སྲོང་བཙན།
ད་ལན་དཔལ་ལྡན་ཚོགས་གཙོ་མཆོག་འོས་བསྡུའི་གཏམ་བཤད་ཆེད་ས་གནས་མང་པོར་སྐོར་སྐྱོད་གནང་གི་ཡོད་པ་དང་བསྟུན། མང་ཚོགས་ལ་གསལ་བཤད་དང་བཀའ་ལན་གནང་མུས་ཕེབས་བཞིན་ཡོད་སྟབས། མང་ཚོགས་ཚོས་ཀྱང་དོགས་འདྲི་དང་གསོལ་འདེབས། རེ་སྐུལ་དང་སྐྱབས་འཇུག་ངེས་པར་ཞུ་ཐུབ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། ཁོང་ནི་རང་རེའི་དབུ་ཁྲིད་ཅིག་ཡིན་པས་གུས་བརྩི་དང་ཡ་རབས་བཟང་པོའི་ཀུན་སྤྱོད་དང་མཐུན་པར་བྱས་ཏེ་དོགས་འདྲི་དང་བསལ་ཚུལ་ཞུ་དགོས་པ་དེའང་གནད་འགག་ཅིག་ཡིན་སྙམ། ད་རེས་གུས་པས་དཔལ་ལྡན་ཚོགས་གཙོ་མཆོོག་ལ་ངེས་པར་འདྲི་དགོས་པའི་དྲི་བ་ཉེར་ལྔ་ཕྱོགས་བསྡུས་བྱས་ཡོད་ཅིང་། དྲི་བ་འདི་དག་ནི་དངོས་ཡོད་དང་ད་བར་སྤྱི་ཚོགས་སུ་འགྲོ་བཞིན་པའི་གནད་དོན་ཤ་སྟག་ཡིན་པ་ལས་བསྙོན་འཛུགས་རིགས་སུ་གཏོགས་པ་ཞིག་གཏན་ནས་མིན།
1 སྲིད་སྐྱོང་གིས་༸གོང་ས་མཆོག་ལ་མཛད་དཀའ་བཟོ་ས་རེད་ཅེས་སྐུ་ཉིད་ཀྱིས་གསུངས་འདུག་ན། ཇི་ལྟར་མཛད་དཀའ་བཟོ་ལུགས་དང་། དེ་སྔར་མཛད་དཀའ་འདི་བཟོས་སོང་ཞེས་དཔེ་མཚོན་གང་དང་གང་ཡོད་དམ།
2 སྐུ་ཉིད་ཀྱིས་སྲིད་སྐྱོང་གིས་བཀའ་ཤག་ལ་འགན་མཉམ་ཁུར་མ་བྱེད་པར་ལས་དོན་རེ་འགའ་ཁོང་སྒེར་གྱིས་གནང་གི་ཡོད་ལུགས་གསུངས་པ་ལ་ཉེ་ཆར་སྲིད་སྐྱོང་གིས་ལན་འདེབས་བྱས་ཏེ། ཨ་རི་དང་རྒྱ་གར་གྱི་གནད་དོན་དེ་སྲིད་སྐྱོང་གིས་ཐད་ཀར་གཏོང་འཛིན་བྱེད་བཞིན་པ་ནི་ཟམ་གདོང་རིན་པོ་ཆེ་ནས་དེ་བཞིན་གནང་གི་ཡོད་ལུགས་གསུངས་འདུག་པས་སྐུ་ཉིད་ཀྱིས་གསལ་བཤད་ཁ་གསལ་གནང་རོགས།
3 སྐུ་ཉིད་ཀྱིས་ད་ལྟའི་བཀའ་ཤག་གིས་བོད་རྒྱལ་འབྲེལ་མོལ་གནང་མ་ཐུབ་པ་དེ་འཐུས་ཤོར་ཡིན་ཚུལ་གསུངས་འདུག་པས། འདིའི་ཐད་རྒྱ་ནག་གིས་ཁ་ཡ་མ་བྱེད་ན་བཀའ་ཤག་ལ་ནུས་པ་གང་ཡང་མེད་པ་མ་རེད་དམ། འོ་ན་༸གོང་ས་མཆོག་གིས་ད་བར་རང་དབང་བསྐྱར་གསོ་གནང་མ་ཐུབ་པ་དེ་༧གོང་ས་མཆོག་གི་འཐུས་ཤོར་ལ་ངོས་འཛིན་བྱེད་དགོས་སམ།
4 དུས་དབང་ཕར་འགྱངས་གནང་བ་དེ་སྐུ་ཉིད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ལུགས་གསུངས། ཡང་ཆ་ཚང་ཤེས་མི་འདུག་གསུངས། དེའི་རྗེས་སྲིད་སྐྱོང་གིས་ལན་འདེབས་གནང་སྟེ། ཚོགས་གཞོན་བརྩིས་པའི་མི་བཞི་དཔང་པོ་ཡོད། ཁོང་བཞི་པོའི་མདུན་ནས་ཁྱེད་ལ་ཁ་པར་ནས་གསལ་པོ་བཤད་ཡོད་ཅེས་གསུངས་འདུག་པས། སྐུ་ཉིད་ལ་ཆ་ཚང་གསུངས་མེད་པའི་དཔང་པོ་དང་ཁུངས་ཡོད་དམ།
5 དུས་དབང་ཕར་འགྱངས་སྐོར་ནས་ཁྱེད་ཀྱིས་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ལུགས་ཁ་གསལ་བཤད་འདུག་པས་འདི་བདེན་པ་ཡིན་དང་མིན། བདེན་ན་ཁ་གསལ་པོ་གསུངས་རོགས།
6 བཀའ་ཤག་གིས་ཉེ་ཆར་གསལ་བསྒྲགས་དེ་སྐུ་ཉིད་ཀྱིས་ཁས་ལེན་དང་མི་ལེན། ལེན་ན། དེའི་ནང་དུ་བཀའ་ཤག་གི་ལས་དོན་ལ་སྐྱོན་འཛུགས་དང་གཟུགས་མེད་གྲིབ་བཟོ་བྱས་ཡོད་ལུགས་གསུངས་འདུག་པས་དེ་བཞིན་ཁས་ལེན་དང་མི་ལེན།
7 སྲིད་སྐྱོང་གིས་ཉེ་ཆར་ལན་འདེབས་གནང་དོན། ཚེས་27 དང་28ལ་དགའ་ལྡན་ཕོ་བྲང་ལ་ཡར་ཞུ་བ་དེ་འདྲ་ཁྱོན་བྱུང་མེད་ཅེས་ཁ་གསལ་ཚིག་ཐག་ཆོད་པས་གསུངས་འདུག ཁྱེད་ཀྱིས་ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོགས་ཞེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་ཞེས་གསུངས་འདུག་པས་འདི་བདེན་པ་ཡིན་དང་མིན་གསལ་བཤད་གནང་རོགས།
8 ཚོགས་གཙོ་མཆོག་གིས་ཉེ་ཆར་ཨ་རི་ནས་འདི་འདྲ་ཞིག་གསུང་འདུག ༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དགོས་པའི་དབང་གིས་གསུངས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྒྱལ་བ་རིན་པོའི་གསུང་ཚར་གཉིས་གནང་བ་དེ་དངོས་ཡོད་མིན་ལུགས་གསུངས་པ་དེ་གསལ་བཤད་ཁ་གསལ་གནང་དགོས།
9 སྐུ་ཉིད་ཀྱིས་ཨ་རི་ནས་བཤད་པའི་དུས་ཕར་འགྱངས་སྐོར་གྱི་སྐད་ཆ་དེ་ནོར་ཡོད་པ་ངོས་འཛིན་བྱེད་གི་ཡོད་མེད། ནོར་ཡོད་ན་རྒྱ་ཆེ་མང་ཚོགས་ལ་དགོངས་དག་ཞུ་རྩིས་ཡོད་དང་མེད།
10 ཟམ་གདོང་རིན་པོ་ཆེས་ཧྲ་ཐག་ཐག་བཙུགས་པའི་བཀའ་ཤག་དེ་ད་ལྟའི་སྲིད་སྐྱོང་གི་ལག་ནས་རྦོ་ལུག་པའི་ཉེན་ཁ་འདུག་ཅེས་ཁྱེད་ཀྱིས་གསུངས་འདུག ཉེན་ཁ་འདི་འདྲ་ཡོད་ན། འདི་དང་འདི་འདུག་ཅེས་ཁ་གསལ་བཤད་དགོས།
11 ཁྱེད་ཀྱིས་ཟླ་བ་འགའ་ཤས་གོང་ལ་གྲོས་ཚོགས་ཀྱིས་ད་ལྟ་བཀའ་ཤག་ལ་བསྔགས་བརྗོད་གནང་བ་དེ་འདྲ་དེ་སྔར་བྱུང་མྱོང་མེད་ལུགས་གསུངས་པ་དང་། ཉེ་ཆར་ད་ལྟའི་བཀའ་ཤག་གིས་ལས་དོན་ཡག་པོ་བྱེད་བཞིན་མེད་ལུགས་ཀྱི་ནང་འགལ་ཅན་གྱི་སྐད་ཆ་གཉིས་བཤད་འདུག་པ་ལ་གསལ་བཤད་ག་རེ་ཡོད།
12 ཁྱེད་ཀྱིས་གྲོས་ཚོགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་གླ་ཕོག་སྤྲོད་མ་ཐུབ་པར་སྒོ་བརྒྱག་དགོས་བྱུང་འདུག སྲིད་བྱུས་ཉམས་ཞིབ་ཁང་གི་མི་འགའ་ཤས་ལ་གླ་ཕོག་ཐབས་ཤེས་བྱེད་མ་ཐུབ་ན། ཁྱེད་སྲིད་སྐྱོང་ལ་ཁེལ་ན་དཔལ་འབྱོར་ཐབས་ཤེས་བྱེད་རྒྱུའི་ནུས་པ་དང་འཆར་གཞི་ཨེ་ཡོད་ཀྱི་དོགས་པ་ཆེ། གལ་སྲིད་ནུས་པ་དང་འཆར་གཞི་ཡོད་ན། སྲིད་བྱུས་ཉམས་ཞིབ་ཁང་གི་གླ་ཕོག་ཐབས་ཤེས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
13 གལ་སྲིད་ད་ལྟའི་བཀའ་ཤག་གིས་ལས་དོན་བྱེད་ཕྱོགས་འཐུས་ཤོར་འགྲོ་གི་ཡོད་ན། གྲོས་ཚོགས་ཀྱིས་གཏོང་འཛིན་ནན་ཏན་བྱེད་དགོས་ངེས་ཀྱང་། གྲོགས་ཚོགས་སུ་འཐུས་ཤོར་སོང་ལུགས་ཀྱི་སྐད་ཆ་དང་གཏོང་འཛིན་ཅི་ཡང་བྱེད་མི་འདུག་པས། འདི་སྐུ་ཉིད་དབུས་པས་གྲོགས་ཚོགས་ཀྱི་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་དགོས་པ་མ་རེད་དམ།
14 སྐུ་ཉིད་ལ་སྤྱི་འཐུས་གཅིག་གིས་སྐྱོན་འཛུགས་བྱེད་དུས་གྲོས་ཚོགས་ནས་ལངས་ཏེ་སོང་ཡོད་པའི་གནས་ཚུལ་ཐོན་པ་རེད། སྲིད་སྐྱོང་ལ་ཁེལ་ན་སྤྱི་འཐུས་ཚོས་སྐྱོན་འཛུགས་བྱེད་དུས་སྲིད་སྐྱོང་ཞབས་སྟེགས་བཞག་ནས་མི་འགྲོ་བའི་གདེང་ཚད་ཡོད་དམ། ཡོད་ན། དེ་སྔར་གྲོས་ཚོགས་ནས་ཕྱིར་ཐོན་དུས་གདེང་ཚད་དེ་མེད་པ་གང་ཡིན་ནམ།
15 ཁྱེད་རང་གིས་དེ་སྔར་ཕྱི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་ཁྱེད་ལ་དགོངས་དག་ཞུས་ལུགས་དང་། ཚོགས་གཙོ་ཁུར་རོགས་ལབ་སོང་ཟེར། འོན་ཀྱང་ཉེ་ཆར་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་ཁོང་གིས་དེ་འདྲ་ཁྱོན་ནས་བཤད་མེད་ལུགས་དང་ཚོགས་གཙོས་རྫུན་བཤད་པ་རེད་ཅེས་རླུང་འཕྲིན་ནང་དུ་བཤད་སོང་། ཁྱེད་ཀྱིས་དེ་སྔར་བཤད་པ་དེ་བདེན་པ་ཡིན་ནམ་རྫུན་ཡིན། ཁ་གསལ་གསུང་རོགས།
16 སྲིད་སྐྱོང་གིས་ཨ་རི་དོན་གཅོད་ཁང་དུ་༸སྐུ་མདུན་གྱི་སྐུ་པར་མར་ཕབ་ནས་རང་ཉིད་ཀྱི་པར་ཡར་བཤམས་ཡོད་ལུགས་བཤད་བཞིན་པ་དེ་བདེན་པ་རེད་དང་མ་རེད། གྲོས་ཚོགས་ནང་དུ་འདིའི་སྐོར་སྲིད་སྐྱོང་གིས་ལན་འདེབས་ཆ་ཚང་བྱས་ཡོད་ལུགས་གསུངས་འདུག་པས་ལན་ཏག་ཏག་ཐེབས་ཡོད་དང་མེད། མེད་ན་ག་རེ་སྐོར་ལ་ལན་ཐེབས་མེད་གསལ་པོ་གསུང་རོགས།
17 དཔལ་ལྡན་ཚོགས་གཙོ་མཆོག་གི་རྒྱབ་སྐྱོར་བས་ཆེད་འཛུགས་བྱས་པའི་གངས་ཅན་གླེང་ཞེས་པའི་ཚོགས་པའི་ནང་དུ་ཨ་ཅག་གཅིག་གིས་ཚོགས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་སྲིད་སྐྱོང་གི་གཏམ་ཉན་མཁན་འགྲོ་མི་རུང་བའི་བརྒྱུད་སྐུལ་བྱས་པ་སྤྱི་ཚོགས་སུ་ཁྱབ་ཡོད། ཚོགས་གཙོ་མཆོག་ནས་ཤེས་རྟོགས་བྱུང་ཡོད་དང་མེད། ཡོད་ན་ལམ་སྟོན་དང་བཀའ་ག་རེ་ཕེབས་ཡོད། མེད་ན་ད་རེས་འདིའི་ཐད་སྐུ་ཉིད་ལ་ག་རེ་གསུངས་ཡ་ཡོད།
18 ཚོགས་གཙོ་མཆོག་གིས་རྒྱབ་སྐྱོར་བ་འགའ་ཤས་ཀྱིས་མངོན་སུམ་འཛེམ་མེད་ཐོག་ནས་སྲིད་སྐྱོང་གིས་༸གོང་ས་མཆོག་གི་སྐུ་པར་མར་ཕབ་སྟེ་རང་ཉིད་ཀྱི་པར་ཡར་བཤམས་ཡོད་པ་རེད་ཅེས་མི་མང་ལ་ཤུགས་ཆེན་བཤད་དགོས་ཚུལ་གླེང་བཞིན་པ་མཁྱེན་རྟོགས་བྱུང་ཡོད་དང་མེད། འདིའི་ཐད་དགོངས་ཚུལ་གསུང་རོགས།
19 ཉེ་ཆར་སྐུ་ཉིད་ཀྱི་རྒྱབ་སྐྱོར་བས་དོལ་རྒྱལ་ཚོགས་པའི་ལས་ཤོག་སྟོང་པའི་ཐོག་ཏུ་ཡི་གེ་རྫུན་བཟོ་བྱས་ཏེ་སྲིད་སྐྱོང་དང་དོལ་ཚོགས་འབྲེལ་བ་ཡོད་ལུགས་ཀྱི་བསྙོན་འཛུགས་བློ་ལ་མི་ཤོང་བ་བཟོས་ཡོད་པ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་ཆགས་ཡོང་པ་དེར་སྐུ་ཉིད་ལ་དགོངས་ཚུལ་ཅི་ཡོད།
20 གངས་ཅན་གླིང་སོགས་ཚོགས་གཙོ་མཆོག་གི་རྒྱབ་སྐྱོར་བས་ཆེད་འཛུགས་བྱས་པའི་སྐད་འཕྲིན་ཐོག་ཏུ་ཆོལ་ཁ་ཕྱོགས་རིས་དང་མཐུན་སྒྲིལ་གཏོར་བཅོམ་གཏོང་བྱེད་ཀྱི་སྐད་ཆ་ཤ་སྟག་བཤད་དེ་སྤྱི་ཚོགས་བརྡབ་གསིག་ཤུགས་ཆེན་བཏང་དང་གཏོང་མུས་འདུག་པ་དེར་ལམ་སྟོན་དང་བཀའ་སློབ་ཕེབས་ཡོད་དང་མེད།
21 ཉེ་ཆར། སྐུ་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་སྲིད་སྐྱོང་གིས་འཆི་མེད་གཡུལ་དྲུང་སོགས་ལ་ལྐོག་རྔན་སྤྲོད་ནས་འོས་ཐབས་ཐབས་བྱེད་འདུག་ཅེས་སྙོན་འཛུགས་བྱས་འདུག་པར་ཁྱེད་ལ་དགོསས་ཚུལ་ཅི་ཡོད།
22 སྐུ་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཆོལ་ཁའི་ཕྱོགས་ཞེན་དང་སྲིད་སྐྱོང་ལ་སྐྱོན་འཛུགས་རྐྱང་རྐྱང་བྱས་ཏེ་སྐུ་ཉིད་ལ་འོས་ཐོབ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་འདི་དག་ཡ་རབས་བཟང་སྤྱོད་དང་མཐུན་ཡོད་དང་མེད།
23 ཁྱེད་ཀྱིས་སྲིད་སྐྱོང་དང་སེང་གེ་བཀའ་ཤག་ལ་སྐྱོན་འཛུགས་མང་པོ་བྱས་འདུག་པ་དག་ནས་གཞི་མེད་སྐྱོན་འཛུགས་སུ་གྱུར་པ་བྱུང་ཡོད་དང་མེད། ཡོད་ན་གང་དང་གང་ཡིན། མེད་ན་ཁྱེད་ཀྱིས་སྐྱོན་འཛུགས་དག་ལ་སྲིད་སྐྱོང་གིས་རེ་རེ་བཞིན་བདེན་པ་མིན་ལུགས་གསུང་བཞིན་འདུག་པས་ཁྱེད་རང་ལ་ལན་ག་རེ་སྤྲོད་ཡ་ཡོད།
24 ད་ལན་འོས་བསྡུ་དེ་དྲང་པོ་དེ་ཙམ་བྱུང་མེད་ལུགས་ཀྱི་སྐད་ཆ་མང་པོ་འགྲོ་བཞིན་པ་དང་། བོད་དོན་རྒྱབ་སྐྱོར་མང་པོ་ཞིག་གིས་མིང་རྟགས་བཀོད་ནས་སྙན་ཞུ་ཕུལ་ཡོད་པ། ཨ་མི་རི་ཀིའི་གྲོགས་ཚོགས་འཐུས་མི་ཞིག་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ལ་ཞིབ་འཇུག་དགོས་སྐོར་གྱི་ཡིག་ཆ་ཐོན་པ་བཅས་དེ་སྔ་བྱུང་མ་མྱོང་བ་ཞིག་སླེབས་པ་འདི། རང་བཙན་འཐབ་རྩོད་པའི་འོས་མི་ཞིག་དྲང་བཞག་མིན་པའི་ཐབས་ལམ་སྤྱད་ནས་བཀག་འོག་བྱས་པ་དེས་རྐྱེན་པས་བྱུང་ལུགས་ཀྱང་བཤད་མཁན་འདུག ཁྱེད་ཀྱིས་ངོས་འཛིན་ག་རེ་གནང་གི་ཡོད།
25 སྐུ་ཉིད་ཀྱིས་དུས་དབང་ཕྱིར་འགྱངས་སྐོར་གྱི་༧གོང་ས་མཆོག་གི་བཀའ་སློབ་གཞན་བསྒྱུར་བྱས་པ་དང་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་གི་བཀའ་སློབ་གཞན་བསྒྱུར་བྱས་པ་གཉིས་མི་འདྲ་བའི་ཆ་གཏན་ནས་མི་ལུགས་བཤད་མཁན་ཧ་ཅང་མང་བས་ཁྱེད་ཀྱིས་འདི་ངོས་ལེན་གནང་གི་ཡོད་དང་མེད། མེད་ན་འདི་གཉིས་མི་འདྲ་བའི་རྒྱུ་མཚན་གསུང་རོགས།
གུས་སྲོང་བཙན་གྱིས་ཕྱོགས་བསྡུས་བྱས།
སྲོང་བཙན་ལགས་ཀྱིས་གསུངས་པའི་དྲི་བ་དེ་དག་དངོས་གནས་སྐུ་ངོ་ཚོགས་གཙོ་མཆོག་ལ་དྲི་དགོས་པ་དངོས་འབྲེལ་རེད་ལ། སྐུ་ངོས་རེ་རེ་བཞིན་ས་རིས་ཐང་གསལ་བཟོ་བར་ཡང་ཐེ་ཚོམ་མེད། སྐུ་ངོ་དེ་ཤེས་འཇོན་ལྷག་བསམ་དང་སྨྲ་མཁས་རྣམ་དཔྱོད་ཅན་ཞིག་ཡིན་པ་ཀུན་གྱིས་ཤེས། བློ་སེང་ཁོའི་ཟུར་ལ་མི་སླེབས། དེ་དག་འདྲི་ཐུབ་ན། རྡོག་རྒྱག་འདྲེ་ལ་གཞུ་ཁུལ་བྱས་ཀྱང་། རྡོག་ཐོ་ལྷ་ལ་ཕོག་པར་ཐེ་ཚོམ་མེད། ངེས་པར་དུ་ཞུ་དགོས།
སྲོང་བཙན་ལགས་ཀྱིས་གསུང་སྟངས་ལ་བལྟས་ན། གྲ་པ་འདི་དངོས་གནས་དུག་གསུམ་སྤྱི་དང་ལྷག་པར་དུ་ཆགས་སྡང་འདྲེས་མས་བཟི་ཡོད་པ་གསལ་པོ་རེད། བཙན་བྱོལ་གྱི་ཤོད་སྟངས་ལ། ཆང་ཚོགས་གཙོས་མཆོད། ར་བློ་སེང་བཟི། སྨྱོན་པ་ཀླུ་བྱམས་ཆགས། ཟེར་བ་ལྟར། ཆང་སྐྱ་བོས་བཏུང། ར་གྲ་པ་བཟི། ཞེས་ཟེར་ཆོག་གོ།
བཀོར་སེམས་ལ་བབ་ན་མི་དྲན་དགུ་དྲན་དང་། བཀོར་ཁ་ལ་བབ་ན་མི་བཤད་དགུ་བཤད་ཟེར་བ་ལྟར་སྲོང་བཙན་ཞེས་པའི་གྲྭ་ངན་འདི་ཚོ་མི་མང་གི་དྲིན་གྱིས་གྲོ་ཁོག་རྒྱག་ཚེ་ཕྱོགས་ཞེན་དང་ང་རྒྱལ་ཁོ་ནས་ར་བཟི་ཡོད་པ་རེད། ངོ་མ་ནང་པ་དང་ནང་ཆོས་ཟེར་བ་འདི་འདྲ་ཡིན་ན་སྐྱོ་བ་ལའང་།
བོད་ལ་ཏྲེ་འུར་བསོད་རྣམས་ལྟ་བུའི་གྲྭ་བ་ཀླད་མེད་ཅོལ་ཆུང་རང་གི་སྤྱི་ཚོགས་ཁྲག་དཀྲུག་དཀྲུག་བྱེད་ཐུབ་ཀྱང་ཕར་རྒྱ་ནག་ལ་ཚིག་གཅིག་བཤད་མི་ཐུབ་མཁན་མང་བས་ང་ཚོ་ཚད་འདིར་ལྷུང་བ་རེད།
བློ་བཟང་སེངྒེས་ཆིག་སྒྲིལ་ཆིག་སྒྲིལ་ཞེས་ད་བར་དུ་ལབ་བརྒྱབ་པ་ཁོའི་ཆེད་དུ་ཆོལ་ཁ་གསུམ་དཀྲུག་ཐུབ་པའི་ཏྲེ་འུར་གསོད་རྣམས་སོགས་ཀྱིས་ཐལ་དུ་རྡུལ་དུ་བརླག་པ་འདིའོ། །
སྲོང་བཙན་ཟེར་བ་འདི་ནི་མི་ཡུལ་དུ་ལན་གཅིག་སྐྱེས་ཅིང་རང་གི་དངོས་མིང་བཀོལ་སྤྱོད་མ་ཐུབ་པའི་ངང་མི་ཡུལ་དང་གཏན་དུ་གྱེས་དགོས་པ་འདྲ། མི་འདིས་མིང་རྫུན་ཞིག་གི་འོག་ནས་རང་གཞུང་འགོ་གཙོ་རྣམས་ལ་སྐྱོན་འཛུགས་གང་མང་བྱེད་མཁན་གྲལ་གྱི་གཙོ་བོ་ཞིག་རེད། སྤྱིར་བཏང་ཁྱེད་ལ་བོད་ཡིག་གི་ཤེས་ཚད་ཅུང་མཐོ་བོ་འདུག་པས་རྗེས་སུ་ཡི་རངས་ཞུ། འོན་ཏེ། མི་གཞི་ལ་བསམ་ན་སྐྱུག་བྲོ་བ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་སེམས་གཏིང་ནས་བློ་སེང་རྒྱལ་སྐྱོར་གནང་གི་ཡོད་ན་རྨོངས་འདྲི་འདི་དག་མི་དམངས་སར་བརྒྱུད་འགོད་མི་བྱེད་པའི་རེ་བ་ཆེ། རྒྱུ་མཚན། སྤེན་ཚེ་ཕྱི་གསལ་ནང་གསལ་གྱི་མི་ཞིག་ཡིན་པས་འབྱུང་འགྱུར་ཀུན་ལ་དཀའ་ངལ་འཕྲད་སྲིད། རྩོམ་ཡིག་ཅི་ཞིག་བྲིས་ན་ཡང་སྤྱི་ལ་ཏོག་ཙམ་བསམ་བློ་གཏོང་དགོས།
ཚོགས་གཙོ་མཆོག་ལ་དྲི་བ་འདི་དག་གི་ལན་ཆ་ཚང་རྒྱབ་ཡས་ཀྱི་གདིང་ཆ་ཞིག་ཁྱོད་ཚོས་ཟོས་དང་ལན་རྒྱབ་ཡས་ལ་ཐོག་པ་མེད་རེད། བློ་བཟང་སངས་རྒྱས་ནང་བཞིན་བོས་ནས་འགྲོ་གི་མ་རེད།
སྲོང་བཙན་ཟེར་བ་འདི་ནི་མི་ཡུལ་དུ་ལན་གཅིག་སྐྱེས་ཅིང་རང་གི་དངོས་མིང་བཀོལ་སྤྱོད་མ་ཐུབ་པའི་ངང་མི་ཡུལ་དང་གཏན་དུ་གྱེས་དགོས་པ་འདྲ། མི་འདི་མིང་རྫུན་ཞིག་གི་འོག་ནས་རང་གཞུང་འགོ་གཙོ་རྣམས་ལ་སྐྱོན་འཛུགས་གང་མང་བྱེད་མཁན་གྲལ་གྱི་གཙོ་བོ་ཞིག་རེད། སྤྱིར་བཏང་ཁྱེད་ལ་བོད་ཡིག་གི་ཤེས་ཚད་ཅུང་མཐོ་བོ་འདུག་པས་རྗེས་སུ་ཡི་རངས་ཞུ། འོན་ཏེ། མི་གཞི་ལ་བསམ་ན་སྐྱུག་བྲོ་བ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་སེམས་གཏིང་ནས་བློ་སེང་ལ་རྒྱལ་སྐྱོར་གནང་གི་ཡོད་ན་རྨོངས་འདྲི་འདི་དག་མི་དམངས་སར་བརྒྱུད་འགོད་མི་བྱེད་པའི་རེ་བ་ཆེ། རྒྱུ་མཚན། སྤེན་ཚེ་ཕྱི་གསལ་ནང་གསལ་གྱི་མི་ཞིག་ཡིན་པས་འབྱུང་འགྱུར་ཁྱེད་ལ་དཀའ་ངལ་འཕྲད་སྲིད། རྩོམ་ཡིག་ཅི་ཞིག་བྲིས་ན་ཡང་བོད་སྤྱི་ལ་བསམ་བློ་ཏོག་ཙམ་གཏོང་ཤེས་པ་གྱིས།
བློ་བཟང་ལ་གནོང་འགྱོད་མེད་ན་རྡ་སའི་གདིང་ཆའི་ཐོག་ཕེབས་དགོས་ངོས་རེད་ཡིན་ཡང་དེ་དུས་ལྡི་ལི་བོས་འགྲོ་བ་རེད་དེས་ག་རེ་བསྟན་གྱི་ཡོད་རེད་ཟེར་ན་ཁོ་ལ་གནོང་འགྱོད་ཡོད་པ་བསྟན་གྱིས་ཡོད་རེད།
སྤེན་པ་ཚེ་རིང་ཚོགས་གཙོས།
https://www.facebook.com/1656230637964920/videos/1668013960119921/
སྲོང་བཙན་ཟེར་བ་འདིས། ཚོགས་གཙོ་ལ་སྨད་པའི་ཟོལ་གྱིས་དོན་ལ་ཚོགས་གཙོར་ཞབས་བརྟན་སྒྲུབ་ཀྱིན་འདུག འདི་ཡང་རྒྱབ་སྐྱོར་བྱེད་སྟངས་ཁྱད་པར་བ་ཞིག་རེད།
https://www.facebook.com/1656230637964920/videos/1668023110119006/
སྲོང་བཙན་ལགས། ཚོད་ཟིན་ན་ཡག་ས་རེད་་མ་གཏོགས། སྤེན་ཚེ་ལ་ཧ་ཅང་གདེང་ཚོད་འདུག ཞུམ་དགོས་པ་གང་ཡང་མེད་ལ་ང་ལ་བདེན་པ་ཡོད་ཟེར། བཤད་དགོས་བྱུང་ན་གཅིག་གཅིག་གཉིས་གཉིས་བྱས་ན་བཤད་ཁོ་ཐག་ཡིན་ཟེར། ང་ལ་སྲིད་སྐྱོང་མ་ཐོབ་ནའང་བདེན་པའི་རྒྱལ་ཁ་འཐོབ་ཁོ་ཐག་ཡིན་ཟེར། ད་ཁྱོད་ཚོས་བློ་སེང་གི་རྒྱབ་སྐྱོར་ཡིན་མདོག་གིས་སྤེན་ཚེ་ལ་ཤོད་དང་། སྤེན་ཚེས་བློ་སེང་གནམ་ལ་བསྐོར་ཏེ་ཐང་ལ་འཕེན་ངེས་རེད། ད་དུས་སྲིད་སྐྱོང་ཐོབ་ནའང་མཐོང་དང་རིན་ཐང་ཆ་ཚང་བརླག་ཚར་བའི་ལོ་རྒྱུས་ཐོག་གི་སྲིད་སྐྱོང་སྡུག་ཤོས་དེ་ཆགས་རྒྱུ་རེད། ད་ཤོད་དང་། བློ་སེང་ལ་སྔན་པ་ཆེན་པོ་རེག་ངེས།
ཁ་སྣོན་དྲི་བ།
༡ སྤེན་ཚེ་ཡིས་སྤྱི་འཐུས་ཚོགས་གཙོའི་མིང་བེད་སྤྱོད་ཀྱིས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་འོས་འདེམས་ལ་ལམ་འགྲོ་བྱུང་མ་བཅུག་ནི་འོས་འདེམས་སྒྲིག་གཞིར་འགལ་མེད་དམ།
༢ སྤེན་ཚེ་ཡིས་འོས་ཐོབ་ཆེད་གོང་ས་མཆོག་ལ་སྐུ་ངལ་ཡང་གསོ་རུ་འཇུག་གི་མེད་པ་འདི་ལ་དད་པ་དམ་ཚིག་ཅན་ཟེར་རམ།
༣ སྤེན་ཚེ་ཡིས་མི་གསོད་དོགས་གཞི་གཙང་མ་བཟོ་ཐུབ་མེད་པས། རྒྱ་ནག་གཞུང་ལ་ལྩེ་ལྷག་མ་ཞིག་སྤྲད་པ་མ་རེད་དམ།
༤ སྤེན་ཚེ་ཡིས་བུད་མེད་ལ་མགོ་བསྐོར་བཏང་ནས་རྒྱུ་དངོས་ཡན་ཆད་བརྐུ་ཁྱེར་བྱེད་མྱོང་བ་ཡོངས་གྲགས་ཡིན་པས། མི་གཞི་ལ་རུལ་དྲི་འཐུལ་མཁན་ཞིག་སྲིད་སྐྱོང་ལ་འོས་སམ།
ཁ་བདེ་ལྕེ་བདེའི་ཁྱུ་ཚོགས་ཤིག
ཆབ་སྲིད་བཤད་ཁུལ་ཡིན་མདོག་མོད།།
དོན་ལ་གནས་པ་མ་མཐོང་བས།།
དུས་ཚོད་འཕྲོ་བརླག་མ་གཏོང་རོགས།།
བློ་སེང་ངོ་གདོང་ཇེ་གསལ་རེད།།
སྤན་ཚེའི་ངར་ཤུགས་ཇེ་ཆེ་རེད།།
མང་ཚོགས་ཕྱོགས་ཞེན་ཇེ་ཆེ་རེད།
ཚང་མ་བཟོ་མཁན་གཉིས་ཀ་རེད།།
བོད་དོན་བདེན་མཐའ་ཇེ་རིང་རེད།།
རྒྱ་ནག་གཟི་བརྗིད་ཇེ་ཆེ་རེད།།
མི་ཆེན་བློ་ཁོག་ཇེ་ཆུང་རེད།།
ཀླད་མེད་ཁ་ཕོ་ཇེ་མཐོ་རེད།།
དགོས་པའི་བཟང་སྤྱོད་ཇེ་ཞན་རེད།།
མ་དགོས་པ་ངན་གཡོ་ཇེ་ཆེ་རེད།།
སྤྱི་ཚོགས་གདབ་གསིག་དངོས་ཡོད་རེད།།
བོད་ལ་རེ་བ་ཇེ་ཆུང་རེད།།
ངས་ནི།
་
སྤེན་ཚེའི་ངར་ཤུགས་ཇེ་ཆེ་རེད། །
བློ་སེང་ངག་རྩལ་ཇེ་ཆེ་རེད། །
་
མི་མངས་མང་གཙོ་ཤུགས་ཆེ་རེད། །
བློ་སེང་སྤེན་ཚེ་བྲེལ་ཟིང་རེད། །
་
རྒྱ་ནག་རང་ཤི་ཇེ་མང་རེད། །
དོན་དོན་བདེན་མཐའ་ཇེ་གསལ་རེད། །
་
མ་འོའི་རོ་འཁོགས་རུལ་ཆེ་རེད། །
ཏྰ་ལའི་སྙན་གྲགས་ཉིན་ཆེ་རེད། །
་
རྒྱ་གོག་དྭོགས་པས་ཤི་མང་རེད། །
བོད་མི་རེ་བས་ཁེངས་མང་རེད། །
་
ཀརྡོས།
བློ་སེང་དང་མཉམ་དུ་གླེང་མོ་མ་བྱེད་གོང་ནས་སྤེན་ཚེའི་རྫུན་སྐུག་མཐོང་ཡོང་གི་འདུག། བློ་སེང་མཉམ་དུ་བགྲོ་གླེང་བྱེད་དུས་སྤེན་ཚེའི་བླ་མཐོང་ཡོང་གི་རེད། སྤེན་ཚེ་རག་བཟི་ཡིས་སྐད་ཆ་འདྲ་པོ་རྐྱང་བཤད་ནས་རང་ཉིད་རིན་མེད་བཟོས་སོང་།
བློ་གྲོས་རབ་བརྟན་ལགས་སུ། སྤྱི་ཚོགས་སུ་ནད་ངན་དང་འདྲ་བའི་བཤད་ཡོམ་དེ་ཚོ་གཙང་མ་ཆགས་ཐབས་ལས་བློ་སེང་ཐོབ་ཐབས་ཤིག་མིན།བདེན་པ་ཚོགས་གཙོ་མཆོག་ལའང་ཡོད་ཆོག། ནོར་བ་བློ་སེང་ལའང་ཡོད་སྲིད། སུ་བདེན་ན་བདེན་མཐའ་གསལ་དགོས་པ་གཙོ་བོ་ཡིན།
དྲ་འབངས་“སྲོང་བཙན་”ལ་གནང་བའི་དྲིས་ལན་ཉེར་ལྔ་པ།
མི་སྐྱོད་པ།
(དང་པོ།)
དྷ་ན་ཤྲཱིའི་གླིང་དུ་བསོད་ནམས་དཔལ།།
བྱམས་བརྩེའི་འོད་དུ་འཁྲུངས་པའི་རྟེན་གྱི་མཆོག །
འབྲས་དཀར་སྤུངས་པའི་བསིལ་ལ་མཉེན་བྱས་ནས།།
བདེན་པའི་གཏམ་གྱི་གླིང་བུ་འགྲོ་ཕྱིར་འབུད།།
ཞེས་པའི་ངག་གི་མཆོད་པ་དང་ལྷག་བསམ་པོ་མཚམས་སྦྱར་ནས་ཞུ་བར་བྱ་བ་ནི། ཉེ་སྔོན་དྲ་འབངས་སྲོང་བཙན་ལགས་ཀྱིས་<> http://www.khabdha.org/?p=80513 བྱ་བ་ཞིག་དྲ་ལམ་དུ་བསྟར་འདུག་པ་བམ་ཀློགས་ཙམ་བྱས་པ་ཡིན། ཇི་སྐད་དུ། བལ་པོའི་སེའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས། གསུངས་པ་ལྟར། ཁོང་གི་ཚིག་སྔ་སྙུག་རྩེར་མ་བཀོད་སྔོན་ལ་བསམ་ནག་བློ་སྙིང་གཏིང་ནས་འཕགས་འདུག་པའི་ཀུན་སློང་དག་ངང་ངམ་ཤུགས་སུ་མངོན་ནས་བྱུང་། དེ་བས། བྱ་བྲལ་རི་ལ་བདེ་རུང་རྒྱལ་ཁམས་རླུང་ལ་བསྐུར་དུས་མིག་བཙུམས་ནས་སྡོད་མ་བདེ་བས། གཤམ་གྱི་ཡིི་གེ་འཐོར་བུ་དག་གོ་བདེ་བའི་ཕྱིར་གྲོང་ཚིག་ཏུ་འགོད་པར་བྱའོ། །
(དྲ་འབངས་སྲོང་བཙན།:་བྱ་བའི་འོག་ཏུ་ཁོང་གིས་བཀོད་པའི་དྲི་བ་ཇི་བཞིན་བཤུས་ཡོད།
དྲ་འབངས་མི་སྐྱོད་པ། : བྱ་བའི་འོག་ཏུ་རང་ཉིད་ཀྱི་དྲན་འཆར་ལན་དུ་བཏབ་ཡོད།)
དྲ་འབངས་སྲོང་བཙན།: 1 སྲིད་སྐྱོང་གིས་༸གོང་ས་མཆོག་ལ་མཛད་དཀའ་བཟོ་ས་རེད་ཅེས་སྐུ་ཉིད་ཀྱིས་གསུངས་འདུག་ན། ཇི་ལྟར་མཛད་དཀའ་བཟོ་ལུགས་དང་། དེ་སྔར་མཛད་དཀའ་འདི་བཟོས་སོང་ཞེས་དཔེ་མཚོན་གང་དང་གང་ཡོད་དམ།
དྲ་འབངས་མི་སྐྱོད་པ།: གུས་པས་སྤེན་པ་ཚེ་རིང་གིས་དངོས་སུ་བཀའ་མོལ་དེ་འདྲ་གནང་ཡོད་མེད་དངོས་སུ་མ་མཐོང་། ཡིན་ན་ཡང་། ངས་རང་ངོས་ནས་སྲིད་སྐྱོང་བློ་བཟང་སེངྒེ་སྲིད་ཁྲིར་སླེབས་པ་ནས་བཟུང་༧གོང་ས་མཆོག་ལ་མཛད་དཀའ་མང་པོ་ཞུས་ཡོད།
(༡) ༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། མི་མང་ཁྲི་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་སྒྲུབ་སྒྲུབ་པ་དེ། བོད་ནི་ལོ་རྒྱུས་ཁྲོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དེ་རེད། ཡིན་ན་ཡང་། བློ་བཟང་སེངྒེས་༢༠༡༢ ལོར་ཡུ་རོབ་ནས་”ང་ཚོ་བོད་མི་ཚོར་རྒྱལ་ཁབ་ཅིག་དུས་ནམ་ཡང་ཡོད་མ་མྱོང་(We, Tibetans, never had a country)”ཞེས་རྒྱལ་སྤྱིའི་ཁྱོན་དུ་བསྒྲགས་ནས། ༧གོང་ས་མཆོག་དང་བོད་མི་མང་གིས་སྒྲུབ་སྒྲུབ་ཐམས་ཅད་ཆུ་ལ་གཡུགས་ཡོད། དེ་༧གོང་ས་མཆོག་ལ་མཛད་དཀའ་རེད་དམ་མ་རེད། (དཔང་རྟགས་འདིར་གཟིགས་རོགས།) https://www.youtube.com/watch?v=DKFCPV4VUMM
(༢) ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་དགོས་ཞེས་རྒྱལ་སྤྱིའི་ཁྱོན་དང་། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཐོག་ཏུ་འབད་འབུངས་ཆེན་པོས་བཤད་ཡོད། ཡིན་ན་ཡང་། ༢༠༡༣ ལོའི་ཟླ་༥ ཚེས་༨ཉིན་ནིའུ་ཡོག་ནས་”ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་མང་གཙོ་དགོས་ཟེར་གྱིན་མེད། ང་ཚོས་བཙན་བྱོལ་ནང་གི་མང་གཙོ་དེ་བོད་ནང་ལ་ལག་བསྟར་བྱེད་ཀྱི་ཡིན་ཟེར་གི་མེད་”ཅེས་ཟེར་ཡོད་པ་མ་ཟད། བཅར་འདྲི་གནང་མཁན་གྱིས་”བྱས་ན། ཏཱ་ལའི་བླ་མས་གསུང་པ་དེ་བདེན་པ་མ་རེད་དམ་” ཞེས་དྲིས་ཀྱང་། བློ་བཟང་སེངྒེས་མུ་མཐུད་ནས་”བོད་ལ་མང་གཙོ་མི་དགོས། ང་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་འགྲིག་མི་འདུག་ཟེར་གི་མེད་”གསུངས་པ་འདི་དག ༧གོང་ས་མཆོག་དང་བོད་མི་མང་ལ་མཛད་དཀའ་བཟོས་པ་མ་རེད་དམ། (དཔང་རྟགས་འདིར་གཟིགས། http://www.cfr.org/tibet/conversation-sikyong-lobsang-sangay/p35474)
(༣) དུས་འཁོར་དབང་ཆེན་དཔལ་འབྱོར་དང་། ཆབ་སྲིད། མདོར་ན་རང་དོན་སྒྲུབ་བྱེད་དུ་བཀོལ་ནས་༧གོང་ས་མཆོག་ལ་ཐུགས་ཕམ་དང་། བོད་མི་མང་གི་འཚོ་བ་ལ་རྡབ་བསིག་བཏང་བཞག་པ་དེ་ཚོ། ༧གོང་ས་མཆོག་ལ་མཛད་དཀའ་མ་རེད་དམ།
(༤) ༧གོང་ས་མཆོག་ནས་སྐུ་ངལ་ཁྱད་བསད་ཀྱིས། ལོ་ངོ་ཉི་ཤུའི་རིང་བཙུན་མ་ཚོར་དགེ་བཤེས་མའི་ཐོབ་ཐང་གནང་ཆེད་ཧུར་ཐག་གནང་། དེ་ཡང་། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པར་གོ་བསྐོན་བློ་འགུགས་གནང་ཐབས། གདན་ས་ཁག་གི་དགེ་བཤེས་རྣམས་ལ་སེམས་ཤུགས་སྤར་ནས་བཙུན་དགོན་ཁག་ཏུ་དཔེ་ཁྲིད་དགེ་རྒན་གནང་ཐབས། བཙུན་མ་ཚོར་འཚོ་བའི་མཐུན་རྐྱེན་དང་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་པ། སེམས་ཤུགས་སྤར་བ་སོགས་ལོ་ངོ་ཉི་ཤུར་སྐུ་ངལ་བསྐྱོན་པ་དེ། བློ་བཟང་སེངྒེས་ངོ་ཚ་ཁྲེལ་གཞུང་མེད་པར། དེ་ངའི་བྱས་རྗེས་ཡིན། ངའི་གསར་གཏོད་ཡིན་ཟེར་མི་མང་ནང་བསྒྲགས་པ་འདི། ༧གོང་ས་མཆོག་ལ་ཀྱག་ཀྱག་མེད་དམ། མཚན་སྨད་རེད་དམ། བརྙས་བཅོས་རེད་དམ། འདིས་མ་ཆོག་པ་ཞིག་ད་ག་རེ་གནང་རྒྱུ་ཡིན་ནམ།
དུས་ཚོད་ཀྱི་དབང་གིས་ཚང་མ་ཞུས་ཚོད་མི་འདུག དངོས་གཞིའི་འོས་བསྡུ་ཚར་བའི་རྗེས་སུ་ཡང་གུས་པས་འདིའི་རིགས་རེ་རེ་བཞིན་རྒྱ་ཆེའི་མི་མང་ཞུ་ངེས་ཡིན།
དྲ་འབངས་སྲོང་བཙན།: སྐུ་ཉིད་ཀྱིས་སྲིད་སྐྱོང་གིས་བཀའ་ཤག་ལ་འགན་མཉམ་ཁུར་མ་བྱེད་པར་ལས་དོན་རེ་འགའ་ཁོང་སྒེར་གྱིས་གནང་གི་ཡོད་ལུགས་གསུངས་པ་ལ་ཉེ་ཆར་སྲིད་སྐྱོང་གིས་ལན་འདེབས་བྱས་ཏེ། ཨ་རི་དང་རྒྱ་གར་གྱི་གནད་དོན་དེ་སྲིད་སྐྱོང་གིས་ཐད་ཀར་གཏོང་འཛིན་བྱེད་བཞིན་པ་ནི་ཟམ་གདོང་རིན་པོ་ཆེ་ནས་དེ་བཞིན་གནང་གི་ཡོད་ལུགས་གསུངས་འདུག་པས་སྐུ་ཉིད་ཀྱིས་གསལ་བཤད་ཁ་གསལ་གནང་རོགས།
དྲ་འབངས་མི་སྐྱོད་པ།: ཟམ་གདོང་རིན་པོ་ཆེས་གང་གནང་བ་དེ་བློ་བཟང་སེངྒེས་འཇོན་གྱི་རེད་དམ། གལ་སྲིད་འཇོན་གྱི་ཡོད་ན་འགྲིག་པ་རེད། འཇོན་མེད་ཙང་བཀའ་བློན་གཅིག་རྗེས་གཉིས་མཐུད་དགོངས་པ་ཞུ་རྒྱུའི་གནས་ཚུལ་བྱུང་བ་རེད། གཞུང་ཞབས་བརྒྱད་ཅུ་གྱ་གྲངས་དགོངས་པ་ཞུས་པའི་གནས་སྟངས་བྱུང་བ་རེད། སྟག་མཆོང་སར་ཝ་མཆོང་མ་གནང་།
དྲ་འབངས་སྲོང་བཙན།: 3 སྐུ་ཉིད་ཀྱིས་ད་ལྟའི་བཀའ་ཤག་གིས་བོད་རྒྱལ་འབྲེལ་མོལ་གནང་མ་ཐུབ་པ་དེ་འཐུས་ཤོར་ཡིན་ཚུལ་གསུངས་འདུག་པས། འདིའི་ཐད་རྒྱ་ནག་གིས་ཁ་ཡ་མ་བྱེད་ན་བཀའ་ཤག་ལ་ནུས་པ་གང་ཡང་མེད་པ་མ་རེད་དམ། འོ་ན་༸གོང་ས་མཆོག་གིས་ད་བར་རང་དབང་བསྐྱར་གསོ་གནང་མ་ཐུབ་པ་དེ་༧གོང་ས་མཆོག་གི་འཐུས་ཤོར་ལ་ངོས་འཛིན་བྱེད་དགོས་སམ།
དྲ་འབངས་མི་སྐྱོད་པ།: དྲི་བ་དེ་མཐོང་མ་ཐག་སེམས་ལ་ཨ་ཁ་ཁ་བསམ་པ་བྱུང་། ད་བྱས་དུས་བློ་སེང་རང་ཉིད་ཙམ་མ་ཡིན་པར། ཁོང་གི་རྒྱབ་སྐྱོར་བ་ཚོས་ཀྱང་༧གོང་ས་མཆོག་དང་ཁོ་གཉིས་མཚུངས་བསྡུར་བྱེད་ཀྱིན་འདུག
དྲ་འབངས་སྲོང་བཙན།: དུས་དབང་ཕར་འགྱངས་གནང་བ་དེ་སྐུ་ཉིད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ལུགས་གསུངས། ཡང་ཆ་ཚང་ཤེས་མི་འདུག་གསུངས། དེའི་རྗེས་སྲིད་སྐྱོང་གིས་ལན་འདེབས་གནང་སྟེ། ཚོགས་གཞོན་བརྩིས་པའི་མི་བཞི་དཔང་པོ་ཡོད། ཁོང་བཞི་པོའི་མདུན་ནས་ཁྱེད་ལ་ཁ་པར་ནས་གསལ་པོ་བཤད་ཡོད་ཅེས་གསུངས་འདུག་པས། སྐུ་ཉིད་ལ་ཆ་ཚང་གསུངས་མེད་པའི་དཔང་པོ་དང་ཁུངས་ཡོད་དམ།
དྲ་འབངས་མི་སྐྱོད་པ།: དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རི་ནས་གང་མ་གསུངས་པའི་སྔོན་དུ། སྲིད་སྐྱོང་བློ་བཟང་སེངྒེ་དང་། ཆོས་རིག་བཀའ་བློན་རྣམ་པ་གཉིས་ཀས་ “དུས་དབང་ཕར་འགྱངས་དེ་བཀའ་ཤག་རང་གི་ངོས་ནས་ཡར་ཞུས་ཏེ་ཕར་འགྱངས་གནང་ཡིན་གསུངས་ཡོད། ཚིག་དེ་ད་ག་རང་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཞུས་སོང་ཟེར། ཕྱིས་སུ་དྲུང་ཆེ་གསུམ་ནས་གསལ་བསྒྲགས་གནང་དུས་དགའ་ལྡན་ཕོ་བྲང་ནས་མང་བཀའ་གནང་སོང་གསུངས་ཡོད། ད་རི་བོར་མཛུབ་མོ་བཙུགས་དགོས་པ་འདུག་གམ”
དྲ་འབངས་སྲོང་བཙན།: 5 དུས་དབང་ཕར་འགྱངས་སྐོར་ནས་ཁྱེད་ཀྱིས་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ལུགས་ཁ་གསལ་བཤད་འདུག་པས་འདི་བདེན་པ་ཡིན་དང་མིན། བདེན་ན་ཁ་གསལ་པོ་གསུངས་རོགས།
དྲ་འབངས་མི་སྐྱོད་པ།: ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་ཐུགས་ལ་ཁྲོ་བ་ཡོད་མི་ཆོག་ཟེར་འདོད་ན་དེ་གླེན་རྟགས་རེད། ས་བཅུའི་བྱང་ཆུབ་སེམས་དཔའ་སྐུ་དྲག་པོའི་སྣང་ངོར་བཞེངས་པའི་ཐང་ག་བརྒྱ་ཕྲག་མཇལ་ཏུ་ཡོད། བྱས་ཙང་། ང་ཚོ་དད་དམ་གཡོ་བ་མེད་པའི་མི་མང་གིས་༧གོང་ས་མཆོག་དགོངས་ཚོམས་དང་ཐུགས་ཕམ་གྱི་ཉམས་བཞེས་ངེས་པར་ཡིད་ཆེས་གནང་གི་ཡོད་ལ། ལོ་རེར་སྨན་ཁང་དུ་འཆར་ཅན་གྱི་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་བཞིན་པའི་ཚུལ་ལ་གཞིགས་ན། ༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་གིས་ཀྱང་འགྲོ་བ་འདུལ་བའི་ཕྱིར་དུ་མིའི་རྣམ་པར་རོལ་བཞིན་པ་རྟོགས་ཐུབ།
https://www.youtube.com/watch?v=DKFCPV4VUMM
༼མུ་མཐུད་ནས་རྒྱུ་མ་ཕུ་འདེད་གནང་ངེས།༽
དྲ་འབུ་མི་སྐྱོད་པས་བྱང་ཆུབ་སེམས་དཔའི་ཐུགས་ཁྲོ་བ་མི་ཆོག་ཟེར་འདོད་ན་གླེན་རྟགས་རེད། ས་བཅུ་བྱང་ཆུབ་སེམས་དཔའི་སྐུ་དྲག་པོའི་སྣང་ངོ་བཞེངས་པའི་ཐང་ག་བརྒྱ་ཕྲག་མཇལ་དུ་ཡོད། ཟེར་བ་དེས་ཁྱེད་ལ་ཤེས་རྒྱ་ཇི་ཡོད་མཐོང་སོང་།
སྤྱིར་ཡིན་ན། སྲོང་བཙན་གྱི་དྲི་བ་གནང་བཏང་ལྟར་གྱིས་བརྡར་ཤ་བཅད་ན་ཡག་པོ་མཐོང་སོང་། དེ་མིན། གཞི་མེད་རྙོག་གཏམ་གྱིས་དྲ་ཚིགས་གང་ན་ཆོད་མི་འདུག འོན་ཏེ། སྲོང་བཙན་གྱི་དྲི་བ་དག་གིས་ཚོགས་གཙོར་མཛད་དཀའ་ལས། ནུས་པ་བཟློག་ཕྱོགས་ཀྱིས་བསླེབས་ཏེ་སྲིད་སྐྱོང་ལ་མཛད་དཀའ་བཟོ་ཉེན་ཆེན་པོ་རེད་དཱ།
ད་ལྟའི་དུས་སྐབས་འདིར་བོད་མི་ཕལ་མོ་ཆེས་སྲིད་སྐྱོང་གི་འོས་མི་གཉིས་ལ་སྐྱོན་བརྗོད་ཀྱི་འགོ་བརྩམས་ཏེ་ལས་འགུལ་འདྲ་མིན་སྤེལ་མུས་རེད། གནས་སྐབས་རིང་དེའི་སྐོར་མི་གླེང་བར་ངང་སྒུག་བྱེད་རོགས།
ང་ལ་སྲིད་ཕྱོགས་ཀྱི་དྲི་བ་གཅིག་དང་། ཆོས་ཕྱོགས་ཀྱི་དྲི་བ་གཅིག་སྟེ་ཁྱོན་དྲི་བ་གཉིས་ཡོད། དྲ་གྲོགས་ཤིག་གིས་བདག་ལ་ཁ་གསལ་གྱི་ལན་ཞིག་གནང་རོགས།
སྲིད་ཕྱོགས་ཀྱི་དྲི་བ། བཀའ་བློན་ལྷན་ཁང་གི་བང་རིམ་ནི། དང་པོ་ཆོས་རིག ༢ ནང་སྲིད། ༣ དཔལ་འབྱོར།
༤ ཤེས་རིག ༥ བདེ་སྲུང་། ༦ ཕྱི་དྲིལ། ༧ འཕྲོད་བསྟེན་བཅས་སོ།། བང་རིམ་འདི་ལྟར་འཇོག་དགོས་དོན་གང་ཡིན་ནམ།
ཆོས་ཕྱོགས་ཀྱི་དྲི་བ་ནི། སྟོན་པ་ཐུབ་དབང་མཆོག་སྐུ་བལྟམས་པའི་ཚེ་ས་ཆེན་འདིར་གོམ་པ་བདུན་སྤོ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
སྲོང་བཙན་ལགས། བཟང་གི སྐད་ཆ་དྲང་དགོས། མོ་སྟུ་ཆུང་དགོས།