དྲི་བ། ལོ་གཅིག་གཉིས་ནང་རང་སྲེག་གི་གྲངས་ཚད། མི་ལོ་བརྒྱ་ཕྲག་སྔོན་གསར་གཏོད་བྱས་པའི་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་གྲངས་ཚད་ལས་ཀྱང་བརྒལ་སོང། ད་དཔལ་ལྡན་བཀའ་ཤག་ནས་ག་རེ་བྱས་ན་དྲག་གམ།
ལན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་རང་སྲེག་མཚམས་འཇོག་རོགས་ཞེས་ཞུ་རྒྱུའི་གོ་སྐབས་ཡོལ་ཟིན་པ་རེད། སྤྱི་ཡོངས་ནས་ཞུས་ན་བཀའ་ཤག་གི་གསལ་བསྒྲགས་རིམ་བྱས་ཀྱི་ཚོད་དཔག་དང་བོད་ནང་གི་དོན་རྐྱེན་བྱུང་ཚད་གཉིས་རྦད་དེ་ཁ་ཁར་ཕྱིན་ཡོད། ”ཉེན་འཚབ་ཆེ་བའི་ལས་འགུལ་མ་སྤེལ་”ཞེས་དང་”འུ་ཐུག་ཐབས་ཟད”། ”འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་ཞུས་ཀྱང་བོད་ནང་མཚམས་བཞག་མ་སོང་”ཟེར་བ་སོགས་ནི་བཀའ་ཤག་ནས་ཐོན་པའི་རང་སྲེག་ངོས་འཛིན་དང། ཡང་ན་དེའི་གནས་བབ་ཛ་དྲག་ལ་གདོང་ལེན་གནང་ཕྱོགས་ཀྱང་རེད། ད་ལྟ་རིམ་པ་འདི་དག་ཚང་མའི་བྲོ་བ་བརླག་ཟིན་པ་མ་ཟད། ཕྱི་རྒྱལ་ཤིག་ནས་མགོ་སེར་ཞིག་ལ་ཐུག་གི་ཡོད་རབ་ཀྱི་གནས་སྟངས་དེའང་ཚིག་ཙམ་གྱི་ངོ་བོར་མི་གནས་བའི་འབོད་སྐུལ་ང་ཚོའི་དཔོན་རིགས་ཚོའི་ཁ་ནས་གསལ་བོར་ཐོན་ཡོད། རྒྱུ་མཚན་འདིས་ད་ནི་ཐེ་ཚོམ་ངང་གནས་མི་རུང་བ་དང། གདེང་ཚོད་མེད་པར་འདུག་མི་ཉན་པའི་གནས་སྟངས་གསལ་རྗེན་བྱེད་ཀྱི་ཡོད་སྟབས། ཆབ་སྲིད་འགན་དབང་རྩིས་སྤྲོད་ཀྱི་ལོ་གཅིག་ལྷག་རིང་དོན་དངོས་པོར་ང་ཚོས་འགན་འཁྱོག་ཡོད་མེད་གནས་སྟངས་འདིས་གསལ་བཤད་བྱེད་ཐུབ་པས། དངོས་གནས་རང་བཀའ་ཤག་གིས་ཕྱིའི་རྣམ་པ་ལས་ནང་དོན་གཙིགས་སུ་འཛིན་གྱི་ཡོད་ན། རང་སྲེག་གི་གནས་སྟངས་ཐད་ཞིབ་འཇུག་ཚད་ལྡན་ཞིག་བྱས་ནས་ས་གནས་སོ་སོའི་རང་སྲེག་བྱུང་རྐྱེན་གྱི་དངོས་རྒྱུ་གསལ་སྟོན། རང་སྲེག་བྱུང་ཡུལ་སོ་སོར་ད་བར་རྒྱལ་སྤྱིའི་སྟེང་ཡོངས་གྲགས་མ་ཆགས་པའི་གནས་ཚུལ་ག་རེ་བྱུང་ཡོད་མེད། མ་འོངས་པར་རང་སྲེག་འདི་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ནང་རྣམ་པ་ཅི་ལྟར་གནས་མིན་དང་དེའི་ཐད་བཀའ་ཤག་ལ་གྲ་སྒྲིག་ག་རེ་ཡོད་མེད། རྒྱལ་སྤྱི་ཟེར་བའི་ནང་དོན་དངོས་རྒྱབ་སྐྱོར་ག་ཚོད་ཐོབ་ཡོད་མེད་དང་དེར་ནུས་བ་ཅི་ཙམ་ཐོན་མིན་བཅས་ཁ་གསལ་བོ་ཞིག་བོད་ནང་གསལ་བཤད་མ་གནང་དུས། རང་སྲེག་ཁྱབ་བསྒྲགས་ལ་འུར་ཆེ་བ་ཙམ་གཅིག་པུས་རང་སྲེག་གི་ཞུ་འབོད་ཐད་འགན་འཁུར་ཐུབ་ཡོད་པ་མ་རེད་ལ། ག་དུས་ཡིན་ན། མི་མང་གི་རྗེས་སུ་རྒྱུགས་པའི་དབུ་ཁྲིད་ཅིག་ཆགས་པ་ཡིན་ན་དེར་སྔ་ཕྱི་མ་གཏོགས་ལོ་རྒྱུས་ནང་དབུ་ཁྲིད་ཀྱི་ཁྱད་ཡོན་མེད་པའི་ནག་ཉེས་ཕོག་རྒྱུ་ཡིན་པ་གསལ་བོ་རེད།
བགྲོ་གླེང་གནང་རོགས། དེང་སང་ང་ཚོར་གྲགས་འགུལ་ཞེ་དྲག་མི་འདུག ད་ག་རེ་བྱས་ན་དགའ་འམ།།
ཁུག་རྟ་ཟེར་བའི་མི་དེས་གསལ་བོ་གསལ་རྐྱང་མཁྱེན་ལེ་རེད། ཁོ་ལ་བློ་འདྲི་རེ་བྱས་ན་གང་ཡོད།
“Smart sees what there is.
Stupid sees what there could be.”
གཏམ་རྡུམ་འདི་བོད་ཚིག་ལ་བསྒྱུར་མི་ཐུབ་ཀི་ཡ། དྲ་འབུ་ཆོ།
ཁྱོས་ལྟོས་ན། ཁྱོས་ཡང་༼ང་ཚོར་རེ་བ་མེད་གི༽དང༼སྔ་ཕྱི་མ་གཏོཊ་ང་ཚོས་རྒྱ་དམར་ལ་མགོ་དགོས་བ་གཅིག་པ་རེད༽ཅེས་དང་ཡང༼རང་བསྲེག་ནི་གླེན་རྟགས་རེད༽དང་༼ང་ཚོ་ནམ་ཡང་ཁུ་སིམ་མེར་འདུག་དགོས༽ཅེས་དང་༼རྒྱལ་སྤྱིས་ང་ཚོ་ཕར་གཡུག་ཟིན༽དང་༼ང་བོད་དོན་ལ་སུན་བྱུང།ང་རྒྱ་དམར་ལ་སྐྲག་བྱུང་།༽ཟེར་འདོད་པ་རེད་དམ།
ཁུག་རྟ་ཡ་ཁུག་རྟ། རྒྱ་ནག་གིས་ཀྱང་ལོ་ངོ་ག་ཚོད་ཅིག་ལ་རང་དབང་དང་བདག་དབང་རྩད་པ་ཁྱོས་ཤེས་སམ། ཁོ་ཚོས་འཇར་དམག་འགོད་སླད་ཟབ་པ་ཞིག་དང་མཉམ་དུ་རང་སྲོག་བཏང་པའི་དམར་དམག་དེ་དང་མཐའ་ན་འཇར་དམག་མ་ཁོགས་པར་གཡང་སར་ལྕེབ་པའི་རྒྱ་དམར་་དེ་ཚོའང་མི་རིཊ་ཀྱི་དཔའ་བོར་རྩིས་ནས་ད་ལྟའི་སློབ་ཆུང་གི་སློབ་དེབ་ཚུན་ཆད་དུའང་བཞག་ཡོད་པ་མ་མཐོང་ངམ། དམར་ཕྱོགས་ལའང་ཁྱོའི་རིཊ་ཞེན་དེའི་དགའ་ཞིག་ཡོད་གི་བསམ་བྱུང་། ཐུབ་ན་མགོ་བོ་བཏགས་ནས་མི་རིགས་དང་དཔའ་པོ་ཚོའི་ཞབས་འདྲེན་མ་བྱེད་དང་དེ་ད་ཁྱོད་ཕ་རབ་ཅིག་ཡིན་པས་རྟགས་རེད།
ང་ཚོ་བོད་ནང་གི་བོད་པ་ཚོར་ད་དུང་ཡང་འདི་འདྲའི་རེ་བ་དང་སེམས་ཤུགས། སྙིང་སྟོབས་དང་ཞེ་འཁོན་གྱིས་ཁེངས་ནས་ཡོད་པས་ཁྱོད་ཕྱི་ལོག་གི་ཁུག་རྟ་དེ་འདྲ་སྐྲག་ནས་ཅི་བྱེད།
ག་ལེར་ག་ལེར་ཤོག མི་རིཊ་ཤིག་དང་རྒྱ་ཁབ་ཅིག་གི་དོན་དེ་དེ་འདྲ་སླ་མོ་ཞིག་ག་ལ་ཡིན། དུས་རབས་ཉརེ་གཅིག་པར་ཧོལ་རྒྱུགས་བྱས་ན་དོན་དག་འགྲུབ་གི་མ་རེད། ང་ཚོ་ད་དུང་ཡང་ཐབས་བཀོད་དང་མདུན་ལམ་མང་གི་རེད། ངའང་དམར་གསོད་དང་བསླུ་བྲིད་ད་དུང་དྲག་གནོན་དང་མནར་གཅོད་འོག་ནས་འཚར་ལོང་བྱུང་བ་ཡིན། ཡིན་ནའང་ང་དང་སྤུན་ཟླ་ཚོས་བྱུང་གངས་ཅན་པར་རེ་བ་དང་ཡིད་ཆེས་ཆད་མ་བྱུང་། ཐོས་བྱུང་ངམ། ཧ་ཧ་ཧ་ཧ་ཧ
Smart may have the answers, but stupid has all the interesting questions. བཤད་ཚུལ་འདི་ལ་བལྟས་ནས། བོད་མི་ཁ་ཤས་ངོ་སྤྲོད་ཡག་པོ་ཞིག་བྱས་སོང་།
བྱས་ཙང་ད་ནི་བཀའ་ཤག་གི་འཛིན་པའི་ཆབ་སྲིད་ལང་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་རེད། ད་བར་ལོ་གཅིག་དང་ཕྱེད་ཀྱི་རིང་བཀའ་ཤག་གསར་པས་བཙན་བྱོལ་སྤྱི་ཚོགས་ནང་སྔར་དང་མི་འདྲ་བའི་གྲུབ་འབྲས་ལྡན་པའི་ཕྱག་ལས་མང་པོ་གནང་ཡོད་པ་ཚང་མས་མཁྱེན་གསལ་རེད། ཆབ་སྲིད་ཐད་འགྱུར་བ་ཆེན་པོ་ཡོང་མི་ཐུབ་པ་འདི་ནི་ཀླད་རྙིང་དང་ལས་རྙིང་དོར་བར་དཀའ་ཚེགས་མང་པོ་ཡོད། དེ་ནི་བོད་ཀྱི་ཆབ་སྲིད་ནི་དག་སྣང་དང་། ལྷ་སྲུང་ལ་ཡིད་ཆེས་ཆེ་དྲག་པས་ད་དུང་འགྱུར་བ་གཏོང་རྒྱུར་ལས་སླ་བོ་ཞིག་གཏན་ནས་མེད། གལ་སྲིད་རྔ་ལ་གཞིག་སྟེ་བྲོ་འཁྲབ་པ་ནང་བཞིན། དུས་ཚོད་དང་འགྱུར་བ་ལ་གཞིག་སྟེ་ཆབ་སྲིད་ལང་ཕྱོགས་འགྱུར་བ་ཞིག་འགྲོ་མ་ཐུབ་ཚེ་ལང་ཕྱོགས་དང་ལས་ཕྱོགས་རྙིང་པ་ལ་གྲུབ་འབྲས་གསར་པ་ནི་རི་བོང་གི་རྭ་དང་གཉིས་སུ་མ་མཆིས་སོ།།
གང་ལྟར་དྲི་བ་དེ་དག་གལ་ཆེན་རེད། རང་རང་ས་ནས་གང་ཐུབ་ཀྱིས་བསམ་བློ་ཐོངས། དྲི་བ་ཡོད་ན་དྲི་བ་དང་ལན་ཡོད་ན་ལན་ཐོབ། བསམ་ཚུལ་ཡིན་ནོ་ལོ་དེ་ཚང་མ་རྒྱུ་ཆ་རེད།
གང་ལྟར་དྲི་བ་དེ་དག་གལ་ཆེན་རེད། རང་རང་ས་ནས་གང་ཐུབ་ཀྱིས་བསམ་བློ་ཐོངས། དྲི་བ་ཡོད་ན་དྲི་བ་དང་ལན་ཡོད་ན་ལན་ཐོབ། བསམ་ཚུལ་ཡིན་ནོ་ལོ་དེ་ཚང་མ་རྒྱུ་ཆ་རེད། དེ་ལྟར་བྱས་ན་smartརེད། དེ་མིན་stupidརེད་ལོ།
དབུ་མའི་ལམ་མཚམས་བཞག་མ་བྱས་བར་དུ་བོད་དོན་ལ་ལས་འགུལ་ག་རེ་སྤེལ་ནའང་གྲུབ་འབྲས་གང་ཡང་ཐོན་གྱི་མ་རེད།
ཐན་བྱ་རྒྱ་ནག་པོའོ་ཁུག་རྟ་ཁྱོད་དཔལ་ལྡན་བཀའ་ཤག་གིས་གང་གནང་མིན་མ་བཤད་སྔོན་ལ་ཐན་བྱ་ཁྱོད་ཀྱི་དབུ་མའི་ལས་དགུལ་ཁང་ཟེར་བའི་མིང་འཁྱེར་ཏེ་དགྲ་དགའ་གཉེན་སྡུག་གི་བོད་མིའི་ནང་ཕུ་ཀྲུག་མདའ་ཀྲུག་གི་ལས་དོན་གང་དང་གང་བྱས་མིན་ཅིག་ཤོད་དང་
དེ་ནས་རང་རེའི་མང་བསྐུར་དབུ་ཁྲིད་གྱི་གཙོས་དཔལ་ལྡན་བཀའ་ཤག་གི་ལས་དོན་གང་གནང་རྟོག་ཞིབ་བྱས་ཆོག་གི་རེད
དེ་མིན་ཉ་མྱོག་མང་པོ་བཤད་མ་ཡོང་་་་་་
འདྲེ་ཁུག་འདིས་རྩོམ་ཉོག་སྤེལ་ཚད་ཐམས་ཅད་དགྲ་དགའ་གཉེན་སྡུག་གི་ལས་དང་ཕུ་ཁུ་ནང་དཀྲུག་གི་གཞི་མ་གཏོགས་དགྲ་བོ འི་སྟེང་དུ་སྙུག་ཁ་བསྐོར་བའི་ཚིག་གཅིག་ཀྱང་མཐོང་མྱོང་མེད། ད་དུང་བོད་ཀྱི་སྲིད་སྐྱོང་
མཆོག་ལ་ཅིག་བཤད་ཁུལ་འདི་ངོ་མི་ཚའམ། ཁྱོད་ཀྱིས་ཅིག་དག་ཐེར་དང་ཞིབ་འཇུག་བྱེད་རྒྱུ་ཡོད་པ་ཤེས་ཡོད་
ན་བྱོས་དང་། ཁྱོད་ལ་ནང་ཁུལ་དུ་དཀྲུག་ཤིང་གི་ལས་བྱེད་པའང་བཀའ་འགོག་མེད་ན་གཞན་པ་སུས་ཀྱང་བཀག་འགོག་ཡོད་མི་སྲིད། ཁྱི་ཁ་ལ་བདག་རྒྱག་རོག ཕྱི་དགྲ་མགོ་མི་ཆོག ནང་ཟ་དཀྲུག་བསླང་མ་ཡོང་།
༡༽རང་ལུས་མེར་སྲེག་གི་ལས་འགུལ་འདི་རང་རེའི་རྩ་དོན་སྒྲུབ་ཕྱོགས་ཐད་ནས་ཁྱེད་ལ་ངོས་འཛིན་ཅི་ཞིག་ཡོད།།
༢༽རང་ལུས་མེར་སྲེག་གི་ལས་འགུལ་འདིའི་རྒྱུན་ནམ་ཞིག་ལ་ཆད་སྲིད་དམ།།
༣༽གལ་སྲིད་མཚམས་ཆད་སོང་ན་སླར་ཡང་འདི་བཞིན་གྱི་ལས་འགུལ་ཞིག་འོང་རྒྱུ་ཨེ་ཡོད།།
༤༽རང་རེའི་སྒེར་ཚོགས་གཞུང་གསུམ་གྱིས་རང་ལུས་མེར་སྲེག་གི་ལས་འགུལ་དང་ལྷན་དུ་དམིགས་བསལ་ཅི་ཞིག་བྱེད་དང་བྱ་དགོས་སམ།།
(དང་པོ་དེ། ངའི་སྣང་ཚུལ་གྱི་ངོས་བཤད་ན། རང་རེའི་རྩ་དོན་གྱི་ངོས་ནས་བལྟས་ཚེ་མེ་རྒོལ་འདི་ནི་དུས་ལ་བབ་པའི་མེ་རྒོལ་ཞིག་དང་། རྣོ་ཞིང་ཚ་ངར་ལྡན་པའི་ལས་འགུལ་ཞིག་རེད་ཟེར་གྱི་ཡིན། གཉིས་པ་དེ། མེ་རྒོལ་འདི་ང་ཚོའི་དམིགས་ཡུལ་ལ་རྒྱ་ནག་གཞུང་གིས་ཡ་ལན་ཞིག་མ་སྤྲད་པར་མཚམས་ཆད་མི་སྲིད་པ་ཞིག་རེད། གསུམ་པ་དེ། གལ་དེ་མེ་རྒོལ་མཚམས་ཆད་པ་ཡིན་ན་དེའི་ཚབ་ལས་འགུལ་རླབས་ཆེན་ཞིག་ལྷག་ཡོད་པ་ནི་སྡེབ་ལང་བྱེད་རྒྱུ་དེ་རེད། དོན་དངོས་ཀྱི་གསར་བརྗེ་བྱ་རྒྱུ་དེ་རེད། བཞི་བ་དེ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོས་ནས་དང་། ང་ཚོས་ངོས་ནས་རྒྱལ་སྤྱིའི་ཁྲིམས་གཞི་ཁག་དང་། རྒྱལ་སྤྱིའི་སྡིངས་ཆ་ཁག་བརྒྱུད་དེ་རྒྱལ་སྤྱིའི་སྟོབས་ཤུགས་འཚོལ་ཐབས་བྱེད་རྒྱུ་དེ་རེད་ལ་སྒོས་སུ་བོད་པའི་འཐབ་རྩོད་ཀྱི་དམིགས་ཡུལ་དང་སྟོབས་ཤུགས་ཁ་འཐོར་དུ་མི་འགྲོ་བར་ཕུགས་རྒྱང་རིང་བོའི་བསམ་ཞིབ་ཀྱི་སྣེ་ཁྲིད་བྱེད་དགོས་པ་དེ་རེད་དྲན་གི)
དྲི་ལན་འདི་ནི་བདག་གིས་ངོ་དེབ་བརྒྱུད་སྐུ་ཞབས་ཕུན་ཚོགས་ལ་དྲིས་མ་ཐག སྐར་ཆ་འགའི་རྗེས་ནས་ཤར་མར་ལན་འདི་གནང་པ་ཡིན།།
༡༽བདག་ལ་རང་རེའི་མེ་རྒོལ་འདི། རྩ་དོན་སྒྲུབ་ཕྱོགས་བླ་ན་མེད་པ་ཞིག་ཡིན་པར་ངོས་འཛིན་ཡོད། ནུས་པ་དང་གྲུབ་འབྲས་ནི། ཕ་རོལ་ཅི་བཤད་ཚུར་ཕྱོགས་འུ་ཚོས་མེ་རྒོལ་འདི་དང་ལྷན་དུ་ཅི་ཞིག་ཤེས་མ་ཤེས་དང་། ཐུབ་མ་ཐུབ་སོགས་ཀྱང་མང་པོ་ཡོད་ཚོད་རེད། འོན་ཀྱང་། དེ་དག་གི་མཚན་གཞི་རེ་རེ་བཞིན་ངས་བཤད་མི་ཤེས།།
༢༽རྒྱ་གཞུང་གིས་རང་རེ་ལ་ཡིད་ཚིམ་པའི་ལན་དང་།གོང་ས་མཆོག་ལྟ་བུའི་སྐྱེས་ཆེན་ཚོས་འགོག་སྐུལ་མ་བྱས་ན། མེ་རྒོལ་འདི་ཡུན་ཐུང་ཞིག་ལ་མཚམས་ཆད་མི་སྲིད་མོད། མཚམས་ཆད་པར་རྒྱུ་མཚན་གཉིས་དགོས་ཏེ། སྤྱིར་བོད་དོན་སྒྲུབ་ཤུགས་ཉམས་པ་དང་། ཡང་ན། བོད་དོན་སྒྲུབ་ཕྱོགས་ཐད་དུ་བསམ་བློའི་གོ་རྟོགས་སམ་ལས་འགུལ་དམིགས་བསལ་བ་གཞན་ཞིག་རྙེད་རྒྱུ་དེ་རེད།།
༣༽མེ་རྒོལ་འདི་ཉམས་སོང་ན། ཕྱིན་ཆད་འདི་འདྲ་ཞིག་འོང་རྒྱུ་ཡོད་མེད་ཟེར་ན་མཐའ་གཅིག་ཏུ་བཤད་དཀའ་མོད། ཡིན་ཡང་། སྐུ་ཞབས་ཕུན་ཚོགས་ཀྱི་སྐད་ཆ་ལྟར་སྡེབ་ལང་བྱེད་པ་སྟེ། གཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ལྟ་བུ་དང་ལས་འགུལ་གཞན་ཡང་ཡོད་སྲིད།།
༤༽སྒེར་ཚོགས་གཞུང་གསུམ་གྱིས་དམིགས་བསལ་ཅི་ཞིག་བྱ་བྱེད་དགོས་ཚུལ་དྲིས་པ་ནི། བདག་ལ་ཧ་ཅང་དཀའ་མོ་ཞིག་རེད། ཅིག་ཡོད་སྲིད་རྒྱུ་རེད་ཟེར་བ་ལས་གཞན་པ་ངོས་འཛིན་མི་ཤེས། འོན་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་གཞུང་གི་ལས་བྱ་སོ་སོ་ནས་ཡོད་ན་ལེགས་ཏེ། ཚོགས་པ་ཁག་གིས་རྒོལ་ཕྱོགས་ནས་འབད་པ་དང་གཞུང་གིས་གཙོ་བོ་འབྲེལ་ཕྱོགས་ནས་བརྩོན་རྒྱུ་དེ་རེད་སྙམ་མོ།།
༢༠༡༢ལོའི་ཟླ་བ་གསུམ་པའི་ནང་བདག་གིས་བྲིས་པ་ཡིན་འདིར་འཇོག་དོན་འདི་ནི་དེའི་སྐོར་གྱི་ཁ་བརྡ་ཞིག་ཡིན་པས་ཡིན།
ང་ལ་མཚོན་ན་བོད་མི་སུས་ལྐུགས་རྟགས་མ་སྟེན་པར་བོད་དོན་ཆེད་ལས་ཀ་བྱས་ན་དེ་ལ་ནམ་ཡང་རྒྱབ་བསྐྱོར་བྱེད་མཁན་ཞིག་ཡིན་ཡང་ཤར་ཁུག་གིས་རང་བཙན་ལ་སྨོད་དེ་དབུ་མ་ངོ་སྤྲོད་བྱེད་སྟངས་དང་སྤྲུལ་སྐུ་དཔང་ཆེན་ཀྱིས་དབུ་མར་སྡིག་སྟེ་རང་བཙན་བཤད་སྟངས་ཟུང་ལ་ནམ་ཡང་རྒྱབ་བསྐྱོར་བྱེད་ཀྱི་མེད་། རྒྱུ་མཚན་ནི་དེ་གཉིས་བྱད་སྟངས་ནི་ནང་ཁུལ་མི་མཐུན་པའི་རྒྱུ་ཁོ་ནའོ་།