེད། དངོས་ཡོད་གླེང་བ་དེས་ཀྱང་ཕན་ས་ཞིག་ཡོད་ན་གླེང་དགོས་ལ། ཕན་ལས་གནོད་ཆེ་ན་གཡུག་བཞག་ན་འགྲིག་གི་རེད།
ཤར་ཁུག་གི་གནད་དོན་འདི་ནི་རྙོག་གླེང་ཞིག་མིན་པར། བཀའ་བློན་རྣམ་པ་དང་། ཤར་ཁུག་སོགས་ཚང་མས་ཕྱིས་འབྱུང་གི་ཉམས་མྱོང་དང་བསླབ་བྱ་ལེན་སའི་ཁོར་ཡུག་ཅིག་ལ་ངོས་འཛིན་དང་། ཁ་བསྒྱུར་གནང་ཐུབ་ན་ཧ་ཅང་ཡག དེས་ནི་རང་གཞན་ཚང་མར་ཕན་ངེས་ཅན་རེད། དེ་མིན་ཕན་ཚུན་ལ་སྐྱོན་རྒྱག་རེས་བྱས་བསྡད་པ་འདིས་བོད་པའི་སྤྱི་ཚོགས་ལ་བརྡབས་གསིག་མི་ཡོང་བའི་ངེས་པ་མི་འདུག་པས། གནད་འགག་ལ་ཐུག་དུས་ཚང་མས་ཐུགས་དགོངས་རྒྱ་ཆེར་བཞེས་དགོས་ལ། དབུ་མའི་ལཌྷམ་གྱི་སྡིངས་ཆ་་ངོ་མ་བསྐྲུན་དགོས་པ་ཡིན།
བཀའ་ཤག་ལ་སྐྱོན་བརྗོད་སོགས་བྱེད་དགོས་ན་ཡོངས་ཁྱབ་རང་བཞིན་དང་། མི་མང་འུར་འདྲོགས་ཀྱི་ཁོར་ཡུག་ཏུ་ཚ་འདེད་བྱེད་པ་ལྟ་བུ་མིན་པར་ཐད་ཀར་བཀའ་ཤག་དང་། སྤྱི་འཐུས་ལས་ཁུངས་སོགས་སུ་ཡི་གེ་བཏང་ཚེ་གོ་ཤེས་དང་། བསམ་ཤེས་ཚང་མ་བྱེད་སའི་ལྡིངས་ཆ་་ཡོད་ཡོད་པ་ཡིན་པས་ཁ་ནང་གི་རྨ་དེ་ཁ་ནང་དུ་སོས་ཐབས་ལ་ཚང་མས་དགོངས་བཞེས་གནང་རོགས།
སྐབས་དོན་ནི་ཁུག་རྟ་ལགས་ཀྱི་རྩོམ་ཡིག་དེ་སྒྲིག་འགལ་ལ་བརྩིས་ནས་ལས་གནས་ནས་ཕུད་པ་དེ་རེད། དེ་ལ་རྩོམ་ཡིག་གི་ནང་དོན་དང་སྒྲིག་གཞིས་ཉིན་གླ་བ་ལ་ཁྱབ་ཀྱིན་ཡོད་མེད་སྐོར་གླེང་ཤེས་ན་བཟང་གི དེ་མིན་བཀའ་ཁྲིའི་ཡོད་ཚད་ལ་ཟུར་ཟ་དང་དོགས་སློང་རིགས་བྱེད་རྒྱུ་སྐབས་དོན་མ་རེད། ཉ་དང་ཉུངས་མ་མ་བསྲེས་ན་བཟང། ངས་བཀའ་ཁྲིའི་དགོངས་བཞེས་ཡག་པོ་མ་ཐུབ་པའམ་ཉམས་མྱོང་གིས་མ་འདང་བའི་ཞན་ཆ་ཞིག་ལོས་ཡིན་འདོད། ཁོང་གི་བོད་ཡིག་དང་བོད་ཀྱི་རིག་གཞུང་གི་ཤེས་ཚད་དམའ་ན་ཡང་་ཤེས་ཡོན་སྲིད་བྱུས་ཡར་རྒྱས་གཏོང་འདུན་ཡོད་པར་གསུངས་ཤིང་ལྷག་པར་ཤེས་རིག་བཀའ་བློན་ཡང་རང་གིས་གཅིག་ལྕོགས་གནང་བས་བོད་ཀྱི་སྐད་དང་རིག་གཞུང་ལ་མི་དགའ་བ་སོགས་ཀྱི་གླེང་སློང་དེ་ཏག་ཏག་མ་བསྡད་མེད་པ་རེད། གླེང་སློང་འདི་མ་འོངས་པར་ག་ལེར་ཡོང་རྒྱུ་ཞིག་རེད། ཞན་ཆའམ་ནོར་འཁྲུལ་གང་ཞིག་བྱུང་བ་དེའི་ཐོག་ནས་དགོངས་བཞེས་གནང་རོགས་ཀྱི་རེ་བ་དང་བསམ་ཚུལ་ཅི་རིགས་འདོན་འོས་པ་ལས་ས་མཚམས་ལས་བརྒལ་ན་མི་འོས། འདི་ཚང་མའི་ཡིད་ལ་འཛིན་རོགས།
ཧིན་དབྱིན་ཁྱར་ཁྱོར་འབྲི་ཀློག་བྱེད་ཙམ་ལས། །
ཤོག་བུའི་སེང་གེར་བོད་ཡིག་འགྲོ་ས་མེད། །
ངོ་བསྟོད་སྤྲེལ་ལད་ཁོ་ནའི་འཁྲབ་སྟོན་ལས། །
ལྷག་བསམ་དག་པའི་བསམ་འཆར་འགྲོ་ས་མེད། །
བློ་སེང་བསྟོད་པའི་ལྐུགས་པ་འགའ་ཞིག་ལས། ཌྷ།
ཁུག་རྟའི་ཤེས་འཇོན་ལྷག་བསམ་འགྲོ་ས་མེད། །
བློ་སེང་ཁོ་དང་རིགས་མཐུན་ཡིན་ན་ལས། །
གསར་འབྱོར་ཚོ་ལ་བློ་སེང་དགའ་རབས་མེད། །
ད་ལོའི་བཀའ་ཁྲིའི་ལས་རོགས་འདེམས་སྟངས་སོགས། །
དང་པོ་ཁྱབ་བསྒྲགས་ཇི་ལྟར་བྱས་མིན་དང་། །
མཐའ་མ་ལག་ལེན་དངོས་སུ་བསྟར་བ་བཅས།
མང་པོ་མི་བཤད་ཀུན་ཀྱིས་ཤེས་ཚོད་ཡིནཌྷ། །
འདི་མང་ཚོགས་ཀྱིས་གསལ་གསལ་ཞིག་ཤེས་ཐབས་བྱེད་འདོད་ན། 1 ཁུག་རྟས་ལས་ཀ་བྱེད་པའི་ཆོད་གན་གྱི་གསལ་ཁ་དང་གཅིག 2 དེ་ནས་བློ་སེང་ལ་དཔྱད་བརྗོད་བྱས་པའི་རྩོམ་ཡིག་དང་གཉིས། 3 དེ་རྗེས་བླང་དོར་སྒྲིག་གཞི་དང་འགལ་འདུག་ཟེར་བའི་སྒྲིག་གཞིའི་དོན་ཚན་གང་ཡིན་དང་གསུམ། 4 ད་དུང་དེ་ལུགས་ཀྱི་ཁུག་རྟ་ལ་གཞུང་གི་ཡི་གེ་འབྱོར་བ་དེ་དང་བཞི་ངེས་པར་དུ་འདིར་དོན་བསྡུས་སམ། གསལ་པོར་འགོད་དགོས་ཀྱི་འདུག
དེ་མིན་འགོད་མཁན་གྱིས་གནད་དོན་ཟུར་ཞིག་བཀོད་པ་དང་། དེའི་རྗེས་ཀྱི་ཞར་མིག་ཅན་ཚོས་ཆོལ་ཁའི་སྐད་རེ་དྲོད་ཡོང་བ་རྣམས་ནི་རྩ་ཚང་བའི་ལས་ཀ་ཞིག་མ་རེད།
འོ་རེད། ཀླུ་སྨྱོན་གྱིས་དགེ་རྒན་ཞིག་དགོས་ཟེར། དེ་འདྲ་དགོས་ན། འགའ་རེས་ཁྱེད་རང་འོས་ཚུལ་ལབ་འདུག་ལ། ད་དུང་དགོས་ན་སྤྱི་རྒྱུ་སྒེར་བདག་བྱས་ནས་ཐད་བསྐོས་སྤྱི་འཐུས་དང་། བཙན་བྱོལ་སྒྲིག་འཛུགས་རྒྱ་གར་གཞུང་གི་ཁྲིམས་ལ་བསྐྱལ་ཡང་། གཞུང་གི་སྤྱི་འཐུས་གྲོས་ཚོགས་ནང་བཞུགས་ཐུབ་མཁན། དབུས་གཙང་ཚོགས་པའི་ཚོགས་གཙོ། རྡ་སའི་ཟླ་བ་ཚེ་རིང་དེ་བསྟེན་ཤིག་གུ། དེ་ཚོ་གླ་ཕོག་གིས་མ་ཁུག་ན། དེའི་འོག་གི་དེ་ཚོ་ཡར་འདེགས་བྱེད་མཁན་གྱི་མི་མང་ནས་འཚོལ་ཤིག་ལོ།
འགྲན་སེམས་རྐྱང་བྱས་ནས་བསྡད་དང་སྡོད་ཀྱིན་པ་ནི་ང་ཚོའི་རང་བཞིན་ངོ་མ་དེ་ཡིན། ང་ཚོ་གཟབ་དགོས་པར་མཐོང་། འདི་ལྟར་མ་རེད༌༌༌༌༌
དོ་བདག་གིས་བཀའ་ཁྲི་ལ་དངོས་སུ་མཇལ་ནས་དགོངས་སེལ་དང་གསལ་བཤད་གནང་འདུན་ཡོད་པ་དེ་ཀུན་སྤྱོད་ཀྱི་ཆ་ནས་བཟང་པོར་མཐོང་སོང། དེ་ལ་བཀའ་ཁྲིས་ཡ་ལན་མ་གནང་བའི་རྣམ་འགྱུར་དེ་དཀྱེལ་ཡངས་ཐབས་མཁས་ཀྱི་གནང་སྟངས་ཤིག་མ་རེད་སྙམ།
བདག་གི་བསམ་ཚུལ་ལ་བཀའ་ཁྲིའི་འཁོར་ན་བོད་ཡིག་དང་བོད་ཀྱི་རིག་གཞུང་ལ་བྱང་ཆ་ཡོད་པའི་མི་འགའ་རེ་ཡོད་ན་ལས་དོན་ཐད་ལ་ཡང་ཕན་ཐོགས་ཆེ་སྙམ། གལ་ཏེ་ཐབས་ལ་མཁས་པ་ཞིག་ཡིན་ན་ཤེས་ཡོན་ཅན་གྱི་མི་གཅིག་རེ་ཡང་ཚུར་གྲོགས་སུ་འགུགས་པར་བརྩོན་པ་ལས་ཁ་ཁག་རིང་དུ་གཏོང་ཅི་ལ་འོས། རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས་ལ། དོན་ཆེན་སྒྲུབ་ན་ཁོག་རྒྱ་ཡངས་དགོས་པའི་གཏམ་དཔེ་འདི་དཔོན་ཆེན་ཞིག་ལ་མཚོན་ངེས་པར་ཉམས་ལེན་གནང་དགོས་པའི་རྩ་ཆེའི་ལེགས་བཤད་ཅིག་ཅི་ལ་མིན། ཉམས་མྱོང་འདིའི་ཐོག་ནས་བཀའ་ཁྲི་རང་ཉིད་ཀྱིས་གཙོས་པའི་མི་དམངས་ཀྱི་དཔོན་ཆེན་རྣམ་པས་ཐབས་མཁས་ཐུགས་རྗེ་དང་ལྡན་པའི་མཛད་པ་རེ་གནང་སྐྱོང་ཡོང་བར་གཞེན་སྐུལ་ཞུ་འདོད་བྱུང། འདི་རིགས་ནི་ལས་དོན་བྱེད་ཐབས་ཀྱི་ནོར་འཁྲུལ་རིགས་ཤིག་རེད། ང་ཚོའི་འཐབ་རྩོད་ཀྱི་རྒྱབ་རྟེན་བདེན་དོན་དང་རྨང་གཞི་ཆིག་སྒྲིལ་ཡིན་པས། གོང་རིམ་ནས་ལས་དོན་ལ་ནོར་འཁྲུལ་ཡང་ཡང་ཤོར་ན་འོག་རིམ་དང་བར་ཐག་རིང་བར་འགྲོ་བའི་ཉེན་ཁ་ཆེ། དེ་བས་ཚང་མས་བསམ་ཤེས་རེ་གནང་ནས་ཆུང་ཆུང་ཆེན་པོ་མ་བཟོ་་་ཆེན་པོ་ཆུང་ཆུང་ཡང་མ་བཟོ། ནོར་འཁྲུལ་ནོར་འཁྲུལ་དུ་ངོས་འཛིན་གྱིས་ཡོ་བསྲང་གནང་ན་ཚར་བ་རེད། དཔོན་འབངས་ཁོ་རང་གཉིས་སྒེར་ངོས་ནས་བར་ཐག་རིང་དུ་མི་གཏོང་རྒྱུ་ངའི་རེ་བ་གཙོ་བོ་ཞིག་ཡིན། ཆིག་སྒྲིལ་ནི་བཀའ་ཁྲིའི་དམ་བཅའ་ཞིག་ཀྱང་ཡིན་པས་ལས་དོན་འདི་དག་ཆིག་སྒྲིལ་དང་འབྲེལ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན་འདི་མི་གཅིག་རང་མིན་པར་ཤེས་ཡོན་ཅན་གྱི་དཔུང་སྡེ་དང་འབྲེལ་བ་ཆགས་ཀྱིན་ཡོད། དེ་བས་ལྷ་རབ་བྱུང་ན་ཁུག་རྟ་དང་ཕྱག་འཇུ་ཐེངས་གཅིག་བཏང་ན་ཅིས་མི་དགའ། འདི་ནི་སྐུ་ཞབས་མེ་ལྕེ་ལགས་ཀྱིཅེས་པའི་དཔྱད་བརྗོད་ཀྱི་སྙིང་དོན་དང་ཡང་འབྲེལ་བ་ཡོད།
ཤར་ཕྱོགས་ཁུག་རྟ་ལགས་ཁྱེད་ལ་མིའི་མཚན་ཉིད་ཡོངས་སུ་ཚང་འདུག་ཁྱེད་ལྟ་བུའི་བསམ་ཤེས་ཅན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་ལ་ཧ་ཅང་དཀོན་པོ་འདུག་ཁྱེད་ཀྱི་ཐུགས་འདོད་བཞིན་འགྲུབ་པའི་རེ་བ་ཡོད།
དེ་མིན་ལག་པའི་ཕྱི་ནང་མི་ཤེས་པའི་དྲ་འབུ་དང་ཆོལ་ཁའི་འཐེན་ཁྱེར་སྤྲིན་ནག་ཞིན་འཚུབ་པའི་ཀླད་སྟོང་རྣམས་ལ་ཞུ་རྒྱུར་བཀའ་སྤྱི་གཉིས་ལ་རྨ་འབེབ་བྱེད་རྒྱུ་དེ་ཡག་པོ་ཞིག་མ་རེད།
དེ་ལས་དེང་སྐབས་རྒྱ་དམར་ནས་བོད་མི་ཚང་མ་མངོན་གསལ་མེད་པའི་འཇིག་སྐུལ་རིང་ལུགས་པ་རེད་ཟེར་གི་འདུག་དེ་ལ་ལན་འདེབས་འདྲ་བྱས་ན་ཡག་གི་རེད།
དཀོན་མཆོན་མཁྱེན། འདི་ཡང་དགྲ་དགའ་གཉེན་སྡུག་གི་ཉོག་འཛིངས་ཤིག་གི་རྐྱེན་དུ་མི་འགྱུར་བར་སྨོན།
བདེན་པ་རྒྱལ་འགྱུར་ཅིག །
ཁུག་རྟ་ལགས་ཀྱིས་སྙན་སེང་དང་དགོངས་སེལ་འདི་འདྲ་ཞིག་ཞུས་རྗེས་སེམས་ཐག་གཙང་བཅད་ཀྱིས་ཟུར་ཐོན་སྒེར་སྡོད་བྱས་ན་ཡག་གི་རེད། ཁོག་ན་ལར་ཞེན་དང་ལག་ན་རྣོ་སྨྱུག་ཐོགས་ཡོད་དུས་གང་འགྲོ་གང་འདུག་རེད། ཁྱོད་ལ་དེ་འདྲའི་ཨུ་ཐུག་དགོས་དོན་ཅི་རེད།
གཞན་ནས། སེངྒེ་བཀའ་ཤག་གི་དཀྱིལ་འཁོར་འདི་རྡོག་རྡོག་མར་རིལ་འདྲ་ཞིག་བཟོ་དགོས་ན་ཡིན་གཅིག་ཤེལ་གྱི་འོ་ཟྭོ་ནང་ས་ཕྱོགས་ཀུན་ནས་རང་རང་གི་འོ་མདའ་སྤྱད་ནས་ཡག་ཐག་ཆོད་ཅིག་དཀྲོག་དགོས་པ་རེད། གལ་སྲིད་གང་གང་ཡག་ཡག་ཅིག་མ་དཀྲོག་པ་ཡིན་ན་མར་མི་ཐོན་པ་མ་ཟད་དར་ར་ཡང་འབྱུང་གིན་མ་རེད།
ཡིན་ན་ཡང་དཀྲོག་དུས་དཀྲོག་སྟངས་ཤེས་དགོས་པ་རེད། བྱེད་སྟངས་དེས་གཞུང་མང་གཉིས་ཀྱི་མ་འོངས་པའི་ལམ་ཁ་ཡག་པོ་བཟོ་ཐུབ་གི་རེད། བཀའ་ཤག་གི་ལས་ཀ་ག་རེའི་ཐོག་ལ་ཡིད་གཟབ་ཡོང་གི་རེད།
ད་གནད་དོན་འདི་གླེང་སྟངས་ཤུགས་ཆེ་རུ་འགྲོ་སོང་། ཕ་ཡུལ་དྲ་ཚིགས་ན་༼སེང་གེ་བཀའ་ཤག་གི་མདུན་ལམ༽ཞེས་པ་བཀའ་ཤག་ལྟར་ན། ལས་བྱེད་སྒྲིག་གཞི་དང་འགལ་འདུག་ཟེར་བ་དེ་དབྱིན་ཡིག་ཏུ་བསྒྱུར་བ་ཞིག་བཀོད་ནས་ཀྱང་གླེང་གི་འདུག ད་རེས་བོད་ཡིག་ཤེས་མཁན་དང་དབྱིན་ཡིག་ཤེས་མཁན་ཕྱོགས་གཉིས་ཀའི་སྐད་གསེང་མཐོ་ཐག་ཆོད་རེད།
བོད་ནང་གི་དྲ་ཚིགས་ཁག་ཅིག་གིས་ཀྱང་གླེང་གི་ཡོད་པ་འདྲ།
ཤར་ཕྱོགས་ཁུག་རྟས། ཐག་གཅོད་འདིའི་མགོ་མཇུག་བར་གསུམ་གྱི་གནས་སྟངས་དྲ་ངོས་སུ་འགོད་པ་གལ་ཆེ་བར་མཐོང་གི་ཡོད། བཀའ་ཤག་གིས་ཐག་གཅོད་དེའི་ནང་ན། དོན་ཚན་བྱེ་བྲག་པ་འདི་དང་འགལ་འདུག་ཅེས་པ་ཞིག་ཏན་ཏན་ཡོད་རྒྱུ་རེད། དེ་མིན་ལས་བྱེད་སྒྲིག་གཞིའི་དོན་ཚན་དང་པོ་ནས་མཇུག་གི་དོན་ཚན་བར་གྱི་ཚན་པ་ཚང་མར་འགལ་སྟངས་ཤིག་ཡོང་ཤེས་ཀྱི་མ་རེད།
ཡང་རྩོམ་ཡིག་འདིའི་ཁ་བྱང་ནས་མཇུག་གཏམ་བར་གྱི་ཡི་གེ་དང་ཚིག་ཚང་མ་ལས་བྱེད་སྒྲིག་གཞི་དང་འགལ་འདུག་ཅེས་ཀྱང་བཤད་ཐུབ་ཀྱི་མ་རེད། བཀའ་ཤག་ལྷན་ཚོགས་འཚོགས་ནས་རྩོམ་ཡིག་འདི་ལ་གནད་དོན་ཡོད་མེད་གླེང་ཡོད་པ་རེད་ཅེས་གངས་སྐྱིད་ན་གོ་རྒྱུ་འདུག་སྐད། གལ་སྲིད་མགོ་ཁ་བྱང་ནས་མཇུག་ཚིག་གི་བར་ཚང་མ་ལས་བྱེད་སྒྲིག་གཞི་དང་འགལ་ཡོད་པར་ཐག་བཅད་ཡོད་པ་ཡིན་ན། དབྱངས་གསལ་སོ་བཞི་འདི་ད་རེས་ཀྱི་བཀའ་ཤག་གིས་ལས་བྱེད་སྒྲིག་གཞི་དང་འགལ་ཡོད་པར་བཤད་པ་དང་གཅིག་མཚུངས་རེད།
དཔལ་ལྡན་མི་རྗེ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་དབུས་བཀའ་བློན་ལྷན་རྒྱས་ནས་རྩོམ་པ་པོ་བློ་བཟང་ཆོས་འབྱོར་གྱིས་ཞུ་དོན་བཞིན་ད་ལན་ཐེང་གཅིག་དགོངས་སེལ་ཞུ་རྒྱུ་གོ་སྐབས་དགོངས་བཞེས་གནང་ཐབས་ཡོད་ན་སྐྱབས་འཇུག་ཞུ་རྒྱུ་དང་། མདོར་ན་དགྲ་དགའ་གཉེན་སྡུག་ཞིག་མི་ཡོང་བ་ཅི་ནས་ཀྱང་དགོངས་བཞེས་གནང་སྐྱོང་བ་ཞུ།
གཞི་ནས་ཤེས་སོང་རྗེས་སུ་སྨོན་ལམ་ཡོད་།
འདི་ནི་ཤར་ཁུག་གིས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་སེལ་དང་རེ་སྐུལ་མཉམ་ཞུས་བྱས་པ་ཞིག་རེད། འདི་ལས་ཤར་ཁུག་གི་ལྷག་བསམ་རྣམ་དག་ཡིན་པ་མཐོང་ཐུབ། ཤར་ཁུག་ལ་མཚོན་ན། ༧གོང་ས་མཆོག་གིས་དབུས་པའི་བོད་གཞུང་དམངས་ལ་ཞབས་ཞུ་བསྒྲུབ་སའི་སྡིངས་ཆ་གལ་ཆེ་ཤོས་ནི། ཉིན་གླའི་ངོ་བོར་གནས་པའི་གཞུང་འབྲེལ་ལན་འདེབས་ཚོགས་ཆུང་འདི་ཉིད་ཡིན་རབས་ཐོས། དེ་མིན་རང་དབང་མེད་པ་དང་། རྩོད་གཞི་ཅན། ཉིན་གླའི་ངོ་བོ་ཙམ་པོ་ཞིག་ལ་གནས་ལུགས་དང་འབྲེལ་བའི་རེ་སྐུལ་ནན་པོ་འདི་འདྲ་ཤར་ཁུག་གིས་བྱེད་ཀྱི་མ་རེད་བསམ། འོན་ཀྱང་ཡ་མཚན་པ་ཞིག་ནི། ཤེས་ཡོན་པའི་སྡེ་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡོངས་བསྒྲགས་བྱས་པའི་སེང་གེའི་བཀའ་ཤག་གི་སྒེར་གཅོད་དེ་རེད།
རྡ་རམ་ས་ལར་སྐད་ཡིག་ཚོགས་པ་ཞིག་ཡོད་པ་རེད་ཟེར། ཁོང་ཚོས་ད་ཐེངས་ཤར་ཁུག་ལ་གཟེངས་རྟགས་ཞིག་གནང་དགོས་ཀྱི་འདུག དེ་མིན་བློ་བཟང་སེང་གེས་གནད་དོན་འདི་གསལ་བཤད་བྱེད་དགོས་ཀྱི་འདུག གལ་སྲིད་ཁོང་ནོར་ཡོད་ན་དགོངས་སེལ་ཞུ་དགོས་ཀྱི་རེད།
ད་དུང་གསལ་བོ་གང་ཡང་ཆགས་མ་སོང་། ཤར་ཁུག་རང་གིས་ཁ་གསལ་བོ་གྲགས་གིན་མི་འདུག་ག སུ་བདེན་སུ་མི་བདེན་སུས་ཧ་གོ ངའི་རེ་བ་ལ་དོ་བདག་རང་གིས་དགོས་ངེས་ཡིག་ཆ་ཁག་གསལ་བོ་མ་བྱུང་བར་ཉོག་བཤད་མང་པོ་མ་བྱས་ན་ལེགས
བཀའ་བཤག་གི་བཅད་ཕྲ་བཏང་བའི་ནང་དོན་ངོ་བཤུས་ཞིག་འདིར་འགོད་ཐུབ་ན་དྲན་བདེན་ལ་ཐུགས་ཕན་སེལ་ངེས་ལ། དེ་མིན་ད་ལྟའི་འཆར་ཕྱོགས་གཅིག་ཁོ་ནའི་སྐད་ཆར་བརྟགས་ནས་བསམ་ཚུལ་བཤད་པ་ཡིན་ན་དྲངས་བདེན་ཞིག་ལ་འགྲོ་མིན་སོམ་ཉི་རྟེན་བཀའ་བཤག་གི་མཛད་ཕྱོགས་དང་ཤར་ཁུག་སུའི་ནོར་འཁྲུལ་ཡིན་མིན་ཤོད་རྒྱུར་ཐུགས་བྲོས་མ་གནང་ན་ལེགས།
དྲ་གྲོགས་ཚོ། སེང་གེ་བཀའ་ཤག་ལ་ཁྲིམས་དང་སྒྲིག་གཞི་བཤད་མ་བཤད་ཡོད་པ་མ་རེད། གྷན་ལྡིའི་ཚིག་གཅིག་ཞུས་ན་ཁྲིམས་རྩོད་པ་རྫུན་བཤད་མཁན་ཡིན་ཞེས་པ་འདི་རེད། སྐབས་ཤིག་དམ་པ་ཁོང་ཁྲིམས་རྩོད་པར་སོང་ནས་རྫུན་ཅིག་ལ་རྒྱལ་ཁ་ཐོབ་ནས་ཁྲིམས་རྩོད་པའི་ལས་ཀ་གནང་ཡོད་པ་མ་རེད། ངས་འདི་དྲངས་དོན་བློ་སེང་ལ་ཁྲིམས་རྩོད་ཀྱི་སྐད་གྲགས་ཡོད་པ་རེད་ཟེར་བ་མིན་ཡང་། རྫུན་བཤད་ཤེས་ཀྱི་རེད། ང་ཚོས་གསལ་བོ་ཤེས་པ་ནི་འཇམ་ནོར་གྱིས་བཤད་པ་བཞིན་བློ་སེང་ཁྲིམས་ལུགས་ཆེད་མཁས་པ་ཡིན་ཡང་ཁྲིམས་ཀྱི་འདུ་ཤེས་མི་འདུག་ཞེས་པ་འདི་ཡིན། གསལ་བཤད་ནང་དུ་ལྟོས་ན་དྲང་བདེན་གྱི་གོ་རིམ་མ་བརྒྱུད་པ་མ་ཟད། བཟང་སྤྱོད་ཀྱི་ངོས་ནས་ཀྱང་དགོངས་སེལ་དྭངས་ལེན་བྱས་མི་འདུག་པ་མ་ཟད། དོ་བདག་ཁོ་རང་ལ་མཐོང་ཆུང་འདྲ་བོ་བྱས་འདུག མི་མང་གིས་ཐད་ཀར་འོས་ཤོག་འཕངས་ནས་འདེམས་པའི་བཀའ་ཁྲི་ཁོང་གིས་མི་མང་ལ་བརྩི་བཀུར་མ་ཞུས་ན་མི་མང་གིས་ཁོང་ལ་ཅི་ལྟར་བརྩི་བཀུར་བྱེད་དགོས་པ་རེད།
གད་སྲིད་་ལས་བྱེད་ཞིག་ཡིན་ན་ལས་ཀ་བྱེད་ས་དེའི་་ཁྲམས་དང་སྒྲིགས་གཞི་ལ་རྩི་བཀུར་བྱེད་དགོས། གང་མིན་སྒེར་ངོས་ནས་བསམ་ཚུལ་འདྲ་མིན་གྱི་སྒྲོགས་གཏམ་དང་སྐྱོན་རྗོད་བྱས་ན་ལས་ཀ་བྱེད་ཡུལ་དེ་ལ་འགོགས་རྐྱེན་ཡོང་སྲིད་པ། སྒེར་གྱིས་བསམ་ཚུལ་འདྲ་མིན་བྱེད་འདོད་ཡོད་ན་ལས་མི་ནས་དགོངས་ཞུ་གནང་དགོས་ཀྱིས་རེད་བསམ་སོང་། སྔོན་བྱུང་ཉུང་བས་ཨ་མདོ་ཀླུ་ཁར་བྱམས་ཟེར་བ་ཞིག་གིས་གཞུང་ལ་སྐྱོན་བརྗོད་ཀྱིས་བསམ་ཚུལ་འདྲ་མིན་བཤད་ནས་དགོངས་ཞུ་གནང་དགོས་བྱུང་སོང་བ་རེད། སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ཟེར་བ་འདེ་གཉིས་གནས་སྟེང་གཅིག་པ་མིན་འགྲོ་བསམ་སོང་།
འོ་ན་འགོ་ཁྲིད་ལ་རུལ་སུངས་ཡོད་ཀྱང་དེའི་འོག་གི་ལས་བྱེད་ཡིན་ན། སྐྱོན་བརྗོད་བྱེད་ཆོག་གི་མ་རེད་དམ། དེ་གཉིས་གནས་ཚུལ་ཁ་ཁ་རེད། བློ་སེང་གིས་སྦོམ་ཚིག་ཁོ་ནས་ཉི་མ་བསྐྱལ་བར་ཤར་ཕྱོགས་ཁུག་རྟས་རིག་པའི་གཞུང་ལུགས་ཀྱི་ནང་སྙིང་ཡོད་མེད་དང་དེ་དགོས་ཚུལ་དཔྱད་གཏམ་སྤེལ་མི་ཆོག་པ་ཅི་ཞིག་ཡིན་ནམ། འོ་ན། བློ་སེང་གིས་བཀའ་ཤག་གི་གཞུང་འབྲེལ་ཡིག་ཆ་ཨིན་ཡིག་ཐོག་བཟོ་བ་འདི་འཚབ་ཆེན་མ་རེད་དམ།
འདི་ནས་མཆན་ཁག་ཅིག་མར་རིམ་པས་བཀླགས་ཡོང་དུས་༡ཆོལ་ཁའི་གནད་དོན་གཅིག་གླེང་གི་འདུག ༢ གཞུང་དཀྲུགས་མ་བྱེད་ཅེས་གླེང་གིན་འདུག ༣ སྐད་ཡིག་གི་གནད་དོན་ཅིག་གླེང་གི་འདུག ༤ སྨྲ་བརྗོད་རང་དབང་གི་གནད་དོན་ཞིག་གླེང་གི་འདུག ༥ ཤར་ཕྱོགས་ཁུག་རྟ་སྒེར་གྱི་གནད་དོན་ཞིག་གླེང་གི་འདུག ༦བློ་བཟང་སེང་གེའི་སྐོར་ཅིག་གླེང་གི་འདུག ༧གསར་འབྱོར་གྱི་གནད་དོན་ཞིག་འདུག འདི་དག་གི་ཐད་ང་ལའང་འབྲེལ་ཡོད་རྒྱུ་ཆ་ཁག་ཅིག་བཀླགས་རྒྱུ་བྱུང་བའི་བསམ་ཚུལ་ཞིག་བྱུང་སོང་།
དང་པོ། ཆོལ་ཁའི་གནད་དོན་ཅིག་འདི་རུ་ཡོད་རྒྱུ་མ་རེད། གལ་སྲིད་ཡོད་པ་ཡིན་ན་བཀའ་ཤག་གིས་དེ་ལས་ལྷག་ཅིག་མེད་པའི་ནོར་འཁྲུལ་བྱས་པ་རེད། བཀའ་ཤག་གསར་བའི་ལྟ་བ་གསུམ་ལས་ཆིག་སྒྲིལ་གྱི་གཞི་རྩའང་འཆོལ་བ་རེད། ངའི་ངོས་ནས་བཀའ་ཤག་གིས་ཆོལ་ཁའི་གནད་དོན་ཞིག་སེམས་ལའང་དྲན་མེད་པའི་ཡིད་ཆེས་ཡོད།
གཉིས་པ། གཞུང་དཀྲུགས་ཀྱི་གནད་དོན་རེད། འདི་ཐད་དྲ་གྲོགས་ཁག་ཅིག་གིས་ཤར་ཁུགས་ཀྱིས་རྩོམ་བྲིས་པ་ལ་བརྟེན་ནས་ཕུད་པ་རེད། དེའི་ཐད་གླེང་སློང་བྱས་པ་གཞུང་དཀྲུགས་རེད་ཟེར་གྱི་འདུག འདི་ཡག་དག་པ་ཡིན་རྒྱུ་མ་རེད། ང་ཚོར་བོད་ནས་སྨྲ་བརྗོད་རང་དབང་དགོས། སྒེར་གཅོད་བྱས་མི་ཆོག ཕྱི་རྒྱལ་དུ་བཙན་བྱོལ་དུ་སྡོད་དུས་དེ་དག་མེད་ཀྱང་ཆོག་ཟེར་གྱུ་ཨེ་ཡོད། བློ་སེང་གིས་ཐོག་མའི་ཐག་གཅོད་ལ་འགྱུར་བ་མེད་པ་ནི་གོང་མའི་བཀའ་ལ་འགྱུར་བ་མེད་ཟེར་བའི་བཤད་རྒྱུན་དེ་འདྲ་བོ་འདུག་པས་འགྱུར་བའི་མེད་པའི་ཐད་གཅོད་འདི་ལ་དྲ་དམངས་ཀྱིས་གླེང་སློང་བྱས་ལོས་ཆོག འདི་གླེང་སློང་ལ་རྒྱབ་སྐྱོང་ཡོད།
གསུམ་པ། སྐད་ཡིག་གི་གནད་དོན་རེད། ༸གོང་ས་སྐྱབས་མགོན་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སུ་ཡིན་ཡང་བོད་ཕྱི་ནང་གཉིས་ནས་སྐད་ཡིག་འདི་རྩ་ཆེན་པོ་ཡིན་པ་འདི་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་པོ་འདི་ཆིག་སྒྲིལ་གྱི་ངོར་གནས་ཐུབ་ཡོད་པ། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་འདི་བོད་སྐད་ཡིག་ལ་བརྟེན་ཡོད་པ་ཡིན་ཙང་བོད་སྐད་ཡིག་འདི་བདག་པོ་རྒྱག་དགོས་པ་ཞིག་རེད་ཟེར་ནས་གསུངས་བསྡད་ཡོད་པ་རེད། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་འགན་འཁུར་བ་ནས་གཞུང་འབྲེལ་ནང་ཁུལ་གྱི་ཡིག་ཆ་ཆ་ཚང་བོད་ཡིག་ནང་ཡོད་དགོས་པའི་གཏན་འཁེལ་གནང་ཡོད་པ་མ་ཟད། རྒྱལ་ཡོངས་ཚོགས་ཆེན་དང་པོ་ནས་རྒྱབ་གཉེར་གནང་བ་བཞིན་བཀའ་ཤག་གིས་དེ་དོན་བཀའ་བཏང་ཡོད་པའི་སྐད་ཆའང་འདུག ལྷག་པར་ཏུ་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་བོད་ཡིག་འདི་གཞུང་ཡིག་ཡིན་པའི་གསལ་ཁ་གསལ་འདོན་གནང་ཡོད། བྱས་ཙང་། འདིའི་ཐད་བཀའ་ཤག་གསར་བས་དོ་སྣང་ཆེན་པོ་མ་གནང་ན་དེ་རྩ་དོན་ལ་འཐུས་ཤོར་རེད། དེ་ནས་བཀའ་ཤག་གསར་བ་འདིས་ལྷག་དཀར་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་ནས་ཡང་ནས་ཡང་དུ་བསྒྲགས་བསྡད་ཡོད་པ་རེད། ལྷག་དཀར་ལས་འགུལ་གྱི་རྩ་བའི་རྩ་དོན་དང་པོ་དེ་བོད་ཆས་གྱོན་རྒྱུ་དེ་མ་ཡིན་པར་བོད་སྐད་གཙང་མ་བཤད་རྒྱུ་དེ་རེད། བོད་ཆས་གྱོན་རྒྱུ་དང་། བོད་ཚོང་ཉོ་རྒྱུ་སོགས་ཆ་ཤས་རེད། འདི་ལ་བསམ་བློ་མ་བཏང་ན་ལུག་མགོ་བཤམས་ནས་ཁྱི་ཤ་བཙོང་བ་རེད། འདི་གནད་དོན་གཅིག་ཡིན།
བཞི་བ། སྨྲ་བརྗོད་རང་དབང་གི་གནད་དོན་རེད། སྨྲ་བརྗོད་རང་དབང་ཟེར་བ་འདི་ལ་སྤྱིའི་ཆ་ནས་མཚམས་དང་ཚུགས་ཡོད་པ་མ་རེད། ཡིན་ནའང་། སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པ་ཞིག་ཡིན་ན་དེ་ལ་སྒྲིག་གཞི་གཏན་འབེབས་ཀྱི་ཁྲིམས་ཡིག་དང་། དེ་དོན་འཁུར་དགོས་པའི་ལས་ཀྱི་བླང་དོར་ལམ་སྟོན་ནམ་བཀོད་ཁྱབ་ཡོད་པ་རེད། ཤར་ཕྱོགས་ཁུག་རྟ་འདི་གཞུང་གི་ལས་ཀ་བྱེད་མཁན་ཡིན་པ་ལ་ཉིན་གླ་ཡིན་ཟེར་གྱི་འདུག སྒྲིག་གཞི་འཁུར་མི་དགོས་པའི་གནས་ལུགས་བཀའ་ཤག་སྐབས་སྔོན་མར་བྲིས་རྩོམ་སྤེལ་བའི་ཁོངས་བསྐྱེལ་བྱས་འདུག བྱས་ཙང་། འདི་འདྲ་ཡོད་ཆོག་གི་རེད། དཔེར་ན་ཨ་རིའི་CNNལྟ་བུ་རེད། གཞུང་གི་འགྲོ་སོང་བཏང་ཏེ་གཉེར་བཞིན་པའི་གསར་འགྱུར་བརྒྱུད་ལམ་ཞིག་རེད་ལ། ག་རེ་བཤད་ན། གཞུང་ལ་སྐྱོན་འཛུགས་བྱེད་ན། གཞུང་ལ་དོགས་སློང་བྱེད་ན། ཁོ་ཚོའི་རང་དབང་རེད། ཤར་ཕྱོགས་ཁུག་རྟ་ལ་གློ་བུར་དུ་ལས་བྱེད་ཀྱི་སྒྲིག་གཞི་དང་འགལ་འདུག་ཟེར་དུས་བཀའ་ཤག་སྐབས་སྔོན་མ་དང་མ་འདྲ་བའི་གནད་དོན་འདི་ཁོང་གིས་གསལ་བོ་ཤེས་ཀྱི་མེད་ཟེར་ནས་གསལ་བཤད་དུ་འཁོད་འདུག འདི་ལ་ཁག་ཡོད་རྒྱུ་མ་རེད། ཁྲིམས་ཀྱི་འགྲོ་སྟངས་བྱས་ན་ལས་གནས་ལ་གསར་དུ་འཁོད་སྐབས་འདིའི་སྐོར་གསལ་ཁ་འདོན་རྒྱུ་གལ་ཆེན་པོ་རེད། གསལ་ཁ་མེད་པ་ཞིག་གློ་བུར་སྒང་ལ་བཞག་པ་ཡིན་ན་ལས་བྱེད་ཀྱི་ཆ་རྐྱེན་དང་གླ་ཕོགས་སོགས་ཕྱོགས་ཡོངས་ནས་དེ་བསྟུན་གྱི་ཐོབ་ཐང་ཞིག་རེག་དགོས་པ་རེད། དེ་འདྲ་བྱུང་དུས་ལས་བྱེད་དེ་ཉིན་གླ་ཆགས་ཀྱི་མ་རེད། ཐོབ་ཐང་ངམ་ཁེ་ཕན་ཅན་གྱི་ལས་བྱེད་ཆགས་ཀྱི་ཡོད་པ་རེད། འདིའི་ཐད་ནས་ཤར་ཕྱོགས་ཁུག་རྟ་ལ་བཙན་བཀའ་བཏང་བ་ལྟ་བུ་འདུག ཞིབ་ཏུ་དོ་བདག་ནས་རྗེས་མ་གསལ་བཤད་ཆ་ཚང་བ་ཞིག་ཡོད་ན་དེ་དུས་གླེང་།
ལྔ་བ། ཤར་ཕྱོགས་ཁུག་རྟའི་སྒེར་གྱི་གནད་དོན་ནམ། ཁོའི་མི་གཞིའི་སྐོར་འདིར་གླེང་བའི་དགོས་པ་མེད་པ་འདྲ། གང་ཡིན་ཟེར་ན་ལས་མཚམས་འཇོག་དགོས་པའི་གནད་དོན་གསལ་བོ་རེད། རྩོམ་ཡིག་ཅིག་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འགལ་འདུག་པས་ལས་མཚམས་འཇོག་དགོས་ཞེས་པ་འདི་གཞུང་ཕྱོགས་ནས་གསལ་སྟོན་གནང་འདུག དེའི་རྐྱེན་གྱིས་ཁྲིམས་ཀྱིས་གསལ་བོ་བཟོས་ཟིན་པའི་གནད་དོན་འདི་གཅིག་བུ་ལ་ངོས་ལེན་བྱེད་ཀྱི་རེད།
དྲུག་པ། བློ་བཟང་སེང་གེའི་སྐོར་དེའང་སྐབས་འདིར་དགོས་པ་མི་འདུག བློ་བཟང་སེང་གེ་ལའང་མ་འདང་ས་ཡོད་ཡོད་པ་རེད། འོན་ཀྱང་། སྐབས་འདིར་ཁོང་གིས་ཤར་ཕྱོགས་ཁུག་རྟར་གནང་བའི་ཐག་གཅོད་ཀྱི་བྱེད་བབས་དེ་ལ་བརྟག་པས་འཐུས་པར་སྙམ།
བདུན་པ། གསར་འབྱོར་གྱི་གནད་དོན་རེད། དེ་སྔོན་ཁོང་གིས་གསར་འབྱོར་གྱི་བཀའ་བློན་ཞིག་བསྐོ་བཞག་བྱེད་རྒྱུའི་སྐད་ཆ་ཡོད་པ་རྗེས་སོར་གསར་འབྱོར་དབྱིན་ཡིག་ཤེས་མཁན་ཞིག་མི་འདུག་ཅེས་བཤད་ཡོད་ཚོད། གནས་ལུགས་འདི་ཁྱད་མཚར་འདྲ་བོ་རེད་དེ་སྐབས་འདི་ལ་དེའི་གནད་དོན་ཡང་དགོས་པ་མི་འདུག དེ་རིང་དེ་ཙམ་ལགས།
དྲང་མོ་བཤད་ན་ཤར་ཁུག་ཁོས་འགྲེལ་བཤད་གསལ་བོ་ཞིག་བསྐྱོན་ཐུབ་ན་ད་གཟོད་གཞི་ནས་དཔྱོད་རྒྱུ་ཞིག་འདུག་ དེ་མིན་སུ་བདེན་བཤད་དཀའ་ཁག་པོ་རེད།
གཞུང་འབྲེལ་ཡིག་ཆ་དབྱིན་ཡིག་མ་བཟོས་ན་བཀའ་ཁྲི་མཆོག་གིས་བོད་ཡིག་མི་ཤེས་པའི། བཀའ་ཁྲི་མཆོག་ལོ་ལྔ་ལས་མེད་ཆག་ཐོག་གི་ཡིན་རྒྱུ་རེད། ད་དུང་དེས་ག་ལ་ཚད་ཕྱག་འབྲེལ་བཀའ་བློན་ཁ་ཤས་ཀྱང་བོད་ཡིག་རྩ་བ་ནས་ཤེས་ཀྱིན་མི་ཚོད་འདུག། རྒྱུ་མཚན་དེས་བོད་ཡིག་མཁས་པར་དགྲ་མཐོང་བ་ལྟར་བྱས་པ་རེད།། །།
དཔལ་ལྡན་བཀའ་བློན་ཁྲི་བ་བློ་བཟང་སེངྒེ་བཀའ་ཤག་དང་བཅས་པའི་སྙན་དྲུང་
དེུད།
སྐུ་ཉིད་གཉིས་མེད་སེང་གེར་མི་འགྱུར་བ་དང་། སྐུ་ཉིད་ཀྱིས་མ་ཎྀ་བཞིན་བགྲངས་ཟིན་པའི་གཞི་རིམ་གྱི་ལྟ་གྲུབ་གཅིག་སྒྲིལ་དང་། གསར་གཏོད།
རང་མགོ་རང་ཐོན་གསུམ་ལམ་ལྷོང་ཡོང་བ། དགྲ་དགའ་གཉེན་སྡུག་མི་འབྱུང་བ། དབང་ཆ་གཅིག་བསྡུད་རིང་ལུགས་པ་ལས་ཁྱད་པར་དུ་འཕགས་ཚུལ་འགྲེལ་བདེ་བ་སོགས་དགོས་པ་དུ་མའི་
ཆེད་དང་ལྷག་པར་དུ་བོད་མིའི་བརྒྱ་ཆ་དགུ་བཅུ་ཡན་ཟིན་པའི་གཞིས་ལུས་བོད་མི་རྣམས་བློ་ཕམ་མི་འབྱུང་བ་
བཅས་དགག་བྱ་དང་། དགོས་པ་དུ་མར་སྔ་ཕྱིར་གཟིགས་ནས། བརྒྱ་ཁ་གཅིག་སྤྱོད་མ་གནང་བར་ཁྱི་ལ་སེང་གེའི་མིང་གིས་བསྙད་པའི་སྒྲིག་འཛུགས་གི་ལན་འདེབས་པའམ་ཤར་ཁུག་མཚན་ཅན་མགྷགྲིན་ཚབ་པའི་དགོངས་སེལ་དང་ལེན་དང་རང་སྐྱོན་ངོས་ཟིན་པ་གནང་རོགས་གནང་ལ། ནང་དགྲ་མང་དུ་མ་གཏོང་རོགས་གནང་ཞེས་ལན་བརྒྱར་ཞུ་བ་ལགས་ན།
གོང་གསོལ་རེ་འབྲས་རྣམས་ཇི་བཞིན་འགྲུབ་པའི་སྨོན་འདུན་གྲངས་མེད་བཅས་གུས་འབངས་གོང་མིང་པས་
་ གུས་འཕུལ།
བཀའ་ཤག་གོང་མས་ཀླུ་བྱམས་གླེང་སྟེགས་སྐྲུན།།
དེ་ཡི་དྲིན་གྱིས་དམངས་གཙོ་མྱུར་དུ་འཕེལ།།
གངས་སེང་གཏུམ་པོས་ཤར་གྱི་ཁུག་རྟར་བསྡེགས།།
དེ་ཡི་མཛྷཇུག་འབྲས་ནང་དགྲ་སྤེལ་ལམ་ཅི།།
ཁུག་རྟ་བློ་སེང་གི་ཁྲིམས་དང་འགལ་ཡོད་མེད་ང་ལ་མཚོན་ན་ལྐོག་གྱུར་རང་རེད། གལ་སྲིད་ཁུག་རྟའི་འབོག་
རྩོམ་གྱི་བརྗོད་བྱ་མ་འོངས་བོད་ཀྱི་བསམ་ཚུལ་དང་ཡང་ན་ད་ལྟའི་རྡ་སའི་ཁྲིམས་ལུགས་དག་ཐེར་བྱས་པའི་
རྩམ་གཞུང་ཞིིག་ཡིན་ན། ཁྲིམས་དང་འགལ་ཚུལ་མེད་པར་འདོད། འོན་ཀྱང་བཀའ་ཁྲིའི་འདོད་པ་མ་མཐུན་
པ་ཙམ་གྱིས་ཁོང་ལས་གནས་ནས་ཕུད་པ་དངོས་ནས་ནོར་འཁྲུལ་རང་རེད། བོད་ཁྲིམས་དེ་དབྱིན་ཡིག་ཐོག་
བསྒྱུར་ཡོད་ན་འང་སྐྱོན་མི་འདུག་སྙམ། དེ་ཧིན་སྡི་དང་རྒྱ་ཡིག་སོགས་ལ་བསྒྱར་ན་་བཟང་བར་མ་ཟད་དགེ་
མཚན་ཆེ། དེ་ཡང་ལག་བསྟར་བྱེད་ཐུབ་པ་ཡིན་དེ་ལས་དགེ་མཚན་ཡོད། བློ་ཁུག་གཉིས་ཀྱིས་ཁྲིགས་བརྩི་དགོས། འོན་ཀྱང་བཙན་བྱོལ་འདི་ད་དུང་མང་གཙོ་དངོས་མ་ཞིག་གི་ཐོག་ལ་
འགྲོ་བཞིན་མེད་མར་ངས་སྔོན་མར་བཤད་མྱོང་ལ་ད་ལྟའང་ཤོད་ཀྱི་ཡོད་མ་འོངས་པར་བཤད་འདོད་ཡོད།
བོད་ཡིག་ཤེས་མཁན་ལ་རྒྱ་གཞུང་དང་བཙན་བྱོལ་གཞུང་གཉིས་ཀྱིས་ལས་དོན་གལ་ཆེན་རིགས་སྤྲད་ཀིན་མེད།། དེ་ནི་དོན་དངོས་རེད། ངའི་བསམ་ཚུལ་ནོར་བ་མིན་ན་་བོད་ཡིགནམེད་ས་ན་བོད་དོན་མེད་པར་འདོད་།
ངའི་བསམ་ཚུལ་ཡིན་པས་ཁྱེད་ཚོས་དཔྱོད། ཟིན་བྲིས་དག་ལས་ཆབ་བྲག་ཕོ་ཉ་ཅུང་ཉམས་མྱོངས་ཡོད།
གནད་དོན་འདིས་ངས་ཆབ་བྲག་པར་འཛིན་པའི་ལྟ་སྟངས་ལ་འགྱུར་བ་བཏང་ཡོད། གཤོག་པ་སྤུ་ཡོད་ལ་མེད་ལའི་བྱེའུ་ཕྲུག་འདི་ཟླ་བ་རྗེས་མར་ཉིན་གླའི་དུས་ཚོད་རྗོགས་པ་རེད་ཟེར་གྱི་འདུག ཁོས་འགྲོ་རན་ཁ་ལ་ཁུ་སིམ་སིམ་བྱས་ནས་མ་ཡིན་པར། ཁྱབ་བསྒྲགས་བྱས་ནས་སོང་བ་རེད། འདི་རྒྱ་གར་ཁྱབ་བསྒྲགས་ནས་དཔེ་བླངས་པ་རེད། ཞོར་དུ་མགོ་ཡང་དང་ཞེན་ཁོག་སྐམ་པོ་ཅན་ཚོ་བེད་སྤྱོད་བཏང་ཡོད།
རང་གིས་བཤད་པ་དེ་རང་གིས་དངས་ལེན་བྱེད་ཐུབ་དགོས་ནི་རེད། ནམ་རྒྱུ་མི་གཞི་ཡོད་མདོག་ཞིག་ཡིན་པ་ཞིག་བྱེད་རྒྱུ་ཡོད་གི་ད་ཐེངས་འུ་དེ་འདྲ་ཞིག་ཐུག་ནས་ཅི་བྱེད། ཕྱིར་བུད་ནས་རང་དབང་གི་སྨྱུག་ཐོག་པ་ཞིག་བྱེད་ན་ར་མི་བཟང་རྒྱུ་མེད་ཁུ ། ང་རང་དུས་ནམ་ཡང་ཁྱོད་ལ་ཡིད་ཆེས་དང་ཁྱོད་ལ་རྒྱབ་སྐྱོར་བྱེད་ནས་ཞིགཡིན ། གང་ལྟརཐེངས་གཅིག་ལ་རང་ཚུགས་ཤོར་སོང་ན་མི་ཚེ་གང་བོ་ཕྱིར་ཡོང་ནི་མ་རེད ། མི་ཞིག་ཡིན་ན་གཙོ་བོ་རང་ཚུགས་དང་ལ་རྒྱ་ཡིན་པ་ཁྱོད་ཀྱིས་སྔ་ས་ནས་རྟོགས་ཡོད་པ་ཀུན་གྱིས་ཤེས་གསལ་རེད །
ད་དུས་བབ་ན་གནས་ཚུལ་ཆ་ཚང་གསལ་བོ་གསལ་རྐྱང་བཀོད་འདུག གྲགས་ཅན་རྩོམ་པ་པོ་ལྷ་མོ་སྐྱབས་ཀྱིས་བདེན་དོན་དགུང་དུ་འཕྱར་བ་བོད་སྐད་ཡིག་རིག་གཞུང་ལ་ལྷག་བསམ་ཅན་ཚོས་བཀའ་དྲིན་ཞུ་འོས་པ་འདུག གནས་ཚུལ་ལ་ལྟ་དུས་དངོས་གནས་མ་ཉེས་ཁག་ཡོག་བཏང་འདུག ཁྱི་སྤྱང་ལག་སྦྲེལ་བྱས་འདུག བཀའ་བློན་དྲང་བདེན་པ་དེ་ཚོས་ཅི་ཞིག་གནང་བཞིན་ཡོད་དམ།
ཡ་ཡ། ད་ཁྱེད་རང་ཚོས་བྱེད་སྟངས་དང་བཤད་སྟངས་ལ་བྲོ་བ་ཞིག་མི་འདུག ༼རང་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པས། །གྱོད་ཁ་རང་གི་ལེན་པ་དང་།།རྒྱལ་ཁ་གཞན་ལ་འབུལ་བར་ཤོག ། ༽
༄༅།། ཀླུ་སྨྱོན་ལགས། ཁྱེད་ཀྱི་རྡ་སར་སྤྲིད་ལས་འཛིན་གྲ་ཞིག་དགོས་གལ་གསུངས་པ་དེ་ནི་ཅུང་ཐལ་དྲག་པ་ཞིག་ཏུ་མངོན། སྔོན་མ་བོད་དེ་སྐུ་དྲག་ཚོས་བསྐྱལ་བ་རེད་ཅེས་ཁང་ར་བྱེད་པ་དང་། ད་ལྟ་ཡང་སྤྲེད་ལས་མ་ཤེས་ན་མདུན་ལམ་མེད་ཚུལ་གསུངས་པ་དེ་ནི་བོད་པའི་གཏམ་དཔེར། སྡུག་ལས་རང་གི་མ་འཇོན། འདྲེ་མོའི་གནོད་པ་ཅེས་པ་དང་མཚུངས་པས་བློ་བཟང་ལགས་ཀྱི་མཆན་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།།
ཧཧ།ཨ་ཁུ་ཀླུ་སྨྱོན་གྱིས་གསུངས་པར་མངོན་པར་བསྟོད་དོ།།དངོས་གནས་རྡ་རམ་ས་ལ་ནི་ཕྱི་ལ་མང་གཙོའི་དར་ཆ་འཕྱར་ཙམ་ལས་དོན་ཐོག་ད་དུང་སྔོན་མའི་བཀས་བཀོད་རྒྱུད་འཛིན་དང་ས་འོག་ཐག་པ་འཐེན་རེས་ཀི་འགྲོ་སྟངས་རང་ཡིན།
འདི་ཚོར་ཕན་ཚུན་བགྲོ་གླེང་འདྲ་གང་ཡང་དགོས་དོན་མེད།རྡ་ས་ནས་ལོ་མང་ཉམས་མྱོང་བསོགས་དང་མྱོང་བ་མངོན་གྱུར་ཁོ་ན་ཡིན།སྤྲེལ་ལད་འཁྲབ་ངོ་སྟོད་བྱས།ལྟག་སྒོ་བརྒྱུད།ཡང་ན་དཔུང་ངོམ་དང་འཇིགས་སྐུལ་སོགས་མ་བྱས་ན་ཉམས་ཆུང་ལ་ངོ་སྦྱོར་ཡིག་ཆ་ཅིག་རག་རྒྱུའང་དཀའ་མོ་ཡིན།
དེ་འདྲ་ལ་བརྟེན་ཉམས་ཆུང་ཚོར་བཙན་གཞུང་གི་ཡིག་ཆ་ངོ་སྦྱོར་སོགས་བདག་སྤྲོད་ཡོང་ཐབས་ད་ལོ་གྲོས་ཚོགས་ནང་གྲོས་ཆོད་འདྲ་བོ་ཅིག་ཀྱང་བཞག་སོང་ང་།མེ་མེད་ན་དུ་བ་ཡོང་དོན་མེད་ཀ།
གཞུང་འདི་ལ་བདུད་རྒན་མཱོའོ་ལྟ་བུ་སྙིང་རྗེ་མེད་པའི་གསར་བརྗེ་མཁན་ཅིག་མ་ཡོང་ན་རེ་བ་རྩ་བྲལ་ཡིན།
༡༽རྩོམ་ཡིག་གི་ཐོག་ནས་དགྲ་བོའི་གཉའ་གནོན་བྱེད་ཀྱི་ཐོ་བ་དང་།རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་གྱི་རྫུན་མཚང་རྡོལ་མཁན།༧གོང་ས་མཆོག་ལ་སྒྲོ་བསྐུར་མཁན་རྣམས་ཀྱི་སྨྲ་བའི་མགྲིན་ལམ་དོག་པོར་བཟོ་མཁན།དོན་དམ་གྱི་བཙན་བྱོལ་སྒྲིག་བཙུགས་ཀྱི་མགྲིན་ཚབ་པ་བློ་བཟང་ཆོས་འབྱོར་ལགས་སུ་ང་ཚོས་བཀུར་ཡུལ་བཙན་བྱོལ་སྒྲིག་བཙུགས་ནས་ལས་གནས་མཚམས་འཇོག་ཀྱི་བརྡ་ཐོ་འབྱོར་བ་དེ་ནི་དགྲ་དགའ་གཉེན་སྡུག་གི་གནད་དོན་ཚབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
༢༽བཀའ་ཤག་དང་ཤར་ཕྱོགས་ཁུག་རྟའི་གནད་དོན་འདིའི་ངོ་བོ་ནི་ཆོལ་ཁ་དང་།ཆབ་སྲིད།རིག་གཞུང་བཅས་ཀྱི་རྩ་དོན་རང་བཞིན་མིན་པར་བཀའ་ཁྲི་གསར་པས་ཤེས་ཡོན་ཅན་དང་རྩོམ་པ་པོའི་རིན་ཐང་མི་ཚོར་བར་དང་ཉམས་མྱོང་གི་མ་འདང་བར་རང་རློམ་དང་ཧོར་རྒྱུགས་ཀྱི་དབང་དུ་སོང་བར་ངོས་འཛིན་བྱེད་ཆོག
དེས་ན་དྲ་གྲོགས་ཚོས་ཀླུ་སྨྱོན་ནང་བཞིན་གྱི་གནད་དོན་འདི་དང་ཁོལ་ཁའི་སྐད་ཆ་འབྲེལ་ནས་མ་གླེང་ན་བཟང་།
༣༽ཐོག་མར་གནད་དོན་འདིའི་འབྱུང་ཁུངས་བཀའ་ཤག་གསར་པའི་གྲུབ་ཆའི་ནང་བོད་ཡིག་བྱང་ཆ་ཡོད་པའི་བཀའ་བློན་གཅིག་ཀྱང་བདམས་མེད་པ་མ་ཟད།བཀའ་བློན་རྣམ་པས་གཏམ་བཤད་གནང་སྐབས་བོད་སྐད་བྱང་ཆ་མེད་པའི་སྐྱོན་གནད་དེར།རྩོམ་པ་པོ་ཤར་ཁུག་ལ་བློ་འཚབ་བྱུང་ནས་༼སེང་གེའི་བཀའ་ཤག་གི་མདུན་ལམ་༽ཞེས་པའི་རྩོམ་ཡིག་འདི་བྲིས་པ་ཞིག་རེད།ང་ཚོས་མ་མཐར་རྩོམ་པ་པོའི་ཀུན་སློང་གི་རིན་ཐང་ལ་བསམ་གཞིགས་བྱེད་དགོས།
གླེང་གཞི་གཙོ་བོ་ནི་སྒྲིག་གཞི་དང་འགལ་མིན་དེ་རེད།གཞུང་ཞབས་པའི་སྒྲིག་གཞི་དེ་ཉིན་གླ་བར་ཚོར་ཁྱབ་ཀྱི་ཡོད་མེད་དེ་སྒྲིག་གཞིིའི་ནང་གསལ་ཁ་ཡོད་དང་མེད།གསལ་ཁ་མེད་ན་གནད་དོན་དེ་དེ་སྔ་སྤྱི་འཐུས་བསོད་སྟོབས་ཀྱི་རྙོག་གླེང་ནང་བཞིན་ལག་པ་འཇུ་ས་མེད་པ་ཞིག་ལ་གྱུར་ཉེན་ཡོད།
༤༽བཀའ་ཤག་གིས་ཐག་གཅོད་དེ་འདྲ་ཞིག་བྱས་པ་དེ་གནད་དོན་གཅིག་རེད།དེ་བས་ཐབས་སྡུག་པ་ཞིག་ལ་གནད་ལྷག་རྗེས་ཤར་ཁུག་གིས་བཀའ་ཤག་ལ་ཐེངས་༡༤ཙམ་ཕྱིན་ནས་བཀའ་ཁྲིར་གསལ་བཤད་ཞུ་ཐབས་བྱས་ཀྱང་བཀའ་ཁྲི་མཐོང་ཆུང་གནང་མེད་ལ་བཏང་བ་དེ་རེད།དེ་སྔ་བོད་རྙིང་པའི་བཀའ་ཤག་ལའང་གསལ་བཤད་ཞིབ་ལྷོད་ཞུ་སའི་ལམ་བུ་ཡོད་ཀྱང་།དེ་རིང་གི་མང་གཙོའི་བཀའ་ཤག་ལ་དེ་འདྲའི་ལམ་འགག་པ་དེ་མི་སེམས་སྐྱོ་དགོས་པ་ཞིག་རེད།
༥༽སེང་གེ་གངས་ལ་སྡད་ན་སེང་གེ་དང་།སེང་གེ་ཐང་ལ་བབ་ན་ཁྱི་རྒན་ཡིན་ཞེས་པ་ལྟར།ད་རེས་བཀའ་ཁྲིས་དབུ་ཁྲིད་གཅིག་གི་བསྡད་སར་རྩ་བ་ནས་བསྡད་ཐུབ་མེད།དཔེར་ན་གནད་དོན་ལྷག་རྗེས་ཤར་ཁུག་གིས་བཀའ་ཤག་ལ་ཐེངས་མང་ཕྱིན་ནས་བཀའ་ཁྲི་ངོ་མཇལ་གྱི་རེ་བ་ཞུས་བཀའ་ཁྲི་ཐུགས་འདོད་བྱས་མེད།མཐའ་མ་སྟབས་ཁེལ་ནས་བཀའ་ཁྲི་མཇལ་སྐབས་གསལ་བཤད་ཞུ་རྩིས་བྱེད་དུས།༼བཀའ་ཁྲིས་གསལ་བཤད་ལ་གསན་འཇོག་མ་གནང་བ་མ་ཟད། ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་བརྒྱ་ཆ་གཅིག་གཅོད་དང་སྒེར་གཅོད་ཀྱི་བྱ་ཐབས་དེ་རིགས་ནི་སྲིད་དབང་སྒེར་འཛིན་སྡུག་ཤོས་དེ་རེད།རྒྱ་དམར་གྱི་མའོ་ཙེ་ཏུང་ཡང་ནོར་འཁྲུལ་གྱི་འབྱུང་གཞི་གཙོ་བོ་དེ་རང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་རེ་རེ་བཞིན་མེད་པ་བཟོ་རྒྱུའི་ཆེད་ལས་འགུལ་སྣ་ཚོགས་སྤེལ་བ་དེ་ཁོ་རང་མི་ནོར་འཁྲུལ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད།
༦༽དེང་སྐབས་སྲིད་དབང་སྒེར་འཛིན་ནང་ནས་སྡུག་ཤོས་དེ་རྒྱ་གཞུང་ཡིན་པར་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད།ཡིན་ནའང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རང་དབང་གི་རྩོམ་པ་པོ་འོད་ཟེར་ལྟ་བུ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོ་ཐུབ་ཀྱི་ཡོད་ཀྱང་།བཙན་བྱོལ་བོད་མིའི་མང་གཙོའི་སྲིད་གཞུང་གི་གངས་སྐྱིད་ནང་རང་དབང་གི་རྩོམ་པ་པོ་འཚོ་མི་ཐུབ་པའི་གནས་སུ་ལྷུང་བའི་རྒྱུ་མཚན་གང་ཡིན་ནམ།
༧༽ལར་ནས་༼སེང་གེའི་བཀའ་ཤག་གི་མདུན་ལམ་༽ཞེས་པའི་རྩོམ་ཡིག་དེས་བཀའ་ཤག་གསར་པ་དང་བཀའ་ཁྲིར་ཕོག་ཐུག་ཅུང་ཟད་བྱུང་ཡང་།རྩོམ་ཡིག་འབྲི་མཁན་གྱིས་བོད་ཀྱི་རྩ་དོན་དང་སྐད་ཡིག་ལ་ཞེན་དྲགས་པས་བྲིས་པ་དང་།ལྷག་པར་རྩོམ་པ་པོ་ཁོང་གི་འདས་པའི་ལོ་འགའི་ནང་རྒྱ་གཞུང་ལ་དགག་ལན་རིན་ཐང་ལྡན་ལ་ཚད་གཞི་མཐོ་པོའི་རྩོམ་ཡིག་མང་པོ་སྤེལ་མཁན་དང་།རང་དབང་གི་རྩོམ་པ་པོ་ཚད་ལྡན་ཞིག་གི་མདུན་ལམ་བཅས་ཀྱི་ཐད་ལ་དཀྱེལ་ཡངས་ཀྱི་བསམ་གཞིགས་བྱེད་དགོས་མོད།དེ་ལྟར་མིན་པར་གནང་ཆུང་ཧུར་རྒྱུགས་ཀྱི་དབང་དུ་སོང་བ་དེ་ནི་ནོར་འཁྲུལ་གྱི་སྒོ་ནས་ནོར་འཁྲུལ་བཟོས་པ་རེད།
༨༽བཀའ་ཁྲིས་གནད་དོན་འདིའི་མཇུག་འབྲས་ལ་བསམ་བློ་ཞིབ་ཚགས་མ་བཏང་བར་ཧོར་རྒྱུགས་ཀྱི་ཐག་གཅོད་སྟབས་བདེ་ཞིག་བྱས་པས་འདི་ནི་ཆབ་སྲིད་པ་དང་དབུ་ཁྲིད་ཅིག་གི་ཉམས་མྱོང་མེད་པའི་ཞན་ཆ་སྡུག་ཤོས་ཤིག་རེད།དེ་སྔ་འོས་འགྲན་སྐབས་ཉམས་མྱོང་མེད་འདུག་ཅེས་པའི་སྐྱོན་བརྗོད་དེར་དན་རྟགས་དངོས་ར་ཁྲོད་པ་རེད།
གནད་དོན་འདིར་ཐག་གཅོད་ཡང་དག་པ་མ་བྱུང་ན་བཀའ་ཁྲི་ཁོ་རང་ལ་ཕུགས་སྐྱོན་ཡོང་གཞི་དང་སྐབས་རྗེས་མར་སླར་ཡང་འོས་ཐོབ་རྒྱུའི་བརྒྱ་ཆ་ངེས་ཅན་ཞིག་ཟག་རྒྱུ་ཡིན་པ་སྨོད་མེད་རེད།
༩༽མཐའ་དོན་བཀའ་ཤག་གསར་པར་རེ་སྐུལ།
གལ་སྲིད་ཁྱེད་ཚོས་ག་དུས་ཡིན་ནའང་བོད་ཀྱི་སྐད་ཡིག་ཅེས་སྒྲོག་བཞིན་པ་དེ་དོན་དངོས་སེམས་ཁོངས་སུ་ཡོད་ན་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བསམ་འཆར་དང་སྐྱོན་བརྗོད་ཉན་ནས་ཤར་ཕྱོགས་ཁུག་རྟ་གངས་ཅན་སྐྱིད་གཤོངས་ནང་བདག་པོ་བརྒྱབ་རོགས།
གལ་སྲིད་ཁྱེད་ཚོས་ཁྱད་ལས་མི་སྣ་སྐྱེད་སྲིང་ཞེས་ག་དུས་ཡིན་ནའང་སྒྲོག་བཞིན་ཡོད་ན་ད་ཡོད་རྩོམ་པ་པོར་རིན་ཐང་གི་འདུ་ཤེས་ཡང་དག་པ་ཞིག་ཡོང་ཐབས་བྱོས་རོགས།
གལ་སྲིད་ཁྱེད་ཚོས་ག་དུས་ཡིན་ནའང་བོད་ཀྱི་རིག་གཞུང་ཞེས་བཤད་བཞིན་པ་དེ་རྒྱ་གཞུང་གི་དྲིལ་བསྒྲགས་བཞིན་མིན་ན་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཚོར་རིན་ཐང་གི་ངོས་འཛིན་ཡང་དག་པ་བྱོས་རོགས།
༡༠༽ཤར་ཕྱོགས་ཁུག་རྟར་རེ་སྐུལ།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བཀའ་སློབ་གནང་དུས་གསུང་སྲོལ་ཡོད་པའི་ཚིག་ཅིག་དྲངས་ནས་བརྗོད་ན།བསམ་ཕོད་པ་དང་།བཤད་ཕོད་པ།འབྲི་ཕོད་པ་བཅས་ཕོད་པ་གསུམ་གྱི་སྙིང་སྟོབས་ལྡན་པའི་ཤར་ཕྱོགས་ཁུག་རྟ་ལགས།གལ་ཏེ་སྐུ་ཉིད་ད་ཐེངས་ཀྱི་ཆག་སྒོ་འདི་ལས་གཡོལ་མ་ཐུབ་ཀྱང་།གནད་དོན་འདིས་སྐུ་ཉིད་ཀྱི་སེམས་ཤུགས་དང་།ལྷག་བསམ།སྙིང་སྟོབས།རྒྱལ་ཞེན།ཤེས་ཡོན་པའི་ལྟ་བ།རྒྱ་གཞུང་མཚང་བྱིན་གྱི་རྩོམ་སྤེལ་རྒྱུ་བཅས་ཀྱི་ཆོད་སེམས་ལ་གཡོ་འགུལ་མ་ཐེབས་པའི་རེ་བ་ཞུ་རྒྱུ་ཡིན།ཁྱེད་རང་གིས་བསྐྱོད་བཞིན་པའི་ལམ་བུར་དགག་འཕྲང་དང་དྲག་ཆར་རླུང་འཚུབ་ཇི་ལྟར་འཁྲད་ཀྱང་གོམས་སྒྲ་མ་ཆགས་པའི་རེ་བ་ཞུ་རྒྱུ་ཡིན།དགེ་རྒན་ཆེ་མོ་ཆབ་བྲག་གིས་གསུངས་པ་བཞིན་ཚོགས་པ་གང་རུང་ཞིག་གི་ལས་དོན་སྣེ་མང་ལ་ཞུགས་རོགས།མ་ཟད་ཁྱེད་ཀྱི་རྩོམ་ཡིག་གསར་པ་བཀླག་རྒྱུར་སྒུག་བཞིན་ཡོད།
ཀླུ་སྨྱོན་ལགས།
ངའི་བསམ་པར་སྤྲེལ་ལད་དང་རང་ལྟ་མཆོག་འཛིན་གྱི་ཀླུ་སྨྱོན་བྱ་དགའི་འགྲན་ཚོགས་ཤིག་འཕྲལ་མར་གཉེར་ན་ཕལ་ཆེར་ཁྱེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་དག་མྱུར་དུ་ཡར་བསྐྱེད་འགྲོ་ངེས་ཡིན་ལ་ཁོང་ཚོས་ཨང་དང་པོ་ཤ་སྟགས་ལེན་ངེས་ཡིན་པ་གདོན་མི་ཟ་བས། དེ་ལྟར་མྱུར་དུ་དྲཱ་སྟེང་འདིར་སྔར་རྩོམ་རིག་བྱ་དགའི་འདྲན་རྩོམ་བཞིན་དབུ་
འཛུགས་གནང་རོགས་ཞེས་ཞུ་རྒྱུ་ཡིན་ན་དེ་དོན་དགོངས་འཇགས་མཁྱེེེན་མཁྱེན།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་གྱི་ལན་འདེབས་ཚོགས་པ་ཞིག་ཡིན་ན། ཚོགས་པ་འདི་གནད་འགག་ཆེ་ཤོས་རྒྱ་ནག་ལ་ལན་འདེབས་ཚོགས་ཞིག་ཡིན་ཙང་། ཚོགས་པ་འདིའི་ནང་ལ་མི་ཤེས་འཇོན་དང་ཆབ་སྲིད་ལ་ཉམས་མྱོང་དམིགས་གསལ་རྒྱ་ནག་གི་ཆབ་སྲིད་ཤོས་མཁན། སྤྱིར་འཛམ་བུ་གླིང་གི་ཆབ་སྲིད་གྱི་འགྲོ་སྟེང་ཤོས་མཁན་ངེས་བར་དུ་ཡིན་དགོས། ཁ་སང་དེ་རིང་གནད་འགག་གི་དུས་ལ་དེ་མེད་མཁན་ཞིག་ཡིན་ན་ག་རེ་བྱས་ན་དེ་བཀའ་ཁྲི་ལ་དབང་ཚད་ཡོད་པ་རེད། དེའི་འཚབ་ལ་མི་ལས་ཀ་དེ་བཅོས་ཐུབ་མཁན་ཞིག་འཇོག་དགོས། དྲ་གྲོགས་ཚང་མ་ལ་ཞུ་རྒྱུར། ཕྱོགས་ཞིན་མཐུན་འཁྱེར་གྱིས་རྩོད་རྒྱབ་ནས་ཆུ་ཚོད་འཕྲོ་ལག་ཏུ་མ་གཏོང་རོགས་གནང་།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་གྱི་ལན་འདེབས་ཚོགས་པ་ཞིག་ཡིན་ན། ཚོགས་པ་འདི་གནད་འགག་ཆེ་ཤོས་རྒྱ་ནག་ལ་ལན་འདེབས་ཚོགས་ཞིག་ཡིན་ཙང་། ཚོགས་པ་འདིའི་ནང་ལ་མི་ཤེས་འཇོན་དང་ཆབ་སྲིད་ལ་ཉམས་མྱོང་དམིགས་གསལ་རྒྱ་ནག་གི་ཆབ་སྲིད་ཤོས་མཁན། སྤྱིར་འཛམ་བུ་གླིང་གི་ཆབ་སྲིད་གྱི་འགྲོ་སྟེང་ཤོས་མཁན་ངེས་བར་དུ་ཡིན་དགོས། ཁ་སང་དེ་རིང་གནད་འགག་གི་དུས་ལ་དེ་མེད་མཁན་ཞིག་ཡིན་ན་ག་རེ་བྱས་ན་དེ་བཀའ་ཁྲི་ལ་དབང་ཚད་ཡོད་པ་རེད། དེའི་འཚབ་ལ་མི་ལས་ཀ་དེ་བཅོས་ཐུབ་མཁན་ཞིག་ངེས་བར་དུ་འཇོག་དགོས། དྲ་གྲོགས་ཚང་མ་ལ་ཞུ་རྒྱུར། ཕྱོགས་ཞིན་མཐུན་འཁྱེར་གྱིས་རྩོད་རྒྱབ་ནས་ཆུ་ཚོད་འཕྲོ་ལག་ཏུ་མ་གཏོང་རོགས་གནང་།
བློ་བཟང་སྟག་ལྷ་ལགས་་་ལྷག་བསམ་དང་དྲང་བདེན་ཉམས་མྱོང་བཅས་ཀྱི་ཕྱུག་པའི་མཁས་པའི་དབང་པོ་བླ་མ་ཟམ་གདོང་གིས། བཙལ་བ་དེ་ལས་ལྷག་པ་དྲང་བདེན་དང་ཉམས་མྱོང་གི་དབེན་པའི་བཀའ་ཁྲི་མཆོག་གིས་བཙལ་ན་རྙེ་རྒྱུ་ཁག་ཙམ་ཡིན་འགྲོ།།
བློ་སེང་སྙིང་རྗེ་རང་གིས་རང་ལ་བསྟོད་ར་བྱས་བྱས་པའི་མཐར་རྫོར་རྟགས་ཇེ་མང་ནས་ཇེ་མང་རེད། ད་བཀའ་ཁྲིའི་དུས་ཡུན་ལོ་ལྔ་པོ་དེ་ག་འདྲ་ཤིག་སྐྱེལ་ཐུབ་གི་རེད། ད་དུང་འདི་བཞིན་བྱས་ན་བཙན་བྱོལ་སྒྲིགས་འཛུགས་འདི་ཆུ་ལ་གཡུག་ཡགས་ཀྱི་ཉེན་ཁ་འདུག་གོ།
མ་གཞི་ཁོའི་གསང་བའི་སློབ་སྟོན་པ་ཁོ་རང་རུལ་ཚར་བའི་མི་ཞིག་ཡིན་ཙང་འབྲས་བུ་ཡག་པོ་ཞིག་མེད་པར་གསལ་པོ་རེད།
བློ་སེང་དེ་རྨོངས་དད་ཆེ་བའི་ཀླད་རྨོངས་བ་ཞིག་ཡིན་པ་སྔོན་ཤེས་ཡོད།
འོ་ན། བཙན་བྱོལ་བོད་མི་ཚོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་འདེམས་པ་དེ་ནོར་བ་རེད་ལ། ཆོལ་གསུམ་བོད་མི་ཚང་མས་འདེམས་པ་རེད་མ་གཏོག་མི་གཅིག་གིས་འདེམ་པ་མ་རེད། བསམ་བློ་ཡག་པོ་ཐོང་ཕྱོགས་ཞེན་དང་མཐུན་འཁྱེར་དཀྲུགས་ཞང་དེ་འདྲའི་སྐད་ཆ་བཤད་མ་ཡོང་། གཅིག་ཞེས་ན་འདིའི་རིག་འདི་རྒྱ་ནག་གི་སོལ་ཉལ་བ་མངགས་ནས་དཀྲུགས་ཤང་སློང་གི་ཡོད་པ་ཡིན་ན་ང་ཚོས་ཧ་གོ་མི་འདུག། ང་ཚོས་མཐུན་འབྲེལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། འདིའི་རིག་ལ་གཟབ་གཟབ་གནང་རོགས།
དངོས་གནས་བཤད་ན་ཁུག་རྟ་ལགས་ད་དུང་མུ་འཐུད་ནས་གཞུང་སྒེར་མཐོ་དམན་སུ་ཡིན་རུང་སྐྱོན་དང་ནོར་འཁྲུལ་ཡོད་ཚེ་གསལ་རྗེན་དུ་གཏོང་རོགས། དགའ་བསུ་ཡོད། སེམས་ཤུགས་མ་ཆག ། འདི་ནི་རྩོམ་པ་པོ་མཚན་ཉིད་ཚང་བ་ཞིག་ཡིན་ན་་་དེའི་ལས་འགན་རེད།
མ་གཞི་མཚང་འདྲུ་བ་ནི་བསླབ་བྱའི་མཆོག་ཡིན་པ་བཀའ་གདམས་པ་ཚོའི་གསུང་གི་ཡང་ཞུན་རེད།
དྲ་གྲོགས་ཚོ། དགེ་འདུན་རབ་གསལ་ལགས་ཀྱིས་འུ་ཅག་བོད་ཡིག་ཁོ་ན་བ་རྣམས་ལ་མིག་ཅིག་སྦྱིན་འདུག བློ་སེང་གི་ཕྱོགས་ངོས་གཅིག་རང་ཅག་གིས་ད་དུང་མ་མཐོང་བ་དེ་གསལ་བོ་རེད། ཁོང་གིས་ཁོང་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་འདི་ལྟར་རེ་རེ་བྱས་ནས་ཕུད་རྩིས་བྱས་ན་དེ་ནི་ཁོང་གིས་ལོ་ལྔ་ཚན་གཅིག་ཁུངས་མི་འཁྱོལ་བའི་ཏན་རྟགས་དངོས་གནས་དེ་རེད།
ངས་དངོས་སྒྲུང་ཞིག་བཤད། ཉེ་ཆར་ཧི་མ་ཅལ་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་ཞིག་འཚོགས་པ་རེད། སྐབས་དེར་བློ་སེང་ཡོང་ཡོད་པ་རེད། དེ་བཞིན་རྡ་ས་ས་གནས་འགོ་འཛིན། སྤྱི་འཐུས་ཁག་ཅིག་བཅས་མགྲོན་འབོད་གནང་འདུག སྐབས་དེར་བློ་སེང་གིས་ང་དང་ངའི་ཟེར་ནས་གཏམ་བཤད་གནང་བས་རྒྱ་གར་བ་རྣམས་ཉོབ་འདུག དེས་མ་ཚད་ཁོང་གིས་སྐབས་དེར་རྡ་ས་ས་གནས་འགོ་འཛིན་ལ་མཛུབ་མོ་བཙུགས་ནས་འདི་ངར་རྒྱབ་སྐྱོར་མི་བྱེད་མཁན་རེད་ཅེས་བཤད་འདུག ཁོང་གི་སྐབས་དེའི་བཤད་སྟངས་དེས་མི་མང་པོ་ཞེན་པ་ལོག་གི་བཅུག་འདུག ཅིའི་ཕྱིར་ཁོང་གིས་ད་དུང་ང་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་ཞེས་གླེང་དགོས་ཀྱི་རེད་དམ། གནད་དོན་འདི་དག་ནས་ལྟོས་ནས་ཤར་ཕྱོགས་ཁུག་རྟའང་ཁོང་ལ་རྒྱབ་སྐྱོར་མི་བྱེད་མཁན་ཞིག་ཡིན་པ་ཤེས་ནས་ལས་མཚམས་འཇོག་ཏུ་བཅུག་པ་དེ་གསལ་བོ་རེད། དེ་དྲང་པོ་མིན་སྟབས། ཁོང་གི་བཅོས་མིན་གྱི་རང་གཤིས་ཁ་ཤས་ཕྱིར་བཏོན་ཡོང་གི་ཡོད་པ་རེད། གནད་དོན་འདི་དག་ནས་ལྟོས་ཚེ། ཁོང་གིས་རང་རེའི་དབུ་ཁྲིད་ཐུབ་ཀྱི་རེད་དམ་མ་རེད། འདི་ལ་ཚང་མས་བསམ་བློ་གཏོང་དགོས་ཀྱི་འདུག
དགའ་གུས་རང་ཞེན་རང་གི་སྐད་ལ་གུས། རང་རིགས་རང་ཞེན་རང་གི་མི་རིགས་ཞེན། བདེ་སྡུག་ཇི་བྱུང་རང་སྐད་གཙང་མ་བཅའ། རྐྱེན་ངན་གང་འབྱུང་རང་རིགས་གཙང་མ་སྤེལ། སུ་ལ་རྔན་པ་མ་རེ་རང་གིས་ཁྱད་ནོར་ཡིན། གོང་ལ་བྱ་དགའ་མ་རེ་རང་གིས་གཏེར་མཛོད་ཡིན། ཀུན་ལ་བྱས་རྗེས་མ་རེ་རང་ལ་འོས་འགན་ཡོད་། རེ་བ་བློ་ཡུལ་མ་བཞག་རང་རིགས་ཕུགས་བསམ་དམིགས།།
མཆན་༥༥ནང་དུ་ཅུང་འོས་ནི་. གང་སྤྲེལ་ཚ་རེད. ཚིག་དུམ་རེ་འོས་པ་ཡང་རེ་ཟུང་འདུག གཞན་སྙིང་པོ་སྲོག་མེད་རྩོམ་ཉོག་རྐྱང་དུ་མཐོང། མ་གཞི་ནས་བཤད་རིན་གླེང་རིན་མེད་པས་ལེ་ཡིན་སྙམ། ལན་འདེབས་འགན་འཛིན་གྱིས་གསུང་སྙིང། གཞུང་ཕོག་ལེན་ན་གཞུང་སྒྲིག་སྲུང་དགོས་ཞེས་པ་དེའོ. ཡང་གཅིག་བཤད་ན. གཞུང་གིས་ཐད་ཀར་འཛིན་སྐྱོང་ལས་ཁང་ཞིག་ཡིན་ན. དེའི་ནང་གི་ལས་པ་ཉིན་གླ་ཡིན་མིན་ལ་འབྲེལ་བ་གང་ཡང་མེད་དེ. ཕྲད་སེལ་ལས་བྱེད་དང་གཏན་འཇགས་ལས་བྱེད་གཉིས་ལ་ཐོབ་གི་ཁྱད་པར་ཆེ་ཡང་ལས་ཀ་ཇི་ལྟར་ལས་དགོས་མིན་ལ་སྒྲིག་གཞི་ཉིད་ལྟར་ལས་དམིགས་བསལ་གང་ཡང་མེད་པས་སོ.
ཤར་ཁུག་ཐད་ནས་བཤད་ན. གཞན་སྐྱོན་སྲོ་མ་ཁབ་རྩེས་བཙལ་བའི་སྐྱོན་ཆུང་གླེང་བ. རྩོམ་ཡིག་ཐེམ་པ་རིམ་བརྒྱུད་ཀྱིས་བཀའ་ཤག་ལ་མ་སྤྲད་པར་དྲ་རྒྱ་སྤྱད་པས་སེམས་པ་མི་དག་པ. བཟོད་གསོལ་སྙན་ཞུར་ལེན་མེད་པས་དགོང་བཞེས་མ་གནང་བ་འཇིག་རྟེན་ཀུན་སྲོལ་ཡིན་ཀྱང. ཨུ་ཚུག་གིས་ཕེབ་ལམ་སྤྱད་པ་དེས་ཁྲིམས་ལུགས་འབུམ་རིམ་པ་བློ་སེང་དང་. ཆེས་མཐོའི་དབུ་འཛིན་སྲིད་སྐྱོང་བ་གཉིས་ཀར་གུས་ཞབས་མེད་པའི་མི་གཤིས་རྫོར་བོ་དེའང་མཐོང་ངོ. མ་ཟད་བྱ་སྤུ་གནོན་ལྟ་བུའི་མང་གཙོར་རྨོངས་པའི་བསམ་བློའི་ནག་ཁུང་དེའང་མཐོངས་སོ