དོལ་སྨྱོན།
ཐུ༵གས་བསྐྱེད་སྨོན་ལམ་དག་པའི་མཁའ་ལ་སྤངས་རྟོགས་ཡོན་ཏན་ཆ་ཤས་རྫོགས། །
ཐུ༵གས་བརྩེའི་ཕྲིན་ལས་འོད་ཟེར་ཆེན་པོས་འགྲོ་བའི་དུཿཁའི་སྨག་རུམ་བཅོམས། །
ཐུ༵གས་བཞེད་དགེ་མཚན་རྨད་དུ་བྱུང་བའི་འདྲེན་པ་ཆེ་མཆོག་གཙོ་བོ་སྟེ། །
ཐུ༵གས་རྗེ་ཐབས་ཀྱིས་གསོ་རིག་རྒྱས་མཛད་སྨན་གྱི་བླ་མར་གུས་པས་འདུད། །
འདྲེན་པ་གང་གི་གསང་གསུམ་ཡོན་ཏན་མ་ལུ༵ས་ལུ༵ས་པ་མེད་པ་ཀུན། །
གཅིག་ཏུ་འདུས་པའི་བདག་ཉིད་ཆེན་པོ་ལྷ་རྗེ༵་རྗེ༵་བཙུན་གཡུ་ཐོག་པ། །
གངས་རིའི་ལྗོངས་འདིར་སྨན་པ་ཡོངས་ཀྱི་གཙུག་ཕུ༵ད་ཕུ༵ད་པུར་མངའ་གསོལ་བ། །
བདག་སོགས་འགྲོ་བའི་མགོན་པོ་ཆེ་མཆོག༵་མཆོག༵་གྱུར་ཁྱེད་ཉིད་གཏན་གྱི་སྐྱབས། །
ག༵སོ་དཔྱད་སྨན་གྱི་སྦྲང་ཆར་བསིལ་མས་ལུས་ཅན་བདེ་བའི་རྩ་བ་བརྟན། །
ག༵སོ་བྱེད་ཐབས་ཀྱི་གཞུང་ལུགས་ཟབ་པས་ནད་མེད་ལང་ཚོའི་ལོ་འདབ་རྒྱས། །
ག༵སོ་ཚུལ་ལག་ལེན་ཕུན་སུམ་ཚོགས་པས་འགྲོ་ཀུན་ཕན་བདེའི་འབྲས་བཟང་སྨིན། །
ག༵སོ་རིག་རྒྱུད་བཞི་དཔག་བསམ་ལྗོན་པས་རྣམ་ཀུན་དགེ་བའི་ཤིས་པ་སྩོལ། །
ཨེ་མ་གངས་ཀྱི་ར་བས་བསྐོར་བའི་བསིལ་ལྡན་ཁ་བའི་ཡུལ་ལྗོངས་འདིར། །
བཀའ་བསྟན་གསོ་རིག་གཞུང་ལུགས་ཀུན་ལས་རྨད་དུ་བྱུང་བའི་རྒྱལ་པོ་མཆོག།།
ལེགས་བཤད་ཞིམ་མངར་བཅུད་ཀྱིས་གཏམས་པའི་གསོ་རིག་རྒྱུད་བཞི་འདི་མཐོང་ཚེ། །
བདག་བློ་དང་བའི་བུང་བ་གཞོན་ནུ་དབང་མེད་ཁྱོད་ཀྱི་ཕྱོགས་སུ་ཤོར། །
མཐུན་མིན་རང་ལུགས་རྒྱུད་བཞིའི་ཁོངས་སུ་བཀའ་བསྟན་མན་ངག་བཅུད་བསྡུས་པས། །
ཕུན་སུམ་ཚོགས་པའི་གསོ་ཐབས་ནུས་ལྡན་བཅུད་ཆེན་འདོད་དགུའི་རོ་དང་ལྡན། །
བདུད་རྩི་སྙིང་པོ་མཚན་གྱི་སྙན་པ་དོན་དང་མཐུན་པའི་གྲགས་པ་ཅན།།
གསོ་དཔྱད་མ་ལུས་གསལ་བར་སྟོན་འདི་སྨན་གཞུང་ཀུན་གྱི་ཡང༵་རྩེ༵་ཡིན། །
གནས་དང་དུས་སོགས་ཕུན་ཚོགས་ལྔ་ལྡན་གླེང་བཞིའི་བཀོད་པ་ངོ་མཚར་འཕྲུལ། །
བློ་རྨོངས་ཕལ་བའི་ཡུལ་ལས་འདས་པ་བླ་ན་འཕགས་པའི་ངེས་གསང་དོན། །
སྐལ་ལྡན་གདུལ་བྱས་ཡིད་ཆེས་འོས་པའི་ཁུངས་དང་ལྡན་པའི་ཆེ་བ་ཅན། །
རྒྱུད་རྒྱལ་ཡིད་བཞིན་ནོར་བུ་འདི་ནི་རྒྱུད་དོན་ཀུན་གྱི་རྒྱལ༵་པོ༵་ཡིན། །
སླེང་གློང་ལེའུས་གཞུང་གི་དོན་རྣམས་རྣམ་གྲངས་རྣམ་པར་དབྱེ་བ་ཡིས། །
གསོ་བ་རིག་པའི་དགོས་པའི་དོན་དང་སྤང་གཉེན་རྣམ་གྲངས་མ་ལུས་ཀུན། །
གོ་རིམ་ཇི་བཞིན་འབྲེལ་ཆགས་བསྟན་པས་ཕྱོགས་རེར་ཞེན་པ་རྨོངས་པའི་བློ། །
ཡོངས་སུ་སྤངས་པ་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་སྤྱི༵་འབྲེལ༵་ཡིན། །
བློ་རབ་གདུལ་བྱའི་དོན་དུ་གསུངས་པ་དཔལ་ལྡན་རྩ་བ་ཐུགས་ཀྱི་རྒྱུད། །
གནས་ལུགས་ནད་གཞི་ངོས་འཛིན་རྟགས་དང་གསོ་བའི་ཐབས་སོགས་སྙིང་པོའི་དོན། །
ཀུན་ཀྱང་འདི་ལ་ཡོངས་སུ་ཚང་ཞིང་རྒྱ་ཆེར་འདི་ལས་རབ་སྤྲོས་པའི། །
རྨད་དུ་བྱུང་བའི་རྒྱུད་རྒྱལ་འདི་ནི་རྒྱུད་དོན་ཀུན་གྱི་རྩ༵་བ༵་ཡིན། །
བློ་འབྲིང་གདུལ་བྱའི་དོན་དུ་གསུངས་པ་དཔལ་ལྡན་བཤད་པ་སྐུ་ཡི་རྒྱུད། ། ལུས་ནད་གཉེན་པོ་གསོ་བའི་ཚུལ་དང་གསོ་བ་པོ་ཡི་རྣམ་བཞག་རྣམས། །
གོ་རིམ་ཇི་བཞིན་མ་ཚང་མེད་པར་གསལ་རྒྱས་དག་གསུམ་གྱིས་སྟོན་པའི། །
རྨོངས་མུན་སེལ་བའི་སྒྲོན་མེ་འདི་ནི་ལེགས་བཤད་ཀུན་གྱི་འབྱུང༵་གནས༵་ཡིན། །
བློ་མཐའི་གདུལ་བྱའི་དོན་དུ་གསུངས་པ་དཔལ་ལྡན་མན་ངག་ཡོན་ཏན་རྒྱུད། །
བརྗོད་བྱ་གསོ་ཡུལ་ཡན་ལག་བརྒྱད་ལ་གསོ་ཐབས་ལག་ལེན་སྣ་ཚོགས་ཀྱིས། །
མན་ངག་ལག་ལེན་ཐབས་ལམ་མ་ལུས་མ་ཚང་མེད་པར་སྟོན་བྱེད་པའི། །
ནད་རྣམས་སྒྲིབ་མེད་གསལ་བར་མཐོང་འདི་དྲི་མེད་ནོར་བུའི་མེ༵་ལོང༵་ཡིན། །
བློ་དམན་གདུལ་བྱའི་དོན་དུ་གསུངས་པ་དཔལ་ལྡན་ཕྱི་མ་ཕྲིན་ལས་རྒྱུད། །
བརྟག་པའི་ཐབས་དང་ཞི་སྦྱོང་དཔྱད་སོགས་ལག་ཏུ་བླང་བྱའི་རིམས་པ་རྣམས། །
གནད་ཀུན་གཅིག་བསྡུས་ལག་ལེན་ཁྱེར་བདེ་དོན་གསལ་རྒྱས་བསྡུས་རབ་འཚམ་ཞིང་། །
ཟབ་དགུའི་བཅུད་འདུས་བློ་གཏད་གཅིག་ཆོག་གསོ་དཔྱད་ཀུན་གྱི་མཇུག༵་སྡུད༵་ཡིན། །
གཞི་རྟགས་ལ་སོགས་གསོ་བའི་ཐབས་ཀུན་མཇུག་དོན་ཡོངས་སུ་དྲིལ་བ་སྟེ། །
རང་གཞན་ཀུན་གྱི་ཐེ་ཚོམ་རབ་གཅོད་བསྟོད་ཅིང་བསྔགས་པས་སྤྲོ་བ་བསྐྱེད། །
རྒྱུ་དྲུག་ཚང་བའི་སྣོད་ལ་གཏད་ཅིང་ཀུན་གྱིས་གཅེས་སྤྲས་བྱ་བའི་ཚུལ། །
ལེགས་པར་འདོམས་འདི་གདུལ་བྱའི་གདུང་སེལ་ཡིད་བཞིན་བདུད་རྩིའི་ཆར༵་རྒྱུན༵་ཡིན། །
དཔག་མེད་ཐབས་མཁས་རིགས་པའི་འཕྲུལ་དང་སྨན་དཔྱད་བདུད་རྩིའི་ཆར་རྒྱུན་གྱིས། །
འདུ་འཁྲུགས་ནད་ཀྱི་ཚ་གདུང་ཀུན་སེལ་ཚེ་དང་སྲོག་གི་མཛོད་འཆང་ཞིང་། །
དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་འདི་ཕྱི་གཏན་གྱི་དཔལ་ཡོན་བསུ། །
འཆི་དག་བདུད་དཔུང་འཇོམས་པར་བྱེད་པས་མི་འཇིགས་སྐྱབས་ཀྱི་སྦྱིན༵་པ༵་ཡིན། །
མཆོག་དམན་འཚོ་བྱེད་ཀུན་གྱི་སྙིང་ལ་མི་ཟད་དགའ་བདེའི་དཔལ་སྟེར་ཞིང་། །
ཡོད་དོ་ཅོག་གི་ནད་པའི་རེ་བ་གང་ལ་དེས་འཚམ་ཡིད་བཞིན་སྐོང་། །
རིས་སུ་མ་ཆད་འབྲེལ་ཚད་དོན་ལྡན་བསམ་འཕེལ་དབང་གི་རྒྱལ་པོ་ལྟར། །
འདི་ཕྱིའི་ལེགས་ཚོགས་འབྱུང་གནས་འདི་ནི་མཐའ་ཀླས་འགྲོ་བའི་སྤྱི༵་ནོར༵་ཡིན། །
རིན་ཆེན་འབུམ་གྱིས་བསྒྲུན་དུ་མེད་པ་ཤིན་ཏུ་རྙེད་པར་དཀའ་བའི་ཆོས། །
སྡེ་བཞིའི་ཕུན་ཚོགས་སྒྲུབ་པའི་ཐབས་མཆོག་བླ་ན་མེད་པའི་ཡིད་བཞིན་ནོར། །
འཕྲལ་ཡུན་གཏན་བདེའི་དགོས་འདོད་ཀུན་སྩོལ་ས་རྟོལ་ལྗོན་པའི་དབང་པོ་དངོས། །
དཔལ་ལྡན་གསོ་རིག་རྒྱུད་བཞི་འདི་ནི་ཡིད་བཞིན་དབང་གི་ནོར༵་བུ༵་ཡིན། །
ཕུལ་དུ་བྱུང་བའི་ཆེ་བ་སྟོང་ལྡན་ངོ་མཚར་རྨད་བྱུང་རྒྱུད་ཆེན་བཞིའི། །
ཁྱད་དུ་འཕགས་པའི་ཡོན་ཏན་མཐའ་དག་བདག་འདྲ་རྨོངས་པའི་ཡུལ་མིན་ཡང་། །
འོན་ཀྱང་ཆ་ཙམ་རྗེས་སུ་བསྔགས་པའི་བསྟོད་ཚིག་པིང་ཀའི་མགྲིན་དབྱངས་འདི། །
བཅོས་སུ་མེད་པའི་སྤྲོ་བ་བརྟས་པས་འདི་ཙམ་དང་བའི་ཡིད་ཀྱིས་བྲིས། །
རྣ༵མ༵་དཀར་ལེགས་ཚོགས་འདི་ལས་བྱུང་བའི་རྣམ༵་དག་དགེ་བའི་དངོས་པོ་ཀུན། །
རྣམ༵་མང་འགྲོ་བའི་དོན་ལ་བསྔོས་པས་རྣམ་རྟོག༵་དྲི་མ་ཀུན་བསལ་ཞིང་། །
རྣམ༵་ཀུན་བདེ་བའི་དཔལ་ཡོན་བསུ་བ་རྣམ༵་དག་གསོ་རིག་གཞུང་ལུགས་ཀྱི། །
རྣམ༵་པར་དག་པའི་དོན་ཀུན་རྟོགས་ནས་རྣམ༵་མང་འགྲོ་བའི་ཉེར་འཚོར་ཤོག།
དོལ་སྨྱོན་ལགས་ཀྱིས་དཔལ་ལྡན་རྒྱུད་བཞི་ནི་བོད་གངས་ཅན་ལྗོངས་སུ་གནས་པའི་གསོ་རིག་ཀུན་གྱི་ཡང་
རྩེ་རུ་བསྔགས་པའི་སྙན་ཚིག་དེ་ནི་རྣ་བར་ཤིན་ཏུ་འཇིབ།
ཡག་པོ་འདུག
དཔལལ་ལྡན་བརྒྱུད་བཞིའི་དགོས་པའི་ཡང་སྙིང་ནད་རིགས་བཞི་བརྒྱ་རྩ་བཞི་ཡི།།
གཉེན་པོར་གྱུར་ནས་འགྲོ་ཀུན་བདེ་ཞིང་རང་གཞན་དོན་གཉིས་འགྲུབ་སླད་དུ།།
ནད་མེད་ཚེ་རིང་ཆོས་མཐུན་ལས་ལ་འབད་འབུངས་ཡུན་དུ་སྲིངས་དགོས་ལས།།
མེད་པའི་ཕྱིར་ན་བསྟོད་ཚིག་འབུལ་ལས་ལག་ལེན་གནད་ལ་འབད་རེན་རེད།།
སྙན་ངག་ཟེར་ན་དེ་འདྲ་ཞིག་ལོས་ཡིན་སྙམ་པ་ཞིག་བྱུང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྙན་ངག་གི་རྩལ་ཡོངས་སུ་རྫོགས་པ་འབུར་དུ་ཐོན་ནས་འདུག ཡག་པོ་དཔེ་མེད་ཅིག་བྲིས་འདུག ཡིད་སེམས་རབ་ཏུ་འཕྲོག་པར་བྱས་སོང་།
ས་དང་གནམ་དང་འབྱུང་བ་རླུང་གི་གཡོ་བ་ལས།།
དུས་བཞིའི་དྲོད་དང་ཚེ་སྲོག་བསྐྲུན་པའི་རང་བྱུང་ཁམས།།
དཔལ་ལྡན་རྒྱུད་བཞིའི་རིག་བྱེད་རྒྱལ་མོ་སྙིང་པོ་མཆོག།
ཀུན་ལ་སྟོན་མཛད་གཡུ་ཐོག་མགོན་པོར་དད་པས་འདུད།།
དྲ་གྲོགས་ཚོས་བསམ་ཚུལ་གསུངས་གནང་བ་ལ་སེམས་གཏིང་ནས་དགའ་བསུ་ཞུ།
དོལ་སྨྱོན་ཁྱེད་ཀྱིས་སྨན་གྱི་རྒྱུད་བཞི་དང་འབྲེལ་བའི་སྙན་ངག་ཀྱི་གཤོག་རྩལ་ངོམས་པ་ལ་ངོམ་རིན་ཆོག་པ་འདུག
བཙན་བྱོལ་བ་ལགས།
སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུའོ།།
མི་ནད་ནད་ཐར་ཐར་དགོས་ན། །
ནད་གསོ་གསོ་རིག་རིག་པ་འདི། །
བརྒྱུད་བཞི་བཞི་སྦྲགས་སྦྲགས་འབྱར་ནས། །
མིར་ཕན་ཕན་བདེ་བདེ་སྐྱིད་བསྐྲུན། །
དྲ་གྲོགས་རྣམ་པ།
གཤམ་གྱི་རྩོམ་ཡིག་འདི་ཚ་བ་མདའ་སྨྱུག་གི་ལོག་རྟོག་སྙིང་སྟོབས་ཞེས་པའི་རྩོམ་ཡིག་གི་འཕྲོས་བཤད་ཅིག་རེད་འདུག མ་རྩོམ་ཉིད་ཡིག་ཚོགས་མང་དྲགས་ནས་འདིར་འགོད་མ་ཐུབ་པས་དྲ་གྲོགས་རྣམ་པས་གཟིགས་མེད་ན་སེང་རྡོར་དྲ་བ་སོགས་མང་པོ་ཞིག་གི་ནང་དུ་འདུག་པས་དེ་ནས་གཟིགས་རོགས་ཞུ།
ལོག་ལྟའི་བསྒྲགས་ཡིག
____རང་རྩོམ་ལོག་རྟོགས་སྙིང་སྟོབས་དང་འབྲེལ་བའི་གཏམ།
ལོག་རྟོགས་སྙིང་སྟོབས་ཞེས་པ་ནི་ཀུ་རེའི་ཚུལ་དུ་བཏགས་པའི་དྲ་མིང་ཞིག་ལས་རྩོམ་ཡིག་འདིའི་ཁ་བྱང་དངོས་མིན། འོན་ཀྱང་མིང་ཚིག་འདི་ལ་ཡིན་གཅིག་འགྲེལ་བ་ཞིག་བརྒྱབ་དགོས་པའི་དབང་དུ་བཏང་ན། སྔོན་བྱོན་སྐྱེས་ཆེན་དམ་པ་གནམ་ས་ལྟ་བུ་དག་གི་རྡོ་རྗེའི་གསུང་ལ་མཐའ་གཅིག་ཏུ་ངོ་ལོག་ཅིང༌། རྒྱབ་བསྟན་པ་འདི་གཞན་པས་བལྟས་ན་ལོག་སྤོབས་ཡ་ང་བ་ཞིག་དང༌། མི་ལོ་སྟོང་ཚོ་བརྒལ་བའི་རིང་ལ་འཇིག་རྟེན་སུས་ཀྱང་ཐུག་རེག་མ་ནུས་པའི་རྣག་ཐུམ་ཞིག་གཙག་གཤག་བཏང་བ་འདི་རང་ངོས་ནས་བལྟས་ན་སྙིང་སྟོབས་ཤིག་ཡིན་ཞེས་བཤད་ཆོག་པས་ཀུ་རེའི་ཁྲོད་དུ་བདེན་ལུགས་ཀྱང་ཏོག་ཙམ་འདྲེས་ཡོད། དེ་མིན་རང་རྒྱུད་ཀྱི་དགག་སྒྲུབ་བསམ་བློ་འདི་ལོག་རྟོགས་ཡིན་པའི་ངོས་ལེན་ཞུས་པ་མིན་ལ། ལོག་རྟོགས་ཀྱི་བློ་རིག་དེ་སྙིང་སྟོབས་སུ་ཁས་བླངས་པའང་མིན་པས། རྗེས་ཕྱོགས་དགག་ལན་འབྲི་མཁན་འདྲ་ཡོད་ཚེ། ཤིན་ཏུ་ཞིབ་མོ་རྣམ་འཐག་ཡིན་ཁུལ་གྱིས། ཐོག་མར་ལོག་རྟོགས་སྙིང་སྟོབས་ཞེས་པའི་ཁ་བྱང་འདི་མི་འཐད་དེ། ལོག་རྟོགས་ཡིན་ན་སྙིང་སྟོབས་ཡིན་པ་འགལ་བའི་ཕྱིར། ཞེས་སོགས་དོན་མེད་ཀྱི་རྩོད་རྙོག་དེ་རིགས་སློང་དོན་མེད་ཅེས་ཞུ་བ་ཡིན། མ་གཞི་དེང་སང་ངའི་སེམས་ཁམས་ཀྱི་གནས་བབ་ནི་རྩོམ་བརྒྱབ་རྒྱུའི་སྤྲོས་པ་དང་བྲལ་བའི་ཚོད་དུ་ལྷུང་ཡོད་མོད། ལོག་རྩོམ་འདི་ཟླ་བ་བདུན་བརྒྱད་ཀྱི་ཡར་སྔོན་ཞིག་ནས་འབྲི་འགོ་བཙུགས་ཚར་བས་ད་མཇུག་ཅིག་མ་བསྐྱངས་ན་ངོ་ཚ་བར་སེམས་ཏེ་ཨ་ན་ཨུ་ཚུགས་ཁོ་ན་བསྐྱོན་པའི་འབྲས་བུར་ད་ཆར་ཐབས་ཆག་ཅིག་གྲུབ་པའི་ཁུལ་ཡིན་ཡང༌། ཤུགས་ཀྱིས་བབ་པ་མིན་པར་བཙན་གྱིས་བཙིར་བའི་དབང་གིས་ཚིག་དོན་གཉིས་ཆ་ནས་རང་གིས་བསམ་ཚོད་ཙམ་ཞིག་འཁྱོངས་མི་འདུག་ཅིང༌། ཚན་པ་དང་པོ་ཙམ་མ་གཏོགས་གཞན་དག་ལ་ཞུ་དག་ཡག་པོ་ཞིག་ཀྱང་བྱ་ལོངས་མ་བྱུང་བར་འབྲི་ཚར་རིམ་བཞིན་དྲ་ཐོག་ཏུ་སྤེལ་སྟབས་ལྷག་ཏུ་མ་འདང་ས་ཡོད་སྲིད། དེའི་ཆ་ནས་ཧ་རེ་ཧུ་རེ་ཅན་གྱི་མི་ངས་ཁྱེད་ཀློག་མཁན་རྣམ་པར་ཐོག་མར་དགོངས་དག་ཞུ་བ་ཡིན། འོན་ཀྱང་རང་བཙུགས་ཀྱི་ཟམ་པར་རང་ཉིད་ཐར་དགོས་པའི་དཔེ་ལྟར་བརྗོད་བྱ་དང་རྗོད་བྱེད་གང་ལ་ཡང་སྐྱོན་དང་དྲི་མ་ཅི་ཞིག་ཡོད་ཀྱང་འགན་ཁུར་ཆ་ཚང་ལེན་ངེས་ཡིན་པ་མ་གཏོགས་ཁག་འདོགས་བྱ་ས་བཙལ་ཏེ་གཡོལ་རྩིས་མིན་པས་གོ་བ་སྒྲ་ལོག་མི་ལེན་པའི་རེ་བ་ཡོད། ངའི་གཉུག་སེམས་ཀྱི་ངོས་ནས་བཤད་ན་ཆོས་ལུགས་ལ་དགག་པ་བརྒྱབ་སྟེ་རྩ་མེད་དུ་གཏོང་དགོས་སྙམ་གྱི་མེད་ལ། ང་རང་ཉིད་ཆོས་ལུགས་ལ་མཐའ་གཅིག་ཏུ་ཞེན་པ་ལོག་པ་ཞིག་ཀྱང་མིན། ཆོས་ལུགས་ནི་མིའི་རིགས་ཀྱི་བསམ་པའི་ཟས་ཡིན་པས་མེད་པར་གཏོང་དགོས་དོན་མེད་པར་མ་ཟད་གཏོང་ཐུབ་པ་ཞིག་ཀྱང་མ་རེད། ཆོས་ལུགས་ནི་དུས་ཇི་སྲིད་ཀྱི་བར་དུ་མི་ཡུལ་དུ་དར་བར་ངེས་ཤིང་དེ་སྲིད་ཀྱི་བར་དུ་མི་རྣམས་ལ་ཞབས་ཏོག་བསྒྲུབ་པར་ནུས། མི་རྣམས་ཀྱི་ནུས་པ་ལ་ཚད་ཡོད་ཅིང་རེ་བ་ལ་ཚད་མེད། ཚད་མེད་པའི་རེ་སྟོང་ཁ་ཤས་ཆོས་ལུགས་མ་གཏོགས་གཞན་གང་གིས་ཀྱང་སྐོང་མི་ཐུབ། ཆོས་ལུགས་ཀྱི་རྣམ་གཞག་ལ་བརྟགས་ཤིང་དཔྱད་ན་དཔྱད་བཟོད་པ་ཞིག་རེད་མི་འདུག་མོད། དཔྱད་མི་བཟོད་པ་ཙམ་གྱིས་འདོར་དགོས་པའི་ངེས་པ་མེད། དགོས་མཁོ་ཡོད་ན་གནས་ལུགས་མེད་ཀྱང་ཆོག་སྟེ། སྒྱུ་རྩལ་གྱི་འཇིག་རྟེན་དེ་འཇིག་རྟེན་རྫུན་མ་ཞིག་ཡིན་པ་ཤེས་བཞིན་དུ་མི་ཚོ་དེར་འཆམ་འཆམ་འགྲོ་བཞིན་འདུག་པ་ལྟ་བུ་རེད། ང་རང་བསམ་རྒྱུ་དྲན་རྒྱུ་མང་བའི་དབང་གིས་ཁྱེད་རྣམ་པ་ལྟ་བུའི་རྨོངས་དད་བྱེད་པའི་ལས་དང་སྐལ་པ་ལྡན་མ་སོང་ཡང༌། ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ལ། དུས་ད་ལྟའི་བར་དུ་ཕྱག་འཚལ་བ་དང་སྐྱབས་འགྲོ་འདོན་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་ཉི་མ་གཅིག་ལའང་མཚམས་བཞག་མྱོང་མེད། བྱེད་སྒོ་འདི་དག་གིས་ང་འུ་ཐུག་ཅིང་ཐབས་ཟད་པའི་སྐབས་སུ་སེམས་གསོ་དང་རོགས་རམ་ཐོབ་པ་མ་གཏོགས་བགེགས་དང་བར་ཆད་གང་ཡང་སྟེར་གྱི་མི་འདུག །ལྷག་བསམ་རྣམ་དག་གི་སྒོ་ནས་ཆོས་ལ་དད་པ་གནང་མཁན་ཚོར་ངས་མཐའ་གཅིག་ཏུ་ཡི་རང་དང་བརྩི་བཀུར་ཞུ་བ་ལས་འཕྱ་སྨོད་དང་ཁྲེལ་དགོད་བྱེད་ཀྱིན་མེད་ལ། ཁོང་རྣམ་པའི་ལྷད་མེད་དྭངས་གཙང་གི་ཐུགས་སེམས་དེར་ངས་ཕོག་ཐུག་རྩ་བ་ནས་གཏོང་འདོད་མེད། དེ་བས་ཆོས་ལུགས་དཀྱིལ་ཡངས་ཀྱི་བསམ་བློ་མངའ་བའི་ཆོས་ལྡན་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ལ་ངས་བྲིས་པའི་ལོག་རྩོམ་འདིས་ཐུགས་སུན་བཟོས་ཚད་ཐམས་ཅད་ལ་ནོངས་འགྱོད་ཆེན་པོས་སྙིང་ཐག་པ་ནས་དགོངས་སེལ་ཞུ་བ་ཡིན། ངས་ད་རེས་མི་འདོད་བཞིན་དུ་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་ནང་ཡོད་ཚད་འདི་ལྟར་རྩ་སློག་ཏུ་གཏོང་དགོས་དོན་ནི། ཆོས་ལུགས་དེ་ཆོས་ལུགས་ཀྱི་ཚད་དུ་མི་འཇོག་པར་དངོས་ཡོད་ཀྱི་འཇིག་རྟེན་ཡོད་ཚད་ཆོས་ལུགས་ཀྱི་ཁ་འོག་ལག་འོག་ཏུ་འདུ་དགོས་པར་འདོད་པའི་རང་རེའི་རྒྱུད་ཀྱི་ཐལ་མཐའི་བསམ་བློ་འདི་ཡོ་བསྲང་བྱ་རྒྱུ་ཁ་ཚ་དགོས་གཏུག་ཡིན་པ་དང༌། རང་ཉིད་ཆོས་དད་ཆེ་མདོག་གིས་མི་གཞན་པའི་ཆོས་དད་ཀྱི་དབང་ཆ་བཙན་འཕྲོག་བྱེད་མཁན་གྱི་ཆོས་ལུགས་སྒེར་གཅོད་ཀྱི་མི་སྣ་དེ་ཚོའི་མགོ་ལ་སྟ་རེ་ཞིག་མ་བཞུས་ན་ཐབས་མེད་རེད་འདུག་པས་ཡིན། གོང་དུ་བཤད་ཚར་བ་བཞིན་ཆོས་ལུགས་ནི་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པ་ཞིག་ཡིན་མོད། དངོས་ཡོད་ཀྱི་གནད་དོན་ཆོས་ལུགས་ཀྱིས་ཐག་གཅོད་བྱ་ཐབས་མེད། ཆོས་ལུགས་ནི་མིའི་ནུས་ཤུགས་མི་སླེབ་པའི་ཕྱོགས་སུ་བེད་སྤྱོད་གཏོང་རྒྱུ་ཞིག་མ་གཏོགས་མིའི་ནུས་ཤུགས་ཀྱི་ཚབས་བྱེད་དངོས་པོ་ཞིག་གཏན་ནས་མིན། ད་ལྟའི་བར་དུ་ང་ཚོས་ཁ་ཆོ་ལེས་ཚིག་ན་དཀོན་མཆོག་དང༌། འཕོང་ཤིག་གིས་ཟོས་ནའང་དཀོན་མཆོག་ཁོ་ནར་གསོལ་བ་འདེབས་པ་ལས། རང་གི་ཀླད་པ་དཀྲུག་དཀྲུག་དང༌། ལག་པ་འགུལ་སྐྱོད་གཏོང་མྱོང་མེད། རྣ་ལམ་ལ་མ་སོང་ན་འདས་པའི་མི་ལོ་སྟོང་ཕྲག་གི་རིང་འུ་ཚང་ལ་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་ནས་གསུང་རྩོམ་བྲག་རི་བརྩིག་བརྩིག་བྱས་ཡོད་ཀྱང༌། མི་ཆོས་རིང་ལུགས་ཀྱི་མཁས་པ་གཅིག་ཁོ་ན་དང༌། འཚོ་ཐབས་སྟོན་པའི་གླེགས་བམ་ཁེར་རུ་མ་ཞིག་བགྲང་རྒྱུ་མེད་པ་འདི་ཅི་ཞིག་གིས་མ་ཉན་པ་རེད་བསམ་བློ་ཐོངས་ཤིག །ང་ཚོའང་མི་ལུས་བླངས་ཚར་བས་མི་ཚེ་སྐྱེལ་སྟངས་ཀྱི་རིག་གཞུང་ཞིག་ཅི་ལ་མི་མཁོ། ཡིན་ནའང་ང་ཚོ་ཆོས་ལུགས་ཀྱིས་བཟི་དྲགས་པས་ཡར་མར་གང་ལ་ཡང་བསམ་བློ་མ་བཏང་བར་ད་ལྟའི་བར་དུ་ནག་ཐོམ་མེར་ལུས་སོང་བ་རེད། ངས་འདི་ལྟར་བཤད་པ་ཕ་མེས་ཡང་མེས་རྣམ་པར་ལེ་བདའ་དང༌། ཁོང་རྣམ་ཚོའི་རུས་པ་ལ་ཁྲིམས་ཆད་གཏོང་དགོས་ཟེར་བ་མིན། ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས་ལམ་ནོར་ལྡོག་ཤེས་དགོས་ཞེས་སྐུལ་མ་བྱེད་པ་ཡིན། ཆོས་གཞུང་ཁྲོད་ཀྱི་ཚད་མའི་སྐྱེས་བུ་དང༌། མཆོག་གི་སྤྲུལ་སྐུ་སོགས་ཡ་མཚན་ཅན་གྱི་རྣམ་གཞག་འདི་དག་མི་རྣམས་ཀྱི་མོས་པ་དང་རེ་བ་ཙམ་གྱི་ཚད་དུ་བཞག་ནས་དད་པ་དང་ཡིད་ཆེས་བྱས་པ་ཡིན་ན་དགག་པ་བརྒྱབ་དགོས་དོན་ཅི་ཡང་མེད་མོད། ང་ཚོས་དེ་དག་དངོས་ཡོད་ཀྱི་འཇིག་རྟེན་དུ་བེད་སྤྱོད་ཡོད་པའི་དངོས་པོ་ཞིག་ཏུ་རློམ་ནས་གཅིག་གཅིག་གཉིས་གཉིས་ལག་བསྟར་བྱེད་ཀྱིན་འདུག །དེའི་དབང་གིས་སངས་རྒྱས་ཆོས་གཞུང་དུ་ཚན་རིག་གི་ཚབས་བྱེད་ཐུབ་པའི་དངོས་པོ་སྣ་གཅིག་མེད་བཞིན་དུ་ཚན་རིག་པས་གང་ཤེས་ཆོས་ལུགས་པས་ཤེས་ཡོད་ཅེས་སྟོང་ལབ་བརྒྱབ་པ་དང༌། བྱིས་པ་སྣབས་ལུག་ཅིག་ལ་སངས་རྒྱས་གསོན་པོ་ཞེས་པའི་མིང་སྐམ་ཞིག་བཏགས་ནས་ཚེ་འདི་ཕྱི་གཉིས་ཀྱི་བློ་གཏད་ཧྲིལ་པོ་བཅོལ་བ་སོགས་མ་འོས་པ་དང་མ་འཚམས་པའི་ལས་ལམ་འདི་དག་དར་བ་རེད། ཆོས་ལུགས་ཀྱིས་བསམ་བློའི་རང་དབང་འཕྲོག་མེད་རབས་བཅོ་བརྒྱད་བརྗོད་བཞིན་འདུག་མོད་འཕྲོག་ཡོད་པ་ངས་མྱོང་བ་མངོན་སུམ་གྱིས་གྲུབ་པ་ཡིན། ང་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དཀྱུས་མའི་ནང་གི་ཆེས་དཀྱུས་མ་ཞིག་ལས་མེད་ཅིང༌། མི་ཚེ་འདིར་སློབ་སྦྱོང་བྱས་ཚད་བསྡོམས་བཞག་ན་མི་ལོ་དྲུག་ཟིན་མིན་ཙམ་ཡིན། དེའི་རིང་ལ་ཡང་སྔོན་གྱི་མཁས་པའི་རྣམ་ཐར་ནང་བཞིན་ཉིན་མཚན་ངོ་མི་ཤེས་པའི་འབད་བརྩོན་དེ་འདྲའི་ཆ་ཡི་ཆ་ཤས་ཙམ་ཡང་འཇོན་མ་སོང༌། འོན་ཀྱང་རང་དབང་གི་བློ་ཁ་སངས་རྒྱས་ཆོས་གཞུང་ལ་བསྐོར་བ་ཙམ་གྱིས་མ་འདང་ས་དང་མ་འགྲིག་ས་བརྩི་མི་ཐོན་པ་ཙམ་མཐོང་འོང་གི་འདུག །འོ་ན་སྔོན་གྱི་མཁས་པ་མི་ཚེ་ཐོས་པ་ལ་ཟད་པའི་སྦྱངས་པ་ཅན། བཀའ་འགྱུར་ཐུགས་ཐོག་ནས་ཐོན་པའི་བློ་རིག་ཅན། རྗེ་བཙུན་འཇམ་དབྱངས་ཀྱང་ཡིད་སྨོན་ཤོར་དགོས་པའི་མཁྱེན་རབ་ཅན་དེ་ཚོས། ཆོས་ལུགས་འདིའི་ཞན་ཆ་སྤུ་ཙམ་མཐོང་མ་ཐུབ་པ་དེ་བསམ་བློའི་རང་དབང་མེད་པའི་སྐྱོན་མིན་ན་དབུ་ས་འོག་ཏུ་བཅུག་ཅིང་སྤྱན་བཙུམས་ནས་བཞུགས་པའི་སྐྱོན་ཡིན་ནམ། བོད་ཀྱི་མཁས་གྲུབ་ཆེན་པོ་ཀརྨ་པ། ས་སྐྱ་པ། ཙོང་ཁ་པ་སོགས་ཡོད་དོ་ཅོག་རོ་སྔོན་ལ་ཕུད་ནས་སྐར་མ་རྗེས་ལ་ལྟ་མཁན་རྐྱང་རྐྱང་མ་གཏོགས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ཤིང་དཔྱད་རྗེས་ད་གཟོད་དང་དུ་བླངས་པའི་རྣམ་ཐར་སུ་ཞིག་ལ་མཇལ་རྒྱུ་ཡོད། དགེ་ལྡན་པའི་གྲལ་གདན་སྟེང་དུ་སྡོད་ཚད་ཀྱིས་རྗེ་ཙོང་ཁ་པ་ལ་རྫུན་ཚིག་མི་སྲིད་པར་འདོད་ཅིང༌། སྔ་རབས་པའི་ལུས་བླངས་ཚད་ཀྱིས་རྗེ་ཙོང་ཁ་པ་ནི་རྫུན་གྱི་རྐྱལ་པ་ཞིག་ཏུ་རྩི་སྲོལ་ཡོད། དེ་ཡང་ངེད་ཚང་ལ་ཕྱོགས་རྒྱུག་མཁན་མ་གཏོགས་རང་ཚུགས་ཟིན་པའི་མི་མེད་སོང་བས་ལན་པ་རེད། སངས་རྒྱས་ཆོས་ལུགས་ལ་སྒེར་གཅོད་ཀྱི་རང་གཤིས་མེད་པ་བདེན་ན། སོ་སོའི་བསམ་ཚུལ་ཤོད་མཁན་གྱི་མི་རེ་གཉིས་རིག་མ་ཐག །ཆོས་པ་ཚོའི་ངོ་གདོང་དེ་ཇ་མཛོ་བཅོ་བརྒྱད་ཆུ་ལ་ཤོར་སོང་བ་ལྟར་ཅི་ལ་ལོག་འགྲོ་བ་རེད། མི་འཁྱག་ཁ་ནས་སྨྲས་ཀྱང་འཁྱག་འདར་ལུས་ལ་རྒྱུག །ཅེས་པ་ལྟར་ང་ཚོའི་བསམ་བློ་གུ་ཡངས་ལོས་དེ་ང་ཚོ་རང་གི་ངོ་གདོང་འདིས་གསལ་བཤད་བྱེད་ཀྱིན་མི་འདུག་གམ། ཉེ་ཆར་ཞོགས་དུང་སོགས་ཀྱིས་ཀྱང་སངས་རྒྱས་ཆོས་ལུགས་ལ་བརྟེན་ནས་འཇིག་རྟེན་འཚོ་བའི་གནད་དོན་ཐག་གཅོད་མི་ཐུབ་པར་བཤད་པ་ཙམ་ལས། ཆོས་ལུགས་རང་ངོས་ཀྱི་རིན་ཐང་ངོ་མ་སྟེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གང་ལ་ཡང་སྡུག་ནད་མི་ཁྱག་པའི་དགག་པ་ཚབས་ཆེན་ཞིག་བརྒྱབ་མི་འདུག་མོད། གནམ་འོག་འདིར་ང་མིན་ན་སུ་ཡིན་སྙམ་པའི་རང་མཐོང་ཅན་གྱི་རང་རེའི་མཁས་པ་དེ་ཚོས། སངས་རྒྱས་ཆོས་ལུགས་མེད་ན་འཛམ་གླིང་འདི་ཚར་འགྲོ་ཚུལ་དང༌། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་མ་འདུས་པའི་ཤེས་བྱ་སྣ་གཅིག་མེད་ཚུལ་དང༌། ལྟ་ཚུལ་གསར་པ་དེ་རིགས་ལ་ར་མ་ཞིག་གི་རིན་བབ་ཀྱང་མེད་ཚུལ་སོགས་འར་འཇུན་དང་རྫིག་གཏམ་ཁོ་ནས་ཞོགས་དུང་སོགས་ས་འོག་གི་འཇིག་རྟེན་དུ་བརྫངས་འགྲོ་ལ་ཁད་བྱེད་ཀྱིན་འདུག །ཆོས་པ་དེ་ཚོས་རླབས་རྒྱག་རྒྱུ་མང་དྲགས་པའི་དབང་གིས། ཞོགས་དུང་སོགས་ཀྱིས་ཀྱང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན་སངས་རྒྱས་ཆོས་ལུགས་འདིར་ལྗིད་གོག་རབ་གཅིག་ཡོད་རྒྱུ་རེད་སྙམ་ནས་ཞེད་སྣང་ལངས་བཞིན་ཡོད་པ་འདྲ། དོན་དངོས་སུ་རིགས་པའི་ལམ་ནས་བརྟག་ན་ཡང་སངས་རྒྱས་ཆོས་ལུགས་འདི་ཆོས་པ་ཚོས་བཤད་པ་ནང་བཞིན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་རྩ་བ་ནས་མ་རེད་ལ། རང་རེའི་མཁས་པ་རྣམ་པ་ནི་རིགས་ལམ་སྐམ་པོ་ཁོ་ནར་འདྲེས་ཤིང་འགྲོགས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། རིགས་ལམ་གྱི་ཐོག་ནས་ཡ་ལན་ནན་པོ་ཞིག་མ་འཕྲོད་ན་ཁོ་ཚོའི་རྒྱུད་ཀྱི་བླུན་སྤོབས་དེ་ནམ་ཡང་གཞོམ་མི་ཐུབ། དེ་བས་ད་རེས་ཁོ་བོས་སྲོལ་རྒྱུན་གྱི་རིགས་པའི་འགྲོ་སྟངས་དེ་རང་གཞིར་བཞག་གི་ཐོག་ནས་ཆོས་ལུགས་འདིའི་ནང་སྙིང་ཆ་ཚང་ཕྱི་རུ་བྲུས་པ་ཡིན་ལ། ད་དུང་དུས་ཇི་སྲིད་དུ་རང་རེའི་ཆོས་ལུགས་འདིས་སྒེར་གཅོད་ཀྱི་རང་གཤིས་ངན་པ་འདི་མ་བསྐྱུར་བ་དང༌། རང་རེའི་ཆོས་པ་ཚོས་རང་ལྟ་མཆོག་འཛིན་གྱི་བསམ་བློ་རེངས་པོ་འདི་མ་དོར་བ་དང༌། ཆོས་ལུགས་ཀྱི་དད་མོས་དེ་མི་སྒེར་གྱི་གནད་དོན་ཞིག་ཏུ་མ་ཆགས་པའི་དུས་དེ་སྲིད་དུ། ང་ཚོས་ང་ཚོའི་ཆོས་ལུགས་འདི་དགྲ་བོའི་དྭངས་མར་བརྩིས་ཏེ་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་དགག་རྒྱག་དང་འཐབ་རྩོད་བྱ་དགོས། དེ་ལ་བརྟེན་ནས་ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོ་མ་དགའ་ནས་གས་སོང་ནའང་འདྲ། མ་སྐྱིད་ནས་ཤི་སོང་ནའང་འདྲ། ང་ཚོས་སེམས་གསོ་དང་གུ་ཡངས་གཏོང་ཚོད་མེད། ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས། ང་ཚོ་ལ་ལྟ་ལོག །དམ་ཉམས། བསྟན་བཤིག་སོགས་ཀྱི་མིང་ངན་འདོགས་ཤིང་དམྱལ་བ་ཟངས་དམར་མའི་མཐིལ་དུ་འབྱར་འགྲོ་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་མོད། ང་ཚོས་མིང་ངན་འདི་དག་དགའ་བཞིན་དང་དུ་ལེན་འདོད་ཅིང༌། དམྱལ་བ་ཟངས་དམར་མའི་མཐིལ་དུ་སྤྲོ་བཞིན་འགྲོ་བར་ཕོད། སྐད་ཆ་འདི་དག་གིས་ནུས་པ་མ་ཐོན་པ་ཤེས་རྗེས། ཁོ་ཚོས་དེང་སང་དམར་སྲུང་མི་སྣ་དང༌། སྲིད་གཞུང་གི་རྒྱུག་ཁྱི། དངུལ་ལོའི་བྲན་གཡོག །ཨ་མའི་ནུ་མ་འཆའ་མཁན་སོགས་དཔྱིད་ཉི་རིང་མོ་ལ་དྲན་མི་དགོས་སྟོན་གནམ་ཁྲ་མོ་ལ་རྨིས་ཀྱང་མ་མྱོང་བའི་ནག་ཉེས་དང་གླེང་ཕྱོགས་སྙིང་ལ་གྲི་ཡོག་པ་ལྟ་བུ་རེ་བཟོ་འོང་གི་འདུག །ནག་ཉེས་དང་གླེང་ཕྱོགས་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་འགྲོ་སྟངས་འདི་འགྲིག་བསྡད་ཡོད་པའི་དཔང་རྟགས་བསྟན་པ་ཡིན། རྒྱུ་མཚན་ནི་ང་ཚོས་མི་མ་བསད། རྟ་མ་བཅག །བླ་མ་བཙོངས་ན་ཡང་དྲན་ཚུལ་ཁ་ནས་ཐལ་བ་ཙམ་གྱིས་ང་ཚོས་ནག་ཉེས་འདི་ཙམ་ཞིག་ཁུར་དགོས་བྱུང་བ་རེད། འདིས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ནི་མ་རུང་པ་ཞིག་དང༌། ང་ཚོས་མ་རུང་བའི་གནས་བབ་འདི་ལ་རྒོལ་འཛིང་བྱེད་པ་ནི་དོན་སྙིང་རི་བས་ཀྱང་ཆེ་ངེས་པའི་དངོས་ར་འཕྲོད་པ་ཡིན། ཆོས་ལུགས་ཀྱི་ལྟ་བ་ཏོག་ཙམ་མཐུན་མིན་བྱུང་འཕྲལ་ཁོ་ཚོས་མི་རིགས་ཀྱི་བརྩེ་སེམས་སྐྱག་པ་བསྐྱུར་བསྐྱུར་བྱས་ནས་ང་ཚོ་ཕྱིར་འབུད་གཏོང་ཐབས་བྱེད་ཀྱིན་འདུག །འདིས་ཀྱང་དོན་དུ་སུ་ཞིག་གིས་མི་རིགས་དང་རྒྱལ་ཁབ་འཚོང་རྩིས་ཡོད་པ་ཤེས་ཐུབ། མདོར་བསྡུས་ནས་བཤད་ན་ད་སྔོན་ཁོ་ཚོས་བཙན་ཚོད་ཟིན་མ་སོང་བས་ད་རེས་བཙན་ཚོད་མེད་ས་ལ་བརྡབ་པ་རེད། རྒྱུ་མཚན་རྒྱུ་མཚན་ཟེར་མཁན་དེ་ཚོ་ད་ནི་རྒྱུ་མཚན་ལ་གཡོལ་ནས་མ་འདུག་ཅིག །དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབ་པའི་གྲས་སུ་བརྩི་རྒྱུ་མིན། ཚིག་སྤུ་གཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས། དོན་དམར་འཇུ་ལ་མཁས་པའི་རྙིང་མ་པ་ཚོས་དོན་སྐྱོན་ཚོལ། ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ནའང་ཟུག་དགོས་པས་འཆུགས་མི་ཉན། ལྷག་པར་དུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ནས་གླེང་དང༌། ཁྱེད་ཚོས་ཕྱོགས་འདི་ནས་ཤོར་ན་ཤོར་བ་ཡིན་ལ། ང་རང་ཕྱོགས་འདི་ནས་སྐ་རགས་མི་བོར་བ་ཕོ་བ་ལ་ཡིད་ཆེས་ཡོད། ལོག་རྟོགས་སྙིང་སྟོབས་བརྒྱ་ཆའི་ལྔ་བཅུ་ཡན་ཆོད་ཚར་གཅོད་ཐུབ་མཁན་ཞིག་བྱུང་ཚེ། ངས་མི་ལོ་སུམ་ཅུ་ཁ་ལྷག་གི་རིང་ལ་རྩམ་པ་ཚོད་མེད་ཅིག་ཟོས་པ་དེ་ཡོངས་རྫོགས་འཕྲོ་བརླག་ཏུ་སོང་བའི་གསལ་བསྒྲགས་སྤེལ་ངེས་ཡིན། སྤྱིར་བསྟན་པ་དཔང་དུ་བཙུགས་ནས་རྩོད་པ་བརྒྱབ་པ་དང༌། རྩོད་པ་ཤོར་ཚེ་བསྟན་བཅོས་ཁྱི་ཡི་རྔ་མར་བཏགས་ཤིང༌། རྩོམ་མཁན་གྱི་ལག་པ་གཅོད་པ་སོགས་ནི་ཤིན་ཏུ་གུ་དོག་པའི་ལས་སྟངས་ཡིན་པས། རིག་གནས་དཀྱིལ་ཡངས་ཀྱི་ཁོར་ཡུག་ན་སྐད་ཆ་བཙོག་པ་འདི་རིགས་ནམ་ཡང་འཆད་མི་འོས་ཀྱང༌། ང་ཚོའི་རྣ་རྩར་སྐད་ཆ་བཙོག་ཙམ་མ་བཤད་ན་གོ་བརྡ་མི་འཕྲོད་པར་འདུག་གོ །འདི་དག་གཙོ་བོ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཞུས་པ་ཡིན། མཁས་དབང་ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་ང་རང་དགའ་ཞིང་གུས་པ་ལ་ནི་ཚོད་གཅིག་མེད་མོད། ངན་མཚང་ཡོད་རྒུ་ཤི་སྦས་རོ་སྦས་གནང་བའི་ཁོང་གི་རིགས་ཞེན་ཆོས་ཞེན་དེ་ལ་ང་དེ་ཙམ་མི་དགའ་ཞིང༌། ངས་བོས་པའི་གཏམ་ལ་ཨ་ལན་ཞིག་ཡོང་བའི་རེ་བའང་ཁོང་གཅིག་པུ་ལ་ཆེ་བས་ཡིན། དེ་འོག་ཨ་མདོའི་ཁ་སྐད་དུ་ཨ་ལགས་དོར་ཞི་ཞུ་བའི་སྐྱ་བོ་ཆོས་སྨྲ་ཞིག་འདུག་པ་དེ་ལའང་སྤྲིངས་པ་ཡིན། ཁོང་ནི་བོད་སྔ་ཕྱི་གཉིས་ཀྱི་བར་ན་ཡང་ཆགས་སྡང་མེ་ལྟར་འབར་བའི་ཕྱོགས་རིས་ཅན་ཞིག་ཡིན་པས། གདོན་འདྲེ་མི་ཡུལ་དུ་སླེབ་པ་ལྟ་བུའི་ཁོ་བོ་གཟིགས་པ་ཡིན་ན་འཕག་འཚག་སྟོབས་ཅན་ཞིག་བརྒྱབ་རྒྱུ་ལོས་ཡོད་སྙམ་དུ་འདོད་པ་ཡིན། དེ་མིན་ལྡོང་ཡོན་ཏན་དང་ཀླུ་ཚང་རྒྱ་གྲོལ་སོགས་ལ་ཡང་གོ་ཙམ་བྱེད་དགོས་ཡོད། ཡིན་ནའང་ཁོ་ཚོའི་གྲས་ཀྱིས་ཁོ་བོར་ཡ་ལན་ཚ་མོ་ཞིག་འཕྲོད་ཨེ་ཡོང་སྙམ་པའི་རེ་དོགས་གང་ཡང་བྱེད་ཀྱིན་མེད། ད་དུང་མིང་མ་སྨོས་ཀྱང་སུ་ཞིག་གི་མཚང་དུ་ཕོག་པའི་མི་དེ་དག་རང་རྩོམ་ལོག་རྟོགས་སྙིང་སྟོབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང༌། དགྲ་བོ་གཉིས་ཀ་ཡིན་པས་དེ་ཀུན་ལ་ཚག་སྒྲ་དང་ཚིག་སྒྲ་ཅི་ཙམ་གྲག་རྒྱུ་འདུག་ཁོ་བོས་ཉན་རྣ་དང་ངང་སྒུག་བྱས་ནས་བསྡད་ཡོད་དོ། །
ས་བྱི་དང་པོའི་གནམ་གང་ཉིན་མོར་བྲིས།།

དྲ་གྲོགས་རྣམ་པས་ཚ་བ་མདའ་སྨྱུག་གི་རྩོམ་ཡིག་དག་མཐོང་ཡོད་ཤས་ཆེ།
ངས་མཆན་བུའི་སྒེའུ་ཁུང་བརྒྱུད་ནས་ཁོང་གི་རྩོམ་ཡིག་གཅིག་འགོད་ཐབས་བྱས་ཀྱང་ནུས་པ་ཐོན་མ་བྱུང་།
རྣམ་པ་ཚོས་གཟིགས་མེད་ན་སེང་རྡོར་དྲ་བ་བརྒྱུད་ནས་གཟིགས་རོགས་ཞུ།
ལྷག་པར་དུ་ཨ་ལགས་ཀླུ་སྨྱོན་ཚང་དང་དཔལ་དགྱེས་ཀ་རྡོ་སོགས་ཀྱིས་ཅི་ནས་ཀྱང་གཟིགས་པར་ཞུའོ།།
ཡག་པོ་བརྩམས་འདུག
དོལ་སྨྱོན་རིག་པའི་ཀ་ལ་པིང་ཀས་རྒྱུད་བཞིའི་ཆེ་བ་གླུ་རུ་བླངས། །
ནད་རིགས་དུ་མས་མནར་བའི་བསེ་རུར་སྨན་ཐུན་ཞིག་གི་གྲོགས་སུ་གྱུར།།
ཆེ་བ་བཅུ་གཅིག་དབྱངས་སུ་གྱེར་སྐབས་ལྷ་རྗེ་ཁྱོད་ཀྱི་མགྲིན་དབྱངས་དེ།།
སྲོལ་རྒྱུན་དགའ་མའི་གླུ་རུ་བསྒྱུར་བར་ཡིད་རབ་དང་བས་རྣ་བ་གཏད།།
དོལ་སྨྱོན་མཆོག ཁྱེད་ཀྱིས་རྩོམ་ལེགས་པར་བྲིས་མཛད་པ་དང་། ཡི་གེ་དག་ཆ་ཕལ་མོ་ཆེ་ལྷད་མེད་པའི་རིན་ཆེན་གསེར་དང་འདྲ་བར་སྣང་། འོན་ཀྱང་གཤམ་གསལ་གྱི་ཚིག་དག་ལ་བདག་རང་གིས་འདོན་ཚུལ་དང་འབྲི་ཚུལ་ལ་ཁྱེད་ཀྱི་དགོངས་པ་དང་མཐུན་མིན་དང་། མཐུན་ན་དེ་བཞིན་དུ་འབྲི་བར་མཛད་དགོས་པ་དང་། མ་མཐུན་ཚེ་དེ་དག་ལ་འཐད་ལྡན་གྱི་དགག་པ་དང་། འགའ་རེ་ལ་དོན་དག་མ་གོ་བའི་དྲི་བ་བཅས་ལགས།
ཕལ་བའི་ཡུལ་ལས་འདས་པ་ འདི་ལ་བདག་གིས། ཕལ་པའི་ཡུལ་ལས་འདས་པ་ཞེས་འདོན་ཞིང་འབྲི། སླེང་གློང་ལེའུས་ཞེས་པ་གླེང་སློང་ཞེས་མ་ཡིན་ནམ། མ་ཡིན་ན། སླེང་གློང་གི་དོན་གང་ཡིན་ནམ། འདི་ལས་རབ་སྤྲོས་པའི། ཞེས་པ་ལ་འདི་ལས་རབ་འཕྲོས་པའི། ཞེས་བདག་གི་ཞེ་འདོད་ལགས་ཀྱང་། ཁྱེད་ཀྱི་བཞེད་པ་ལྟར་ན། རབ་སྤྲོས་པའི། ཞེས་དང་། རབ་འཕྲོས་པའི། ཞེས་པ་དག་ལ་གསལ་བཤད་ཅིག་མཛད་གྲོགས། ཕྲིན་ལས་རྒྱུད། འཚམ་ཞིང་། ། དེས་འཚམ་ཡིད་བཞིན་བཅས་ལ་འཕྲིན་ལས་ཞེས་དང་། འཚམས་ཞེས་ཀྱང་ཡོད་པས། ཡོད་མེད་གཉིས་ཀྱི་ནང་ན་ཡོད་པ་གཙོ་ཆེར་བཟུང་སྟེ། བདག་གིས་འཕྲིན་ལས་དང་འཚམས་ཞེས་འདམས་པ་ལ་འཐད་མིན་གསུངས་གྲོགས། ཀུན་བསལ་ཞིང་། ཀུན་བསལ་ཅེས་པར་ཡང་འཇུག་ད་མི་མངོན་པའི་ཚུལ་དུ་ཡོད་པས། ཅིང་ཞེས་འབྲི་བ་ལགས། དྲ་གྲོགས་ཚོས་བསམ་ཚུལ་གསུངས་གནང་བ་ལ་སེམས་གཏིང་ནས་དགའ་བསུ་ཞུ། ཞེས་པར་། དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་གསུངས་པ་ལ་སེམས་གཏིང་ནས་དགའ་བསུ་ཞུ། ཞེས་འབྲི་ན། གནང་བ་ཞེས་པ་མཛད་པ་དང་སྩལ་བའི་དོན་དུ་མི་བཀོལ་པ་དག་གིས་ཀྱང་གོ་ཐུབ་པ་དང་། དགོས་དོན་ཆེར་མེད་ཚེ་བྱ་ཚིག་གཅིག་རང་གིས་་གོ་ཆོད་པར་བྱེད་པ་ཁོ་བའི་བསམ་པ་དང་། བོད་ནུབ་ཕྱོགས་པས་ཚོ་ཞེས་པ་མང་ཚིག་ལ་བཀོལ་སྤྱོད་མེད་པ་དང། དིང་སང་བདག་གི་ཁ་ན་འདོན་དུས་ཙོ་ཞེས་པ་ལས་ཚོ་ཞེས་མི་འདོན་། དེ་བཞིན་གཞན་གྱི་ཞལ་ནས་ཀྱང་དེ་འདྲ་ཡིན་བསམ། གང་ལྟར་གཅིག་གིས་ཙོ་ཞེས་པ་ལས་ཚོ་ཞེས་པ་དག་པར་འདུག གང་ལས་ཤེ་ན། ཚོ་ཞེས་པ་ཁྱུ་འམ་ཚོམ་བུ་ལ་འཇུག་པས་སོ། །
སྔོན་དུས་ཀུན་མཁྱེན་གྲགས་པ་དོལ་པོ་བས། །གཞན་སྟོང་སེངྒེས་ང་རོ་སྒྲོགས་པའི་ཚེ། །གཞན་དག་གྲུབ་མཐའ་མཚོ་ལ་ཁ་བ་བཞིན། །ཐུགས་སྲས་བཅུ་བཞིར་གྱུར་པའི་སྙན་པ་འབར། །དེང་དུས་རྒྱ་མེད་དོལ་ཕྲུག་སྨྱོན་པ་ཞིག །དྲ་བའི་སྒང་ལ་གཅེར་རྒྱུགས་བྱས་པའི་གར། །རྒན་གཞོན་མ་ལུས་མིག་གི་བདུད་རྩི་སྟེ། །མཁས་རྒུ་དགའ་བ་བསྐྱེད་པའི་དགྱེས་སྟོན་འདྲ། །
དོལ་སྨྱོན་གྱི་སྨན་བླའི་རྒྱུད་བསྟོད་བཀླགས་ཟིན། དོན་གནས་སྙན་ངག་ཡང་རབ་གཅིག་མཐོང་། མུ་འཐུད་དུ་ཕྲིས་དང་སྙན་ངག་པ་ཞེས་པ་ཡིན་པར་སྣང་ངོ། །
སྐབས་རེར་སོར་མོའི་འཇུག་སྟངས་གླེང་ནས་མཇེ་ངན་ཀག་སེ་ལངས་འཇུག་གི །
སྐབས་རེར་བརྩེ་བའི་སྨྱོ་ཚུལ་བྲིས་ནས་དྲ་རྒྱའི་གནམ་ས་བསྒུལ་འཇོག་གི། །
སྐབས་རེར་སྨན་རྒྱུད་བསྟོད་པར་འཐེན་ནས་གཡུ་ཐོག་ལ་སོགས་དྲན་འཇུག་གི །
དོལ་སྨྱོན་སྨྱོན་པའི་སྙན་ངག་བྲིས་ནོ་ངོ་མས་སེམས་ལ་བབས་ནས་ཡོད། །
དྲ་གྲོགས་ཆེན་པོ་ལ་དྭགས་བློ་བཟང་འཇམ་དཔལ་ལགས།
ཁྱེད་ཀྱིས་ཕྲན་གྱི་རྩོམ་ཡིག་ལ་ཐུགས་ཞིབ་ཆེན་པོས་ཞུ་དག་གནང་བར་ཐུགས་རྗེ་ཆེ།
ཁྱེད་ཀྱིས་གསུངས་པ་དག་དོན་ལ་གནས་པ་ཞིག་འདུག་པས་དེ་དེ་བཞིན་ནོ་ཞེས་བརྗོད་སྙིང་འདོད།
རྗེས་སོར་ཡང་ཕྲན་གྱི་རྩོམ་ཡིག་དག་ལ་ཞུ་དག་གནང་རྒྱུའི་རེ་བ་ཆེ།
བློ་སྐྱེད་དང་ཕན་ཐོགས་ཆེན་པོ་འདུག་ལགས།
དོལ་སྨྱོན་ལགས་སུ་ཆེད་གསོལ། ངས་དྭོགས་འདྲ་ཞིག་ཞུ་འདོད་བྱུང། ཀ་ལ་པིང་ཀ་ཟེར་བ་འདི་བྱ་ཞིག་ཡིན་པ་གོ་ཐོས་ཡོད་ཀྱང། བྱ་རིགས་གང་ཞིག་ཡིན་མིན་ངོས་ཟིན་མ་ཐུབ་པས། སྐུ་ཉིད་ནས་དགོངས་མངའ་མཆིས་ན་ངོ་སྤྲོད་ཀྱི་ཚུལ་དུ་བཀའ་ལན་གནང་བར་ཞུ།
གྲོགས་པོ་ལགས། ཀ་ལ་པིང་ཀ་ནི་ལེགས་སྦྱར་གྱི་སྐད་དོད་ཡིན་འདུག་ལ།
ཡོངས་གྲགས་སུ་རྒྱ་མཚོའི་འགྲམས་དུ་གནས་འཆའ་བའི་བྱ་སྐད་སྙན་པོ་ལ་ཞིག་བརྗོད་འདུག
ཡང་ཁ་གཅིག་གིས་ཀ་ལ་པིང་ཀ་འདི་ཞང་སྐད་དུ་འདོད་དེ་གཙང་འགྲམ་གྱི་བྱ་དཀར་དེ་ལ་ཟེར་སྐད
མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲིས་གནང་བའི་གསོ་རིག་འབུམ་བཞིའི་དཔེ་དེབ་ཀྱི་འགོ་བརྗོད་ལས་དྲངས་པ། གཅིག་གསོ་རིག་འབུམ་བཞིའི་ངོ་སྤྲོད། ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་དང། དགོས་མེད་ཀྱི་ཁ་ཕོ་ལ་རྒྱའི་ཞེན་པས་མ་བཅིངས་པར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་རྣམ་དག་དང། ལུང་རིག་དྲང་པོར་སྨྲ་བའི་སྤྱོད་བཟང་གི་སྒོ་ནས་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་བདེན་པར་སྨྲ་བ་ནི། གཞོན་ནུ་ཤེས་ཡོན་ཅན་རྣམས་ཀྱི་འོས་འགན་ཡིན་ལ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་དངོས་དང་མཐུན་པ་ཞིག་ཡིན། དེར་བརྟེན་གསོ་རིག་འབུམ་བཞིའི་ལོ་རྒྱུས་དང་ཁྱད་ཆོས་དངོས་གང་ཅུང་ཟད་ངོ་སྤྲོད་ཞུ་བར། མིག་སྔར་མཐོང་ཆོས་སུ་གྱུར་པའི་ལོ་རྒྱུས་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ནི་གསོ་རིག་འབུམ་བཞི་འདི་ཉིད་ཡིན་ཞིང། གསོ་རིག་ཐུགས་འབུམ་མཁའ་སྔོན་གྱི་མཇུག་བྱང་དལྟར་ན། གཞུང་འདི་སྟོན་པ་གཤེན་རབ་ཀྱི་ཞལ་རྒྱུན་གདམས་ངག་རྣམས་ཁོང་གི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཞིག་ཡིན། གཤེན་རབ་མི་བོ་ཆེ་བྱོན་པའི་དུས་ཚོད་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ལྟར་ན། སྤྱི་ལོའི་སྔོན་གྱི་ལོ་ངོ་གཅིག་ཁྲི་དྲུག་སྟོང་ཐམ་པ་དང་བརྒྱད་ལོར་སྐུ་འཁྲུངས་པར་གསུངས། འོན་ཀྱང་བན་བོན་གྱི་ལོ་རྒྱུས་ཡིག་ཚང་རྙིང་པའི་ལོ་རྒྱུས་དོན་རྐྱེན་རྣམས་ཕན་ཚུན་གོ་བསྡུར་ནས་བརྟགས་དཔྱད་དང། དེང་དུས་ས་འོག་ནས་ཐོན་པའི་གནའ་རྫས་དག་ལ་དཔྱད་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་དུ་བྱུང་ཡོད་དགོས་པ་ཞིག་རེད། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི་༡༩༡༧པའི་ཤིང་བྱི་གཅིག་དཀར་ལོ་དེར་འཁྲུངས་ཡོད་པར་གསུངས། དེ་ལྟར་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མར་བྱུང་ནས་ད་བར་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ལ་ཉེ་འགྲོ་གི་ཡོད་པ་རེད། གསོ་རིག་འབུམ་བཞི་ཐོག་མར་གསུངས་པའི་གནས་ནི། དེང་དུས་མངའ་རིས་ས་ཁུལ་གངས་ཏི་སེའི་ཉེ་འགྲམ་དུ་ཡིན་པར་གསལ་ཏེ།་ཐུགས་འབུམ་མཁའ་སྔོན་ལས།་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་བའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡངས་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟད་མོ་ཕུན་སུམ་ཚོགས་དུ་འཚོགས་པ། རི་བོ་དང་རི་ཕྲན་དང། རྒྱ་མཚོ་དང་ནེའུ་ཐང་དང། ཆུ་བོ་དང་ཆུ་ཕྲན་དང། ལུ་མ་དང་ལྡིང་ཀ་དང། དཔག་བསམ་དང་ནགས་ཚལ་དང། མེ་ཏོག་དང་སྨན་དང། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང། རི་དྭགས་དང་གཅན་གཟན་དང། འདབ་ཆགས་དང། ཆུ་གནས་དང། གཡུང་དྭགས་དང། མི་ནོར་དང། ཡུལ་མཁར་དང། ལོངས་སྤྱོད་ཕུན་སུམ་འཚོགས་པ་རུ་མངའ་འོ། ཞེས་དང། ཡང་ཤར་ཕྱོགས་སུ་ཤམ་པོ་ལྷ་རྩེ། བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བར་པོ་སོ་བརྒྱད། ཅེས་སོགས་གསོ་རིག་འབུམ་བཞི་གསུང་ཡུལ་འོལ་མོ་གླིང་ཆེན་དང། དེའི་ཕྱོགས་བཞིའི་ཡུལ་གཙོ་བོ་བཞི། དེའི་ཕྱིའི་གླིང་ཆེན་བཅུ་གཉིས་དང། ཡུལ་ཆེན་བཅུ་དྲུག་སོགས་ངོ་སྤྲོད་བྱས་ཡོད་པ་འདི་ལ་ཞིབ་ཏུ་བརྟག་ན་དེང་དུས་མངའ་རིས་གངས་ཏི་སེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ཡུལ་གྲོང་དང་ས་ཆའི་མིང་ཤ་སྟག་སྣང་བས་འདི་ལ་བལྟས་པ་ཙམ་གྱིས་གསོ་རིག་འབུམ་བཞིའི་གསུང་ཡུལ་དེ་ལྷའི་ཞིང་ཁམས་སོགས་གནས་གཞན་གང་ཡང་མ་ཡིན་པ་འགྲོ་བ་མིའི་ཡུལ་དང་དེ་ལས་ཀྱང་བོད་གངས་ཅན་གྱི་ཡུལ་དུ་གསུངས་ཡོད་པ་གནག་ཕྱུགས་ཀྱི་རྫི་བོས་ཀྱང་ཤེས་སླ་བ་ཞིག་རེད། གསོ་རིག་འབུམ་བཞིའི་ནང་དོན་གཙོ་བོ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རང་རྒྱུ་འབྱུང་བ་བཞིའི་རྫས་ཡོད་པ་དང། ནད་ཀྱི་རྒྱུ་གཙོ་བོ་རླུང་དང། མཁྲིས་པ། བད་ཀན། འདུས་པ་ཁྲག་དང་བཞི་གཙོ་བོ་ཡིན་པར་དེའང་འབྱུང་བ་བཞིའི་རྫས་ལས་མ་འདས་པ་ཞིག་ཡིན་ནའང། རྩི་ཤིང་ལ་སོགས་དངོས་པོའི་སྨན་རྫས་རྣམས་ཀྱང་ངོ་བོ་འབྱུང་བཞིའི་རྫས་ཡིན་པ་སོགས་ཀྱི་གཞུང་ལུགས་བསྟན་ཡོད། ལྷག་པར་དུ་སྨན་འབུམ་དཀར་པོའི་རྩ་ཆུའི་བརྟག་པའི་ལེའུ་གཉིས་པ་ལས་ཕྱི་དུས་བཞི་ཁམས་ལྔའི་འབྱུང་བ་དང། ནང་ལུས་ཁམས་ཀྱི་འབྱུང་བ་གཉིས་པོ་ཕན་ཚུན་འབྲེལ་ཚུལ་ལ་བརྟེན་ནས་གང་ཟག་སོ་སོའི་ལུས་ཁམས་ཀྱི་བདེ་ཐང་གི་གནས་ལུགས་དང། གང་ཟག་དེ་དང་འབྲེལ་བའི་གཉེན་ཉེ་དང་ལས་དོན་སོགས་ཀྱི་ལེགས་ཉེས་གང་འབྱུང་བརྟག་ཐབས་ཀྱི་ཁྱིམ་ཕྱྭ་དང། མགྲོན་ཕྱྭ་དང་། དགྲ་ཕྱྭ། གདོན་ཕྱྭ་ལ་སོགས་པ་ངོ་མཚར་རྩ་བདུན་དང། ཆུ་ཕྱྭ་སྣ་ཚོགས་བསྟན་ཡོད་པ་འདི་ནི་བོད་ཀྱི་གནའ་བོའི་ཤེས་རིག་བོན་ཆོས་ཀྱི་ལུགས་སྲོལ་མ་ཉམས་པ་ཞིག་ཡིན་པ་དང། རྒྱ་དཀར་ནག་གང་གི་ཤེས་རིག་ནང་དུ་རྙེད་ཡ་མེད་པའི་ཐ་སྙད་ཅིག་ཡིན་པ་ནི་བོད་ཀྱི་ཤེས་རིག་རྣལ་མ་ཅུང་ཟད་མཁྱེན་མཁན་ཚང་མས་ཤེས་གསལ་ལྟར་རེད། དེས་ན་བོད་ཀྱི་རིག་གཞུང་གི་རྩ་ཆུ་བརྟག་ཐབས་ཀྱི་ཤེས་རིག་འདིའི་ཐཽག་མའི་འབྱུང་ཁུངས་ནི་གངས་ཏི་སེའི་ཉི་སྐོར་གྱི་གནའ་གྲོང་ཁག་ལས་བྱུང་བའི་རིག་གནས་ཤིག་ཡིན་པ་བསྙོན་དུ་མེད་པར་མཐོང། འཕྲོས་རྗེས་ནས་མུ་མཐུད་ནས་འགོད་འཆར་ཡོད།
གཉིས། གསོ་རིག་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ཁྱད་པར། གསོ་རིག་འབུམ་བཞི་དང་རྒྱུད་བཞི་གཉིས་པོར་བརྗོད་བྱ་དོན་གྱི་ཆ་ནས་དཔྱད་ན་ཁྱད་པར་ཆེར་མ་མཐོང་ཡང། རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན་གསོ་རིག་འབུམ་བཞིའི་ཚིག་སྦྱོར་རྣམས་ཚིག་རྐང་མི་སྙོམས་པ་དང། སྡེབ་སྦྱོར་མི་སྙན་པ་ལ་སོགས་པའི་ཚིག་སྐྱོན་མང་བ་མ་ཟད། ལྷག་པར་ནད་འབུམ་ནག་པོའི་རྗོད་ཚུལ་རྣམས་ཚིག་བཅད་དང་ཚིག་ལྷུག་གང་དབྱེ་དཀའ་བ། གནའ་བོའི་ཡིག་རྙིང་གི་ཁྱད་ཆོས་མང་བ་སོགས་དཔལ་ལྡན་རྒྱུད་བཞི་ལས་བྱུང་སྔ་བའི་མཚན་རྟགས་མང་བ་དང། དཔལ་ལྡན་རྒྱུད་བཞི་ནི་ཚིག་རྐང་སྙོམ་པ་དང། ཚིག་གི་སྡེབ་སྦྱོར་སྙན་པ། བརྡ་དག་དོན་གསལ་བ་སོགས་འབུམ་བཞི་ལས་བྱུང་ཕྱི་བ་དང་ཡར་རྒྱས་ཆེ་བའི་ཁྱད་ཆོས་དང། བྱེ་བྲག་སོ་སོའི་ཁྱད་པར་ནི། གསོ་རིག་འབུམ་བཞིའི་ཐོག་མ་ཐུགས་འབུམ་མཁའ་སྔོན་དང། རྒྱུད་བཞིའི་ཐོག་མ་རྩ་རྒྱུད་གཉིས་ལས། ཐུགས་འབུམ་མཁའ་སྔོན་གྱི་དབུར་ཞང་ཞུང་སྐད་དུ། ཞེས་པ་དེ། རྒྱ་སྐད་དུ་ཞེས་བསྒྱུར་འདུག ལེའུ་དང་པོའི་མཆོད་བརྗོད་སྐབས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག་ཅེས་པ་དེ། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས་ཞེས་བསྒྱུར་བ་ཙམ་ལས་གཞན་ཚིག་རྐང་གསུམ་པོ་གཅིག་མཚུངས་སུ་སྣང། འབུམ་བཞི་ལས། གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞེས་པ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་པའི། མཚོ་མུ་ཁྱུད་བདལ་བའི་གླིང་ཞེས་པ། དེའི་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ཡུལ་གྲུ་རྣམས་དང། ཆུ་བོ་ཆེན་པོ་བཞི། དེའི་ཕྱི་རིམ་ན་གནས་པའི་ཡུལ་ཆེན་བཅུ་དྲུག་སོགས་མདོར་ན་གངས་ཏི་སེའི་ཉེ་སྐོར་གྱི་ཞང་ཞུང་མངའ་རིས་ཡུལ་གྲུ་སོ་སོའི་ས་མིང་དང། གནས་བཀོད་གསལ་པོར་ཡོད་པ་དེ་དག་རྩ་རྒྱུད་དུ་ལྟ་ན་སྡུག་གི་ཞིང་ཁམས་ཞེས་བསྒྱུར་འདུག རྩ་རྒྱུད་དུ་ལྟ་ན་སྡུག་གི་ཞིང་ཁམས་དང། རི་བོ་འབིགས་བྱེད་དང། གངས་ཅན། རྒྱུད་དུ་ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་དང། གསུང་པ་པོ་རིག་པའི་ཡེ་ཤེས་ལ་སོགས་པའི་རྣམ་བཤད་དེ་དག་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འདི་ལྟར་གསལ་སྟེ། སྨད་ཆ། ཤོག་ངོས། ༡༥༢༢ཕྲེང་༥པར། པེ་ཅིན་པར། འདི་ཉིད་གཡུ་ཐོག་གསར་མ་མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང། ལྷོ་ན་སྔོ་སྨན་ཚ་བ་སྐྱེ་བ། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་པ། ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང། ཀུན་རྟོག་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོ་ཞེས་ཕྲིན་ལས་ཞབས་གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ཡིན་ལ། སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞི་ཇི་ལྟར་བཤད་པ་ལྟར་སྣང་བ་ཡང་མི་འགལ་ལོ་ཞེས་བདག་གིས་སེམས་སོ། ཞེས་གསུངས་སོ། དེ་ལྟར་ན་སྔོན་བྱོན་གྱི་མཁས་པ་ཆེན་པོ་རྗེ་ཕྱོན་ལས་ཞབས་དང། དཔའ་བོ་གཙུག་ལག་ཕྲེང་བ། ཟུར་མཁར་བློ་གྲོས་རྒྱལ་པོ། གླིང་སྨན་བཀྲ་འབུམ་པ་སོགས་གནས་ལུགས་དོན་དལ་མཁས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་རྗེ་གཡུ་ཐོག་པས་རྒྱུད་བཞི་འཆད་ཉན་མཛད་པའི་ཡུལ་གང་དེ་དག་པའི་སྣང་ངོར་ལྟ་ན་སྡུག་གི་ཞིང་ཁམས་ཡིན་པ་ལས། གཞན་དུ་ལྟ་ན་སྡུག་གི་ཞིང་ཁམས་སུ་སངས་རྒྱས་ཀྱིས་གསུངས་པ་ཞིག་མིན་ཚུལ་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབ་འདུག ཐུགས་འབུམ་མཁའ་སྔོན་གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བ་བརྗོད་པ་འདི་རྩ་རྒྱུད་དུ་མེད་པས་རྩ་རྒྱུད་ལ་ལེའུ་དྲུག་ལས་མེད། འབུམ་བཞིའི་གཉིས་པོ་གསོ་བྱེད་སྨན་འབུམ་དཀར་པོ་དང། རྒྱུད་བཞིའི་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་གཉིས་ལས། དང་པོ་སྨན་འབུམ་གསུངས་པ་པོ་སྟོན་པ་གཤེན་རབ་མི་བོ་དང། ཞུ་བ་པོ་སྲས་དཔྱད་བུ་ཁྲི་ཤེས། གསུང་པའི་ཡུལ་འོལ་མོ་ལུང་རིང་ཞེས་གསལ་བ་དེ། ཕྱི་མ་རྒྱུད་ལས་གསུང་པ་པོ་དྲང་སྲོང་རིག་པའི་ཡེ་ཤེས་དང། ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས། གསུང་པའི་ཡུལ་ལྷ་ན་སྡུག་གི་ཞིང་ཞེས་བསྒྱུར་འདུག སྤྱིར་གཞུང་འདི་གཉིས་བརྗོད་དོན་ཕལ་ཆེར་མཚུངས་ཀྱང་རྗོད་བྱེད་ཚིག་སྦྱོར་གྱི་ཁྱད་པར་ཆེ། ལེའུ་གཉིས་པ་ཆུ་བརྟག་ཐབས་ལས་གདོན་རིགས་རྣམས་ཀྱི་མིང་དང་གྲངས་ཅུང་ཟད་མི་འདྲ་བར་འདུག སྨན་འབུམ་དཀར་པོར་ལེའུ་སོ་གཉིས་དང། ཕྱི་མ་རྒྱུད་ལ་ལེའུ་ཉེར་བདུན་ཏེ། དེ་ཡང་སྨན་འབུམ་དཀར་པོའི་ལེའུ་དང་པོ་གླེང་སློང་ལེའུ་དང། ལེའུ་ཉེར་བདུན་པ་གཉེན་པོ་གཅིག་རྒྱུད། ལེའུ་ཉེར་བརྒྱད་པ་འགོག་སྲུང། ལེའུ་སུམ་ཅུ་པ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པ་འཁོར་གྱི་གཙོ་བ་བསྟོད་པའི་ལེའུ་སྟེ་སྨན་འབུམ་ལ་ལེའུ་ལྔ་ལྷག་པོ་བྱུང་འདུག འོན་ཀྱང་ཕྱི་མ་རྒྱུད་ཀྱི་ནང་དུ་གོང་གསལ་གྱི་ལེའུ་འདི་དག་གི་ནང་དོན་ཕལ་ཆེར་ལེའུ་ཉེར་བདུན་གྱི་ནང་དུ་བསྡུས་འདུག འབུམ་བཞིའི་གསུམ་པ་དཔྱད་འབུམ་ཁྲ་བོ་དང། རྒྱུད་བཞིའི་གཉིས་པ་བཤད་རྒྱུད་གཉིས་ལེའུའི་གྲངས་དང། བརྗོད་བྱའི་ནང་དོན། རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ཕྱོགས་གང་ཐད་ནས་ཕལ་ཆེར་གཅིག་མཐུན་དུ་འདུག འོན་ཀྱང་དཔྱད་འབུམ་གྱི་དབུར་གཞུང་གསུངས་པ་པོ་དང། གསུང་པའི་ཡུལ། ཞུ་བ་པོ་སོགས་བོན་ལུགས་རྣམས་བཤད་རྒྱུད་དུ་ནང་པའི་ལུགས་སུ་བསྒྱུར་འདུག་པ་མ་ཟད། གཞུང་འདིའི་བརྗོད་དོན་གཙོ་བོ་བོད་ཀྱི་སྨན་རྫས་ཀྱི་རོ་དྲུག་པོའི་ལྕི་སྣུམ་ལ་སོགས་འབྱུང་བའི་རྫས་ཀྱི་ནུས་པ་ཆེ་ཆུང་གི་གོ་རིམ་རྣམས་གཏན་འབེབས་བྱེད་ཐབས་སྐོར་ལ་གཞུང་གཉིས་པའི་ལྟ་བ་མི་འདྲ་བ་རེ་བྱུང་འདུག་སྟེ། དཔྱད་འབུམ་ཁྲ་བོ་ལས། བསྐ་མངར་ལན་ཚྭ་རྣམ་གསུམ་རིམ་བཞིན་ལྕི། དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། བསྐ་མངར་ཁ་བསིལ་ཁ་བསྐ་མངར་བ་རྟུལ། སྐྱུར་ཚྭ་ཁ་བ་རྣམ་གསུམ་ཡང་ལ་རྩུབ། སྐྱུར་དང་ལན་ཚྭ་ཚ་གསུམ་ལ་རྣོ། ཅེས་རོ་དྲུག་པོ་དག་སོ་སོའི་ནུས་པ་ལྕི་སྣུམ་གང་ཆེ་གོ་རིམ་འདི་བཞིན་དུ་དཔྱད་བརྗོད་བྱས་ཡོད་པ་དང། བཤད་རྒྱུད་ལས། ལན་ཚྭ་བསྐ་མངར་རྣམ་གསུམ་རིམ་བཞིན་ལྕི། དེ་བཞིན་ལན་ཚྭ་མངར་བསྐྱུར་སྣུམ་པ་ཡིན། བསྐ་ཁ་མངར་བའི་ཁ་བསྐ་མངར་བ་རྟུལ། སྐྱུར་ཚྭ་ཁ་བ་རྣམ་གསུམ་ཡང་ལ་རྩུབ། ཚ་སྐྱུར་ལན་ཚྭ་རྣམ་གསུམ་ཚ་ལ་རྣོ། ཞེས་གསུངས་སོ། རིག་པ་འདི་ནི། བོད་ཀྱི་སྨན་རྫས་རིག་པའི་ནུས་པ་བརྟག་ཐབས། འབྱུང་བཞིའི་ནུས་པའི་སྙིང་པོ་བསྡུས་པ་ཞིག་ཡིན་ལ། དེང་དུས་ཚན་རིག་ཤེས་བྱའི་ནང་གི་སྐྱེ་དངོས་སོགས་སྨན་རྫས་ཀྱི་དངོས་པོ་རྣམས་ཀྱི་གྲུབ་ཆ་དང་ནུས་པ་གང་ཡིན་བརྟག་ཐབས་ཀྱི་རྫས་འགྱུར་རིག་པ་དང། སྐྱེ་དངོས་རིག་པའི་རྩ་བའི་གཞུང་དོན་དང་ནང་དོན་གཅིག་མཚུངས་སུ་སྣང། འབུམ་བཞིའི་བཞི་པ་ནད་འབུམ་ནག་པོ། རྒྱུད་བཞིའི་གསུམ་པ་མན་ངག་རྒྱུད་གཉིས་ཀྱི་ཁྱད་པར་ཡང་གོང་གི་རྒྱུད་གཞན་རྣམས་དང་འདྲ་བ་དབུའི་མཚན་དོན་དང། ཞུ་བ་པོ་དང་། ཞུ་བའི་ཡུལ་སོགས་མི་འདྲ་བ་དང། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ལེའུ་གཉིས་པ་རླུང་ནད་སྐོར་ཕལ་ཆེར་ཚིག་ལྷུག་ཡིན་པ་དང། གཞན་རྣམས་ཚིག་རྐང་རིང་ཐུང་མ་སྙོམས་ཅི་རིགས་སུ་སྣང། མན་ངག་རྒྱུད་དུ་ལེའུ་ལྔ་པ་བད་ཀན་སྨུག་པོ་ཞེས་པ་དེ། ནད་འབུམ་ལས་འདུས་པ་ཁྲག་ནད་ཀྱི་ལེའུ་ཞེས་མིང་མི་འདྲ་བར་བྱུང་བ་མ་ཟད། རྒྱུད་བཞིར་ཉེས་པ་གསུམ་ཞེས་པ་དེ་འབུམ་བཞི་ལ་རླུང། མཁྲིས། བད་ཀན། ཁྲག་དང་ཉེས་པ་བཞིར་བཤད། དེ་ཡང་རླུང་ཆུ། མཁྲིས་པ་མེ། བད་ཀན་ས་ཆུ། ཁྲག་མེད་ཁམས་ཡིན་པ་བཅས་བསྟན་པ་རྒྱུད་བཞི་དང་ཉེས་པའི་རྣམ་གྲངས་མི་འདྲ། ནད་འབུམ་ནག་པོར་ལེའུ་བཞི་པ་མོ་ནད་ཅི་བཅོས་བསྟན་པ་དང། མན་ངག་རྒྱུད་ཀྱི་ལེའུ་གོ་རིམ་རྣམས་ཕན་ཚུན་མི་མཐུན གག་ལྷོག་གི་ལེའུ་ལ་སོགས་པ་ལེའུ་ཁ་ཤས་ཀྱི་ནང་དུ་ཡོད་པའི་བཅོས་ཐབས་དང། སྨན་སྦྱོར་སྐོར་གཅིག་མན་ངག་རྒྱུད་ཀྱི་ལེའུ་ནང་དུ་འདུག་པ་དེ་ལ་ཞིབ་ཏུ་བརྟག་ན་ནད་འབུམ་ལས་དཔེ་བཤུས་བྱེད་པའི་སྐབས་སུ་ཆད་ལུས་ཤོར་བའི་རྗེས་ཤུལ་ཡིན་པར་ངེས། ནད་འབུམ་ལས་གཟའ་ནད་བཅོས་པ་དང། ཀླུ་གདོན་བཅོས་པའི་ལེའུ་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས་མན་རྒྱུད་དུ་མི་སྣང། རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲག་བསྐྱེད་པའི་ཞང་སྐད་ཀྱི་སྔགས་རྣམས་མན་རྒྱུད་དུ་ལེགས་སྦྱར་གྱི་གཟུངས་སྔགས་སུ་བསྒྱུར་འདུག མན་རྒྱུད་ལ་ལེའུ་གོ་གཉིས་ཡོད་ཅིང་ནད་འབུམ་ནག་པོ་ལ་བསྟོད་པའི་ལེའུ་དང། གཉེར་གཏད་ཀྱི་ལེའུ་གཉིས་ཀྱིས་ལྷག་པས་ལེའུ་གོ་བཞི་ཡོད་འདུག
གསུམ་པ་འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ། དེང་དུས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྩ་བ་གསོ་རིག་རྒྱུད་བཞི་ཡིན་པར་བཤད་ཅིང། རྒྱུད་བཞི་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བརྩམས་པར་བཤད། གནའ་བོའི་དུས་སུ་རྒྱུད་བཞི་སངས་རྒྱས་ཀྱི་གསུངས་སུ་བཅོས་མཁན་བྱུང་མྱོང་ཡང་དེ་ལ་ཟུར་མཁར་བ་དང་བཀྲ་འབུམ་པ་སོགས་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་བཀག་ཟིན། འོ་ན་གསོ་རིག་རྒྱུད་བཞིའི་རྩོམ་པ་པོ་དངོས་སུ་ཞེ་ན། གསོ་རིག་རྒྱུད་བཞི་བྲིས་མ་དང་པར་མ་གང་ཡིན་ཡང་རྩོམ་པ་པོ་སུ་ཡིན་གསལ་པོ་བཀོད་ཡོད་པ་ཞིག་གཏན་ནས་མཐོང་རྒྱུ་མེད། གཡུ་ཐོག་པས་བརྩམས་པར་བཞེད་པ་ཡང་དོན་ལ་ནང་པའི་མཁས་པ་རྣམས་ཀྱིས་ཕྱོགས་ཞེན་ཙམ་ལས་ལུང་རིགས་ཀྱི་རྒྱུ་མཚན་ཆེར་མ་མཐོང་སྟེ། གཡུ་ཐོག་གསར་མའི་རྣམ་ཐར་ལས། གཡུ་ཐོག་པ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས། རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས། ཡང་དེ་ཉིད་ལས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང་ཟངས་མཆན་གཉིས་བཏབ། ཞེས་དང་། སོགས་འཁོར་ཡོད་པར་གཞིགས་ན་གཡུ་ཐོག་གསར་མ་རྒྱུད་བཞི་རྩོམ་པ་པོ་མིན་པ་ཤིན་ཏུ་གསལ། གཡུ་ཐོག་རྙིང་མའི་རྣམ་ཐར་ལས། གཡུ་ཐོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱལ་པོས་རྒྱུད་བཞི་གཏེར་ནས་འདོན་དགོས་གསུངས་ཀྱང། གཡུ་ཐོག་པས་བདག་རྒྱ་གར་ལ་ད་དུང་བསྐྱར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས། ཞེས་དང། ཡང་དེ་ཉིད་ལས། དགུང་ལོ་ཞེ་ལྔ་བཞེས་དུས་གཏེར་ནས་སྤྱན་དྲངས། དགུང་ལོ་ང་ལྔ་པར་762a.cཀོང་པོ་སྨན་ལུང་དུ་བྱོན་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞི་འཆད་ཉན་བྱས་ཚུལ་བཀོད་ཡོད་པ་རེད། དེས་ན་གཡུ་ཐོག་རྙིང་མ་ཡང་རྒྱུད་བཞི་རྩོམ་པ་པོ་མིན་པ་མ་ཟད། དེའི་གོང་དུ་རྒྱུད་བཞི་གཏེར་དུ་སྦས་ཡོད་ཚུལ་གསལ་པོར་བསྟན་འདུག འོ་ན་གསོ་རིག་རྒྱུད་བཞི་དེ་གང་འདྲ་བྱས་ནས་བྱུང་ཡོད་ཅེ་ན། གོང་གསལ་ལྟར་འདིར་འབུམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ནས་བརྟག་ན། ཐོག་མར་གསོ་རིག་འབུམ་བཞི་བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང། ལེའུའི་གོ་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི་གསོ་རིག་རྒྱུད་བཞི་ཡིན་པར་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་བསྡུར་ནས་བལྟས་ཙམ་གྱིས་ཤེས་སླ། འོན་ཀྱང་ཆགས་སྡང་གཉིས་ཀྱི་ཁྲི་ལ་ང་རྒྱལ་གྱི་ཅོད་པཎ་གསོལ་ནས་མཁས་པའི་མཚན་སྙན་འཛིན་ནས་བཞུགས་པ་རྣམས་ལ་སངས་རྒྱས་དངོས་བྱོན་ནས་བདེན་དོན་ངོ་སྤྲོད་གནང་ཡང་རང་འདོད་ཀྱི་ལྟ་བ་ནམ་ཡང་འགྱུར་མི་སྲིད་པས། དེ་དང་དེའི་རིགས་ལ་བདེན་དོན་ངོ་སྤྲོད་པའི་ངལ་བ་མི་བྱའོ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་ལྟར་ན། གསོ་རིག་འབུམ་བཞིའི་ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་སྟོང་ཕྲག་གཉིས་ཙམ་ནས་བྱུང་ཡོད་ཅིང། དེ་ནས་སྤྱི་ལོའི་དུས་བརྒྱད་པའི་ནང་བར་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་དེ་ལ་ཁ་སྣོན་དང་ཉམས་ཡིག་གསར་སྣོན་བྱས་ཡོད་པ་དང། དེ་ལ་གསོ་རིག་འབུམ་བཞི་ཞེས་ཡོངས་གྲགས་སུ་དར་ཡོད་པར་ངེས། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ནས་ནང་ཆོས་སྤེལ་སྐབས་འབུམ་བཞིའི་མིང་ཡང་རྒྱུད་བཞིར་བསྒྱུར་ཡོད་པར་ངེས་ཏེ། བཀའ་ཐང་ཤེལ་བྲག་མའི་ལེའུ་གྱ་བཞི་པ་ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ཞེས་སོགས་གསུངས་པ་འདི་ལས་བོན་ཆོས་རྣམས་ནང་པའི་ཆོས་ཀྱི་རྣམ་པར་བསྒྱུར་ཡོད་པའི་དོན་ཡིན་པ་ལས། བོན་ཆོས་བོད་སྐད་དུ་བསྒྱུར་མི་དགོས་པ་ནི་སུས་ཀྱང་ཤེས་པར་མ་ཟད། བོན་ཆོག་གི་གཏོར་མདོས་ཡས་གླུད་རྣམས་ནང་ཆོས་ཀྱི་རྣམ་པར་བསྒྱུར་ནས་ད་ལྟར་ཡང་བེད་སྤྱོད་བཞིན་ཡོད་པ་འདིས་ཀྱང་ཤེས་སོ། དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱུད་བཞི་གཏེར་ནས་བཏོན་ཞེས་པ་ཡང་དོན་དུ་སྐབས་དེར་བན་བོན་འཁྲུགས་པའི་དུས་ཟིང་གི་ནང་དུ་བོན་གཞུང་གཏེར་དུ་སྦས་པའམ། སྦས་སྐུང་བྱས་པ་དག་ལས་འབུམ་བཞི་ཕྱིར་བཏོན་ནས་ཐུན་མིན་བོན་ལུགས་ཀྱི་ཐ་སྙད་ཡོད་པ་རྣམས་ནང་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས་གསོ་རིག་འབུམ་བཞི་ནས་རྒྱུད་བཞི་ཞེས་མཚན་བསྒྱུར་བའི་དུས་སྐབས་ཡིན་པར་སེམས། ཡིན་ནའང་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་འབུམ་བཞིའི་མིང་མ་ཉམས་པ་དེང་གི་བར་དུ་ལྐོག་ཉར་བྱེད་ཐུབ་པར་བྱུང་ཡོད་འདུག སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་དགུང་ལོ་བཅུ་གཉིས་སྐབས་སུ་རོག་སྟོན་དཀོན་མཆོག་སྐྱབས་ལས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས། རྒྱུད་བཞི་ལ་མཆན་འགྲེལ་གཉིས་མཛད་པ་ལ་གསེར་མཆན་དང་ཟངས་མཆན་ཞེས་ཟེར། དུས་དེར་ཁོང་གིས་རྒྱུད་བཞིའི་དབུ་ཞབས་བར་ཚིག་སྦྱོར་ལེགས་བཅོས་དང། ལེའུའི་གོ་རིམ་རྣམས་བསྐྱེར་བསྒྲིགས་མཛད་ནས་འཆད་ཉན་དང་དར་སྤེལ་གཏོང་བ་ལ་གཡུ་ཐོག་པའི་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་བྱུང། བཞི་པ་ཞུ་དག་བྱེད་ཚུལ་གྱི་གསལ་བཤད། འདི་ནི་གནའ་བོའི་དཔེ་རྙིང་ཞིག་ཡིན་སྟབས་དེང་དུས་ཀྱི་བརྡ་དག་དང་མི་མཐུན་པའི་འབྲི་སྲོལ་མང་པོ་ཞིག་འདུག་པ་དེ་དག་རང་འཇགས་སུ་བཞག་ཡོད་པ་ལས། མི་མཁས་མཁས་མདོག་གིས་གནའ་དཔེ་རྙིང་པའི་རིན་ཐང་ཆུད་ཟོས་སུ་བཏང་མ་ཕོད། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་གི་བརྡ་ཆད་འདི་དག་དེང་དུས་ཀྱི་བརྡ་དང་མཐུན་དགོས་པའི་ངེས་པ་ཡང་མེད་དེ། དེང་དུས་ཀྱི་བརྡ་དག་འདི་ནི་བཅད་བཅོས་མང་པོ་བྱས་ཟིན་པ་དག་ཡིན་པའི་ཕྱིར། དེས་ན་ལོ་ངོ་བརྒྱ་སྟོང་མང་པོའི་གོང་གི་སྐབས་དེའི་བརྡ་དག་དངོས་ནི་འདི་ལྟར་རང་ཡིན་པར་སེམས། སྨན་གཞུང་འདིའི་ནང་དོན་ནད་ཀྱི་མིང་དང། སྨན་གྱི་མིང་མང་པོ་ཞིག་གི་སྒྲ་མདངས་རྒྱུད་བཞིའི་ཐ་སྙད་དང་མཐུན་ལ། བརྡ་དག་མི་འདྲ་བར་ཡོད་པ་སྟེ། དཔེར་ན། ཅུ་གང་ལ་ཇུ་གང་དང། སླེ་ཏྲེས་ལ་སླེ་ཁྲེས། ཅོང་ཞི་ལ་ཅོང་ཟི། ཀྱི་ལྕེ་ལ་ཁྱི་ལྕེ། ཧོང་ལེན་ལ་ཧུང་ལེན་ཨུཏཔལ་ལ་ཨུ་དཔལ། ག་བུར་ལ་ག་ཕུར་ལ་སོགས་པའི་བརྡ་དག་འདི་དག་སྐབས་དེའི་བརྡ་དག་དངོས་ཡིན་ངེས། འོན་ཀྱང་སྤྱི་ཚོགས་ཀྱི་བསྒྱུར་བ་དང་བསྟུན་ནས་བརྡ་དག་རིམ་བཞིན་བསྒྱུར་བཞིན་ཡོད་པ་ནི་མངོན་སུམ་དུ་སྣང་ཡུལ་ན་ཡོད་པ་འདི་རེད། ལྷག་པར་དུ་ཨུ་དཔལ་ཞེས་པའི་མིང་འདི་མེ་ཏོག་འདི་ཉིད་མཚོན་བྱེད་ཀྱི་བརྡ་དག་དངོས་ཡིན་པར་སེམས་ཏེ། ཨུཏཔལ་ཞེས་པའི་མེ་ཏོག་སྔོན་པོ་འདི་ནི་བོད་དང། དེ་ལས་ཀྱང་ས་མཐོ་ཁོ་ནའི་ཡུལ་དུ་སྐྱེས་པའི་མེ་ཏོག་ཅིག་ཡིན་པ་ལས། རྒྱ་གར་སོགས་དྲོད་ཆེ་བའི་ཡུལ་ན་རང་བྱུང་གི་སྐྱེ་མི་སྲིད་པ་ཞིག་རེད། དེ་ཡང་དེའུ་དམར་བས་གསུངས་པ་ལྟར་ན། མེ་ཏོག་འདི་ནི་ཁམས་སྡེ་དགེ་དང། དགེ་རྗེས་སོགས་ཡུལ་ཉུང་ཤས་སུ་སྐྱེ་བའི་མེ་ཏོག་ཅིག་ཡིན་པར་ངོས་བཟུང། གང་ལྟར་ཡང་དེང་དུས་ལྷ་ས་བོད་སྨན་བཟོ་གྲྭ་རྣམས་ཀྱིས་ཀྱང་མེ་ཏོག་འདི་ཁམས་ཕྱོགས་ནས་ཉོ་སྒྲུབ་བྱེད་ཅིང་ཡོད་པ་རེད། འོ་ན་འདི་ལ་ཨུཏཔལ་ལ་ཞེས་རྒྱ་གར་སྐད་ཀྱི་ཐ་སྙད་དེ་ཅི་ལྟར་བྱུང་ཞེ་ན། བསྟན་པ་ཕྱི་དར་སྐབས་ཀྱི་མཁས་པ་ཚོས་རྒྱ་གར་སྐད་དུ་མེ་ཏོག་ཨུཏཔལ་ལ་ཞེས་པ་ཞིག་ཡོད་པ་ཐོས་པ་དང། བོད་ཀྱི་མེ་ཏོག་ཨུ་དཔལ་ལ་ཡང་དེ་བཞིན་དུ་བརྡ་དག་བཅོས་ཡོད་པར་ངེས་ཏེ། གཞན་དུ་ན་བོད་ཡུལ་ཁོ་ནར་སྐྱེས་པའི་མེ་ཏོག་ལ་བོད་ཀྱི་འདོད་རྒྱལ་གྱི་མིང་ཞིག་མེད་པར་རྒྱ་གར་གྱི་བརྡ་ཆད་ཅིག་ཅི་ལྟར་བྱུང། གཞན་ཡང་སྨན་གཞུང་འདི་ཉིད་ལ་ཞིབ་ཏུ་བརྟག་ན་དེ་དང་དེ་ལྟ་བུའི་གསོ་བ་རིག་པ་ཁོ་ན་ཙམ་མ་ཡིན་པར། བོད་ཀྱི་ལོ་རྒྱུས་རྙིང་པ་དང། བརྡ་སྤྱོད་རིག་པ་སོགས་གནད་དོན་མང་པོ་ཞིག་ཞིབ་འཇུག་བྱེད་པ་ལ་ཕན་ཐོགས་ཆེན་པོར་ཡོད་པ་མཐོང། སླར་སྨྲས་པ། བོན་གྱི་ཆོས་ལ་སྐྱབས་སུ་མ་སོང་ཡང། བོན་པོའི་རིག་གཞུང་བོད་ཀྱི་ནོར་བུ་དེ། ཆགས་སྡང་མཁན་པོས་འདམ་བརྫིས་འདི་འཕངས་ནས། དཔྱད་གསུམ་གངས་ཀྱི་ཆུ་བོས་དག་པར་བཀྲུས། གྲགས་ཆེན་མཁས་པའི་ཐུགས་དང་འགལ་དོགས་དང། ཉམས་ཆུང་བོན་པོ་དགྱེས་པའི་རེ་བ་སོགས། རེ་དོགས་སྤྲོས་པ་བྲལ་བའི་བདེན་གཏམ་འདིས། གང་ཐུགས་འགལ་འཁྲུགས་སོང་ཡང་བཏང་སྙོམས་ཡིན། ཞེས་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་ཁང་གི་དགེ་མིང་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༠༢ཟླ་བ་༩པའི་ཚེས་༡༥ཉིན་པེ་ཅིན་དུ།
བརྡ་སྤྱོད་རིག་པ་ཞེས་པ་བརྡ་སྤྲོད་རིག་པ་ཞེས་བཅོས་གནང་རོགས།