ཚོགས་ཟུར་སྤེན་པ་ཚེ་རིང་།
སྔོན་གླེང་།
༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༦ ཉིན་གྱི་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༧་༢༨ ཐོག་བཀའ་ཤག་གི་ལས་ཤོག་ཐོག་ “ཉིད་རང་ལ་ཟླ་ཤས་གོང་དུ་སྐུ་ཚབ་དོན་གཅོད་ཀྱི་ཁུར་བབས་ལས་དོན་ཞུ་ཕྱོགས་ཐོག་ཉེན་བརྡ་མཐའ་མ་དེ་གཏོང་དགོས་གྱུར་ཡོད་པ་དང་། ད་ཆ་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་གལ་གཟིགས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ནས་ཉིད་རང་གི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་མཚམས་འཇོག་དགོས་རྒྱུར་བཀའ་ཤག་ནས་སྤྱི་མོས་ཐག་གཅོད་བྱས་པ་ཡིན་”ཞེས་སྲིད་སྐྱོང་གིས་མཚན་རྟགས་བཀོད་པའི་བཀའ་ཡིག་ (ཡིག་ཆ་ཨང་ ༡) དེ་དོན་གཅོད་ལས་ཁུངས་དང་ང་རང་སྒེར་གྱི་གློག་འཕྲིན་ཁ་བྱང་གཉིས་ཀའི་ཐོག་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ནས་བཏང་གནང་འདུག
དེའི་སང་ཉིན་ཏེ། ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ tibet.net དང་ bod.asia གཉིས་ཀྱི་ནང་བཀའ་ཤག་གིས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་བཞག་བསྩལ་སྐོར་གསལ་བསྒྲགས་གནང་འདུག
སྔོན་ལ་ཉེན་བརྡ་གང་ཡང་མེད་པའི་ཉེན་བརྡ་མཐའ་མ་ཟེར་བ་དེ་ལ། ཟླ་བ་ ༧ ཚེས་ ༢༦ ཉིན་གུས་པས་བླང་དོར་སྒྲིག་གཞིའི་ནང་དོན་དང་འགལ་བའི་ལས་དོན་གང་ཡང་བྱས་མེད་པའི་ལན་ཕུལ་ཟིན་ (ཡིག་ཆ་ཨང་ ༢) པ་དང་། གུས་པའི་ཡི་གེ་དེ་བཀའ་ཤག་ལྷན་རྒྱས་ཐོག་སྙན་སེང་ཞུས་པ་ཡིན་(ཡིག་ཆ་ཨང་ ༢་ཀ) ཞེས་འབྱོར་ལན་ཙམ་ལས། གཞན་ཞུ་སྒོའི་སྐོར་ལ་བཀའ་ལན་གང་ཡང་མེད་སྟབས། ད་རེས་ཀྱི་ལས་མཚམས་འཇོག་དགོས་པའི་བཀའ་ཡིག་དེའི་ནང་ཉེན་བརྡ་མཐའ་མ་ཟེར་བ་དེ་ལས་འགན་མཚམས་འཇོག་གི་ཐག་གཅོད་ཀྱི་རྒྱབ་རྟེན་དུ་དྲངས་འདུག་པ་དེའི་སྐོར་ལ་ལན་ཞུ་དགོས་མཐོང་མ་སོང་། དེ་བཞིན་དུ་ལས་འགན་མཚམས་འཇོག་དགོས་པའི་བཀའ་ཡིག་དེ་གའི་ནང་། ཉེན་བརྡ་མཐའ་མ་ཟེར་བ་དེའི་རྗེས་སུ་ནོར་འཛོལ་ཇི་བྱུང་གང་ཡང་འཁོད་མེད་པས། དག་སེལ་དང་གསལ་བཤད་ཞུ་དགོས་པའི་གཞི་རྩའང་མེད་སྟབས། བཀའ་ཤག་གི་སྐུ་དབང་ལ་བརྩི་བཀུར་ཞུས་ཏེ་ཀ་ཀོར་མེད་པར་རྩིས་སྤྲོད་ཞུ་རྒྱུར་གྲ་སྒྲིག་ཞུས་པ་ཡིན།
དོན་གཅོད་འཕོ་ལེན་གྱི་གནས་ཚུལ་ཐོན་མ་ཐག་ཏུ། ས་ཕྱོགས་གང་ས་ནས་ཁ་པར་ཆད་མེད་འབྱོར་ཏེ། སེམས་ཚོར་ཆེན་པོའི་སྒོ་ནས་དྲི་བ་སྣ་ཚོགས་འདྲི་བ་དང་། ངུ་བ་དང་། གཉིད་ཁུག་མི་ཐུབ་པའི་གནས་སྟངས་འགྲེལ་བརྗོད་ཞུ་མཁན་མང་པོ་ཞིག་བྱུང་། སྐབས་དེར་གུས་པའི་སེམས་ནང་སླར་ཡང་སྲིད་སྐྱོང་འོས་བསྡུའི་སྐབས་དང་འདྲ་བར་སྤྱི་ཚོགས་དུམ་བུར་འགྲོ་གཞི་ཆགས་ཉེན་ཡོད་པའི་སེམས་འཚབ་ཆེན་པོ་བྱུང་སྟབས། ཉིན་དེ་རང་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་གི་དྲི་བ་དང་ལེན་ཞུས་ཏེ། རྙོག་གླེང་གི་གནད་དོན་སྐོར་ལ་གསལ་བཤད་གང་ཡང་མ་ཞུས་པར། ད་བར་ལོ་ངོ་ཉི་ཤུའི་རིང་སྤྱི་འཐུས་ཀྱི་ཞབས་ཞུའི་གོ་སྐབས་བྱུང་བ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཡིན་པ་དང་། ལོ་གཅིག་དང་ཟླ་བ་གཉིས་རིང་སྐུ་ཚབ་དོན་གཅོད་ཀྱི་ཞབས་ཞུའི་གོ་སྐབས་བྱུང་བ་ནི་སྐལ་པ་བཟང་པོ་ཡིན་པ། ད་ཆ་ལས་མཚམས་འཇོག་དགོས་པའི་ཐག་གཅོད་གནང་བ་དང་ལེན་ཞུ་རྒྱུ་ཡིན་པ། ལས་དོན་བྱེད་སྐབས་དྲང་པོ་དང་། ཁ་རི་ཁ་ཐུག མངོན་ལྐོག་མེད་པའི་ཐོག་ནས་ཞུས་ཡོད་པ། སོ་སོའི་སེམས་ཀྱི་ཚོར་སྣང་དང་། འདས་པའི་ལོ་གཅིག་དང་ཟླ་བ་གཉིས་རིང་ལས་དོན་ཇི་བྱས་ཞུས་པ་དང་། དུས་མཚུངས་སྤྱི་ཚོགས་ནང་བརྡབ་གསིག་མི་ཡོང་ཆེད་མང་ཚོགས་ལ་གོ་བསྐོན་དང་འབོད་སྐུལ་ཞུས་ཡོད་པ་དང་སྦྲགས། གལ་སྲིད་བཀའ་ཤག་གིས་གུས་པར་ལོ་རྒྱུས་ཐོག་ནག་ཉེས་ཕོག་གཞིའི་གཞི་མེད་སྐྱོན་འཛུགས་གནང་བ་ཡིན་ན། གསལ་བཤད་མི་ཞུ་ཐབས་མེད་ཆགས་སྲིད་པའི་སྐོར་བཅས་ཞུས་ཡོད།
དེ་ནས་བཟུང་གུས་པའི་ལས་གནས་འཕོ་འགྱུར་དང་འབྲེལ་བའི་སྐོར་མང་ཚོགས་དང་བརྒྱུད་ལམ་གང་དུའང་གསལ་བཤད་མི་དགོས་པ་གཙོ་འདོན་བྱས་ཐོག ཁ་པར་གཏོང་མཁན་དང་འབྲེལ་བ་གནང་མཁན་རྣམས་ལ་གནད་དོན་དེ་ཞི་འཇགས་ཡོང་ཐབས་ཐོག་བསམ་ཞིབ་དགོས་པའི་གོ་བསྐོན་ཞུས་པ་ཡིན་ལ། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུང་མོང་གི་གོ་སྒྲིག་འོག་ ༢༠༡༧ ཟླ་བ་ ༡༢ ཚེས་ ༡༠ ཉིན་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་དོན་ཁང་གིས་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་ཞུས་ཡོད་པ་དང་། བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་གཙོས་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པས་རེ་འདུན་གནང་བ་ལྟར། ༢༠༡༧ ཟླ་ ༡༡ ཚེས་ ༡༡ ཉིན་བརྙན་ཐུང་གི་ལམ་ནས་མང་ཚོགས་གང་མང་ལས་འགུལ་ནང་མཉམ་ཞུགས་དགོས་པའི་འབོད་བསྐུལ་ནན་ཏན་ཞུས་ཡོད།
བསམ་ཡུལ་ལས་འདས་པ་ཞིག་ལ། ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༡༡ ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསར་འགོད་པར་བཀའ་མོལ་གསུངས་པའི་ནང་དོན་དང་། ཚེས་ ༡༣ ཉིན་སྲིད་སྐྱོང་མཆོག་ནས་ནོར་ཝེ་རྒྱལ་ས་ཨོ་སི་ལོ་ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་བའི་ནང་དོན་རྣམས་མ་ཉེས་ཁག་གཡོགས་དང་། ཉེས་མེད་ཉེས་འཛུགས་ཤ་སྟག་དང་། མང་ཚོགས་མགོ་བོ་རྨོངས་སུ་འཇུག་ཐབས་དང་། ཐ་ན་དཀྲོགས་རྐྱེན་སློང་ཐབས་ཀྱི་བཀའ་མོལ་ཞེ་ཅིག་ཡིན་ན་ཡང་། དོན་གཅོད་རྣམས་ལས་བྱེད་བླང་དོར་སྒྲིག་གཞིའི་ཁྱབ་འོག་ཏུ་གནས་དགོས་སྟབས། སྒྲིག་རང་ཁུར་དང་སྡོམ་པ་རང་སྲུང་གིས། རྙོག་གླེང་དེའི་སྐོར་བརྒྱུད་ལམ་ཁག་ནང་རྒྱུ་མཚན་གསལ་བཤད་གང་ཡང་ཞུས་མེད།
དེ་ནས་ཚེས་ ༡༨ རེས་གཟའ་སྤེན་པའི་གུང་གསེང་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ སྟེང་། བཀའ་ཤག་གིས་གུས་པར་ལས་མཚམས་འཇོག་དགོས་པའི་སྐྱོན་གནད་དོན་ཚན་བཅུ་ཟེར་བ་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ནང་ཁྱབ་བསྒྲགས་གནང་སྐབས། བཀའ་ཤག་གི་གནང་སྟངས་དེ་རིགས་ཀྱི་ཀུན་སློང་ཇི་ཡིན་ལ་བློ་དོགས་བྱུང་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་ནས་དྲི་བ་དྲིས་ལན་གྱི་གོ་སྐབས་དགོས་ལུགས་ཨུ་ཚུགས་གནང་སྟབས། བོད་སྐད་ཀྱི་རླུང་འཕྲིན་ཁང་གསུམ་ལ། བཀའ་ཤག་གི་གསལ་བཤད་དེའི་ནང་དོན་ལ་འགྲེལ་བཤད་ཞུ་མ་དགོས་པའི་ཐོག་ནས། ཟླ་བ་ ༡༡ ཚེས་ ༣༠ ཉིན་ལས་འགན་རྩིས་སྤྲོད་ཟིན་པའི་རྗེས་སུ་དོན་ཚན་རེ་རེ་བཞིན་གསལ་བཤད་བྱ་རྩིས་ཡོད་ལ། དེ་ཡང་གནས་དུས་འོས་འཚམ་ཞིག་ལ་བྱ་རྒྱུ་ཡིན་སྐོར་འགྲེལ་བཤད་ཐུང་ཐུང་ཞིག་ཞུ་དགོས་བྱུང་།
དེའི་རྗེས་ཚེས་ ༡༩ ཉིན་སྲིད་སྐྱོང་མཆོག་ནས་ཁེ་ན་ཊར་མང་ཚོགས་འདུ་འཛོམས་སར་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་པོར་རྒྱས་བཤད་གནང་སྟེ། བརྒྱུད་ལམ་ཁག་ཏུ་རྒྱ་ཆེར་འགྲེམས་བསྒྲགས་གནང་བ་དེ་ཚོ་ཚང་མ་བདེན་པ་མིན་པ་དང་། ཡང་ན་གནས་ཚུལ་ཆ་མི་ཚང་བ། ཡང་ན་གནས་སྟངས་ཛ་དྲག་བཟོས་ཏེ་འབྲེལ་མེད་འགྲེལ་བརྗོད་གནང་བར་བརྟེན། གནས་ཚུལ་ངོ་མ་དང་བདེན་པ་ཇི་ཡིན་མང་ཚོགས་ལ་དེ་རིང་གི་གསལ་བཤད་འདི་ཞུ་དགོས་བྱུང་།
གནད་དོན་འདི་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་གནས་ཚུལ་ཡིན་སྟབས། གུས་པའི་གསལ་བཤད་འདིའི་ནང་དཔང་རྟགས་ཡིག་ཆ་ཁག་ཕུད། ལན་འདེབས་གསལ་བཤད་བོད་ཡིག་རྐྱང་པའི་ནང་མ་གཏོགས་ཨིན་ཡིག་ནང་འབྲི་འགོད་དང་། ཕབ་བསྒྱུར་བྱས་མེད།
སྲིད་སྐྱོང་དང་བཀའ་ཤག་གི་གསལ་བཤད་སྔ་རྗེས་ནང་། དོན་གཅོད་ཀྱི་ལས་གནས་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་ཚད་འཕེར་དང་། ཉེས་འཛོལ་ཚབས་ཆེན་གང་ཡང་མེད་པ་སོ་སོ་རང་ངོས་ནས་ཤེས་ཚོར་ཡོད་པས། ཕྱི་ཚེས་ ༧ ཉིན་སྤོབས་པ་ཆེན་པོས་དེའི་སྐོར་ཞུས་ཟིན་ཐོག དཔལ་ལྡན་སྲིད་ཚབ་དང་སྲིད་སྐྱོང་རྣམ་གཉིས་ནས་གུས་པའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་གནོད་གཞིའི་ནོར་འཁྲུལ་ཚབས་ཆེན་བཟོས་ཡོད་མདོག་གིས་གསལ་བཤད་ཀྱི་རྗེས་ལ་གསལ་བཤད་དང་། དོན་ཚན་གྱི་ཐོག་ལ་དོན་ཚན་བརྩེགས་ནས་ང་ལ་ཉེས་འཛུགས་གནང་བ་དེ་ཚོ་ཚང་མ་སྤྱི་ཚོགས་ནང་དཀྲོགས་རྐྱེན་བསླངས་ཏེ། མང་ཚོགས་ནང་རྙོག་གླེང་ཇེ་ཆེར་བཏང་ཡོད།
ལྷག་པར་དུ། ངའི་ངོས་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེའི་ཉེན་ཁ་ངོས་ཟིན་པའི་ཐོག་ནས་བརྒྱུད་ལམ་ཁག་དང་མང་ཚོགས་ལ་དེའི་སྐོར་གླེང་སློང་བྱས་མེད་ཀྱང་། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཟེར་བ་དེའི་ནང་དང་། སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོར་གནད་དོན་དེའི་སྐོར་རྒྱས་བཤད་མཛད་པ་དེ་ཡུལ་ཁྲིམས་དང་དངུལ་རྩིས་འགྲོ་སྟངས་ཀྱི་ཆ་ནས་དོན་གཅོད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་ལ་དཀའ་རྙོག་འཕྲད་ཉེན་ཆེན་པོ་ཡིན་པ་མཁྱེན་རྟོགས་ཡོད་ཀྱང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐད་གསེང་མཐོན་པོས་འགྲེལ་བཤད་གནང་བར་བརྟེན། ད་ཆ་ང་རང་གིས་དངོས་དོན་གསལ་བཤད་མི་བྱེད་ཀ་མེད་ཡིན་པས། གནད་དོན་དེའི་ཐོག་མཇུག་འབྲས་ཇི་བྱུང་གི་འགན་ཁུར་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་ཤག་ནས་བཞེས་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
དངོས་ཡོད་གནས་ཚུལ་དང་བརྒྱུད་རིམ་ཡོངས་བསྒྲགས་ཞུས་པ་འདིས། དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ལ་མང་ཚོགས་ནང་གཟིགས་ཚུལ་ཡོང་སྲིད་ནའང་། ང་ཚོའི་སྒྲིག་འཛུགས་སྲ་བརྟན་གྱི་གཞི་མ་ཁྲིམས་སྒྲིག་གིས་དབང་སྒྱུར་འདི་གང་ཟག་གིས་དབང་སྒྱུར་འོག་འགྲོ་ཉེན་ལ་སྔོན་འགོག་དང་། ཁྲིམས་སྒྲིག་གིས་དབང་སྒྱུར་གྱི་གཞི་རྟེན་འཛིན་སྐྱོང་གི་ཐག་གཅོད་ཁྲིམས་སྒྲིག་གི་དགོངས་དོན་དང་མཐུན་པ་དགོས་རྒྱུར་གསལ་འདེབས། གཞུང་མང་དམ་ཚིག་ཆིག་སྒྲིལ་གྱི་རྩ་བ་འཛིན་སྐྱོང་གི་བྱེད་སྒོ་ཕྱི་གསལ་ནང་གསལ་ཡོང་ཐབས་ལ་སྐུལ་འདེད། སྤྱི་པའི་ལས་དོན་ཐོག་དུས་དང་རྣམ་པ་ཀུན་ཏུ་དྲང་བདེན་ལ་རྒྱབ་སྐྱོར་དགོས་པའི་དྲན་སྐུལ་བཅས་ཀྱི་དགོས་དམིགས་དང་། བོད་མིའི་སྒྲིག་འཛུགས་ལ་མང་ཚོགས་ནང་ཆེ་མཐོང་ཡོང་ཆེད་དང་། མང་ཚོགས་ནས་སྒྲིག་འཛུགས་ལ་ཡིད་ཆེས་མ་བརླགས་པའི་ཆེད་དུ་ངས་གསལ་བཤད་འདི་ཞུ་གི་ཡོད།
བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་སྐུ་དབང་ཡོད་མེད་ཐོག་རྩོད་སློང་བྱེད་ཀྱི་མེད། ཡིན་ནའང་། འཕོ་ལེན་གྱི་སྐུ་དབང་ཁྱབ་བསྒྱུར་གནང་སྟངས་དང་། ཐག་གཅོད་དེའི་རྒྱུ་མཚན་ཡང་དག་ཡིན་མིན། ཐག་གཅོད་ཀྱི་བརྒྱུད་རིམ་ཁྲིམས་མཐུན་ཡིན་མིན་ཐོག་མང་ཚོགས་ནང་དོགས་སློང་ཡོང་བཞིན་པ་ལྟར། དྲི་བ་འདི་དག་དགོས་གལ་བྱུང་ན་བརྒྱུད་ལམ་གཞན་གྱི་ཐོག་ནས་གཙང་བཟོ་བྱ་རྒྱུ་ཡིན།
ངས་གསལ་བཤད་འདི་ཞུས་པའི་རྗེས་སུ་འཛིན་སྐྱོང་བཀའ་ཤག་གིས་ད་དུང་མུ་མཐུད་དངོས་བདེན་མིན་པའི་གསུང་གླེང་འདྲ་མིན་གནང་བ་ཡིན་ན། ངའི་ངོས་ནས་བོད་མི་དཀྱུས་མ་ཞིག་གི་ཐོབ་ཐང་ལོངས་སུ་སྤྱད་དེ་དཀར་ནག་བདེན་རྫུན་མཐའ་གསལ་གྱི་བྱེད་ཐབས་ཇི་དགོས་རྩོམ་རྒྱུ་ཡིན།
ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་སྟངས་དང་། སྲིད་ཇུས་འཛིན་སྟངས་ཀྱི་གནད་དོན་གལ་འགངས་ཆེ་བའི་ཐོག་སྐབས་འདིར་འབྲེལ་བ་ཆགས་མེད་པས་གང་ཡང་ཞུ་རྩིས་མེད་པ་དང་། ད་རེས་དོན་དག་གཙོ་བོ་གུས་པའི་དོན་གཅོད་ཀྱི་ལས་རྒྱུན་ཟླ་བ་བཅོ་ལྔ་རིང་ཁོ་ན་དང་འབྲེལ་བའི་སྲིད་སྐྱོང་དང་བཀའ་ཤག་གིས་ང་ལ་ལས་འགན་མཚམས་འཇོག་གི་ཐག་གཅོད་བྱེད་དགོས་པའི་རྒྱུ་མཚན་དུ་སྐྱོན་འཛུགས་བཅུ་ཟེར་བ་དེ་དག་དོན་ཚན་གསུམ་གྱི་ནང་བསྡུས་ཡོད་སྟབས། དོན་ཚན་རེ་རེ་བཞིན་ཡིག་ཆའི་དཔང་རྟགས་དང་བཅས་འགྲེལ་བཤད་ཞུ་རྒྱུ་དང་།
དོན་ཚན་དང་པོར། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འདོད་བློ་ཁེངས་པ་ཞིག་ཏུ་འགྱུར་ཐུབ་མེད་པ་མ་ཟད། བཀའ་ཤག་ནས་མུ་མཐུད་ཡིད་ཆེས་བློས་འགེལ་མི་ཐུབ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་ཟེར་བའི་སྐོར་དང་།
དོན་ཚན་གཉིས་པར། བཀའ་ཤག་གི་ཐུགས་རེ་ལྟར་ལས་དོན་སྒྲུབ་མ་ཐུབ་པ་ཟེར་བའི་སྐོར།
དོན་ཚནགསུམ་པར། འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་བ་ཟེར་བའི་སྐོར་བཅས་ལ་གསལ་བཤད་ཞུ་རྒྱུ་ཡིན།
གཤམ་ན་གསལ་བཤད་ཅེས་ཡོད་པ་མནན་ན་ PDF ནང་ཡིག་ཆ་ཆ་ཚང་ཀློག་ཐུབ།
ཚོགས་ཟུར། དོན་ཟུར་དང་གནས་དབྱུང་པ་སྤེན་ཚེ་མཆོག་གིས། གསལ་བཤད་གནང་བའི་ཁག་ཅིག
https://www.facebook.com/610640142/videos/10154994421265143/
ཨ་ཕས་བཤད་ན་ཨ་ཕ་བདེན། ཨ་མས་བཤད་ན་ཨ་མ་བདེན། སེམས་སྐྱོ་བ་ཞིག་ལ། གོང་ས་མཆོག་ད་ཆ་ཤིན་དུ་སྐུ་འགྲེས་ནས་ཁ་སང་རྐུབ་སྟེགས་ཐོག་ནས་བཞེངས་མ་ཐུབ་པར་འགྱེལ་སོང་། རྒྱ་གར་གྱི་སྐུ་མགྲོན་ཚང་མ་རྒྱུགས་ནས་ཁོང་བསླངས་དགོས་ཐུག་སོང་།
ད་ཡག་ཤོས་བྱུང་ན་ཁྱེད་གཉིས་གོང་ས་མཆོག་མ་གྲོངས་གོང་ལ་ཁོང་གི་མདུན་ལ་རྫིང་མོ་ཡག་པོ་ཞིག་བགྱིས་ནས་ཐག་གཅོད་ཐུབ་པ་གྱིས། དེས་ཁྱེད་གཉིས་འདོད་པ་འཁེངས་ཐུབ། གཞན་རེ་བ་ཅང་མེད།
བཀའ་ཤག་གི་སྔ་རྗེས་ཡིག་ངག་གཉིས་ཀྱི་གསལ་དང་ཨ་དོན་ཟུར་པའི་གསལ་བཤད་བཅས་ཆ་ཚང་ཉན་ཀློག་ཟིན་པ་ཡིན་གནས་ཚུལ་འདི་དང་འབྲེལ་ཆགས་ཨ་རི་བོད་ཀྱི་ཐེབ་རྩ་དང་བཀའ་བློན་འོས་མི་བུད་ཟེར་བ་དང་ཕྱི་དྲིལ་ལྷན་ཁང་བཅས་ཀྱི་གསལ་བཤད་ཕེབས་མཚམས་ཁྲིམས་འགལ་དང་སྒྲིག་འགལ་ཁྲིམས་མཐུན་དང་སྒྲིག་མཐུན་བཟང་སྤྱོད་ལ་སུའི་འགན་འཁུར་འདུག་མི་འདུག་ཐོག་རང་གི་བསམ་ཚུལ་ཕུལ་ཆོག་པ་ཞུ་།
ནོར་བཅོས་ (གསལ་) འདིར་གསལ་བཤད་་བཅོ་རོགས་
ཚོགས་ཟུར་ལ་ཐུགས་ཁག་མི་འདུག སྲིད་སྐྱོང་གིས་རང་སྐྱོན་ཡོངས་གྲགས་ངོས་ལེན་ཞུས་ནས་ཚོགས་ཟུར་གྱི་ལས་གནས་བསྐྱར་གསོ་གནང་དགོས།
སྤེན་ཚེ།
ཚོགས་ཟུར་སྐྱུར་དད་ཆེ་ཡང་། །
ལས་བྱེད་དྲང་ཚུགས་ཆེ་བ། །
བློ་སེང་།
བློ་སེང་ཁ་རྒོད་ཆེ་ཡང་། །
སེམས་པ་དེ་ཙམ་མི་དྲང་། །
ཀར་དགེ
ཀར་དགེ་ཆོས་གོས་སེར་ཡང་། །
ཆབ་སྲིད་སྤྲེལ་ལད་མང་དྲགས། །
དངོས་ཚེ།
དངོས་ཚེ་དང་བླངས་ལས་ཀྱང་། །
མགོ་བདེས་ཞྭ་མོ་བརླག་འོངས། །
ཀརྡོ།
ཀརྡོ་དྲུག་ཅུ་ཐལ་ཡང་། །
ཁ་བརྡར་མཆན་བུ་འབྲི་བགྱིན། །
གསལ་བྱེད་ཆ་ཚང་ཞིག་བཀླགས་པ་ཡིན། ཚོགས་ཟུར་སྤེན་པ་ཚེ་རིང་ནས་གསུངས་པར་གནས་ལུགས་ཡོད་པ་འདྲ་མཐོང་སོང་། སྤྱིར་མཁས་པས་བཤད་ན་ཅིར་ཡང་བདེན་གསུང་བ་ལྟར། བློ་སེང་གིས་བཤད་ན་ཁོང་ལའང་བདེན་པ་ཡོད་པ་འདྲ་བོ་འདུག སྤེན་ཚེ་ལའང་བདེན་པ་ཡོད་པ་འདྲ་བོ་འདུག ད་གཉིས་ཀས་གང་གསུངས་ལ་བརྟགས་དཔྱད་ལེགས་པར་བྱ་རྒྱུ་དེ་རེད། གལ་ཏེ་བློ་སེང་གིས་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་ན་ཁོང་སྲིད་སྟེགས་ནས་མར་ཕབས་དགོས་རེད། ང་ཚོར་མི་མང་ཕན་པའི་སྲིད་སྐྱོང་ཞིག་དགོས་པ་ལས་ལོག་སྤྱོད་པ་ཞིག་ནམ་ཡང་མི་དགོས། །
བློ་སེང་སྲིད་སྐྱོང་ཐོབ་པ་ལ། དགའ་བསུ་དང་རྒྱབ་སྐྱོར་ད་ལྟ་ཡང་ཡོད་ཀྱང་། སྤེན་ཚེ་མཆོག་ལ་བརྣག་སེམས་ཀྱིས་ཆབ་སྲིད་ཁྲབ་ནས་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོག་ཐབས་བྱས་པ་ནི། ད་ལྟའི་བཀའ་ཤག་གིས། བཤམས་པའི་བྱུས་ངན་ཡར་དཀྲུགས་མར་དཀྲུགས། བློ་སྤེན་ཁྱེད་གཉིས་མི་རབས་ཀྱི་ཞབས་འདྲེན་དུ་སོང་བ་ལས། ཞབས་འདེགས་སུ་གྱུར་མི་འདུག་པས་ན། ད་ནས་གཟབ་གཟབ་དང་། གཟོབ་གཟོབ་བྱས་ནས། ནང་བཀྲ་ཤིས་ལ། ཕྱི་དོན་གྲུབ་པ་ཞིག་བྱ་དགོས་པའི་དུས་བབས་སོ།། །།
རྟ་བདུན་དབང་པོ་ལགས་ཀྱིས།
་་་་་་་་་་་་་ གལ་ཏེ་བློ་སེང་གིས་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་ན་ཁོང་སྲིད་སྟེགས་ནས་མར་ཕབས་དགོས་རེད། ་་་་་་་་ ཟེར།
དྲང་བདེན་གྱི་རྡོ་རིང་།
https://www.facebook.com/photo.php?fbid=1191252387673717&set=a.178440118954954.42022.100003669028943&type=3&theater
ཁྱེད་ཀྱི་སྤྱི་སེམས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ། བདེན་པ་དང་འཚེ་བ་མེད་པ། བཟང་སྤྱོད་ཀྱི་ལྟ་བ་གཙོར་འདོན་གྱིས་སྐད་ཆ་བཤད་པར་དགའ་བོ་བྱུང་། དེ་མིན་གོ་སྐབས་འདི་དམ་འཛིན་གྱིས་དཀྲུགས་མཁན་མང་དུ་མཐོང་། མི་སྒེར་བ་ཞིག་གི་རྐུབ་སྟེགས་ཀྱི་ཆེད་དུ་མང་བོ་ལ་སུན་པོ་བཟོས་ན་ཡག་པོ་མ་རེད། བློ་སེང་ལའང་ཁག་ཡོད་ཀྱི་མ་རེད་སྙམ། ཁོའི་རྒྱབ་ལ་བཀའ་ཤག་ལས་རོགས་དང་། བཀའ་དྲུང་། དྲུང་ཆེས་དང་ཟུང་དྲུང་། དེ་མིན་རྒྱབ་རྩ་ཡིན་མདོག་གིས་ཆོལ་ཁ་ཆོས་ལུགས་ཀྱིས་ནད་ཡམས་ཁུར་ནས་རྒྱུ་མར་ཕུད་བརྒྱག་མཁན་དང་། དོན་ལ་རང་དོན་གྱི་གོ་སྐབས་ལེན་མཁན་ཡོད་སྲིད་པ་རེད། ཚང་མ་བཤད་ཤེས་ཀྱི་མ་རེད། རྙོག་གྲ་ཆེར་མ་ཕྱིན་ན་འགྲིག་པ་རེད།
རང་བཞིན་བཀས་ཤག་གིས་དོགས་པ་དང་། ཀུན་སློང་་་་་་
https://www.facebook.com/khapaphosar77777/videos/vb.100003669028943/1187063001425989/?type=3&theater
#1 བསམ་ཤེས། ་ལགས་ཀྱིས་སྤེལ་དོན།:
December 5th, 2017 at 5:40 pm
ཨ་ཕས་བཤད་ན་ཨ་ཕ་བདེན། ཨ་མས་བཤད་ན་ཨ་མ་བདེན། སེམས་སྐྱོ་བ་ཞིག་ལ། གོང་ས་མཆོག་ད་ཆ་ཤིན་དུ་སྐུ་འགྲེས་ནས་ཁ་སང་རྐུབ་སྟེགས་ཐོག་ནས་བཞེངས་མ་ཐུབ་པར་འགྱེལ་སོང་། རྒྱ་གར་གྱི་སྐུ་མགྲོན་ཚང་མ་རྒྱུགས་ནས་ཁོང་བསླངས་དགོས་ཐུག་སོང་།
འདི་བདེན་པ་མིན་པར་སྨོན། གལ་དེ་བདེན་པ་ཡིན་ན་སྲིད་ཞུ་སྣེ་མོ་བ་དག་གིས་ཅི་ཞིག་བྱེད་ཀྱི་ཡོད་མེད་ལ་དོགས་པ་འདུག ཨ་ཁ་ཁ་
བོད་པས་ངོ་རྒོལ་གསར་པ།
https://www.facebook.com/119306658803462/videos/164262757641185/
འགན་མ་ཁུར་བ་འདིས་མི་སུ་ཞིག་ཕྱི་ཕུད་བྱེད་དགོས་པ་རེད་དམ།
་་་་་་་་་་་་་་་་་་ ལྷག་པར་དུ། ངའི་ངོས་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེའི་ཉེན་ཁ་ངོས་ཟིན་པའི་ཐོག་ནས་བརྒྱུད་ལམ་ཁག་དང་མང་ཚོགས་ལ་དེའི་སྐོར་གླེང་སློང་བྱས་མེད་ཀྱང་། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཟེར་བ་དེའི་ནང་དང་། སྲིད་སྐྱོང་མཆོག་གིས་་་་་་་་་་་་་་་་་་
ད་ནི་ལས་བྱེད་པ་རྣམས་ནི། གོ་ས་བརྩད་ནས་རུལ། མི་མངས་གོ་འཐོམས་ནས་རུལ། སྒྲིག་འཛུགས་ཞལ་འདེབས་ལ་བརྔམས་ནས་རུལ།
་
ཆོལ་གསུམ་ནང་གི་རུལ་གསུམ། །
བོད་དང་བོད་མིར་མི་དགོས། །
ད་ནས་བློ་སེང་གཟབ་དགོས། །
ད་ནས་སྤེན་ཚེས་གཟབ་དགོས། །
་
བློ་སེང་སྲིད་སྐྱོང་ཡིན་པས། །
གཟབ་གཟབ་དབང་ཚད་སྤྱད་དགོས། །
སྤེན་ཚེ་དཀྱུས་མར་བཞག་པས། །
སེམས་ཤུགས་སྔར་ལྷག་བསྐྱེད་དགོས། །
སྐུ་ངོ་ལ་ཡི་རང་ཡོད་ཐུགས་རྗེ་ཆེ་གསལ་བཤག་ཡག་པོ་གནང་སོང་
བདེན་པའི་བུ་ལ་རྒྱབ་སྐྱོར་དང་། དབང་ཆ་ལོག་སྤྱོད་ལ་ངོ་རྒོལ་ཡོད། བདེན་པ་ཉིད་རྒྱལ་གྱུར་ཅིག
དངོས་གནས་བཀའ་ཤག་གི་གཡོ་བྱས་ནི་ནག་ཚོགས་ཤིག་གི་བྱས་སྟངས་དང་ཁྱད་པར་མི་འདུག
ཚོགས་ཟུར་གསལ་བཤད་ལ་རྒྱུ་མཚན་ལྡན་པ་དང་བདེན་པ་ཆེ་བ་མཐོང་སོང་།
ད་དུང་དམིགས་བསལ་གནས་ཚུལ་གོས་ཐོས་ལྟར་ན། གོང་ས་མཆོག་ལྡི་ལིར་ཨོ་བྷ་མར་མཇལ་ཕྲད་གནང་ནས་ཕྱིར་རྡ་སར་ཕེབས་སྐབས་གྷ་གར་གནམ་ཐང་དུ་སྲིད་སྐྱོང་ཕེབས་བསུ་ལ་ཡོང་མི་དགོས་གསུངས་པ་རེད་ཟེར་ད་དུང་་་་ད་མི་ཞུ། སྲིད་སྐྱོང་ལགས། བོད་མི་མང་ལ་བློ་ཕམ་མ་བཅུག་རོགས།
ཚོགས་གཙོ་ལགས་ཀྱིས་གསལ་བཤད་ཡག་པོ་གནང་སོང་། ད་དུང་སྐུ་མདུན་གྱིས་སྲིད་སྐྱོང་ལ་བཀའ་བཀྱོན་བཏང་བའི་བཀའ་སློབ་ཡི་གེར་ཕབ་པ་ཞིག་སྲིད་སྐྱོང་གི་ཆེ་མཐོང་ལ་བསམ་བློ་བཏང་བས་གསང་བ་བྱས་ཡོད་སྐོར་གསུངས་སོང་། དེ་ཕྱི་ལ་མ་བསྒྲག་ན་ཡག་པོ་མཐོང་། གང་ལྟར། གསལ་བསྒྲགས་དེ་བཀའ་ཤག་དང་སྲིད་སྐྱོང་ལ་གུས་བརྩི་རྣམ་པའི་ཐོག་མང་གཙོའི་ཁེ་དབང་ལོངས་སྤྱད་འདུག ཡག་པོ་རེད། གཞན། བོད་ཀྱི་དུས་བབ་ནམ་རྒྱུན་གསར་ཁང་དག་གི་མདུན་གྲས་སུ་སླེབས་ཀྱི་ཡོད་རེད། ད་ཐེངས་ག་རེ་བྱུང་པ་རེད། ཁ་སང་གི་གསལ་བསྒྲགས་དེ་ཧ་ཅང་གལ་ཆེན་རེད་པ། མགྱོགས་པོར་གནས་ཚུལ་སྤུས་ཚད་ལྡན་པ་ཞིག་དྲ་ངོས་སུ་གཏོང་དགོས་ཀི་རེད། དྲ་གྲོགས་དུ་ཉི་མ་གཅིག་སྒུག་རུང་ད་དུང་མཐོང་ཡ་མི་འདུག
ཚོགས་ཟུར་ལགས་ཀྱིས་གསལ་བཤད་ཡག་པོ་གནང་སོང་། མ་ཉེས་ཁག་གཡོག་གིས་ནག་པོ་བཟོ་རྩིས་བྱས་པ་རེད་འདུག
ད་སྲིད་སྐྱོང་གིས་ཀྱང་བསམ་བློ་གཏོང་ཤེས་ན་ཡག་པོ་རེད།
ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞེན་ཁོག་དེ་མཐར་ཐུག་གི་རང་གི་ཁེ་ཕན་མིན། ང་བོད་མི་ཞིག་ཡིན། ང་ནི་བོད་པ་ཞེས་པའི་མིང་གི་འོག་ཚུད་ཡོད། གལ་སྲིད་བོད་པ་ཞེས་པའི་མིང་འདིའི་འོག་གི་གང་ཟག་ཚོ་ཆིག་སྒྲིལ་མེད་པ་བྱུང་ན། གྱོང་དེ་མཐར་དེད་ན་རང་ཉིད་ལ་རེག་ཡོད། རྒྱ་དམར་དང་དོལ་རྒྱལ་རྗེས་འབྲངས་པ་ཚོར་དགོས་རྒྱུ་འགྲུབ་པ་རེད། ང་ནི་བཀྲུས་ནས་མི་དག་པའི་མདོ་སྟོད་པ་ཞིག་ཡིན་མོད། ང་ད་ཐེངས་སྤེན་ཚེའི་གསལ་བཤད་ལ་ཡིད་འཐད། སྤེན་ཚེ་དང་བདེན་པ་ཉིད་རྒྱལ་ཅིག གང་ལྟར་བདེན་པ་ཉིད་རྒྱལ་གྱུར་ཅིག
ནག་ཆུ་ཀུན་དགའ ་ལགས་ཀྱིས་སྤེལ་དོན།:
December 6th, 2017 at 4:31 am
“ཚོགས་ཟུར་གསལ་བཤད་ལ་རྒྱུ་མཚན་ལྡན་པ་དང་བདེན་པ་ཆེ་བ་མཐོང་སོང་།
ད་དུང་དམིགས་བསལ་གནས་ཚུལ་གོས་ཐོས་ལྟར་ན། གོང་ས་མཆོག་ལྡི་ལིར་ཨོ་བྷ་མར་མཇལ་ཕྲད་གནང་ནས་ཕྱིར་རྡ་སར་ཕེབས་སྐབས་གྷ་གར་གནམ་ཐང་དུ་སྲིད་སྐྱོང་ཕེབས་བསུ་ལ་ཡོང་མི་དགོས་གསུངས་པ་རེད་ཟེར་ད་དུང་་་་ད་མི་ཞུ། སྲིད་སྐྱོང་ལགས། བོད་མི་མང་ལ་བློ་ཕམ་མ་བཅུག་རོགས།” གནས་ཚུལ་འདི་བདེན་པ་ཡིན་ན་དེ་ལ་གོ་རྒྱུ་ལྷག་པོ་འདུག། མ་གཞི་བར་སྐབས་ཤིག་ནས་༧གོང་ས་མཆོག་གང་དུ་ཕེབས་ནའང་སྲིད་སྐྱོང་ལ་གདེང་ཆ་ཕུལ་གྱི་མི་འདུག་པས་མི་མང་གིས་ཐུགས་སྣང་བྱུང་ཡོད་ཤག་རེད། ད་བར་གྱི་གནས་ཚུལ་ལ་བློ་གཟུ་བོས་ཅིག་དཔྱད་ཡོང་ན། ཚོགས་ཟུར་སྤེན་ཚེ་ལགས་ལ་འགྱོད་གནོང་གི་དྲི་ཆེས་ཉུང་བ་དང་དྲང་ཤད་ཆེ་བ་མཐོང་། སྲིད་སྐྱོང་གི་སློབ་སྟོན་པ་དང་ཕྱི་ནང་་གསང་གསུམ་གྱི་གྲོས་ཡོངས་རྫོགས་འདྲི་ཡུལ་གཙོ་བོ་དང་གོང་ན་མེད་པ་གཅིག་པུ་ནི། ཆོས་བཀའ་ཀར་དགེ་ལགས་ཉག་གཅིག་ལ་མི་བཙུམ་ནས་བློ་འདྲི་ཐག་གཅོད་བགྱིས་པ་ལས་བཀའ་ཤག་གི་ལས་དོན་མང་པོ་ཞིག་འཕྱུགས་སོང་བ་རེད་འདུག་སྙམ། ད་དུང་གནས་ཚུལ་ནད་རོ་མང་དག་ཞིག་ཇེ་གསལ་དང་དྲི་ངན་མང་པོ་ཞིག་ཁ་རྒྱུ་ཡོད་པར་འདྲ། ད་ཡིན་ན་བླ་མ་མཁྱེན་ནོ། ༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་སོང་། ཆིག་སྒྲིལ་ཡང་ཧྲུལ་ཧྲུལ་བཟོས་སོང་། ང་ནི་ད་ལྟའི་ཆར་སུ་གང་ལའང་རྒྱབ་སྐྱོར་བྱ་ཡི་མེད། བདེན་པ་ཉིད་ཀྱི་རྒྱབ་ལ་ཡོད་དོ།།
སྲིད་སྐྱོང་གིས་ཁྲེལ་དང་ངོ་ཚ་མེད་པར་ཧམ་ཤེད་ཀྱིས་གནད་ཡོད་མི་སྣ་ཚོགས་ཟུར་ལྟ་བུ་ལ་གནོད་པའི་ལས་འདི་ཙམ་རྒྱ་བསྒྲགས་བོད་བསྒྲགས་བྱས་ཏེ་ཕོད་པ་དེ་ཡང་རང་གི་ལས་གནས་བེད་སྤྱོད་ལོག་པར་སྤྱད་པ་རང་རེད་འདུག་གོ ཕྱག་རོགས་བཀའ་བློན་ཐམས་ཅད་ཀྱང་ལགས་སོ་དང་ལགས་སོ་yes bossམ་གཏོགས་ཤ་ཚ་བའི་བསམ་ཚུལ་ཞུ་ཐུབ་ཀྱི་མེད་པ་འདྲ། པད་མ་ཆོས་འབྱོར་དང་སྐལ་རྡོར་གཉིས་ཀྱི་ཁ་ལ་ཉན་ན་དེ་འདྲ་མ་གཏོགས་གང་ནས་ཡོང་། ཨ་ཁ་ཁ་རང་གཤིས་ངོ་མ་མཐོང་དུ་བཅུག་སོང་།
ད་རེས་ཀྱི་གནད་དོན་དེ་ནི་བོད་སྤྱི་པའི་རྩ་དོན་མ་རེད་ལ། བཙན་བྱོལ་བོད་མིའི་བདེ་དོན་དང་འབྲེལ་བའི་གནད་དོན་གང་ཡང་མ་རེད། དེ་བས་ད་རེས་ཀྱི་གནད་དོན་ནི། རང་རེའི་སྤྱི་ཚོགས་ཆུང་ཆུང་དེའི་ཆབ་སྲིད་ཀྱི་གཡོ་བྱུས་དང་མི་སྒེར་གྱི་ཁེ་ཕན་དང་ཐད་ཀར་འབྲེལ་ནས་ཡོད་པ་གསལ་པོ་རེད། གནད་དོན་དེའི་ནང་གི་ཐུག་ས་གཅིག་དེ་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་ཚོགས་པ་དེ་རེད། མ་འོངས་པའི་ཚོགས་པ་དེ་སུའི་ལག་ཏུ་བཟུང་དགོས་ཀྱི་གཡོ་བྱུས་དེ་རེད། ཆབ་སྲིད་ཀྱི་ཐད་ནས་བཤད་ན། ད་རེས་བདེན་པ་དང་གཞི་རྩ་ཡོད་མིན་ལ་མ་ལྟོས་པར་བློ་སེང་གིས་སྤེན་ཚེ་གནས་དབྱུང་བཏང་པ་རེད། རྩ་བའི་གནས་དབྱུང་གཏོང་ལུགས་ལ་ཐབས་ལམ་མང་པོ་ཡོད་ཀྱང་། བློ་སེང་གིས་ཅིའི་ཕྱིར་ཡོངས་གྲགས་རང་བཞིན་ཐོག་ནས་སྤེན་ཚེ་གནས་དབྱུང་བཏང་བའི་ཐབས་ལམ་གདམ་པ་རེད་ཟེར་ན། དེ་ནི་བློ་སེང་གི་མདུན་ལམ་དང་ཐད་ཀར་འབྲེལ་བའི་གནད་དོན་གཅིག་རེད། སྤེན་ཚེ་སྐབས་རྗེས་མའི་སྲིད་སྟེགས་ལ་ལངས་སྲིད་ལ་ཐོབ་ཀྱང་སྲིད་པ་རེད། སྲིད་སྐྱོང་ལས་ཁྱུར་རྗེས་ཀྱི་ལྟོ་གོས་འཚོལ་ཡུལ་དེ་ཨ་རི་རེད། དེའི་ནང་ནས་ཀྱང་བོད་དོན་དང་འབྲེལ་བའི་ཐད་ནས་འཚོལ་དགོས་པ་དེ་ཧ་ལམ་མིང་དོན་གང་ནས་འོས་ཤོས་དེ་བློ་སེང་གི་མཐོང་གི་ཡོད་པ་རེད། འོན་ཀྱང་། སྤེན་ཚེ་མ་འོངས་པར་སྲིད་སྟེགས་ཐོག་བསླེབས་ཚེ། བློ་སེང་གི་རྨི་ལམ་དེ་མངོན་འགྱུར་ཡོང་གི་མ་རེད་ལ། སྤྱི་ཚོགས་དགེ་རྩར་ཡང་ཧ་ལམ་ལག་པ་འཆང་རྒྱུ་ཁག་པོ་ཆགས་ངེས་རེད། དེར་བརྟེན། སྐབས་རྗེས་མར་སྤེན་ཚེ་སྲིད་སྟེགས་ལ་ལང་རྒྱུ་མེད་པ་ཞིག་དང་། རང་ཉིད་ཀྱི་འདོད་དོན་བསྒྲུབ་ཆེད། བློ་སེང་གིས་ད་རེས་ཀྱི་ཆབ་སྲིད་ཀྱི་གོམ་པ་དེ་སྤོས་པ་རེད། འོན་ཀྱང་། བློ་སེང་གིས་རྩིས་ལོག་གཅིག་ཐེབས་པ་ནི། གནས་ཚུལ་དེ་དེ་འདྲའི་ཆེན་པོ་ཞིག་ཆགས་སྲིད་པ་ཞིག་དང་། མི་མང་གིས་ཁོ་པར་ངོ་རྒོལ་བྱ་སྲིད་པའི་ཚོད་བགམ་དེ་ཧ་ལམ་མེད་པ་འདྲ། གང་ལྟར། བློ་སེང་ངོས་ནས་བརྗོད་ན། ད་ལྟའི་ནུས་པ་སྤུངས་ས་དེ་སྐབས་རྗེས་མའི་སྲིད་སྐྱོང་མི་སྣ་དེ་རང་ཉིད་ཀྱི་ཕྱོགས་གཏོགས་ཤིག་ངེས་པར་དུ་ཡོང་བར་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱུང་ན། བློ་སེང་གི་ཧ་རིའི་ནང་གི་མིང་དོན་གཉིས་ཀར་ཕན་ཐོག་ངེས་ཅན་ཡོད་པ་རེད། དེ་མིན་སྤེན་ཚེ་ལྟ་བུ་ཞིག་བསླེབས་ཚེ། བློ་སེང་ཧ་ལམ་བོད་པའི་སྤྱི་ཚོགས་ནས་ཁ་བྲལ་རྒྱུ་མ་གཏོགས་ཕུགས་རེ་གང་ཡང་མེད་པ་གསལ་པོ་རེད། དེ་བཞཱིན་དུ་ཤར་གླིང་ཟླ་སྒྲོལ་ཡང་དེ་ལྟར་རེད། ཁོ་མོར་རང་ཚུགས་དེ་ཙམ་མེད་སྟབས། བློ་སེང་གིས་ཡིད་ཆེས་བྱེད་ཀྱི་མེད། དེའི་དབང་གིས་ད་རེས་སྤེན་ཚེ་དང་བློ་སེང་གི་གཡུལ་སའི་ཁྲོད་ཁོ་མོ་ཁོ་གཉིས་ཀྱི་ཚགས་ཤ་དེ་ཆགས་པ་རེད་ལ། མ་འོངས་པར་ཡང་ལང་རྒྱུ་མེད་པ་བཟོས་པ་རེད། དེ་ནི་བློ་སེང་གིས་ཆབ་སྲིད་ཀྱི་ཐབས་བྱུས་ཤིག་རེད། འོན་ཀྱང་། ཆབ་སྲིད་ཀྱི་ཐབས་བྱུས་དེ་ལམ་ལྷོང་ཡོང་མིན་ནི་གཙོ་བོ་མི་མང་གི་ཆབ་སྲིད་ཀྱི་གོ་རྟོགས་ལ་རག་ལུས་པ་རེད། གནད་དོན་དེ་ཚོ་བོད་དོན་དང་སྤྱི་པའི་རྩ་དོན་ལ་འབྲེལ་བ་གཏན་ནས་མེད་པ་རེད།
ད་རེས་ཀྱི་གནད་དོན་དེའི་ཐོག་ནས་ང་ཚོས་གསལ་པོར་རྟོགས་ཐུབ་པ་ནི། སྤེན་ཚེ་ལ་དྲང་ཚུགས་ཡོད་ཀྱང་། ཁོ་པས་ཆབ་སྲིད་མི་ཤེས་པ་དེ་ཡང་ཧ་ལམ་གསལ་པོ་ཆགས་པ་འདྲ་པོ་རེད། སྤེན་ཚེ་སྤྱི་འཐུས་ནང་ད་བར་ཁྲིམས་སྒྲིག་བཟོ་རྒྱུ་དང་། དེ་སྟངས་འཛིན་བྱ་རྒྱུ་ལ་སོགས་པའི་ལས་དོན་ནང་འཐིམས་པ་རེད། ཁོ་པས་ཤེས་པ་དེ་གཞན་གྱིས་འཐེན་ཟིན་པའི་སྐྱ་ཐིག་དེའི་ཐོག་མུ་མཐུད་མདུན་སྐྱོད་བྱ་རྒྱུ་དེ་ལས། རང་ཉིད་ཀྱི་སྐྱ་ཐིག་གསར་པ་འཐེན་ནས་སྐོར་བ་རྒྱག་སྟངས་དེ་ཧ་ལམ་དེ་ཙམ་ཤེས་ཀྱི་མེད་པ་འདྲ། མ་གཞི་ནས་ཨ་མདོ་བས་ཆབ་སྲིད་ཤེས་ཀྱི་མ་རེད་ཟེར་བ་དེ་བདེན་པ་འདྲ། ད་རེས་སྤེན་ཚེས་གཞན་གྱིས་འཐེན་པའི་སྐྱ་ཐིག་དེར་ཤར་སྐྱག་པྱིན་ཀྱང་། བློ་སེང་གིས་སྐོར་བ་ཞིག་རྒྱབ་ནས་སྤེན་ཚེའི་མགོ་ལ་ཞུས་པ་རེད། སྤེན་ཚེར་མཚོན་ན། བློ་སེང་ལ་ལམ་སེང་ཁ་ལོག་མ་རྒྱབ་པར་རང་ཉིད་ཀྱི་རྐུབ་སྟེགས་བཟུང་བ་དང་མཉམ་དུ་གོ་སྐབས་ངེས་ཅན་བཟུང་སྟེ། སྐབས་དང་དུས་ལ་བབ་ཚེ་བློ་སེང་གི་མགོ་ན་ཞུ་རྒྱུའི་གོ་སྐབས་ཏན་ཏན་ཨ་རིའི་དོན་གཅོད་བྱེད་སྐབས་འདིར་རག་ངེས་རེད། འོན་ཀྱང་། སྤེན་ཚེས་ཆབ་སྲིད་མ་ཤེས་ཙང་། ལྐུག་པ་ཨུ་ཚུགས་ཟེར་ཀྱང་ཆོག་གང་ལྟར། མདུན་གྱི་ལམ་བུར་བཀག་རྡོ་ཅི་འདྲ་ཡོད་མིན་ལ་མ་ལྟོས་པར་མཆོངས་རྐྱང་བྱས་ཙང་། བློ་སེང་གིས་འཇབ་རྡོ་ཞུས་པ་རེད། དེས་ན་ཆབ་སྲིད་ཀྱི་ཐད་ནས་བཤད་ན། བློ་སེང་ཁོ་ངན་པ་བྱུང་ཡོད། ད་སྤེན་ཚེ་ལ་བློ་སེང་བཏིབ་རྒྱུའི་གོ་སྐབས་དེ་ཧ་ལམ་མེད་པ་ལྟ་བུ་རེད། གང་ཡིན་ཟེར་ན། བློ་སེང་གིས་ད་རེས་ཀྱི་ཉེན་མཆོངས་ཆེན་པོ་ཞིག་བྱས་ཏེ། སྤེན་ཚེ་རང་ཉིད་ཀྱི་མི་ཚེའི་མདུན་ལམ་གྱི་འཇིགས་སྐུལ་བ་ཞིག་མི་ཆགས་པ་བཟོས་ཟིན་པ་རེད། གང་ལྟར། བདེན་པ་སྤེན་ཚེར་ཡོད་ཀྱང་། ཆབ་སྲིད་བློ་སེང་མཁས་ཙང་ད་རེས་སྤེན་ཚེ་ཕམ་པ་རེད།
གནད་དོན་གསུམ་པ། ད་རེས་བློ་སེང་གིས་རྒྱུ་མཚན་ཡོད་མིན་ལ་མ་ལྟོས་པར་དོན་ཙན་བཅུ་བཏོན་ནས་སྤེན་ཚེ་གཡུགས་ཟིན་པ་རེད། དེ་ནི་བློ་སེང་གི་མཐར་ཐུག་གི་དམིགས་ཡུལ་དེ་རེད། བློ་སེང་ངོས་ནས་བརྗོད་ན། དྲང་བདེན་དང་ཁྲིམས་སྒྲིག་ཟེར་བ་དེ་ཚོ་དེ་མ་གལ་ཆེན་མ་རེད། སྤེན་ཚེས་ཀྱང་རང་ཉིད་དཀར་འདོན་གྱིས་གསལ་བཤད་ཀྱང་བྱ་རྒྱུ་བྱུང་པ་རེད། དེ་ཡང་སྤེན་ཚེའི་མཐར་ཐུག་གི་དམིགས་ཡུལ་དེ་ཡིན་པ་འདྲ། གང་ལྟར་ད་རེས་བློ་སེང་ལ་སྤེན་ཚེ་གཡུགས་རྒྱུའི་གོ་སྐབས་བྱུང་སོང་ལ། སྤེན་ལ་རང་ཉིད་དཀར་འདོན་བྱ་རྒྱུའི་གོ་སྐབས་ཀྱང་བྱུང་པ་རེད། དྲི་རྟགས་ཤིག་ན། གང་སྙིང་ཁྲབ་ཚན་དེའི་རྗེས་ཀྱི་ལེའུ་གསར་པ་ཅི་འདྲ་ཞིག་ཡོང་མིན་དེ་རེད། ད་བློ་སེང་གི་དོན་དག་བསྒྲུབས་ཙང་སྤེན་ཚེའི་གསལ་བཤད་ལ་ཡང་འགྲེལ་བྱེད་ཐོག་ཁ་པོ་མ་རེད། གང་ཡིན་ཟེར་ན། དེ་ལྟར་བྱས་ན། བློ་སེང་ལ་དཀའ་ཁག་མུ་མཐུད་འཕྲད་ངེས་རེད། ད་ལྟ་བློ་སེང་གིས་གདོང་ལེན་བྱེད་དགོས་པའི་གནད་དོན་ནི། སྐབས་རྗེས་མའི་སྤྱི་འཐུས་གྲོས་ཚོགས་སྐབས་རེད། དེའི་དུས་སུ་གནད་དོན་དེ་འབྲེལ་གྱི་བཀའ་མོལ་ཡོང་ངེས་པ་གཏན་འཁེལ་རེད། འོན་ཀྱང་། བློ་སེང་ལ་གྲོས་ཚོགས་ནང་རྒྱབ་རྩ་གང་ཙམ་ཡོད་ཙང་། ཁོས་དེ་ཙམ་སྣང་བ་གཏོང་གི་མ་རེད། གང་ལྟར། ད་ལྟའི་ཆར་མི་མང་གང་ཙམ་གྱིས་བློ་སེང་ལ་ཡིད་ཆེས་བརླགས་ཟིན་ཀྱང་། ཁོ་པར་ད་དུང་རྒྱབ་སྐྱོར་བ་གང་ཙམ་ཡོད་སྟབས། སྣང་བ་དེ་ཙམ་གཏོང་གི་མ་རེད། ཁོ་པའི་སེམས་ནུས་འདོན་ཡུལ་ནི། མ་འོངས་པའི་རང་ཉིད་ཀྱི་མདུན་ལམ་རེད། དེ་ཚཽ་ཚང་མ་ཆབ་སྲིད་རེད།
བོད་ཀྱི་སྤྱི་ཚོགས་ལ་ནང་ཁུལ་དུ་ཆབ་སྲིད་འཁྲབ་པའི་ཆ་རྐྱེན་གང་ཡང་མེད། རྒྱུ་ནོར་ཡོད་ཚད་༧གོང་ས་མཆོག་གི་དཀོར་དང་། ཉམས་ཆུང་རོགས་སྐྱོར་ལས་བྱུང་བ་རེད། ཚོགས་པ་ཞིག་དགོས་དོན་པོ། བོ་མི་ཤི་བོ་ཚོའི་ཁ་ཆེབས་དང་།གསོན་པོ་ཚོའི་རེ་བ་རེད། བོད་ལ་གྲགས་ཅུང་ཟད་ཡོད་པ་དེ་༧གོང་ས་མཆོག་གི་མཛད་བཟང་དང་། སྔོན་གཤེགས་དཔའ་བོ་ཚོའི་ཤ་ཁྲག་དང་ཚེ་སྲོག་གིས་ཉོས་པ་རེད། གཅེས་པའི་སྲོག་ཤོར་སྐབས་དང་། མཛེས་པའི་ལུས་ཚིག་ཞོར་ལ། བོད་པ་རྣམས་མཐུན་སྒྲིལ་གྱིས་ཞེས་སྐད་ཆ་ཐ་མ་བཤད་ཡོད་པ་སེམས་ལ་ཤར་མཁན་ཞིག་དང་། གོ་མཁན། ཤ་ཚ་དང་ལ་རྒྱ་ཅུང་ཟད་ཡོད་མཁན་ཞིག་ཡིན་ཚེ། གཡོ་སྒྱུ་ཁྲམ་གསུམ་ནང་ལ་སྐོར་མི་རུང་། ནུས་པ་སྤུང་དགོས་ས་དེ་ཆོལ་དང་། ཆོས་རྒྱུན། སྒེར་གྱི་གོ་ས་དང་སྙན་གྲགས་སྟེང་མ་རེད། བར་དོའི་ཁམས་ཀྱི་བོད་མའི་རྣམ་ཤེས་དང་། ཤི་དྲེར་སྐྱེས་པའི་བོད་པའི་དཔའ་བོ་ཚོའི་ཁ་གདངས། མིག་བསྒྲད་ནས་གཡོ་རྒྱུ་ནང་ལ་སྐོར་མཁན་ཚོའི་རྗེས་ལ་གྲིབ་མ་བཞིན་དུ་འགྲོགས་ཡོང་། རྗེ་ཡི་མགུལ་ལྷ། བརྟན་མ་བཅུ་གཉིས། སྲུང་མ་དམར་ནག་ཟེར་བའི་བསང་གསུར་ལ་དགའ་མཁན་ཚོས་གཡོ་རྒྱུ་ནང་ལ་སྐོར་མཁན་སུ་ཡིན་ན་དེ་དང་དེ་ལ་མི་འདོད་པ་སྣ་དགུ་བཏང་ཡོང་། སུ་ཞིག་བདེན། སུ་ཞིག་རྫུན། བོད་ཀྱི་དཔའ་བོ་ཤི་འདྲེ་ཚོས་བདེན་པའི་སྲང་ལ་བཏེགས་དགོས། ང་ནི་སུའི་ཕྱོགས་མིན། ཆབ་སྲིད་པ་དེ་དག་སུ་ཡང་ངོ་མི་ཤེས། ཆབ་སྲིད་མི་ཤེས། ཆབ་སྲིད་ལ་མི་དགའ། འོན་ཀྱང་བོད་ལ་དགའ་ཞེན་ཅན་ཞིག་ཡིན་པས། ཨུ་ཐུག་ནས་མིག་ཆུ་ཤོར་ཞོར་འདི་འདྲ་བཤད་ཤོར་སོང་། སུའི་ཐུགས་ལ་མི་ཕོག་པར་ཤོག།
བོད་ལ་འདི་འདྲའི་སྙིང་སྟོབས་ཡོད་དམ། རྒྱ་ནག་དམར་ཤོག་ཏུ་འཇུག་སྐབས་ཀྱི་དམ་བཅའ། ༡ ་ང་སྙིང་སྟོབས་ལྡན་པས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་ཡིན། ༢་ཏང་གི་རྩ་ཁྲིམས་ལ་སྲུང་སྐྱོབས་བྱེད། ༣་ཏང་གི་ཡིག་ཆ་ལ་གུས་བརྩི་བྱེད། ༤་ཏང་གི་བྱ་བ་མོས་སྒྲུབས་བྱེད། ༥་ཏང་གི་ཐག་གཅོད་ལག་ལེན་བྱེད། ༦་ཏང་གི་རྩ་ཁྲིམས་གཟབ་སྲུང་བྱེད། ༧་ཏང་གི་གསང་བ་དམ་སྲུང་བྱེད། ༨་ཏང་ལ་བློ་རྩེ་གཅིག་ཏུ་གཏོད། ༩་ཏང་གི་བྱ་བར་ཧུར་བརྩོན་བྱེད། ༡༠་མི་ཚེ་ཧྲིལ་བོ་ཏང་གི་ཆེད་དུ་གཏོང་རྒྱུ། ༡༡་ནམ་དགོས་དུས་སུ་ཏང་གི་ཆེད་དུ་ཡོད་ཚད་བློ་གཏོང་གི་ཆོད་སེམས་ཡོད། ༡༢་ནམ་ཡང་ཏང་ལ་ངོ་ལོག་མི་བྱ། ཞེས་དར་མར་མདུན་ལག་པ་ཕྱར་དགོས། རྒྱ་ནག་སྟོབས་ལྡན་རྒྱལ་ཁབ་ཆགས་པའི་ཆ་རྐྱེན་དང་པོ་རེད།
ངས་སྔོན་ཚུད་ནས་བཤད་ཟིན་པ་ལྟར་ལས་བྱེད་འཕོ་འགྱུར་དངགནས་དབྱུང་གི་གནད་དོན་ནི་སྤྱིར་བཏང་གི་གནས་ཚུལ་ཙམ་ཞིག་ལས་ཧ་ལས་ཧང་སང་དགོས་དོན་མེད། གལ་སྲིད་ལས་ཀ་ཤོར་མཁན་དོ་བདག་ནས་ལས་ཀ་ཤོར་དོན་ཐད་ཁྲིམས་ལུགས་དང་མི་མཐུན་པ་སོགས་ཀྱི་སྐྱོན་བརྗོད་ཡོད་ཚེ་བཙན་བྱོལ་གཞུང་གིས་བཙུགས་པའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ན་ལམ་ལུགས་དང་མཐུན་པ་ཞིག་རེད། དེ་མིན་གྲོགས་པོ་དང་། ལུང་ཚན་གཅིག་པ་སོགས་ཀྱིས་རྒྱབ་ལངས་བྱས་ཏེ་འཛིན་སྐྱོང་ལ་ངོ་རྒོལ་བྱས་པ་ཡིན་ན་འཛིན་སྐྱོང་གི་ལས་དོན་སྒྲུབ་ཐབས་ནམ་ཡང་མེད་པས་ཕྱིན་ཆད་དེ་འདྲ་མི་ཡོང་བའི་ཐབས་ལམ་འཚོལ་སྒྲུབ་ཀྱིས་བཅའ་ཁྲིམས་ནང་ཁ་གསལ་འཁོད་རྒྱུ་གལ་ཆེ་དོན་ཆེན་ཞིག་རེད་བསམ་གྱི་འདུག། དེ་མིན་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས་ག་པར་སླེབས་ཀྱི་ཡོད་མེད་སེམས་ཁྲེལ་བྱེད་དགོས་པ་ཞིག་ཆགས་ཀྱི་འདུག།
ངས་ལྟས་ན། བློ་བཟང་སེངྒེ་བཀའ་ཤག་དང་སྐུ་ངོས་སྤེན་ཚེ་གཉིས་ཕན་ཚུན་ཡིད་ཆེས་མེད་པ་གཉིས་ཀས་ངོས་ལན་གནང་གི་ཡལ་དེད་ན་སྒོང་་ང་དང་བྱ་མོའི་གཏམ་རྒྱུད་རེད། སྤེན་ཚེའི་དབུ་ཁྲིད་པའི་རྩ་དོན་གླིང་གི་ཉེ་སྔོན་ནས་མི་དམངས་ཀྱི་ཡིད་ཆེས་མེད་པའི་སྲིད་སྐྱོང་ཡིན་ཟེར་་ནས་སྤྱི་མཐུས་ནང་ལ་གྲོས་ཆོད་འཇོག་ཐབས་བྱས་པ་སོགས་འཆར་་གཞི་ལྡན་པའི་ཕྱི་ནང་གསང་གསུམ་གྱི་འཇབ་རྒོར་བྱས་ནས་མཐར་ལག་པ་འཆང་ས་ཨ་རིས་བོད་ཀྱི་ཐེམ་རྩ་ཁང་དང་འབྲེལ་བའི་རོགས་དངུལ་ས་ཡ་གཅིག་དང་ཕྱེད་ཀའི་བློ་སང་གི་ལྐོག་ཟ་བྱས་པའི་ནག་ཉེས་ལ་དོག་ནས་ཡང་ནས་ཡང་དུ་ཚ་་འདེད་བྱས་ནས་བློ་སེང་སྲིད་གཞུང་མགོ་རྟིང་སློག་པའི་ལས་འགུལ་ཞིག་ལམ་འགྲོ་མ་རྒྱུག་པ་ཙམ་རེད་འདུག གཞན་ཀླུ་བྱམས་ཀྱི་ལ་བཤད་ལུང་བཤད་མི་ཤིས་སྟེ། སྐུ་ངོས་སྤེན་ཚེའི་ལ་བཤད་ལུང་བཤད་མང་པོ་བྱས་འདུག ཉིས་་སྟོང་བཅུ་གཅིག་ལ་བཀའ་ཤག་ཡིག་གེ་འགྱུར་སོང་ཟེར་བ་འདྲ་བོ། ནམ་རྒྱུན་སྐྱེས་དམན་མང་པོ་ངུའི་རེད། དེ་རིང་ཆོ་ག་མང་པོ་ངུའི་འདུག གཞན། བོད་ཀྱི་གཏམ་དཔེ་ལ། བཤད་ཡག་ཕ་བསད་བུ་ལ་ཡོད་ཟེར་བ་འདི་དངོས་གནས་བདེན་པ་འདུག
ད་ལྟའི་བློ་སྤེན་གཉིས་པོ་ནི། །
བྱེས་འབྱོར་ཆབ་སྲིད་རྟ་བོང་གཉིས། །
ཆོས་དང་འཇིག་རྟེན་གཉིས་ཀ་ལས། །
བརྒལ་བའི་ཞབས་འདྲེན་ངོ་ཚས་གནས། །
བློ་སེང་བར་དུ་བཅའ་ཁྲིམས་ནང་ལྟར་སོང་ནས་རྙོགས་གླེང་དེ་འདྲ་མ་བྱུང་བ་ཡིན་ཀྱང་། བློ་སེང་གིས་བཅའ་ཁྲིམས་ནང་ལྟར་མ་སོང་བས་གནས་ཚུལ་འདི་འདྲ་བྱུང་བ་རེད། གལ་ཏེ་བཟོས་བཅོས་དགོས་ན། ༼བཅའ་ཁྲིམས་ལྟར་ངེས་པར་འགྲོ་དགོས། ༽ ཞེས་འགོད་དགོས་པ་རེད།
༄༅། རྗར་རྗོར་མང་པོ་ཞིག་བྲིས་འདུག་པ་དོན་སྙིང་ལྡན་པ་འདི་ཟེར་རྒྱུ་ཅང་མི་འདུག་
ཡག་པོ་བཤད་འདུག ང་ཚོར་ཆོལ་གསུམ་ཚོགས་པའི་བོད་གཞུང་ཞིག་དགོས་ཀྱི་ཨེ་ཡོད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཆེན་པོ་འདི་འདྲ་ཡོད་ན། ཅིའི་ཕྱིར་ང་ཚོར་གཞུང་དགོས། ཆོལ་ཁའི་ཚོགས་པ་དང་ཆོས་ལུགས་ཀྱི་ཚོགས་པས་འཐུས་པ་བྱས་ན་འགྲིགས།
དེར་བརྟེན། གྲོས་ཚོགས་ནང་ལ་བོད་གཞུང་མ་ཡིན་པར་ཆོལ་ཁ་སོ་སོའི་ཚོགས་པ་བཙུགས་ནས་རང་ཆོལ་རང་ཁ་རང་གསོ་ཐུབ་པའི་གྲོས་འཆར་འདོན་ན་ཤིན་དུ་ནས་ལེགས།
གསལ་བཤད་ཅ་ཧང་ཡག་པོ་གནང་སོང་། སྐྱག་པ་ཅི་ཙམ་རྔོགས་ན་དེ་ཙམ་གྱིས་དྲི་མ་ཁ་བ་རང་བཞིན་རེད།
གས
ཁམས་རིགས་སྤུན་ཟླ་ཚོ་མཁས་དྲག་ན། སྒང་ནས་ཧམ་པ་དང་ཁྲམ་པ་བཤད་ཀྱིན་དཀྲུག་གི། བླུན་དྲག་ན་སྲང་ནས་ཕ་རོ་དང་མ་རོ་ལབ་བཞིན་དཀྲུག་གི།
ད་དེའི་བར་མ་བར་གྱི་ཁམས་རིགས། གོང་ས་མཆོག་ལ་རྩེ་གཅིག་དུ་དད་མཁན་དང་རྒྱལ་ཞེན་འདྲ་འདྲ་ཡོད་མཁན་ཚོ་ལ་རེ་བ་ཞིག་མེད་ན་མེད་སོང་བ་རེད།
འདི་ཚོ་ལ་གདོན་ཇི་འདྲ་བ་ཞིག་གིས་བཟུང་བ་ཡིན་ནམ། ཉན་མི་ཤེས། བཤད་མི་ཤེས། བསམ་མི་ཤེས། དཔྱོད་མི་ཤེས།
སྤྲང་ཕྲུག་ལ་སྤྲེའུ་འཁྲབ་བཅུག་ན་ཡོང་རྒྱུ་འདི་ལས་ཅི། དཀྲུག་སྐྱོང་།
འདས་མ་ད་གསུམ་ན་སྤེན་ཚེ་དཀར་པོ་རེད། བདེན་པ་གསལ་སོང་།
སྐུ་ངོ་སྤེན་ཚེ་ལགས་ཀྱིས་གསལ་བཤད་དཔེ་ཡག་པོ་གནང་འདུག། བདེན་པ་སྐུ་ཉིད་ལ་ཡོད་པ་བརྒྱ་ཆ་བརྒྱ་
ཡིད་ཆེས་བྱུང་སོང་།
གསལ་བཤད་ཕྱི་གསལ་ནང་གསལ་གནང་བར་ཐུགས་རྗེ་ཆེ་ཞུ
གསལ་བཤད་འདི་འདྲ་བྱེད་པ་ངལ་བ་རེད་སྙམ་གྱི་འདུག གང་ལྟར་ཐུགས་རྗེ་ཆེ། མི་མང་པོ་ཞིག་ཕྱོགས་ཞེན་གྱི་ངང་ལ་གནས་ཡོད་སྟབས་འགྲེལ་བཤད་ཅི་ཙམ་རྒྱབ་ཀྱང་གོ་བ་མེད་པའི་བ་གླང་ལྟ་བུ་རེད། འོན་ཀྱང་ཁོང་ཚོར་མཚོན་ན་དྲང་བདེན་ནི་སྙིང་པོ་གང་ཡང་མེད་པར་མཐོང་གི་ཡོད་པར་མ་ཟད། དེའི་ཕྱོགས་ལ་བསམ་གཞིག་ཀྱང་བྱེད་ཀི་མེད། བྱེད་འདོད་ཀྱང་ཡོད་པ་མ་རེད། ད་དུང་བོད་མིའི་བསྒྲིགས་འཛུགས་ནི་དམངས་གཙོ་མིང་ཙམ་ཡིན་པ་ལས་དོན་གྱི་ཕྱོགས་ཞེན་གྱིས་བཀངས་ནས་ཡོད། དེའི་སྐྱོན་གྱིས་དཀའ་ངལ་འདིའི་རིགས་རེ་ཞིག་སེལ་ཐབས་བྲལ། འདི་ནི་བོད་མིའི་ལས་དབང་ཡང་ཡིན། །
གནས་ལུགས་རྒྱུ་མཚན་དང་ཁུངས་འཕེར་དབང་རྟགས་སོགས་གང་ལ་བལྟས་ཀྱང་སྤེན་པ་ཚེ་རིང་ལ་བདེན་པ་འདུག
བློ་སེང་གི་སྐབས་གཉིས་པའི་བཀའ་ཤག
ད་ནི་བློ་སེང་ནི། ཁྲམ་རྫུན་རྒྱལ་པོ་ཆགས་སོང་། །
ད་ནི་ཀར་དགེ་ནི། སྤྲེལལད་གོང་བུ་ཆགས་སོང་། །
ད་ནི་སྐལ་རྡོར་ནི། བློ་སེང་ཨབ་ཕྲུག་ཆགས་སོང་། །
ད་ནི་དངོས་ཚེ་ནི། དོན་གཅོད་ཚྭ་མེད་ཆགས་སོང་། །
ཚོགས་ཟུར་སྤེན་ཚེ་མཆོག་ནི།
ད་ནི་སྤེན་ཚེ་ནི། ཆང་འཐུང་དད་ལྡན་ཆགས་སོང་།
ད་ནི་སྤེན་ཚེ་ནི། ལས་བྱེད་གྲགས་ཆེན་ཆགས་སོང་།
ད་ནི་སྤེན་ཚེ་ནི། མི་མང་དགའ་ས་ཆགས་སོང་།
ད་ནི་སྤེན་ཚེ་ནི། མི་མངས་རེ་ས་ཆགས་སོང་།
སྲིད་སྐྱོང་བློ་སངས་དང་ཚོགས་ཟུར་སྤེན་ཚེ་གཉིས་ཀྱི་རྩོད་གཞི་གལ་ཆེ་ཤོས་འདི་ཡིན་པར་འདྲ།
༡་་་ཨ་སྐོར་ས་ཡ་གཅིག་དང་ཕྱེད་ཀ་བློ་སངས་གིས་ཟེར་ན་རོགས་དངུལ་ཡིན་ཟེར། སྤེན་ཚེས་ཟེར་ན་བུན་གཡར་རེད་ཟེར། བོད་ཀྱི་ཐེབས་རྩ་ཡིས་ཟེར་ན་་་་དང་པོར་བུན་གཡར་དང་རྗེས་སུ་རོགས་དངུལ་ལ་བསྒྱུར་ཆ་ཡོད་ཟེར། གསུམ་ཀའི་སྐད་ཆ་བདེན་པར་ཡིན་ཟོལ་འདུག
༢་་་བོད་ཀྱི་ཐེབས་རྩ་ཟེར་བའི་ཨ་སྒོར་ས་ཡ་དང་ས་ཡ་བྱས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བུན་གཡར་དང་རོགས་དངུམ་གནངས་ཐུབ་མཁན་གྱི་རྒྱུ་སྟོབས་ཅན་འདི་ག་རེ་རེད། ཐེབས་རྩའི་དངུལ་གྱི་ཡོང་ཁུངས་ཅི་འདྲ་རེད།ཐེབས་རྩ་འདི་སུ་ཡི་མིང་ཐོགས་ཨ་རིའི་གཞུང་ལ་བདེ་བསྐྱེལ་བྱས་ཡོད་དམ། སུས་ས་ཡིག་བརྒྱབ་ཡོད་དམ། བོད་མི་དམངས་ཀྱིས་ཤེས་དགོས་པའི་སྐད་ཆ་འདི་ཚོ་རེད།
སྤྱིའི་ཆ་ནས་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཆོས་དང་ཆབ་སྲིད་ཀྱི་ཚོང་དཔོན་རྣམས་ལ་ཐེབས་རྩ་ཟེར་བའི་གཞུང་དང་མི་སེར་གྱི་རྒྱུ་ནོར་ཁྲིམས་མཐུན་གྱི་ཐོགས་ནས་སྒེར་གཉེར་བྱེད་ཐུབ་སའི་ལམ་ལུགས་ཤིག་ཡོད་པ་རེད། ཐེབས་རྩའི་རྒྱུ་ནོར་དེ་དག་ཉམ་ཐག་ལ་རོགས་སྐྱོར་བྱེད་ཆེད་དང་ས་ཆུ་མེ་རླུང་འབྱུང་བའི་གནོད་པ་བྱུང་ས་རྣམས་ལ་རོགས་སྐྱོར་བྱེད་ཆེད་དུ་ཡིན་ཞེས་ཐེབས་རྩའི་མིང་ཐོགས་ཏུ་དངུལ་ཁང་ནང་བཞག་ཡོད་པ་རེད། དངུལ་ཁང་གི་གསང་བའི་ཨང་གྲངས་སྒེར་གྱི་ལག་ཏུ་ཡོད་པ་རེད། ནུབ་ཕྱོགས་དཔོན་ངན་ལྐོག་ཟ་རུལ་སུངས་ཚོ་ལ་ཐེབས་རྩ་ཚོགས་པ་མེད་མཁན་ཞིག་ཧ་ལམ་མེད་པ་ལྟ་བུ་རེད།
༣་་་བོད་མི་ཡོངས་ལ་རོགས་དངུལ་གྱི་ཐོག་ཏུ་བསམ་ཆ་བཤད་དབང་དང་འགན་ཁུར་དབང་ཡོད་དགོས་ངེས་རེད། བཙན་བྱོལ་ནང་དུ་དཔོན་ངན་ལྐོག་ཟ་རུལ་སུངས་ཚོས་ཉམ་ཐག་བཙན་བྱོལ་མི་དམངས་ཀྱི་རོགས་དངུལ་ལྐོག་བཟའ་བྱས་ནས་མི་ཆེན་ཡིན་མདོག་གིས་ཚོར་བ་བསྐྱེལ་བཞིན་པ་ནི་ཁྱོད་དང་ང། ང་ཚོ་ཚང་མའི་མིག་གིས་མཐོང་ཡུལ་དུ་གྱུར་ཡོད། བོད་མི་དམངས་ཀྱིས་ངོས་ནས་དྲང་བདེན་རྩ་བའི་རྩེ་ལ་བཞག་ནས་དཔོན་ངན་ལྐོག་ཟ་རུལ་སུངས་ལ་འཐབ་རྩོད་བྱ་དགོས་པ་ནི་སྤྱི་དོན་དང་རང་དོན་གཉིས་ཀ་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱེད་དགོས་དོན་མེད། དགྲ་བོ་ངོ་མ་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་རེད།
དེང་སང་སྲིད་སྐྱོང་བློ་སངས་ལ་ངོ་རྒོལ་བྱེད་མཁན་ཚོས་ངོས་ནས་ཁྲིམས་ཀྱི་དབང་གྱུར་དགོས་རབས་དང་གང་ཟག་གི་དབང་སྒྱུར་ཡག་པོ་མེད་རབས་བཤད་བཞིན་འདུག་མོད།་་་་ཧཧཧ ལས་འབྲས་འཁོར་ཟེར་བ་ཞིག་ཡོད་པ་རེད། སྔོན་མར་འོས་སྡུས་སྐབས་སུ་ཀླུ་བྱམས་འཁོར་དང་བཅས་པས་གང་ཟག་གི་དབང་སྒྱུར་འོང་ཏུ་ཀླུ་བྱམས་མཐའ་མའི་འོས་བསྡུའི་འགྲན་རྩོད་ནང་དུ་ཞུགས་བཅུག་མ་སོང་ཟེར་ནས་སྡུག་སྐད་བརྒྱབ་མྱོང་ཡོད་རེད། ཡིན་ཀྱང་སྐབས་དེ་དུས་སྤེན་ཚེ་ཁོ་རང་གིས་ངོས་ནས་ཀླུ་བྱམས་ཀྱི་མཉམ་དུ་སྟིངས་ཆ་གཅིག་གི་ཐོགས་ཏུ་གཏམ་བཤད་བྱེད་ཀྱི་མིན་ཞེས་བཤད་ཡོད་ལ་ལག་ལེན་ཀྱི་དེ་ག་རང་བྱས་ཡོད།
དེང་སང་སྤེན་ཚེ་ལ་ཁྲིམས་ཀྱི་དབང་སྒྱུར་དགོས་པ་ལས་གང་ཟག་གི་དབང་སྒྱུར་ལ་མི་མོས་པའི་གནས་སྟངས་འདི་བྱུང་བ་ནི་ཁྱོད་ལ་ལས་འབྲས་ངན་པ་འདི་འཁོར་བ་རེད་ཅེས་ཅོ་རིས་ལབ་ཀྱི་ཡིན། སྤེན་ཚེ་ཁྱོད་རང་དད་པ་ལོག་སྤྱོད་བྱེད་དགོས་ན་ག་འདྲ་སྡིག་སྐྱ་ཡོད། ༧རྒྱལ་བ་རིན་ཆེན་ཁ་ལ་ཁུར་ནས་དྲང་བདེན་རྡོག་རོལ་བཏང་དགོས་ན་ཁྱོད་ག་འདྲ་ངར་མ་ཡོད། ང་ཚོ་བོད་མི་དམངས་ཀྱི་སེམས་ལ་གསལ་པོ་ཡིན་ཞེས་དྲན་གསོལ་བྱས་པར་ཡིན་ད།
ད་ཕྱོགས་གཏོགས་རང་བཞིན་གྱི་རྒྱུ་མཚན་ཅི་འདྲ་ཞིག་བཤད་ཀྱང་རུང་། ད་རེས་ཀྱི་རྩ་བའི་ཐུག་ས་དེ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པ་དེ་རེད། མ་འོངས་པར་ཐེབས་རྩ་དེར་སུ་ཡིས་ཞགས་པ་རྒྱག་ངེས་ཀྱི་གནད་དོན་དེ་རེད། ཁ་ས་བོད་ཀྱི་ཐེབས་རྩས་ཀྱང་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་གྱི་ངོ་བར་གནས་ཡོད་ལུགས་གསལ་པོ་བཟོས་པ་རེད། དེ་ནི་ཧ་ཅང་གི་ཐབས་བྱུས་ལྡན་པ་ཞིག་རེད། ཁྲིམས་ཐོག་གི་ཆ་ནས་ད་ལྟ་བུ་ལོན་གྱི་ངོ་བོར་གནས་ཡོད་སྟབས། དེར་ཁྲིམས་ཀྱི་རྒྱབ་སྣོན་ཡོད་པ་རེད། མ་འོངས་པར་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དེ་སྲིད་སྐྱོང་དང་སྐལ་རྡོར་གཉིས་ཀྱིས་བདག་བཟུང་བྱ་རྒྱུའི་ངན་འཆར་བསྒྲིགས་ཚེ། བོད་ཀྱི་ཐེབས་རྩས་དེ་ལ་གཞིགས་ཏེ་ལས་དོན་གཉེར་གྱི་རེད། མདོར་ན་ད་རེས་བོད་ཀྱི་ཐེབས་རྩའི་ཐབས་བྱུས་དེས་སྲིད་སྐྱོང་གི་སྣ་ལ་ཐག་པ་ཞིག་བཏགས་པ་རེད། ད་སྲིད་སྐྱོང་གིས་གཡོ་ཁྲམ་བྱས་ཚེ། ཐེབས་རྩས་ས་ཆ་གཅིག་དང་ཕྱེད་ཀ་དེ་སྤྲོད་ཀྱི་མ་རེད། དེར་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཡོད་ཙང་། གོམ་པ་གང་སྤོ་ས་མེད། དེར་བརྟེན། ད་ལྟ་སྲིད་སྐྱོང་གི་མཐར་ཐུག་གི་དམིགས་ཡུལ་ངོ་མ་དེ་བསྒྲུབས་མེད། སྲིད་སྐྱོང་གི་སྤེན་ཚེ་སྤུད་དགོས་པིའི་དམིགས་ཡུལ་ངོ་མ་ཡང་དེར་ཐུག་ཡོད།
ངའི་བསམ་ཚུལ་བྱས་ན་༧གོང་ས་ཏྭ་ལའི་བླ་མ་མཆོག་ཤི་སྒུག་བྱས་ནས་བསྡད་ཡོད་མཁན་ངོ་མ་ཀླུ་བྱམས་མིན་པར་གོང་ས་ཏྭ་ལའི་བླ་མའི་རྒྱུ་ནོར་གྱི་ཐོག་ཏུ་ཞགས་པ་རྒྱབ་ཆོག་ཆོག་བྱས་ནས་བསྡད་ཡོད་མཁན་ཚོ་ཡིན་གྱི་རེད་བསམ་གྱི་འདུག
རྐུ་མའི་རྟ་དེར་ཇག་པས་དེད་དུས།
སྡུག་བསྔལ་སུ་ཆེ་ཁོ་ལ་ལྟོས་་་་ཟེར་བ་ལྟར་ཡོང་བཞིན་གདའ་ལེ་་་་་་་ཧཧཧཧ
ད་ལན་ཚོགས་གཙོ་ཟུར་བས་གསལ་བཤད་རིང་པོ་གནང་སོང་། འོན་ཀྱང་དེའི་གསེང་དང་གསེང་དུ་སྲིད་སྐྱོང་གིས་ཀྱང་ནོར་འཁྲུལ་ཙག་ཙིག་རེ་བྱེད་ཀྱི་ཡོད་ས་རེད་བསམ་པའི་ཚོར་བ་ཡོང་གི་འདུག འོན་ཀྱང་འདི་ནི་སྤེན་ཚེའི་མིག་ནང་ནས་བལྟས་པའི་ཚེ་ན་དེ་ལྟར་རེད།
གལ་ཆེ་ཤོས་ནི་སྲིད་སྐྱོང་གི་མིག་ནང་ནས་ཀྱང་བལྟ་དགོས་ལ་ལས་དོན་སྒྲུབ་པའི་འགན་ཁོང་ལ་ཡོད་ཙང་ཁོང་གི་མིག་ནང་ནས་མཐོང་བ་ལྟར་དུ་སྒྲིག་དགོས་པ་ལས་ལས་ཀ་གཅིག་གིས་བྱེད་། བསམ་བློ་གཞན་ཞིག་གིས་བཀོལ་དགོས་ན་ཡོང་ཐབས་ཡོད་མ་རེད།
ལྷག་པར་དུ་ཚོགས་ཟུར་ལགས་ཀྱིས་བཀའ་མོལ་གནང་སྐབས་འཛིན་སྐྱོང་ལ་རྒྱུས་མེད་པའི་མང་ཚོགས་ཀྱི་སེམས་པ་རང་ཕྱོགས་ལ་འགུག་ཐབས་གཙོ་བོ་ལ་དམིགས་ཀྱི་ཡོད་པའི་ཚོར་བ་མ་གཏོགས་དྲང་བདེན་དངོས་དེ་གསུང་གི་མི་འདུག བྱུང་རིམ་ཐམས་ཅད་བཅད་ས་ནས་དང་ཁ་སྒྱུར་ནས་གསུང་གི་འདུག མདོ་དོན་སྲིད་སྐྱོང་གིས་སྤེན་ཚེ་ལ་འོས་བསྡུའི་སྙིང་ནད་བརྩད་པ་རེད་ཟེར་བ་ནི་འོང་མི་སྲིད་པ་ཞིག་རེད་སྙམ།
ད་དུང་ཞིབ་པར་དཔྱད་ན་མང་པོ་འདུག ཞུ་དགོས་པ་ཞིག་ལ་སྤེན་ཚེས་ལས་ཀ་བྱས་མེད་པར་ཞུ་གི་མེད། དེའི་ནི་འཐུས་ཤོར་ལ་སོང་མེད་པར་གོ་མི་དགོས། རྡོག་རྡོག་ཁོ་རང་གོང་གི་དབང་འཛིན་པ་ལས་གཤམ་འོག་ལས་བྱེད་ལ་འོས་ས་མ་རེད།
གང་ལྟར་མདོར་བསྡུས་ན་སྤེན་པ་ཚེ་རིང་གི་སེམས་ལ་མ་རེངས་བའི་གནས་ཚུལ་ཐེངས་འགར་ཁ་ནས་དོན་སོང་བ་དེ་རེད། སུ་ལ་ནོར་འཁྲུལ་ཡོད་རུང་སྤེན་ཚེ་ལ་ལས་འཚམས་འཇོག་ཏུ་བཅུག་པ་དེ་འགྲིག་འདུག དངུལ་ཁང་སྒོ་རྒྱག་པའི་སྐོར་དེ་གསལ་བོ་བྱུང་མ་སོང་། ཐོག་མ་ཉིད་ནས་དངུལ་ཁང་འགན་འཛིན་ལ་ཐུག་མི་ཆོག་པ་གང་ཡིན། འགན་འཛིན་ལས་རོགས་ལ་མ་གཏོགས་ཐུག་མི་འདུག
ས་ཡ་གཅིག་དང་ཕྱེད་ཀ་དང་པོ་གསུང་མཁན་བཀའ་ཤག་རེད་ཅེས་པ་རྦད་དེ་རྫུན་རེད་བའ་། དེ་དུས་གང་བཤད་ནས་སྤྱི་ཚོགས་ལ་བཀྲམས་ཡོད་ཅེ་ན། ཕ་ནས་སྤྲད་འདུག འདིར་ན་འབྱོར་བའི་ཡིག་ཆ་མི་འདུག (མདོར་ན་བར་ནས་སུ་ཞིག་གིས་བཟས་སོང་བ་རེད་མདོག་མདོག་གསུངས་ཡོད)་འདི་ལ་སོགས་པ་ཁོང་གི་གསུང་གི་ནང་དུ་ནོར་འཁྲུལ་རེད་བསམ་པ་ཧ་ཅང་མང་པོ་བྱུང་།
དཔེར་ན་ཁོང་གིས་བླངས་དོར་བརྡ་སྟོན་ཞེས་པའི་ཚིག་འདི་ཁོང་གིས་བཀའ་ཤག་གིས་གསར་གཏོད་རེད་ཅེས་ཁོང་གིས་རྩ་བ་ཉིད་ནས་ཤེས་ཀྱི་མེད་མདོག་སྟོན་གྱི་འདུག འདི་ལ་ཡིད་ཆེས་ཐབས་ཡོད་མ་རེད། རྩ་ཁྲིམས་སོགས་ཀྱི་ནང་དུ་ཚིག་རིས་ཇི་བཞིན་ཡོད་མེད་གང་ཡིན་རུང་འཛིན་སྐྱོང་གི་ལས་ཀ་རྒྱུན་རིང་པོར་བྱས་མྱོང་མཁན་ཞིག་གིས་འདི་མ་མཁྱེན་པ་མི་སྲིད་པ་རེད། འདི་ལ་ཨིན་སྐད་དུ་Advisory Note ཞེས་འབོད་པ་རེད། འཛིན་སྐྱོང་གི་ནང་དེ་ལས་ཚབ་ཆེ་ཙམ་ཞིག་ཡིན་ན་memorandum ཞེས་འབོད། དེ་ལས་ཚབ་ཆེ་ན་ཉེན་བརྡ་Warning ཞེས་འབོད། འདི་གསུམ་ལ་ཀ་ཉན་བརྡ་རྩིས་ན་མ་འགྲིག་གང་ཡང་མེད་ལ། ཉེན་བརྡ་ཐ་མ་ཡིན་ན་དང་པོ་གཉིས་པ་ངེས་པར་དུ་ཡོད་དགོས་ག་ལ་ཡོད། ཉེན་བརྡ་དེ་དང་པོ་ཡང་རེད་ལ་ཐ་མ་ཡང་རེད་ཅེས་ལབ་སྲོལ་ཡོད། བྱས་ཙང་ཚོགས་ཟུར་ལགས་ཀྱི་གསུང་གི་ནང་དུ་མང་ཚོགས་མགོ་རྨོངས་བྱེད་ཀྱི་གསུང་ཧ་ཅང་མང་པོ་འདུག
འཇམ་དཔལ་ཚུལ་ཁྲིམས་ཟེར་པ་འདིས་གླེན་པའི་ཨུ་ཚུགས་འདི་འངྲ་མཆན་དུ་འགོད་ཐུབ་པ་ནི་ཡ་མཚན་རེད། ཉེན་བརྡ་དེ་དང་པོ་ཡང་རེད་ལ་ཐ་མ་ཡང་རེད་ཅེས་ལབ་སྲོལ་ཡོད། ཟེར། དེ་འདྲའི་བཤད་སྲོལ་དེ་ཁྱེད་རངགི་ཁང་པའི་ནང་གི་བཤད་སྲོལ་ཞིག་ཡིན་རྒྱུ་རེད་མ་གཏོགས་གཞན་ན་དེ་འདྲའི་བཤད་སྲོལ་མེད།
ཁྱེད་ཀྱིས་དང་པོ་དང་ཐ་མའི་གོ་དོན་སྤྱིར་ཤེས་གི་མེད་པ་འདྲ།
ད་ཧམ་བཤད་དང་སྐྱག་རྫུན་མང་དྲག་སོང་།
ད་རེས་ཀྱི་གནད་དོན་དེར་ང་ཚོས་ཕྱོགས་གཉིས་སུ་མ་ལྷུངས་པར་དབྱེ་ཞིབ་རང་བཞིན་གྱི་སྒོ་ནས་གཟིགས་རྒྱུ་ནི་ང་ཚོའི་མི་མང་རྣམས་ཀྱི་བསམ་བློའི་གོ་རྟོགས་སྤེལ་བའི་ཐབས་བྱུས་ཧ་ཅང་གི་ཡག་པོ་ཞིག་རེད་བསམ། ང་ཚོས་ཕྱོགས་རྟོགས་རང་བཞིན་དང་ཚོར་བའི་གཞན་དབང་དུ་ཕྱིན་སྟེ། རང་ཉཱིད་ཀྱི་འདོད་ཕྱོགས་ཁོ་ན་གཙོ་འཛིན་གྱིས་སྐད་ཆ་བཤད་ན། དོན་འབྲས་གང་ཡང་མེད་པ་རེད།
རྩ་བའི་ད་རེས་ཀྱི་གནད་དོན་དེས་ང་ཚོར་སློབ་ཁྲིད་ཤིག་བྱས་པ་ནི། མི་མང་གིས་མང་གཙོའི་གོ་རྟོགས་ཅི་ཙམ་དང་འགན་འཁུར་གྱི་འདུ་ཤེས་ཅི་ཙམ་ཡོད་མིན་ཡིག་ཚད་གཅིག་བཏང་པ་རེད། དེའི་ཁར་ཆབ་སྲིད་དཔོན་རིགས་ཚོས་གནད་དོན་དེར་གདོང་ལེན་དང་དཀའ་ཁག་སེལ་ཐབས་ཀྱི་ནུས་པར་ཡང་ཡིག་ཚད་ངེས་ཅན་ཞིག་བཏང་པ་རེད། ཡིག་ཚད་ལོན་མིན་ད་དུང་བལྟ་རྒྱུ་རེད། གང་ཡིན་ཟེར་ན། གནད་དོན་དེ་མུ་མཐུད་ནས་གནས་སྐབས་རིང་གནས་རྒྱུ་ཡིན་པ་ཐག་ཆོད་རེད། ལྷག་པར་དུ་བཀའ་ཤག་གིས་སྤེན་ཚེའི་སྐད་ཆར་དཔང་རྟགས་མེད་པར་ཁུངས་མེད་ལན་འདེབས་བྱས་ཚེ། ཁོ་པས་གང་དུ་གཏུགས་དགོས་ཀྱང་གཏུགས་རྒྱུ་ཡིན་ལུགས་བརྗོད་པ་རེད། དེའི་ཐོག་ནས་བཀའ་ཤག་གིས་ཀྱང་མི་མང་གི་ཁ་ལོ་སྒྱུར་བའི་ཐབས་བྱུས་ཏེ། དཔང་རྟགས་དང་ཁུང་ལུངས་མེད་པའི་བཀའ་མོལ་གསུངས་རྒྱུའི་གོ་སྐབས་དེ་ཡོངས་སུ་བཀག་པ་རེད། དེ་ནི་སྤེན་ཚེའི་ཐབས་བྱུས་ཤིག་རེད་ལ། གཅིག་བྱས་ན་དེ་ནི་སྤེན་ཚེའི་མ་འོངས་སྔོན་འགོག་གི་ཐབས་ཤེས་ཤིག་ཀྱང་ཡིན་སྲིད། གང་ལྟར། སྤེན་ཚེའི་སྐད་ཆ་དེ་གས་བཀའ་ཤག་གིས་འགྲེལ་བརྗོད་གནང་སྐབས་བསམ་བློ་མང་པོ་ཞིག་མི་བཏང་རང་བཏང་བཟོས་པ་རེད། གང་ཡིན་ཟེར་ན། བཀའ་ཤག་གི་དཔང་འཕེར་ཡིག་ཆ་སོགས་མེད་པར་གང་བྱུང་གསུངས་ཚེ་སྤེན་ཚེས་གང་དུ་གཏུགས་དགོས་ཀྱང་གཏུག་ངེས་ཡིན་པ་དཔལ་ལྡན་སྲིད་སྐྱོང་གི་མཁྱེན་གྱི་ཡོད་པ་ནི། ཉེ་སྔོན་ཁོ་པས་ནོ་བྷེལ་དུ་བཤད་པའི་སྐད་ཆའི་ཟུར་ནས་རྟོགས་ཐུབ། གཉིས་པ། བཀའ་ཤག་གིས་སྤེན་ཚེ་སྤུད་དགོས་པའི་དོན་ཚན་བཅུ་དང་། དེ་རྗེས་ཀྱི་འབྲེལ་བརྗོད་རྣམས་དང་། དུས་ཡུན་ཆུ་ཚོད་བཞི་ཙམ་གྱི་སྤེན་ཚེའི་གསར་འགོད་གསལ་བསྒྲགས་ལ་སོགས་པ་ནི། ད་རེས་ཀྱི་གནད་དོན་དེའི་རྒྱུད་རིམ་ཙམ་རེད་མ་གཏོགས། རྩ་བ་ཐུག་སའི་གནད་དོན་དེ་དོན་ཚན་བཅུ་མ་རེད་ལ། སྤེན་ཚེའི་འགྲེལ་བརྗོད་རྣམས་ཀྱང་མ་རེད། དེ་བས་དེ་ནི་གོང་ཞུས་པ་ལྟར། བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་དེའི་ཁང་པ་དེ་རེད། ད་ལྟའི་ཆར་གནད་དོན་དེ་མར་དེད་བཞིན་དེད་བཞིན་འགག་གནད་ཐུག་ས་དེ་གཞན་གང་ཡང་མིན་པར་བོད་ཀྱི་ཐེབས་རྩ་ཆགས་སོང་། དོན་ཚན་བཅུ་ཡི་གནད་དོན་ཡ་གྱལ་ཞིག་ད་ཆ་གནད་དོན་སྤྱིའི་གཙོ་གནད་དུ་འཕོ་འགྱུར་ཕྱིན་པ་རེད། ཁོ་གཉིས་ཀྱི་རྩོད་གཞི་ངོ་མ་དེ་རེད་ལ། སྤེན་ཚེས་འཇབ་རྡོ་ཞུ་ས་དང་། སྲིད་སྐྱོང་གི་གཡོལ་ཐབས་བྱ་ཡུལ་གྱི་གནད་དོན་ཡང་དེ་རེད། འོན་ཀྱང་། ད་ཆ་གནད་དོན་དེ་ནི་གསལ་ཁ་དོད་རུ་ཕྱིན་པ་མ་ཟད། བོད་ཀྱི་ཐེབས་རྩའི་ལང་པྱོགས་ཀྱང་གསལ་པོ་ཆགས་པ་རེད། གང་ཡིན་ཟེར་ན། ད་ཆ་བོད་ཀྱི་ཐེབས་རྩས་ས་ཡ་གཅིག་དང་ཕྱེད་ཀ་དེ་ཁྲིམས་ཐོག་ནས་བུ་ལོན་གྱི་ངོ་བོར་ཡོད་པ་གསལ་པོ་བཟོས་པ་མ་ཟད། མ་འོངས་པར་བལྟ་བཞིན་བལྟ་བཞིན་བྱ་རྒྱུ་ཡིན་ལུགས་བརྗོད་པ་རེད། སྐད་ཆ་དེའི་རྒྱབ་ཀྱི་གོ་དོན་ནི་གཞན་གང་ཡང་མིན་པར་ཡང་སྙིང་མ་འོངས་པར་ཁང་པ་དེ་སྒེར་བདག་ལ་འགྱུར་མིན་ལ་བལྟ་རྒྱུ་དེ་རེད། གལ་སྲིད་སྒེར་ཐག་ཆགས་རྒྱུའི་ཉེན་ཁ་ཡོད་ན། ཁོ་ཚོས་བུ་ལོན་ལེན་གྱི་རེད། དེ་ནི་སྲིད་སྐྱོང་གི་ཕམ་ཉེས་དེ་རེད། གང་ལྟར་ཕྱོགས་ཡོངས་ནས་བལྟས་ན། ད་རེས་ཀྱི་ཁོ་གཉིས་ཀྱི་དམག་འཁྲུག་དེའི་ཁྲོད་ཁོ་གཉིས་ཀར་རྒྱལ་ཁ་ཆུང་ཆུང་རེ་ཐོབ་པ་རེད། འོན་ཀྱང་། ཐ་མའི་རྒྱལ་ཕམ་གྱི་ཐག་གཅོད་དེ་བོད་ཀྱི་ཐེབས་རྩས་བྱེད་ཀྱི་རེད་མ་གཏོགས་སུ་ཞིག་གིས་ཀྱང་བྱ་ཐབས་མེད་པ་ཆགས་སོང་ངོ་།
བོད་ཀྱི་དུས་བབ་ནི་”ལགས་སོ་དང་ལགས་སོ། དཔལ་ལྡན་སྲིད་སྐྱོང་ཁྱེད་མཁྱེན་”ཞུ་མཁན་ཡིན་པ་འདྲ། གཞིས་བྱེས་བོད་མི་ས་ཡ་དྲུག་གི་བདེན་དོན་ཆེད་ཕྱག་ལས་གནང་མཁན་ཞིག་གིས་གཡོ་ཁྲམ་ཧམ་ཤེད་དེ་ལྟར་གནང་ཕོད་པ་དེ་ལ་དག་ཡ་མེད་ལ། ཉམ་ཆུང་ལ་ཉེས་པ་གཏོང་རྐྱང་གནང་བའི་སྲོལ་ཞིག་ང་ཚོའི་སྒྲིག་འཛུགས་དང་། སྤྱི་ཚོགས། རང་ཁོངས་སྡེ་ཚན་བཅས་ཚང་མའི་ནང་ཡོད་པས་ང་ཚེ་ང་བཙན་དུ་རློམ་པའི་སྦོམ་པོ་ཚོས་ཀྱང་བླང་དོར་གྱི་སྒྲིག་གཞི་དང་འགལ་བའི་ཕྱག་ལས་གནང་ཡོད་ན། མི་གཅིག་པ་ཡིན་པས་ཉེས་ཆད་དགོས་པ་སྨོས་མེད་ཡིན་ནོ།
སྤེན་པ་ཚེ་རིང་གིས་དངོས་གནས་ཤ་འདར་བ་ཞིག་བཤད་འདུག བདེན་པ་བདར་ཟེར་བ་འདི་འདྲ་ཞིག་ལ་ཟེར་བ་རེད། ད་དུང་ཁོང་གིས་འཛེམ་ཟོན་གནང་གི་ཡོད་བཟོ་འདུག ད་ནི་འཛེམ་ཟོན་མེད་པར་ཐེར་འདོན་བྱེད་དགོས་པ་རེད། བཀའ་བཀྱོན་ཕེབས་པའི་ཚིག་ཐོ་དང་། ཨ་རིའི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རྒྱབ་ལྗོངས་གནས་ཚུལ་སོགས་གླེང་རྒྱུ་ཡོད་པའི་སྣེ་བསྟན་ཚར་སོང་། དེ་ཚོ་ཡང་འགྲེམས་སྤེལ་དང་གླེང་སློང་གནང་ན་ཡག་པོ་ཡོད་པ་རེད།
ཁ་སང་ཨ་རི་ཐེབས་རྩ་ནས་སྤེལ་བའི་གསལ་བཤད་ཀྱི་ཚིག་འགྲོས་ལ་བལྟས་ན ་ཁ་མི་བྲོ་ བཀྲི་མ་ཤིས་པའི་ས་ཡ་གཅིག་དང་ཕྱེད་ཀ་དེ་གང་མགྱོགས་རྩིས་གསུབ་གཏོང་གི་ཡིན་པ་ཏན་ཏན་རེད།
ཡིན་ནའང་། ཁ་སྔོན་སྲིད་སྐྱོང་བློ་བཟང་སེང་འགེ་ཡིས་ཁ་ན་ཊ་ནས་བརྙན་འཕྲིན་ནང་ས་ཡ་གཅིག་དང་ཕྱེད་ཀ་གནང་སྦྱིན་ཡིན་པ་ལ། ཐེབས་རྩའི་ཡིག་ཆ་ནང་བུ་ལོན་གྱི་རྣམ་པར་རྫུན་འགོད་ཡིིན་པའི་སྐད་ཆ་དང
དེ་རང་བོད་ཀྱི་དུས་བབས་གསར་འགོད་པས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཨ་རིའི་བོད་ཀྱི་ཐེབས་རྩའི་གསལ་བཤད་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས…. བོད་ཀྱི་ཐེབས་རྩའི་ངོས་ནས་ཡུལ་ཁྲིམས་དང་། དངུལ་དང་འབྲེལ་བའི་ཡིག་ཆ་ཁག་ལ་བསྟུན་དགོས་ཡོད་སྟབས། ཨ་སྒོར་ས་ཡ་༡།༥ དེ་རིམ་བཞིན་གནང་སྦྱིན་དུ་བསྒྱུར་རྒྱུ་དེ་བོད་ཀྱི་ཐེབས་རྩ་ཁོ་རང་ཚོའི་འགྲོ་སྟངས་རེད། འོན་ཀྱང་། ད་ལྟ་སྤྱི་ཚོགས་ནང་གླེང་གཞིར་གྱུར་བའི་བུ་ལོན་ཡིན་མིན་ཐད། ང་ཚོར་གནང་སྦྱིན་རང་ཡིན་པ་ལས་བུ་ལོན་ཆགས་མེད་ཅེས་ཞུ་རྒྱུ་ཡིན། ….བོད་ཀྱི་ཐེབས་རྩ་ཁྲིམས་དང་བསྟུན་དགོས་ཡོད་སྟབས། ཁོ་རང་ཚོའི་གསུངས་བ་དེར་ཁག་ཡོད་པ་མ་རེད། … ང་ཚོས་བོད་ཀྱི་ཐེབས་རྩ་ལྷན་དུ་ནང་ཁུལ་སྐད་ཆ་བཤད་ཡོད་པ་དེ་རྩ་འཛིན་བྱེད་ཀྱི་ཡོད་ལ། ནང་གི་སྐད་ཆ་དེ་ང་ཚོ་ནང་ཁུལ་དབར་ཕན་ཚུན་ཡིད་ཆེས་བྱས་ཏེ་བྱུང་བ་ཞིག་ཡིན་ལ། བོད་ཀྱི་ཐེབས་རྩའི་འགྲོ་ལུགས་བརྒྱུད་རིམ་དེ་ཁོ་རང་ཚོའི་ཚོང་གི་བཟོ་ལྟ་འདྲ་མིན་འགྲོ་བསམ་གྱི་འདུག ཅེས་གསུང་ནས། ད་ལམ་བཀའ་ཟུར་དང་དོན་ཟུར་བློ་བཟང་སྙན་གྲགས་ལསག་ཀྱིས་དབུ་འཁྲིད་པའི་ཨ་རི་བོད་ཀྱི་ཐེབས་རྩ་ཨར་ལ་གཏད་འདུག
ཆུ་མང་པོ་དཀྲོག་ན་སྐོམ་གྱིས་སྡུག་བསྔལ་གྱིས་མྱོང་བ་ཁྱོད་བྱང་ཆུབ་ལོ་མ་ཁྱོད་ལྟ་བུ་ཁ་ཤས་ལ་ཕན་སྲིད་པ་ཙམ་རེད། རྩ་དོན་ལ་ཕན་ཚུན་ཡིད་ཆེས་བློས་འགེལ་དང་བརྩི་མཐོང་མེད་ན་ཕན་མ་ཐོག་ནས་ད་ཆ་སྔོ་ལོ་འཕྱར་ཡ་ལ་ཐེ་ཚོམ་མེད་པ་འདི་ལ་ལྟོས་ན་ཚོགས་གཙོ་ཟུར་པ་ནས་མར་དོན་གཅོད་གོ་གནས་ལ་
མར་བབས་པ་རེད། ད་དུང་བཤད་ཧམ་ཆེ་ན་སྤེན་ཚེ་ལ་ཆ་འཇོག་གཅིག་ཀྱང་མེད་པ་ཡོང་ངེས་པས་བག་ཡོད་པར་བྱོས་་ཤིག
མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་དོན་ཆེན་ཡིན་པ་ལྟར་ཨ་རི་བོད་ཀྱི་ཐེབ་རྩ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུན་ལོན་ཡིན་པ་གསལ་པོ་བཟོས་པ་ལ་འབྲེལ་བཤད་རིང་ཙམ་ཐུང་ཙམ་རྒྱབ་ནས་དུས་ཚོད་མ་སྐྱེལ་ན་ཡག་ལེ་རེད་དོ་།
བློ་སེང་རྟ་ལྟར་འཚེར་བགྱིད། །
སྤེན་ཚེས་བོང་ལྟར་བཟོད་བགྱིད། །
ལྟད་མོ་མི་མཐོང་དགུ་མཐོང་། །
ད་ལོའི་ལོ་ལ་མཐོང་སོང་། །
གསལ་གསལ་ཐིང་ཐིང་འདྲ་བོ་གསུང་འདུག་ད་དུང་གལ་གནད་ཆེ་བ་འགའ་དོན་མ་སོང་དཔེར་ན་སྐུ་ངོ་སྲིད་སྐྱོང་ནས་(ཁྱེ་ན་ཊྲ་ཀྲོ་འང་ཀྲུའུ་) དུ་གསུང་པའི་བཀའ་མོལ་ནང་ས་ཡ་གཅིག་དང་ཆེད་ཀ་དེ་
༼བགོས་སྲབས་༽དུ་སྤྲད་པ་རེད་གསུང་ད་ཆ་བོད་ཀྱི་ཐེབས་ཙ་ནས་
༼བུ་ལོན་༽ཡིན་པའི་ཡིག་ཆ་འགྲེམ་དཔེལ་གནང་དེ་ན་སྐུ་ངོ་སྲིད་སྐྱོང་ནས་ད་ཆ་མི་མང་ལ་མགོ་སྐོར་ཧང་སང་ཡ་འདྲ་བོ་གཏང་འདུག་།
ཡང་སྐུ་ངོ་སྲིད་སྐྱོང་ནས་ང་ཚོ་༼ནང་ཁུང་འགྲིག་ཡོད་༽ཞེས་སུང་ན་་ནང་ཁུང་འགྲིག་པའི་ཁྲིམ་ཐོགས་ནས་ཡིག་ཆ་འདྲ་བཏོན་རྒྱུ་ནི་མི་འདུག་གལ་ཏེ་ཡིག་ཆ་ཡོད་ན་དེ་དོན་ཁང་དང་འབྲེ་བ་ཡོད་པར་སོང་དོན་ཁང་དུ་ཡོད་དགོས་ངེས་ཤིགས་རེད་འོན་ཏེ་དོན་ཁང་དུ་མི་ཞགས་པའི་རྒྱུ་ཚན་གང་ཡི་གྲོ་?
དེ་ན་སྡོམ་ནས་བཤད་ན་ལོ་ངོ་གསུམ་བཅུ་བཞི་བཅུའི་རྗེས་དབུ་མའི་ལམ་ནས་སྒྲུབ་འབྲས་སོན་ན་དོན་ཁང་ཡོངས་ལ་འགྱུར་བ་འགྲོ་རྒྱུ་ོངེས་གཏན་རེད་དེ་ན་བུ་ལོན་ལེན་མཁན་དོ་བདག་ཁང་པ་དེའི་བདག་པོ་རེད་འོ་ན་བུ་ལོན་ལེན་ཁན་བོད་ཀྱི་དོན་གཅོད་ཡིན་པ་གནད་ཡུལ་རྒྱལ་ཁབ་ནས་ཁྲིམ་ཐོག་གི་མཁས་ལེན་མེད་དགའ་ལྡན་ཕོ་བྲང་ཡིན་པ་བོད་ཀྱི་ཐེབས་ཙའི་གན་ཡིག་ནངམེད་པར་རྟེན་ཁྲིམ་ཐོགས་ནས་྄མཁས་ལེན་མེད་ད་འོ་ན་སྐབས་དེར་དོན་ཁང་སུ་ལ་བདག་སམ་འོ་ཛི་་ཛི་ཞེད་ནང་ལ
ད་འོ་ན་དཔལ་ལྡན་སྲིད་སྐྱོང་གི་ལྔ་དང་ལྔ་བཅའི་སྲིད་བྱུས་ཡིན་ནམ
བློ་སེང་དང་བཀའ་ཤག་གིས་ལྐོག་ལྐོག་སུབ་སུབ་བྱས་ནས་ལས་ཀ་བྱེད་བཞིན་འདུག་ལ། དེལྟར་མི་་བྱེད་རང་བྱེད་ཡང་རེད།
གཅིག་ནས་ཐེབས་རྩའི་དངུལ་གྱིས་ཁང་པ་ཉོས་པ།
གཉིས་ནས་ཨ་རིའི་གཞུང་ལ་མགོ་སྐོར་བཏང་བ།
གསུམ་ནས་བོད་ཀྱི་སྤྱི་འཐུས་གྲོས་ཚོགས་ལ་མགོ་སྐོར་བཏང་བ་སོགས་དེ་དག་ཕྱི་ལ་བུད་ཚེ།
ཡང་བློ་སེང་ལ་གཟི་བརྗིད་ཁོག་སྟོང་གི་བརྔན་ན་རེག་ཉེན་ཡོད་པ་རེད།
ད་དུང་དེ་ལས་གཞན་པའི་ལྐོག་གཡོ་ཞིག་ཡོད་པར་སྙམ། རྒྱུ་མཚན་ནི་སྤེན་པ་ཚེ་རིང་ལ་དངུལ་གྱི་ཐོག་ལག་པ་འཆང་མ་བཅུག་པ་དང་། བློ་སེང་ཁོང་གི་བློས་ཐུབ་པདྨ་ཆོས་འབྱོར་དང་སྐལ་རྡོར་གཉིས་ཨ་རི་ལ་བཏང་པ་དེ་རེད། དེ་ལ་ཞིབ་འཇུག་བྱེད་དགོས་སྙམ།
ཡང་བསྐྱར་ ལ་བཅོས་
གོང་ས་མཆོག་ད་ཆ་ཤིན་དུ་སྐུ་འགྲེས་ནས་ཁ་སང་རྐུབ་སྟེགས་ཐོག་ནས་བཞེངས་མ་ཐུབ་པར་འགྱེལ་སོང་། རྒྱ་གར་གྱི་སྐུ་མགྲོན་ཚང་མ་རྒྱུགས་ནས་ཁོང་བསླངས་དགོས་ཐུག་སོང་།
༧ གོང་ས་མཆོག་ད་ཆ་ཤིན་ཏུ་སྐུ་བགྲེས་ནས་དེ་ལྟར་བྱུང་བ་མ་ཡིན་སྙམ། སྔོན་མ་༡༩༦༦་ལོར། ཝཱ་རཱ་ཎ་སཱི་ནས། ཚ་ཡོལ་ཆེད། མཱ་སུ་རཱི། ཞེས་པའི་རི་སྒང་ཡུལ་གྲོང་དུ་སྡོད་དུས། གྲོགས་པོ་ཞིག འོངས་ནས། སྒོ་བརྡུངས་པ་ན། ཡར་ལངས། སྒོ་ཕྱེས་པ་ན། དྲན་མེད་ཀྱིས་ས་ལ་འགྱེལ་བཞིན་པ་ན། གྲོགས་པོ་དེས་བདག་ལ་འཇུས་ཏེ། སའི་སྒང་དུ། བདག་འགྱེལ་བཅུག་མེད་པ་དྲན། དེའི་དུས་ ང་ལོ་ངོ་སོ་ལྔ་སོ་དྲུག་ཅིག་ཡིན་དགོས།
་
དེ་བཞིན། ༧གོང་ས་མཆོག་སྐུ་དཀྱིལ་གསལ་དྭངས་ཀྱིས་བདག་སོགས་འགྲོ་བ་རྣམས་ཀྱི་དོན་མཛད་བཞིན་བཞུགས་པར་མོས་གུས་ཀྱིས་གསོལ་འདེབས་ཡང་ཡང་ཞུའོ།
་
ད་རྣམ་པ་ཚོ་ལ་ཞུ་ཡ་གང་ཡང་མིན་འདུག སྲིད་སྐྱོང་མཆོག་གི་གསལ་བཤད་ལ་ཡང་ཡང་བསྐྱར་ཞིག་གཟིགས་དང་གོ་བ་ཞིག་ལོན་རྒྱུ་ཡོད་སྙམ། དྲ་སྣེ་འདིར་འབུལ་གྱི་ཡོད།
https://www.youtube.com/watch?v=HKECn0ZJ26U
ཆབ་སྲིད་ཀྱིས་རྐུ་སྟེགས་ཆེད་དུ་བོད་དོན་དང་བདེན་པ་རྒྱབ་ཏུ་བསྐྱུར་ན་ལས་འབྲས་སྙོགས་པ་རེད་ལ་་་ལྷག་པར་དུ་དུས་འབབ་ཀྱི་ངོ་འགོག་རྒྱབ་འདུན་གྱིས་ལས་ལ་བཞུགས་ནས་གནས་ཚུལ་མི་སྤེལ་བ་ནི་ཕྱོགས་རིས་ཀྱི་བློ་མིག་སྒྲིབས་པའི་རྟགས་མཚན་རེད་ལ་ཚད་ལྡན་གྱི་གསར་ཤོག་ཞིག་ཀྱང་མ་རེད་་་དོན་ངོ་མ་ད་རེས་ཀྱི་གནང་དང་དེ་སྲིད་སྐྱོང་གི་ནོར་འཁྲུལ་ཚབ་ཆེན་ཞིག་དང་མ་འོངས་པ་ན་དེའི་འཇུག་འབྲས་ཀྱི་རང་ཉིད་ནག་པོ་རུ་མི་འགྱུར་བའི་ངེས་པ་ཡང་མིན་འདུག་པས་ཕྱག་ལས་གནང་དུས་དྲང་ཚུགས་དང་ཕྱི་གསལ་ནང་གསལ་བྱུང་ན་༧གོང་ས་མཆོག་གི་དགོངས་བཞེད་དང་བོད་མི་རིགས་ཀྱི་མི་མང་གི་འོས་འདེམས་ཞུས་པའི་སྲིད་སྐྱོང་གི་མཚན་སྙན་གོང་དུ་འདེགས་ཐུབ་དེ་ལས་ལྡོག་ན་ཧ་ཅང་གི་བླ་ཕམ་གྱི་མི་རིགས་དེར་གོད་ཆག་དོན་མི་བཟའ་བ་ཞིག་ཡོང་བར་ངེས།།
ཨ་རི་ནིའུ་ཡོག་ནང་གཏན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཚོགས་པ་ཞེས་པ་འདི། འཛུགས་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཙོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་པའི་ལས་བྱེད་འགའ་ཤས་རེད། བཟུང་མཁན་རྒྱབ་སྐྱོར་དང་། ལྟག་སྒོ་ལྡན་པའི་ལས་བྱེད་ཁ་ཤས་ཀྱིས་མི་རེས་ལོ་ངོ་གསུམ་ཅུ་བཞི་བཅུ་ཙམ་རེ་བཟུང་ནས་ཕར་བལྟས་ན། ཕལ་ཆེར་སྒེར་འཛུགས་ཚོང་ཁང་ཧ་ཅང་ཆེ་བ་ལྟ་བུ་ཞིག་ཡོད། འགན་འཛིན་རྙིང་པ་རིན་ཆེན་དར་ལོས་ལོ་ངོ་གསུམ་ཅུ་ཙམ་གྱི་རིང་སྒེར་རྒྱུ་གསོག་སའི་གནས་ཆེ་ཤོས་དང་། ད་ལོ་ཁོང་དགོངས་པ་ཞུས་ནས་དེའི་ཚབ་ཏུ་ཟམ་གདོང་སྤྲུལ་སྐུ་བཀའ་ཁྲི་ཐེངས་གཉིས་པའི་སྐབས་ཁོང་གི་བློ་སྙིང་བྲང་གསུམ་གཏད་སའི་རིགས་ཀྱི་བུ་བློ་བཟང་སྙན་གྲགས་བཀའ་བློན་དུ་ཐེན་པར་སྤྱི་འཐུས་ནས་མང་མོས་མ་བྱུང་སྟབས། རྒྱ་ཡན་དུ་གཏོང་བར་མ་བཟོད་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ནང་ཟ་འདུག་སྤྱོད་གསུམ་ཆོག་པའི་ལས་བྱེད་དུ་ཐུབ་ན་ཇི་སྲིད་འཚོ་ཡི་བར་དུ་བཏང་བ་ཁོང་། ད་ལོ་ཐེབས་རྩ་ཁང་གི་འགན་འཛིན་དུ་བསྐོས་གཞག་བྱུང་བའི་ལོ་རྒྱུས་སྙིང་བསྡུས་སུ། ཡུན་རིང་ཐུང་ཇི་ཙམ་ཟ་ཐུབ་མིན་དེ་སྐབས་བབས་སྲིད་སྐྱོང་གི་བོད་མི་རིགས་དང་། རྒྱལ་ཁབ་ལ་བཅངས་པའི་ལྷག་བསམ་ཁོ་ན་ལས་གཞན་བཤད་ཚོད་ཐུབ་པར་དཀའ།།
འབྲོང་བུ་སོག་ཚ་ལགས་
ཁྱེད་རང་ནས་སུང་པ་བདེན་པངས་འདྲ་པོ་གལ་མི་འདུག་མ་ཟད་དུས་ཚོད་ཆ་ནས་བཤད་ན་མི་རེར་ལོ་གསུམ་བཅུ་དང་བཞི་བཅུ་གཉིས་རྒྱབས་ན་ལོ་ངོ་བདུན་བཅུ་ཆགས་ཀྱི་འདུག་འོ་ན་བོད་ཀྱི་ཐེབ་ཙ་ཙུགས་ནས་ལོ་དང་ཙིས་ན་ཧེ་འཕགས་ཆེན་པོ་འདུགས་པས་ཁྱེད་རང་ནས་བཤད་པ་ཧམ་ཤད་མེ་འགྲོ་
ཡ་ང་སྙིང་རྗེ་མེད་པའི་མི་ཞིག་རེད་ཨ།
སྲིད་སྐྱོང་དང་དོན་གཅོད་གསར་རྙིང་གི་སྐོར་ལ་བོད་མི་རྣམས་ཀྱིས་སྐད་ཆ་བཤད་པ་མང་ཆེ་བ་ཞིག་ཧ་ལམ་ནོར་འདུག སྲིད་སྐྱོང་གིས་དོན་གཅོད་བརྗེས་པ་ནི་ཡོང་ཆོག་པ་ཞིག་རེད། དེ་ནི་ཁོའི་དབང་ཚད་རེད། ཁྲིམས་དང་མཐུན་པའི་དབང་ཚད་རེད། འདོད་ན་ཡང་དེ་རེད། མི་འདོད་ན་ཡང་དེ་རེད། དེ་ལ་བཤད་རྒྱུ་ཅི་ཡང་ཡོད་མ་རེད། ད་གང་ན་ནོར་ཡོད་རེད་ཟེར་ན། སྲིད་སྐྱོང་གི་མི་གཤིས་ལ་ཐུག་ཡོད་རེད། ཞེ་ས་མ་བཤད་ན་ཁོང་མི་མ་རབས་ཤིག་ཡིན་པ་དེ་བསྟན་པ་རེད། ཁོང་སྤྱོད་པ་སྡུག་ཇག་ཡོད་པ་དེ་བསྟན་པ་རེད། དེ་ག་འདྲ་རེད་ཟེར་ན། མི་ཕར་ཕྱོགས་དེས་རང་ལ་གུས་ཞབས་བྱེད་ཀྱི་མི་འདུག་བསམས་དུས་ཙ་ལ། དེ་ལ་རྒྱུ་མཚན་བཙལ་ནས་ཁག་འཇོག་བྱས་ཏེ་ལས་ཀ་ནས་ཕུད་བཞག་པ་རེད། དེ་དུས་ཁོང་གི་སེམས་ལ་ཡ་རབས་ཀྱི་བསམ་བློ་ཡོད་མ་རེད། བཟང་སྤྱོད་ཀྱི་གཤིས་ཀ་ཡོད་མ་རེད། མཐའ་ན་དོན་གཅོད་ཨ་རི་ལ་ཡོང་སྐབས་ནང་མི་ལ་བརྡབས་གསིག་བཏང་ནས་ཡོང་མ་ཐག་པ་རེད་ལ། ཨ་རི་ནས་ནང་མི་ལ་འཕྲད་ངེས་པའི་དཀའ་ངལ་དེ་ཚོ་ཡང་སྲིད་སྐྱོང་གིས་གསལ་བོར་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་ཁོང་གི་སེམས་ལ་ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པ་རེད། དེ་འདྲའི་མི་གཅིག་ལ་ད་དུང་ཡང་ངར་ངར་བྱས་ཏེ་རྒྱབ་སྐྱོར་བྱེད་པ་ནི་ཧ་ཅང་ཡིད་ཕངས་པའི་གནས་ཚུལ་ཞིག་རེད། ༧གོང་ས་མཆོག་རྩ་ཆེན་པོ་ཡིན་ན་༧གོང་ས་མཆོག་གིས་བོད་མི་རྣམས་ལ་བསླབ་བྱ་བརྒྱབ་པའི་སྙིང་པོ་ནི་ཡ་རབས་བཟང་སྤྱོད་རེད། ཡ་རབས་བཟང་སྤྱོད་ལ་ཐུག་དུས་བོད་མི་ཚོས་ཁ་ནས་བཤད་རྒྱུ་ཞིག་རེད་མ་གཏོགས་ལག་ལེན་ལ་འདེབས་རྒྱུ་ཞིག་དཀོན་སེ་འདུག་ག འདི་ཧ་ཅང་སྐྱོ་པོ་རེད། གཟིགས་དང་། ཧ་ཅང་སྐྱོ་པོ་རེད།
ཡ་རབས་བཟང་སྤྱོད་ཁ་དང་ལྕེ་ལ་སྦྱར་།
མ་རབས་སྤྱོད་ངན་མངོན་སུམ་་ལག་ལེན་ལྟར་།
བོད་མིའི་བཟང་སྤྱོད་ནམ་མཁའི་དབྱིངས་སུ་ཡལ་།
རང་དོན་སྒྲུབ་པའི་ཐབས་ལམ་མི་འགོ་བསྐོར་།
སྐོུ་སྤེན་པ་ལགས། རྗེས་མའི་སྲིད་སྐྱོང་ལ་ངེས་པར་བཞེངས་རོགས་གནང། ཁྱེད་མེད་ན་མེད་ཐབས་ཡིན།
གང་འདྲ་ཡིན་ན་་་་་