ཆུ་སྐྱེས་སྒྲོལ་མས།
༼འདི་ནི་གུས་མོས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་ནང༌། བོད་ཀྱི་དུས་ཆེན་སྐོར་སྙན་སྒྲོན་རྒྱང་བསྲིང་ཞུ་བའི་མ་ཟིན་ཡིན། མ་གཞི་བྱས་ན། དོན་གནད་ཁག་གི་ཐད་འབྲེལ་ཡོད་རིགས་ལ་བཅར་འདྲི་དང་བགྲོ་གླེང་སྦྲགས་མའི་རྒྱང་བསྲིང་གི་སྒྲ་སྐད་དང་ལྡན་པ་ཞིག་ཡིན་ནའང༌། དྲ་ཚིགས་ནང་འདིར་སྒྲ་སྐད་སྐོར་འགོད་སྟངས་མ་ཤེས་ནས་རེ་བཞག་མཉམ་སྦྱར་མ་ཐུབ་པར་ཡོད། ༽
ད་བྱས་ན། དེ་རིང་གི་ལེ་ཚན་འདིའྀ་ནང༌། བོད་དབུས་ཁུལ་གྱི་དུས་ཆེན་གྲགས་ཅན། དཔལ་ལྷ་རི་རབ་ཀྱི་སྐོར་དེ་སྙན་སྒྲོན་ཞུ་གི་ཡིན།
ལྷ་ས་ཁུལ་གྱི་ཤོད་སྲོལ་ལ། ལྷ་ས་དཔལ་ལྷའི་རི་ཁྲོད། ཞོལ་པ་དགའ་ལྡན་ལྔ་མཆོད། ཅེས་བཤད་སྲོལ་ཡོད། དེའི་གོ་དོན་སྙིང་པོ་ནི། དཔལ་ལྷའི་རི་ཁྲོད་ཀྱི་ཉིན་དེར། ལྷ་སའི་གཡས་གཡོན་དུ་བཞུགས་མཁན་གྱི་གྲོང་མི་དང་སྤུན་མཆེད་རྣམས། ལྷ་སའི་གཙུག་ལག་ཁང་དུ། མཆོད་མཇལ་ཞུ་བ་དང་དཔལ་ལྷ་མོ་མཇལ་དུ་ཕེབས་ཀྱི་ཡོད་པ་དང༌། སྐབས་དེར་ལྷ་ས་བ་ཚོས་ཞོལ་བ་རྣམས་སྐུ་མགྲོན་དུ་སྐད་བཏང་ནས། གསོལ་ཚིགས་འདེགས་སྲོལ་ཡོད། ཡང་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོར། ཞོལ་པ་རྣམས་ཀྱིས་ལྷ་ས་པ་རྣམས་སྐུ་མགྲོན་དུ་འབོད་པ་དང༌། གསོལ་ཚིགས་འདེགས་སྲོལ་ཡོད། བོད་དབུས་ཁུལ་དང༌། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་གཡས་གཡོན་གྱི་བོད་མི་ཚོར་མཚོན་ན། དཔལ་ལྷ་རི་རབ་ཀྱི་དུས་ཆེན་འདི་ནི། དགའ་སྣང་ཆེ་ཤོས་བྱེད་པའི་དུས་ཆེན་གྱི་གྲས་ཤིག་ཡིན།
དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་དངོས་གཞི་དེ་ནི། ལོ་རེའི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཡིན་ཞིང༌། ཉིན་དེར། ལྷ་ལྡན་གཙུག་ལག་ཁང་གི་གནས་སྲུང་དཔལ་ལྷ་དྲག་མོར་ལྷ་གསོལ་ཞུ་བའི་དུས་ཆེན་ཞིག་ཆགས་ཀྱི་ཡོད། དཔལ་ལྷའི་གསོལ་བའི་དུས་ཆེན་གྱི་ཐོག་མའི་བྱུང་རིམ་སྐོར་ལ། བོད་ཀྱི་དམངས་ཁྲོད་དུ་སྙན་འཇེབསལྡན་པའི་ཤོད་སྲོལ་ཞིག་ཡོད་པ་དེའི་སྐོར་ཞུས་ན། གཙུག་ལག་ཁང་གི་སྲུང་མ་ཆེན་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་ཕྲུ་གུ་བུ་མོ་གསུམ་བྱུང་བ་ལས། ཆུང་བའི་མིང་ལ་དཔལ་ལྷ་ཤིག་མོ་ཞུ་བ་དང༌། དེ་ནི་དམག་ཟོར་རྒྱལ་མོས་ཁོང་གི་དབུ་ལ་ཤིག་མང་པ་ཡོད་ཙང༌། བུ་མོ་ལ་ཐེངས་མང་པོ་སྒྲུག་བཅུག་པ་ཡིན་ནའང༌། བུ་མོ་དེས་ཨ་མ་ལགས་ཀྱི་ཞལ་ལ་མ་ཉན་ནས། དུས་རྟག་ཏུ་རྩེད་འཇོར་གཡེང་བསྡད་པ་རེད་ཟེར། དམག་ཟོར་རྒྱལ་མོ་ཁོང་ཁོང་ཁྲོ་ལངས་ནས། བུ་མོ་ཁོང་གི་གཟུགས་པོ་ཡོངས་རྫོགས་ལ་ཤིག་གིས་ཁྱབ་པར་ཤོག་ཅེས། སྨོན་ལམ་ལོག་པ་བཏབས་གནང་བས། ཕྱིས་སུ་དཔལ་ལྷ་ཤིག་མོ་ཞེས་ལུས་ཡོངས་རྫོགས་ཤིག་གིས་གཡོག་ནས་ཡོད་པ་ཞིག་ཆགས་པར་བཤད།
བུ་མོ་འབྲིང་བའི་མཚན་ལ་གདོང་བཙན་རྒྱལ་མོ་ཞུ་གི་ཡོད་པ་དང༌། དེས་ནི་དུས་རྟག་ཏུ་ཨ་མ་ལགས་ལ་ཁ་ལན་སློག་གི་ཡོད་སྟབས། ཨ་མས་མོ་རང་སློང་མོ་བ་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབས་པ་ལ་བརྟེན་ནས། མཐར་མ་དེར་གཙུག་ལག་ཁང་གི་ལྷོ་་ངོས་ཀྱི་རྡོ་སྟེང་དུ་སློང་མོ་བའི་ཚུལ་གྱིས་བཞུགས་ནས་ཡོད་པ་ཞིག་དེང་སང་ཡང་མཇལ་རྒྱུ་ཡོད། དེ་ནི་ལམ་གྱི་མགྲོན་པོ་རྣམས་ཀྱིས་མཆོད་འབུལ་ཁོ་ནར་བརྟེན་ནས་བཞུགས་ཀྱི་ཡོད།
བུ་མོ་ཆེ་བའི་མིང་ལ་དཔལ་ལྷ་དྲག་མོ་ཟེར་བ་དེ་ནི། སྐྱེས་པ་ཕོ་གང་བྱུང་མང་བྱུང་དང་མཉམ་དུ་ཆགས་པ་སྤྱོད་པ་ཞིག་ཆགས་སྟབས། ཨ་མ་དམག་ཟོར་རྒྱལ་མོས། མོ་རང་ལ་ཚེ་གང་པོར་ཁྱོ་ག་གཅིག་ཀྱང་མི་རག་པར་ཤོག གལ་སྲིད་རག་པའི་དབང་དུ་བཏང་ནའང༌། ཁྱོ་ག་དེ་དང་ལོ་གཅིག་ལ། དུས་གཅིག་ལས་ཐུག་འཕྲད་མི་ཡོང་བར་ཤོག་ཅེས་སྨོན་ལམ་བཏབས་པས། ཕྱིས་སུ་དཔལ་ལྷ་དྲག་མོར་ཁྱོ་ག་གཅིག་རང་བྱུང་བ་དེ་ནི། དེ་སྔར་གཙུག་ལག་ཁང་གི་ཇོ་བོའི་སྐུ་སྲུང་ཡིན་པ་ཆོས་སྐྱོང་རྫོང་བཙན་རེད།
དེ་ཡང༌། ཁོང་གཉིས་ལོ་གཅིག་ལ་ཐེངས་གཅིག་ལས་མཇལ་འཕྲད་གནང་ཐུབ་ཀྱི་མེད་དོན་ནི། དཔལ་ལྡན་དམག་ཟོར་རྒྱལ་མོས། ཆོས་སྐྱོང་རྫོང་བཙན་ནི། རང་གི་བུ་མོ་བློ་འབྲིད་མཁན་ཡིན་ཞེས། གཙུག་ལག་ཁང་ནས། ལྷ་སའི་སྐྱིད་ཆུའི་ཁ་གཏད་ལ་ཡོད་པའིགྲིབ་ཚེ་མཆོག་གླིང་ལ་རྒྱང་ཕུད་བཏང་ཙང༌། དུས་དེ་ནས་ཁོང་གཉིས་ལོ་གཅིག་ཐུག་འཕྲད་ཐེངས་གཅིག་ལས་གནང་ཐུབ་ཀྱི་མེད་པ་རེད་ཞེས་ཤོད་སྲོལ་འདུག དེ་ལ་བརྟེན་ནས། ལོ་གཅིག་གི་དུས་ཚོད་ནང་ལ། དཔལ་ལྷ་དྲག་མོ་དང་གྲིབ་རྫོང་བཙན་གཉིས། ཕན་ཚུན་ཞལ་མཇལ་འཕྲད་ཀྱི་ཉིན་མོ་གཅིག་ཡོད་པ་དེ་ནི། བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཆགས་ཀྱི་ཡོད་པ་དང༌། ཁོང་བཟའ་ཟླ་གཉིས་ཀྱི་ཞལ་མཇལ་བའི་ཆོ་ག་དེ་རིམ་པས་གྲ་རྒྱས་པོ་ཆགས་ནས། དཔལ་ལྷའི་དུས་ཆེན་འདི་བྱུང་བ་ཡིན་པ་རེད་འདུག
དེ་ཡང་དཔེར་ན། དཔལ་ལྷ་དྲག་མོ་གཙུག་ལག་ཁང་གི་ཕྱི་ལ་གདན་འདྲེན་བྱེད་པའི་སྐབས་ལ་མཚོན་ན། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར་དགེ་འདུན་པ་ཚོས། དཔལ་ལྷ་མོའི་སྐུ་གསོབ་བར་སྐོར་ནང་གདན་ཞུའི་སྐབས་སུ། བར་སྐོར་གྱི་ཤར་ལྷོ་མཚམས་སུ་གདན་འདྲེན་ཞུས་ནས། དེར་བཞུགས་པའི་སྤུན་མཆེད་ཆུང་བ་གདོང་བཙན་རྒྱལ་མོ་དང༌། མཇལ་འཕྲད་བྱེད་དུ་འཇུག་པ་དང༌། དེ་ནས་དཔལ་ལྷ་དྲག་མོའི་སྐུ་གསོབ་དེ། གྲིབ་ཚེ་མཆོག་གླིང་གི་ཕྱོགས་ལ་ཁ་ཕྱོགས་སུ་བཅུག་ནས་འཇོག་པ་དང༌། དེའི་སྐབས་སུ་གྲིབ་ཚེ་མཆོག་གླིང་གི་ཕྱོགས་ནས་ཀྱང་རྫོང་བཙན་ཆོས་སྐྱོང་གི་ཞལ་དེ་ཚུར་བྱང་ཕྱོགས་གཙུག་ལག་ཁང་གི་ཕྱོགས་སུ་ཞལ་ཚུར་སློག་ནས་འཇོག་སྲོལ་ཡོད་པ་དེ་ནི། དཔལ་ལྷ་མོ་དང་རྫོང་བཙན་གཉིས་ལོ་གཅིག་དུས་གཅིག་གི་ཞལ་རས་མཇལ་བའི་དུས་ཚོད་དེ་རེད།
དུས་ཆེན་སྲུང་བརྩི་ཞུ་སྟངས་ཀྱི་སྐོར་དེ་དཔྱད་གཞིའི་ཡིག་ཆ་ཁག་ལ་གཞི་བཞག་པ་ཡིན་ན། དེ་སྔའི་མཛད་སྒོའི་སྐོར་ནས་ཞུས་པ་ཡིན་ན། དེ་ནི། བོད་ཟླ་བཅུ་པའི་ཚེས་བརྒྱད་དགུ་ཙམ་ནས་མགོ་ཚུགས་ཀྱི་ཡོད་པ་རེད། རྨེ་རི་དགོན་པའི་དགེ་འདུན་པ་ཚོས། གཙུག་ལག་ཁང་གི་དཔལ་ལྷའི་ལྕོག་ལ་གཏོར་སྒྲུབ་ཚུགས་སྲོལ་ཡོད་པ་དང༌། གུང་ཐང་བླ་མ་ཞང་གིས་གཏེར་ནས་བཞེས་པའི་དཔལ་ལྷ་དྲག་མོའི་ཞལ་འབག་གདན་འདྲེན་ཞུས་ནས། དཔལ་ལྷའི་ལྕོག་གི་སྒོ་འགྲམ་གྱི་ཀ་ཕིབས་འོག་ལ། དཔལ་ལྷའི་ཞལ་ལྷོ་རུ་གཟིགས་ནས་བཞུགས་བཅུག་པའི་མདུན་ལ། མཆོད་པའི་རྫས་སྣ་ཚོགས་བཤམས་ནས་མཆོད་བསྟོད་བྱེད་པ་དང༌། སྐབས་དེར། མཆོད་མཇལ་ཞུ་མཁན་ཚོས་ཀྱང༌། བསང་གསོལ་དང་གསེར་སྐྱེམས་འབུལ་བ་སོགས་ཞུས་ནས་མཆོད་སྲོལ་ཡོད་པ་པ་ཞིག་ཡིན་ལ། དཔལ་གསོལ་མ་ཞེས་དཔལ་ལྷ་མོ་གསོལ་མཁན་བུད་མེད་བཅུ་གྲངས་ཤིག་དམིགས་འཛུགས་བྱེད་སྲོལ་ཡོད་ཅིང༌། བུད་མེད་དེ་ཚོས་རྒྱན་གོས་གཟབ་འཆོར་སྤྲས་ཏེ། དཔལ་ལྷའི་ལྕོག་གི་སྒོ་འགྲམ་དུ་གྲལ་བསྒྲིགས་ནས་བསྡད་དེ། དཔལ་ལྷའི་ལྕོག་ཏུ་བཞུགས་པའི་དགེ་འདུན་པ་ཚོས། དཔལ་ལྷ་ཞི་བ་དང་དྲག་མོའི་གསོལ་མཆོད་ཞལ་འདོན་གནང་བ་དེ་དང་མཉམ་དུ་ཞལ་འདོན་སྐྱོར་བ་སོགས་བྱས་ནས་གསོལ་མཆོད་བྱེད་སྲོལ་ཡོད། ཚེས་བཅུ་བཞི་ཉིན་དྲག་མོའི་སྐུ་གསོབ་དེ། གཙུག་ལག་ཁང་གི་ཡང་སྟེང་ཁྱམས་རའི་འོག་ཏུ་གདན་འདྲེན་པ་དང༌། དེའི་ཉིན་མོར། བཀའ་ཤག་ལྷན་རྒྱས་ནས་འཕྲིན་བཅོལ་གཏོང་བ། གཞུང་ཞབས་ཚོས་གསེར་སྐྱེམས་འབུལ་བ་སོགས་གནང་སྲོལ་ཡོད་པ་རེད་འདུག ཚེས་བཅུ་བཞིའི་ཉིན་གྱི་གསོལ་མཆོད་གྲུབ་རྗེས། དངོས་གྲུབ་གཏོར་མ་ཞེས། མང་ཚོགས་ལ་ཚོགས་གཏོར་མ་འགྲེམས་སྐབས་འཚང་ཁ་ཆེ་ཞིང༌། ཚོགས་གཏོར་དེ་ནི་དངོས་གྲུ
བ་རྩ་ཆེ་ཤོས་ལྟ་བུར་བརྩི་བ་ཡིན།
བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན། དཔལ་ལྷའི་དུས་ཆེན་དངོས་གཞིའི་མཛད་སྒོར་མཚོན་ན། ཉིན་དེའི་ཞོགས་པ་སྔ་པོར། ལྷ་ས་ཁུལ་གྱི་ཁྱིམ་་འཛིན་བུད་མེད་ཚོ་འཚང་ཁ་ཤིག་ཤིག་གིས་དཔལ་ལྷ་མོར་མཆོད་མཇལ་དུ་འགྲོ་བ་དང༌། དེ་ནས་ཉི་འོད་ས་གཞིར་ཁྱབ་པ་དང་མཉམ་དུ། དཔལ་ལྷའི་སྐུ་བརྙན་དེ། གཙུག་ལག་ཁང་གི་ཁྱམས་རའི་མཐིལ་དུ་གདན་དྲངས་པའི་སྐབས་ལ། བླ་བྲང་ཕྱག་མཛོད་ལས་ཁུངས་ནས་སྙན་ཤལ་འབུལ་བ་སོགས་གྲུབ་རྗེས། གཙུག་ལག་ཁང་གི་སེང་སྡེང་སྒོ་མོ་དང༌། ཁྱམས་ར་བརྒྱུད་ནས་དཔལ་ལྷ་བར་སྐོར་དུ་གདན་འདྲེན་ཞུ་བ་དང༌། དེའི་སྐབས་སུ་བར་སྐོར་དུ་འཛོམས་པའི་མཆོད་མཇལ་བ་ཚོས། སྙན་ཤལ་འབུལ་བ་དང་མཆོད་མཇལ་བྱེད་སྲོལ་ཡོད།
དཔལ་ལྷ་མོ་གཙུག་ལག་ཁང་ནས་ཐོན་ཏེ་ཐོག་མར་ཀླུ་སྦུག་ཏུ་ཕེབས་རྗེས། གཏོར་ཟོར་འཕེན་པ་དང༌། དེ་ནས་ཁྲོམ་གཟིགས་ཁང་གི་ཐང་སྡེར་བར་སྐོར་གྱི་ཤར་ལམ། ལྷོ་ངོས་སུ་གཏོར་ཟོར་འཕེན་པའི་མཛད་སྒོ་བཅས་ཡོད། གང་ལྟར་ཉིན་འདིར། ལྷ་མོ་ཕེབས་ལམ་འཁེལ་ས་དག་ན་ཡོད་པའི་ཁྱིམ་མི་ཚོས། སྙན་ཤལ་འབུལ་བ་སོགས་བྱས་ནས་མཆོད་སྲོལ་ཡོད།
དུས་ཆེན་འདི་དང་འབྲེལ་བའི་ཡུལ་སྲོལ་གྱི་སྐོར་ནས་ཞུས་ན། དེ་སྔར་མཚོན་ན། བུ་མོ་ལོ་ན་བཅུ་དྲུག་ཟིན་སྐབས་སྤ་ཕྲུག་གཡོག་སྲོལ་གྱི་མཛད་སྒོ་དེ་ཡང༌། དཔལ་ལྷའི་དུས་ཆེན་གྱི་ཉིན་འདིར་བྱེད་པ་ལྟ་བུར་ཡོད་པ་དང༌། གཞན་ཡང༌། དཔལ་ལྷའི་དུས་ཆེན་འཆར་ལ་ཉེ་བའི་དུས་ཚོད་དེའི་ནང་ལ། དགའ་ཉེ་སྤུན་མཆེད་དང༌། གྲོང་པ་ཁྱིམ་མཚེས་ཀྱི་ཕྲུ་གུ་ལོ་ཆུང་ཚོ། གཡོག་པོའི་རིགས་བཅས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད་པར། དེ་ལ་མང་ཉུང་ལ་མ་ལྟོས་པའི་དངུལ་སྟེར་སྲོལ་ཡོད་སྟབས། དཔལ་ལྷའི་དུས་ཆེན་འཆར་ལ་ཉེ་བའི་དུས་ཚོད་དེ་ནི་དབུལ་ཁུལ་གྱི་ཕྲུ་གུ་ཚོར་དངུལ་གསོག་པའི་དུས་ཚོད་ཡག་ཤོས་ཤིག་ཀྱང་ཆགས་ཀྱི་ཡོད། ལྷ་ས་ཁུལ་ལ་ཡིན་ན། དེང་སྐབས་དཔལ་ལྷའི་དུས་ཆེན་འཆར་ཉེའི་སྐབས་ལ། བུད་མེད་ཚོས་སྐྱེས་པ་ཚོར་དངུལ་དང་རྔན་པ་སློང་སྲོལ་ཞིག་དར་བཞིན་ཡོད་འདུག ཉིན་འདིར་གནམ་གཤིས་མ་འདྲ་བ་ཞིག་སྟོན་གྱི་ཡོད་པ་ནི། ཉིན་འདིའི་ཕྱི་དྲོ་བོད་ལྷ་ས་ཁུལ་གྱི་གཤམ་གཤིས་ནི་ཧ་ཅང་གི་རླུང་འཚུབ་ཅན་གྱི་ལྷགས་པ་ཚ་པོ་ཞིག་ལྡང་གི་ཡོད་པར། བོད་མི་ཚོས་ལྷ་མོ་ར་བཟི་བ་རེད་ཅེས་ཤོད་སྲོལ་ཡོད།
དཔྱད་གཞི་དང་ཁུངས་བཅོལ་ཞུ་ཡུལ་ཡིག་ཆ།
༡ ༼བོད་ཀྱི་ཡུལ་སྲོལ་རྣམ་བཤད༽ རྡོ་དགོན་གསང་བདག་རྡོ་རྗེ་དང་དགའ་བ་པ་སངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།
༢ ༼དུང་དཀར་ཚིག་མཛོད་ཆེན་མོ༽ དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་
༣ ༼བོད་ལྗོངས་ཡུལ་སྐོར་སྣེ་ཤན༽ ནོར་བུ་བསམ་འགྲུབ་ཀྱིས་བརྩམས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་
༤ ༼པོ་ཏཱ་ལ་དུས་དེབ༽ སྤྱིའི་འདོན་ཐེངས་ ༣༡ རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང༌།
༥ ༼པོ་ཏཱ་ལ་དུས་དེབ༽ སྤྱིའི་འདོན་ཐེངས་ ༣༦ རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང༌།
༦ www.qhtb.cn www.tibetculture.net སོགས་དྲ་ཚིགས་ཁག་ཅིག་བཅས་ལ་ཁུངས་བཅོལ་ཞུས་ཡོད།
ལྷ་ས་དཔལ་ལྷའི་རི་ཁྲོད། ཞོལ་པ་དགའ་ལྡན་ལྔ་མཆོད། འདི་ལ་ལྷ་ས་ཟེར་པ་ནི་གཙུག་ལག་ཁང་གི་མཐའ་སྐོར་ཙམ་ལ་གོ་བ་དང་། ཞོལ་པ་ཟེར་པ་ནི་པོ་ཏ་ལའི་གཤམ་གྱི་གྲོང་སྡེ་དེང་སང་རྒྱ་མིས་གཏོར་ཚར་པ་དེ་ལ་གོ་དགོས་སྙམ། དེ་བས་ལྷ་ས་བས་ལྷ་ས་ཟེར་པ་ནི་གཙུག་ལག་ཁང་མཐའ་འཁོར་གཅིག་པུར་འཛིན།
བཀླགས་ཟིན། ལྷ་སྒྲུང་དེ། དུས་རབས་འདིའི་ནང་ལ་མི་འཚམས་ཀི
པར་དང་པོ། དཔལ་ལྷ་མོ་གཙུག་ལག་ཁང་གི་སྒོ་འཕྱོར་འོག་གདན་འདྲེན་ཞུས་པ།
པར་གཉིས་པ། དཔལ་ལྷའི་ཞལ་འབག
པར་གསུམ་པ། གྲབ་རྫོང་བཙན་ཆོས་སྐྱོང༌།
པར་བཞི་པ། དཔལ་ལྷ་མོར་གསེར་སྐྱེམས་འབུལ་བ།
པར་བཞི་པ། དཔལ་ལྷའི་གསོལ་ཆང་ཞུ་བ།
བཀླགས་ཟིན། ཡག་པོ་བྲིས་འདུག ཡིན་ནའང་ལྷ་སྒྲུང་དེ། དུས་རབས་འདིའི་མིའི་སེམས་ཁམས་ལ་མི་འཚམས་ཀི
ལྷ་སྐྲུང་ཀུན་དུས་རབས་འདིའི་སེམས་ཁམས་དང་མི་འཚམས་པར་བརྗོད་མི་ཐུབ། སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་ཆོས་ལུགས་དང་འབྲེལ་བའི་ལྷ་སྐྲུང་རེ་རེ་ཡོད་ལ། ལྷ་སྐྲུང་དེ་དང་མཐུན་པའི་ནུས་ཤུགས་རེ་རེ་ཡོད་པས་ངེས་པར་དུ་སྲུང་སྐྱོབས་ཐུབ་པ་བྱེད་དགོས། ལྷ་སྐྲུང་དང་ལྷ་འདྲེ་གདོན་བགེགས་སོགས་ཡོད་པར་ཡིད་ཆེས་མེད་པ་དེ་དམར་ཕྱོགས་པའི་ལྟ་གྲུབ་གཙོ་བོ་རེད། དམར་ཕྱོགས་པའི་ལྟ་གྲུབ་ཡིན་པ་ཙམ་གྱིས་འདོར་དགོས་པ་མིན་ཀྱང་། གལ་སྲིད་ལྷ་སྐྲུང་སོགས་ནོར་འཁྲུལ་ཅན་དུ་བརྩིས་ན་དམར་གཞུང་གིས་བོད་དུ་ལག་བསྟར་བྱས་པའི་ལོ་རྒྱུས་མང་པོ་ཞིག་མ་ནོར་པ་དང་དུས་རབས་འདི་དང་འཚམས་པ་ཞིག་ཡིན་པར་ཁས་ལེན་གནང་དགོས་པ་མིན་ནམ།
ལྷ་སྐྲུང་ཁས་ལེན་མེད་ན་ལྷ་དེ་ཡང་ཁས་ལེན་ཐབས་མེད། དེ་ལྟར་ན་དཔལ་ལྡན་ལྷ་མོ་དང་གནས་ཆུང་སོགས་ལ་བོད་གཞི་བྱེས་གཉིས་ཀྱིས་ཡིད་ཆེས་བྱེད་བཞིན་པ་དེ་དག་ནོར་ཡོད་པའི་རྒྱུ་མཚན་བཤད་དགོས་པར་སྣང་། ལྷག་པར་དུ་བོད་མའི་སྤྱི་ཚོགས་ལ་བསམ་ན་ལྷ་སྐྲུང་གི་རིགས་དེ་དག་སེམས་ཁམས་དང་ཤིན་ཏུ་མཐུན་པ་མིན་ནམ་སྙམས།།
ལྷ་སྒྲུང་དེ་རྫུན་མ་ཡིན་ན་ལྷ་དེ་མེད་དགོས་པ་མེད། ལྷ་སྒྲུང་ཟེར་བ་དེ་ཚོ་མི་སོ་སོའི་སེམས་ཁམས་དང་མཐུན་པར་བཟོས་ཡོང་གི་ཡོད་པ་རེད། དཔེར་ན་ངས་ལྷ་སྒྲུང་གཉིས་བཤད། རིགས་གསུམ་མགོན་པོ་ལས། གསང་བདག་ཕྱག་ན་རྡོར་རྗེ་དང་། རྗེ་བཙུན་འཇམ་པའི་དབྱངས་གཉིས་ལྷ་མོ་སྒྲོལ་མའི་ཆེད་དུ་མ་འཆམ་པར་རྒྱག་རེས་ཤོར། གཅིག་གིས་རལ་གྲི་བཟུང་ནས་ཤོར། གཅིག་གིས་རྡོར་རྗེ་བཟུང་ནས་ཤོར་བ་ན། སྤྱན་རས་གཟིགས་རྒྱུགས་ཡོང་ནས་ཁོང་གཉིས་ཀའི་བར་ལ་ཐལ་མོ་སྦྱར་ནས་ད་ཁྱོད་གཉིས་ཀས་རྒྱག་རེས་མ་རྒྱག་སྐུ་མཁྱེན་ཟེར་ནས་ཞུ་བ་བྱེད་བཞིན་པ་རེད་ཟེར་བའི་ལྷ་སྒྲུང་དེ་ལ་ཡིད་ཆེས་མེད་ན་ཡང་རིགས་གསུམ་མགོན་པོ་མེད་དགོས་པ་མ་རེད། དེ་བཞིན་དུ་ཛྰམ་བྷ་ལྷའི་མགོ་ལ་ཆུ་བླུ་དགོས་པ་ག་རེ་རེད་ཟེར་ན། ལྷ་མོ་ནོར་རྒྱུན་མས་རྡོ་བཞུས་ནས་རྨས་པ་རེད་ཟེར། ག་རེ་བྱས་ནས་རྡོ་བཞུས་པ་རེད་ཟེར་ན། ཁོ་ག་དུས་ཡིན་ན་ཡང་ལྷ་མོ་དབྱངས་ཅན་མ་རྐྱང་རྐྱང་ལ་མགོ་འཁོར་ནས་ལྷ་མོ་ནོར་རྒྱུན་མ་ལ་ཡ་མ་གནང་བས་མགོ་ལ་རྡོ་བཞུས་པ་རེད་ཟེར། གོང་གི་སྒྲུང་འདི་དག་དང་། བོད་པས་ལྷ་དེ་དག་གི་ཆོ་ག་བྱས་སྟངས་འདྲ་བོ་ཡོད་ན་ཡང་། དངོས་སྒྲུང་མིན་པ་དང་དོན་དངོས་མིན་ན་ཡང་། ལྷ་དེ་དག་མེད་དགོས་པའི་རྒྱུ་མཚན་མེད་པས་ཡིད་ཆེས་བརླགས་མི་སྲིད། འོན་ཀྱང་ས་ཆ་དང་དུས་དང་མིའི་སེམས་ཁམས་ཀྱི་དབང་གིས། ལྷ་སྒྲུང་ཡིན་ན་་འདྲ་དངོས་སྒྲུང་ཡིན་ན་འདྲ། བཅོས་སྒྲུང་ཡིན་ན་འདྲ། སྒྲུང་ཁ་ཤས་ཀྱི་ངོ་ནས་ཕན་ཐོག་ཡོད་པ་སྟེ། སྤྱི་ཚོགས་ཀྱི་རིག་དངོས་སྲུང་སྲུང་སྐྱོབ་བགས་ཆགས་དང་། དད་པ་དང་ཡིད་ཆེས་སྐྱེས་པར་ཕན་ཐོག་པ། དེ་བཞིན་དུ་ལས་རྒྱུ་འབྲས་སྲུང་བརྩིས། སོགས་ལ་ཕན་ཐོག་པ་དེ་འདྲ་ལོས་ཡོད། དེ་བས་གོང་དུ་ཆུ་སྐྱེས་སྒྲོལ་མས་གསུངས་པའི་རྩོམ་ཡིག་འདིས་སྒྲུང་གིས་ལམ་ནས་ལྷ་དེ་དག་གི་རྣམ་པ་བཞེངས་སྐྲུན་དང་། ལྷ་སའི་ཡུལ་མི་རྣམས་ཀྱིས་ཆོ་གའི་བྱེད་སྒོ་སོགས་ཕུན་སུམ་ཚོགས་པའི་རིགས་གཞུང་ཞིག་གླེང་གཞིར་བཟུང་འདུག་པས། ཕྱི་རབས་པ་རྣམས་ལ་དང་། ལྷག་པར་དུ་ཕྱི་ལོགས་སུ་སྐྱེས་པའི་རང་རིགས་རྣམས་ལ་ཤིན་ཏུ་ནས་ཕན་པ་ཡོད་ཀྱི་རེད་བསམ།
ཆུ་སྐྱེས་སྒྲོལ་མ་ལགས་ནས་ངོ་སྤྲོད་ཡག་པོ་ཞྀག་གནང་འདུག
ལྷ་སྒྲུང་དེ་ཡང་རིག་གནས་ཤིག་རེད། མ་གཞི་ང་ཚོས་རིག་གནས་ཟེར་བ་ལ་ངོས་འཛིན་གསལ་པོ་ཞིག་ཐོབ་པ་ཡིན་ན། ད་གཟོད་རིག་གནས་འདི་ཚོར་རིན་ཐང་མ་འདྲ་བ་རེ་ཡོད་པ་དེ་ངོས་འཛིན་ཐུབ་ཀྱི་རེད། ལྷ་སྒྲུང་རེད་ལབ་ནས་མར་གཡུག་རྐྱང་དང་། དུས་རབས་དང་འཚམ་མི་འཚམ་བཤད་ནས་ཕན་གྱི་མེད་པ་རེད། དཔལ་ལྷའི་དུས་ཆེན་གྱི་ངོ་སྤྲོད་འདི་ལ་གཞིགས་ན། ལྷ་སྒྲུང་འདི་ཡང་མང་ཚོགས་ཀྱིས་རིན་ཐང་ཞིག་མཐོང་གི་ཡོད་པ་གསལ་འདུག དུས་ཆེན་སྐོར་ངོ་སྤྲོད་འདི་འདྲ་ཕྱི་ལོགས་ནས་འཚར་ལོངས་ཡོང་མཁན་བོད་ཕྲུག་ཚོས་དངོས་སུ་རོལ་མྱོང་བྱེད་རྒྱུ་ཕར་བཞག་ནས། གོ་ཐོས་ཡང་ཧ་ཅང་ཉུང་ཉུང་རེད། འདི་ཚོ་རྩ་ཆེན་པོ་རེད། འདི་འདྲ་བྱས་ནས་ངོ་སྤྲོད་བྱས་པ་ཡིན་ན། དེ་ཡང་རིག་གཞུང་སྲུང་སྐྱོབ་རེད། མཁྱེན་ལྡན་མ་ཆུ་སྐྱེས་སྒྲོལ་མ་ལགས་ནས་ངོ་སྤྲོད་འདི་སྤེལ་བར་གུས་བརྩི་ཡོད། ད་དུང་མུ་མཐུད་ནས་འདི་ལྟར་ཕེབས་རོགས།
བདེན་པ་རེད། སྤྱིར་ལྷ་སྒྲུང་དང་དོན་སྒྲུང་གང་ཞིག་ཡིན་རུང་མིས་བཟོས་པ་ལོས་ཡིན། འོན་ཀྱང་བཟོ་མཁན་ངོས་ནས་བདེན་པའི་རྒྱབ་ལྗོངས་ཤིག་མེད་ན་སྤྱི་ཚོགས་ཀྱིས་ཕལ་ཆེར་ཁས་ལེན་ཐབས་བྲལ་བ་ཞིག་མིན་ནམ། དཔེར་ན་ང་ལྟ་བུ་ཞིག་གིས་འདིར་ལྟར། འཇལ་དཔལ་དབྱངས་དང་ཕྱག་རྡོར་གཉིས་རྗེ་བཙུན་སྒྲོལ་རྩོད་ནས་རྩོད་པ་ཤོར། འཇལ་དཔལ་གྱིས་དྲི་བཟུང་། ཕྱག་རྡོར་གྱིས་རྡོ་རྗེ་བཟུང་ནས་འཁྲུགས་པ་རྒྱབ་དུས། མི་ལ་རས་པས་གང་བཤད་ཀྱིན་འདུག་ཅེས་རྣ་ཉན་བྱས་པ་རེད་སོགས་བཟོ་ཆོག་མོད། འོན་ཀྱང་དེ་ལ་སུས་ཀྱང་ཡིད་ཆེས་མེད། བོད་ཀྱི་དགོན་སྡེ་ཁག་གི་ཕྱག་བཞེས་དང་འབྲེལ་བའི་ལྷ་སྒྲུང་དག་ནི་དོན་ལ་རྒྱུ་མཚན་རྣམ་དག་རེ་རེ་ཡོད་ཀྱང་། དེ་དག་སྤྱི་ཚོགས་ཕལ་གྱིས་རྟོགས་ཐུབ་དང་མི་ཐུབ་མིན་ཅི་རིགས་མཆིས། མ་རྟོགས་པ་ཙམ་གྱིས་དེ་སྤྱི་ཚོགས་ཀྱི་སེམས་ཁམས་དང་མི་མཐུན་པར་ཡང་བཤད་མི་ཐུབ་པ་འདྲ། དཔེར་ན་ལས་རྒྱུ་འབྲས་ཀྱི་སྐོར་སྤྱི་ཚོགས་ཕལ་གྱིས་རྟོགས་པར་དཀའ་སྟེ། ཤིན་ཏུ་ལྐོག་གྱུར་ཀྱི་གནས་ཡིན། འོན་ཀྱང་རྒྱུ་འབྲས་ཀྱི་རྣམ་གཞག་སྤྱི་ཚོགས་ཀྱི་སེམས་ཁམས་དང་མི་མཐུན་པས་དུས་རབས་འདིར་མི་འཚམས་ཞེས་བརྗོད་མི་ནུས་པ་ལྟར་མིན་ནམ་ཞེས་བཀོད་པ་ཡིན། ད་དའི་དུས་སུའང་བོད་མའི་ནང་དུ་ལྷ་དང་ལྷ་སྒྲུང་ཆེད་དུ་རྙོགས་ཟིང་འདྲ་མིན་ལང་བཞིན་པ་འདིར་གཟིགས་དང་ལྷ་སྒྲུང་དུས་དང་འཚམས་པ་ཞིག་ཡིན་མིན་རྟོགས་སླའོ།།
མ་ཟད་གཞོན་དུ་ཟླ་མེད་ཀྱིས་གསུངས་པ་ལྟར་ཕན་ནུས་དང་དགོས་པ་མང་དག་ཅིག་ཡོད་པའང་སྨྲོས་ཅི་དགོས།
Hi, acha la
ས་བཅུ་དབང་ཕྱུག་དཔལ་ལྡན་ལྷ་མོའི་རྣམ་ཐར་མི་ཤེས་མཁན་ཅིག་གིས་བྲོས་པ་དེ་ཚོ་ལ་གཞིར་བཞག་ནས་འབྲི་རྩོམ་གསར་པ་དགོས་མེད་ཅིག་རེད་འདུག འདི་འདྲའི་རིགས་ཕྱི་རྒྱལ་ཆོས་མེད་པ་དེ་ཚོས་དེ་ལས་ཡག་པ་བྲིས་ཡོད་རེད།
འོ་ཀརྡོ། ས་བཅུའི་དབང་ཕྱུག་དཔལ་ལྡན་གྱི་ལྷ་མོ་དམག་ཟོར་རྒྱལ་མོ་དང་། ལྷ་སའི་མ་ཅིག་དཔལ་ལྷ་འདི་གཉིས་གཅིག་རེད་དམ། ཁྱེད་རང་ལ་གསལ་བོ་གསུང་རྒྱུ་ཡོད་ན་མང་ཙམ་དང་གསལ་ཙམ་གསུངས་རོགས། ས་བཅུའི་དབང་ཕྱུག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོའི་རྣམ་ཐར་ནི་རྒྱུད་སྨད་གྲྭ་ཚང་གི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་རྣམ་ཐར་ཟེར་བའི་དེབ་་ཆེན་པོ་དེའི་ནང་དུ་གསལ་བོ་ཡོད་པ་ལྟ་བུ་དྲན། དེ་ནི་བླ་བྲང་སྐལ་བཟང་གིས་ལྷ་ཁ་ཤས་ཞིག་གི་རྣམ་ཐར་ཉུང་འཕྲི་བྱས་རྗེས་ཁོ་རང་གི་མིང་བཀོད་ནས་རྡ་སར་དཔར་སྐྲུན་བྱས་ཡོད་པ་རེད། དེ་ཡང་ཡག་པོ་དང་སྟབས་བདེ་བོ་འདྲ་ཞིག་རེད། འདི་དག་ནི་ཡིག་ཐོག་ནས་ཡིག་ཐོག་ལ་བཞུས་ནས་བཀོད་པ་རེད།
འོན་ཀྱང་གོང་གི་མ་ཅིག་དཔལ་ལྷའི་སྐོར་འདི་ནི་ཡིག་ཐོག་ན་མེད་པའི་དམངས་ཁྲོད་ཀྱི་བཤད་རྒྱུན་དང་། དམངས་ཁྲོད་ཀྱི་ཆོ་ག་བྱེད་སྟངས། དམངས་ཁྲོད་ཀྱི་དུས་ཆེན་བརྩི་སྲུང་བྱེད་སྟངས་སོགས་ཤིན་ཏུ་སྙིང་རྗེ་བོའི་ཐོག་ནས་ཡིག་ཐོག་ཏུ་ངོ་སྤྲོད་བྱས་འདུག་པས། དགའ་བསུ་བྱེད་འོས་པ་ཞིག་ཏུ་མཐོང་།
འོ་རེད། ཆོས་པས་ཤོད་དཀའ་བ་དེ་ཚོར་མི་མང་གི་ཁ་རྒྱུན་ལ་ཁུངས་བཅོལ་ནས། ཡང་ཆོས་མེད་དམར་པོ་གསར་པ་ཅིག་དར་བཅུགས་ཨ།
འཆན་བུ་༨་གཞོན་ནུ་ཟླ་མེད་ལྷ་སྒྲུང་དེ་གཉིས་ཚར་གཅིག་བཀླགས་རྗེས་རང་གཅིག་པུ་ཡིན་ཀྱང་མིག་ནས་འཆི་མ་མ་ཤོར་བར་བགད་པ་ཡིན་ད་ནི་རྒྱུ་མའང་ཟེར་ཀྱི་འདུག
ང་ནི་འདི་འདྲའི་རིགས་གཏན་ནས་དགའ་བོ་མེད། དད་པ་མེད། ཡིད་ཆེས་མེད། དོ་སྣང་མེད། རིན་ཐང་ཡང་མཐོང་གི་མེད། ཡིན་ན་ཡང་། འདི་ལ་རིན་ཐང་མཐོང་མཁན་གཞན་ཡོད་ན་དེ་དག་ལ་དགག་བྱ་ཡང་གཏན་ནས་མེད། རང་རང་གི་དགའ་མོས་དང་དད་མོས་ལ་རང་དབང་གིས་ལོངས་སུ་སྤྱོད་རྒྱུ་ནི་ངའི་རེ་བ་ཡིན། ང་དགའ་ས་དད་སར་ཁྱོད་ཀྱང་དགའ་དགོས་པ་དང་དད་དགོས་ཟེར་ན་དེ་ལ་ཀླ་ཀློ་ཟེར་བ་རེད། དེ་བས། “རེ་ཞིག་རང་རིགས་མཐུན་པའིོ་འཁོར་ནང་དུ། རང་རང་སོ་སོའི་སྤྱོད་ན་བསྐྱང་ན་ལེགས” ཟེར་བ་ལྟར་བྱེད་ཡ།
འདྲེ་རིགས་ལྡན་ལགས་རང་གིས་གསུངས་ཚུལ་ལྟས་ན་ངོ་མཚར་ཅན་ཞིག་ཡིན་པར་སྣང་། ཁྱེད་རང་ཁྲིམས་དང་སྒྲིག་གཞི་མེད་པའི་ལུང་པ་ཞིག་ཏུ་ཕེབས་ན་སྐྱིད་པོ་ཡོང་རྒྱུ་རེད། གཞན་ཡུལ་རིས་དང་རྒྱལ་ཁབ་གང་རུང་ཞིག་གི་ཁོངས་སུ་སྡོད་ཕྱིན་གནས་ཚུལ་རེ་ཟུང་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ནས་མི་འདོད་བཞིན་དུ་ཁས་ལེན་དགོས་པ་ལག་ཏུ་ལེན་དགོས་པ་མི་འདུག་གམ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ།། ཞེས་ཟེར་བ་དེ་ལའང་བདེན་ཆ་ཡོད་སྲིད།
བུ་མོ་དེ་ཚོའི་ཨ་མ་དེའི་ཇི་འདྲའི་སྨོན་ལམ་ལྟས་ངན་ཞིག་བཏབ་འདུག །བུ་མོ་རྒན་པ་དེ་ལ་རང་དབང་ཐོབ་པར་ཤོགས། རྒྱལ་བོ་ཡིན་ན་། བླ་མ་ཡིན་ན་། ཕ་མ་ཡིན་། སུ་དང་སུ་ཡིན་ན་རང་དབང་ལ་གཏོར་ལོག་བྱེད་ཁན་ཚོར་ང་རང་རྩ་བ་ཉིད་ནས་དགའ་བོ་མེད་།
ང་ནི་གོང་གི་ལྷ་མོ་ཆུང་བ་སྟེ། ༼དེ་ནས་དཔལ་ལྷ་དྲག་མོའི་སྐུ་གསོབ་དེ། གྲིབ་ཚེ་མཆོག་གླིང་གི་ཕྱོགས་ལ་ཁ་ཕྱོགས་སུ་བཅུག་ནས་འཇོག་པ་དང༌། དེའི་སྐབས་སུ་གྲིབ་ཚེ་མཆོག་གླིང་གི་ཕྱོགས་ནས་ཀྱང་རྫོང་བཙན་ཆོས་སྐྱོང་གི་ཞལ་དེ་ཚུར་བྱང་ཕྱོགས་གཙུག་ལག་ཁང་གི་ཕྱོགས་སུ་ཞལ་ཚུར་སློག་ནས་འཇོག་སྲོལ་ཡོད་པ་དེ་ནི། དཔལ་ལྷ་མོ་དང་རྫོང་བཙན་གཉིས་ལོ་གཅིག་དུས་གཅིག་གི་ཞལ་རས་མཇལ་བའི་དུས་ཚོད་དེ་རེད། ༽ འདི་འདྲ་བརྩེ་བ་ལ་རང་དབང་མེད་པ་ནི་འཇིག་རྟེན་ལ་ཡོད་བཞིན་པ་ཞིག་ཡིན་པས། ངོ་ནས་ལྷ་ལྷ་མོ་དེ་གཉིས་སྙིང་རྗེ་དགོས་པ་ཞིག་རེད། ལོ་གཅིག་ལ་ཉིན་གཅིག ཉིན་གཅིག་བུ་དེ་ཡང་མི་མང་གི་ཟིང་ཟིང་ཆེ་དུས་ཞིག་ལ། མི་མང་གི་གསང་ནས་རྐེད་པ་ལ་ལག་པ་འཆང་ཁོམ་ཡང་ཡོད་ན་མེད་ན་གང་ཤེས། ང་རྗེས་མ་གྲུབ་ཚེ་མཆོག་གླིང་གི་མཁན་པོ་ཆགས་སོང་ན། དཔལ་ལྷ་དྲག་མོ་རྫོང་བཙན་ལ་མནའ་མ་བསུ་གི་ཡིན། དེ་ནས་ཁོང་གཉིས་གྲུབ་ཚེ་མཆོག་གླིང་གི་སྐོར་ལམ་ཕྱི་རོལ་ནས་གཟིམ་ཁང་སྤྲོ་བོ་ཞིག་རྒྱག་གི་ཡིན།
སྐུ་ཞབས་སུ་སི་ལགས།
ལྷ་ས་བས་ལྷ་སར་ལ་ངོས་འཛིན་སྟངས་མི་འདྲ་བ་ཁག་གཉིས་འདུག
ཁག་ཅིག་སྐུ་ཉིད་ནས་གསུངས་པ་ལྟར་བར་སྐོར་རམ་གཙུག་ལག་ཁང་གི་གཡས་གཡོན་ལ་ངོས་འཛིན་པ་དང༌། ཡང་ཁག་ཅིག་གིས་ལྷ་སའི་གླིང་སྐོར་ནང་ཚུད་ཚད་དམ་སྐྱེས་ཚད་ཀྱི་ཡུལ་མིར་ངོས་འཛིན་པ་རེད།
དྲ་གྲོགས་རྣམ་པའི་མཚན་རེ་རེ་ནས་སྨྲོས་མ་དགོས་པར་འདིར་ཕེབས་པ་ཚང་མས་དགོངས་ཚུལ་དང༌། རང་རང་མོས་ཕྱོགས་ཀྱིས་བགྲོ་གླེང་གནང་བར་དགའ་འོས་པ་ཞིག་ཏུ་མཐོང༌། ལྷ་སྒྲུང་ཁས་ལེན་མ་ལེན་ལ་སྤྱིར་ཁྱད་པར་མེད། སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་ལ་སོང་ཚར་བའི་ངག་རྒྱུན་རིག་གནས་དེ་རྩ་མེད་བཟོ་དཀའ་བ་ཞིག་དང༌། དགོས་པའང་མེད་སྙམ། དེ་བཞིན་དད་ལྡན་མང་་ཚོགས་ཚོའི་བློ་ཁ་ཡང་ཚིག་རེ་གཉིས་ཀྱིས་ལྡོག་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད།
དྲ་གྲོགས་རྣམ་པ་ཚོ། ངས་དུས་ཆེན་ངོ་སྤྲོད་དེ་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ཞུ་འདོད་པ་ནི། གོང་གི་པར་གཞི་བཞི་པ་དང་ལྔ་པའི་གནས་ཚུལ་ཞིག་སྟེ། དཔལ་ལྷའི་དུས་ཆེན་མ་ཤར་སྔོན་གྱི་བདུན་ཕྲག་ཁ་ཤས་སྔོན་ནས། ལྷ་ས་དང་ཉེ་འཁོར་གྱི་གྲོང་གསེབ་དང་གྲོང་མི་ཚོས། རང་རང་བློ་མོས་ཀྱིས་རུ་སྡེ་བྱས་ནས། འབྲུ་བསྡུ་རུབ་ཀྱིས་ཆང་བཙོས་ནས། གཙུག་ལག་ཁང་དུ་བཞུགས་པའི་སྲོང་བཙན་སྒམ་པོའི་འཁྲུངས་ཕོར་བརྗེ་བ་དང་ལྷ་མོར་གསེར་སྐྱེམས་གཏོང་བ་རེད། སྐབས་དེར་འཁྲུངས་ཕོར་བརྗེ་མཁན་མང་དྲགས་པས། སྔོན་ཚུད་ནས་དུས་ཚོད་ཟུར་བཅད་ཀྱིས་གོ་སྒྲིག་དགོས། གོང་གི་པར་གཞི་ལས་གཟིགས་པ་བཞིན། ཆང་འདྲེན་མཁན་མང་དྲགས་པས། དུས་དེར་ཆང་འཁྲུངས་ཕོར་ནང་སྐར་མ་ཁ་ཤས་བཞག་རྗེས། ཆང་ཚང་མ་ཆུ་རྙིགས་མཉམ་དུ་ས་འོག་ལ་གཏོང་རྐྱང་བྱེད་ཀྱི་འདུག དེས་ང་ལ་སྤྲད་པའི་འཆར་སྣང་ནི་འབད་མེད་ལོངས་སྤྱོད་ཅིག་ལས་མ་འདས། དེ་ལས་ཆང་ཉུང་ཉུང་ཞིག་གིས་ལུགས་སྲོལ་ལྟར་གསེར་སྐྱེམས་ཤིག་ཕུལ། དངུལ་ལྷག་མ་རྣམས་ཀྱིས་ཉམ་ཐག་ཚོར་རོགས་པ་བྱེད་ཐུབ་ན་སྙམ། གང་ལྟར་དེ་ཉིན་སྒོར་མོ་སྟོང་ཕྲག་ཁ་ཤས་ས་འོག་གི་གད་རྙིག་མཉམ་དུ་འགྲོ་གི་འདུག དངོས་གནས་ལུགས་སྲོལ་བསྒྱུར་དགོས་ན་དེ་རིགས་བསྒྱུར་དགོས་པར་མཐོང༌། དུས་ཆེན་རྣམས་རིམ་པས་མུ་མཐུད་ནས་འགོད་ཀྱི་ཡིན། ཐུགས་རྗེ་ཆེ།
དུས་ཆེན་ངོ་སྤྲོད་རྒྱས་པོ་གནང་འདུག ཡག་པོ་འདུག སྲོང་བཙན་སྒམ་པོའི་འཁྲུངས་ཕོར་ནང་ཆང་མ་ཤོངས་ནས་ས་ལ་བཞུར་བཅུག་པ་ཡིན་ན། དེ་ནི་བག་མེད་ལོངས་སྤྱོད་རང་རེད། སེམས་དང་བསམ་པ་མཚོན་བྱེད་ཅིག་གི་ཚོད་བྱས་ན་འགྲིག་གི་རེད། ཡིན་ནའང་། བོད་པ་ཚོས་མཆོད་སྟངས་འདི་ལས་སླ་པོར་མཚམས་འཇོག་ཐུབ་ཀྱི་མ་རེད། ད་ཅི་བྱེད།
དུས་ཆེན་རྣམས་མུ་མཐུད་ནས་ངོ་སྤྲོད་གནང་ན་དགའ་བསུ་ཡོད། མུ་མཐུད་ནས་ཀློག་གི་ཡིན། ཐུགས་རྗེ་ཆེ།
དཔལ་ལྡན་ལྷ་མོའི་བྱུང་བའི་སྐོར་ལ། རྒྱལ་བ་བསོད་ནམས་རྒྱ་མཚོས་མེ་ལྕེ་འབར་བའི་རྒྱུད་སོགས་ནས་བཏུས་ཤིང་བརྩམས་པ་༼དཔལ་ལྡན་ལྷ་མོའི་ལོ་རྒྱུས༽་མཇལ་མྱོང་ཡོད་ན། དེ་ཚོ་ལྷ་སྒྲུང་ཡིན་མིན་ཡང་ཤེས་ལ། དུས་སྐབས་དང་འཚམ་མི་འཚམ་དེ་སྒྲུང་ལ་ཚད་འདེབས་བྱེད་པའི་ཅ་ལག་འདྲ་པོ་རུང་མིན་ཡང་ཤེས། རྒྱུད་ནས་བསྟན་པའི་མངོན་རྟོགས་དེ་ཚོ་སྤྱིར་བཏང་གི་མིའི་བསམ་ངོར་ཅུང་འཕྲོད་དཀའ་བ་ཆོས་ཉིད་རེད།
ད་མཁྱེན་རླབས་ཀྱི་ཀློང་བརྡོལ་མཁན་རབ་འབྱམས་པ་ཚད་ཐུབ་ཚོས་ཆོས་པས་བཤད་སྟངས་ཀྱིས་བདག་འདྲ་ལ་ངོ་སྤྲོད་ཅིག་ཐུགས་རྗེས་གཟིགས་ཞུ་བ་ཡིན།
ཆོས་འཕེལ་ལགས། ་་་། རྒྱུད་ནས་བསྟན་པའི་མངོན་རྟོགས་དེ་ཚོ་སྤྱིར་བཏང་གི་མིའི་བསམ་ངོར་ཅུང་འཕྲོད་དཀའ་བ་ཆོས་ཉིད་རེད། ཡིན་སྟངས་ཅིག་གསུངས་རོགས་གནོངས།
ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །
བདུག་པ་གདུལ་ཕྱིར་དྲག་མོའི་སྐུར་བཞེངས་པ། །
དངོས་གྲུབ་རིན་ཆེན་འདོད་དགུའི་ཆར་འབེབས་མ། །
དམག་གཟོར་རྒྱལ་མོའི་ཞབས་ལ་གསོལ་བ་འདེབས། །
མཆན་༡༩་འབྲི་བ་པོ་ཆུ་སྐྱེས་སྒྲོལ་མ་ལགས་ནས་དགོངས་ཚུལ་གསུངས་པར་མོས་འདུན་བྱེད་ཐུབ་ས་མི་འདུག
དེ་ནི་ཡེ་ཤུ་བ་རྣམས་ཀྱི་སྐད་ཆ་ཞིག་རེད།
ཕལ་ཆེར་དུས་རབས་གསར་པའི་ནང་པ་གཞོན་སྐྱེས་ཚོས་དེ་ག་ནང་བཞིན་ཤོད་པ་གོ་མྱོང།
རླུང་རྟའི་ཆེད་དུ་དར་ཤིང་དང་དར་རས།
མར་མེའི་ཆེད་དུ་མར་དང་སྣུམ།
མཆོད་གཏོར་རམ་འབུལ་གཏོར་གྱི་ཆེད་དུ་རྩམ་པ།
སྐུ་གསུང་ཐུགས་རྟེན་གྱི་ཆེད་དུ་གསེར་དངུལ།
མཆོད་ཆའི་ཆེད་དུ་གསེར་དངུལ།
གྲྭ་བར་འགྱེད་དང་མང་ཇ།
ཤི་གསོན་གྱི་ཆེད་དུ་ཚོགས་བསགས་སྒྲིབ་སྦྱོང་ལས་སོགས་ནི་རྒྱུ་དངོས་ཁྲོག་རླག་ཏུ་འགྲོ་གི་ཡོད་པས།
དེ་ལས་ད་ཕྲུག་དང་དབུལ་པོ་ལས་སོགས་ལ་འགྲོ་གྲོན་གཏོང་ན་ལེགས་ཚུལ་ཤོད་དང་ཤོད་བཞིན་པ་འདི་དག་ནི་རིམ་གྱིས་ནུབ་ཕྱོགས་པའི་ལྟ་བ་དེ་དག་ནང་པ་བའི་རྒྱུད་ལ་ཤན་བཞུགས་ཐེབ་ནས་ནང་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་དག་ཉམས་རྒུད་དུ་འགྲོ་རྒྱུའི་སྟ་གོན་ཡིན་པར་སེམས།
དམར་ཤོག་པས་ཀྱང་དེ་ལྟར་ཤོད་བཞིན་འདུག
ནང་པའི་གཞུང་ལུགས་ཁག་ལྟར་བྱེད་ན།
མཆོད་སྦྱིན་གྱི་མགྲོན་ལ་མཆོད་སྦྱིན་བྱེད་སྟངས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་དུས་རབས་གསར་པའི་ནང་བ་རྣམས་ཀྱི་ཤེས་དགོས་པ་གལ་བར་མཐོང་ངོ།
ཡང་ལ་སྟོད་རགས་མོ་སླེབས་སོང་། ༼འདི་དག་ནི་རིམ་གྱིས་ནུབ་ཕྱོགས་པའི་ལྟ་བ་དེ་དག་ནང་པ་བའི་རྒྱུད་ལ་ཤན་བཞུགས་ཐེབ་ནས་ནང་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་དག་ཉམས་རྒུད་དུ་འགྲོ་རྒྱུའི་སྟ་གོན་ཡིན་པར་སེམས།༽ འདི་འདྲ་ཟེར་འདུག འོ་ན་ནུབ་ཕྱོགས་པས་རང་རང་གི་དུས་ཆེན་ལ་འཕྲོ་བརླགས་གང་ཡང་མེད་པའི་ཐོག་ནས་བརྩི་སྲུང་བྱེད་བཞིན་ཡོད་དམ། ཁིར་སི་མ་སི་གཅིག་བུ་ལ་ལྟོས་དང་། སྒོ་འགྲམ་དུ་བཞེངས་པའི་ཡེ་ཤེའི་འཁྲུངས་ཚུལ་གྱི་སྐུ་འདྲ་དེ་དག ཐག་རིང་ནས་བཅད་དེ་འོང་པའི་གསོམ་ཤིང་གི་སྡོང་བོ་དེ་དག གྲངས་ལས་འདས་པའི་ཤོག་སྦག་སྦར་བ། དེ་བཞིན་དུ་སྒོ་ར་ཕྱི་ནང་ཡོངས་ལ་སྦར་བའི་གློག་སྒྲོན་ཁྲ་ཆིལ་ལེར་ཕྱི་ཟླ་བཅུ་གཉིས་པ་ཧྲིལ་བོར། དེ་དག་ནི་ཁྱིམ་ཚང་རེ་རེ་དང་། ཚོགས་པ་རེ་རེ། ལྷ་ཁང་རེ་རེ། ལས་ཁུངས་རེ་རེ། དེ་བཞིན་དུ་སྲང་ལམ་རེ་རེ་བཞིན་དུ་ག་ཚོད་ཅིག་འགྲོ་སོང་གཏོང་གི་འདུག ལྷ་སའི་ཕྱོགས་ལ་འདི་འདྲ་ཞིག་དར་བ་ཡིན་ན། གློག་རིན་གཅིག་བུས་ལྷ་སའི་བོད་མི་རྣམས་བཅོམ་འགྲོ་གི་མ་རེད་དམ། དེ་ལས་གོང་དུ་ཆུ་སྐྱེས་སྒྲོལ་མས་གསུངས་པ་ལྟར། མཆོད་འབུལ་ཚད་དང་རན་པ་ཞིག་བྱས། དཔལ་འབྱོར་བསྲི་ཚགས་ཀྱི་ཕྱོགས་དང་། དཔལ་འབྱོར་གཏོང་ཕྱོགས་མ་ནོར་བ། དཔལ་འབྱོར་ཆ་སྙོམས་བགོ་འགྲེམ། སོགས་མདོར་ན་ལྷག་པ་དང་ནི་ཆད་པ་དང་ཟེར་བ་ཞིག་མེད་པའི་ཐོག་ནས་དུས་ཆེན་བརྩི་སྲུང་བྱས་ན་ཤིན་ཏུ་ནས་འགྲིག་པར་སེམས།
ཡང་ཁ་བརྡའི་དགེ་སྐོས་གཞོན་ནུ་ཟླ་མེད་དེ་སླེབ་འདུག་རྟག་ཏུ་གཞན་སྡང་གིས་བརྣག་པའི་སྐད་ཆ་ཤོད་རྒྱུ་མ་གཏོགས་མེད།
དེ་ལ་དེ་ཙམ་གྱིས་ལན་རྒྱབ་འདོད་མེད།
ཁྱོད་ཀྱི་སྔར་གྱི་ནད་གཞི་རྙིང་པ་དེ་ནི་བཅོས་ཐབས་མེད་པ་ཞིག་ཆགས་འདུག་པས་དེ་ལུགས་ཤེས་པར་གྱིས།
རྒྱབ་པའི་ཁ་ལ་མ་ཕོག
མ་རྒྱབ་སྣ་ལ་ཕོག་འདུག་གོ།
ཆུ་སྐྱེས་སྒྲོལ་མ་ལགས་ནས་ཅི་འདྲའི་ལྷ་སྒྲུང་སྙན་མོ་ཞིག་གསུངས་འདུག
དཔལ་ལྷ་ཤིག་མོ་དང་གདོང་བཙན་རྒྱལ་མོ། དཔལ་ལྷ་དྲག་མོ། གྲིབ་རྫོང་བཙན་རྣམས་ཀྱི་ DNA ལ་བརྟག་དཔྱད་བཏང་བར་གཞིགས་ན་དེ་རྣམས་བོད་མི་ས་སྐྱེས་རྡོ་སྐྱེས་རྐྱང་རེད་འདུག དཔལ་ལྡན་ལྷ་མོ་ནི་རྒྱ་གར་བ་ཞིག་རེད་འདུག དེ་ཡིན་ནེ། སྐྱེ་བ་སྔོན་མའི་ལས་ཤིག་གིས། སྨོན་ལམ་གྱི་མཐུ་ཆེ་བའི་བོད་ཀྱི་ཨ་མ་རྣམས་ཀྱི་ངག་སྒྲུང་ནང་། ཁོང་ཚོ་མ་བུར་སྐྱེས་འདུག་པ་ངོ་མཚར་ཆེ། ལྷག་པར་དུ་ཡང་། ཨ་མའི་མགོ་ཡི་ཤིག་ཡག་པོར་མ་སྒྲུག་པ་དང་། ཨ་མ་ལ་ཁ་ལན་ཚིག་ལན་ཆུང་ངུ་རེ་བྱས་པ། ཨ་མའི་འདོད་པ་དང་མི་མཐུན་པར་རང་འདོད་ཀྱིས་འདོད་པ་ཉམས་སུ་མྱོང་བའི་ཉེས་བྱས་ཕྲ་མོ་རེ་ལའང་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་འདུག་པ་དེ་ཡང་ཅི་འདྲའི་ངོ་མཚར་ཆེ་ཨང་།
སྒྲུང་ནང་། བུ་མོ་རྣམས་དེ་ལྟར་གྱུར་པ་ནི། ཨ་མ་ཁོང་ཁྲོ་ཟ་ནས་སྨོན་ལམ་ལོག་འདེབས་བྱེད་དགོས་པ་ཞིག་མིན་པར་ལས་ཀྱི་འབྲས་བུ་རང་འཁོར་བྱུང་བ་ཞིག་གི་རྣམ་པར་ཡོད་ན་དགའ་བ་ལ། གངས་ཅན་བོད་ཀྱི་ཨ་མ་རྣམས། སྒྲུང་ནང་གི་ཨ་མ་དེ་བཞིན་གནག་སེམས་ལྡན་པ་རྐྱང་མིན་པར་སྨོན།
ཆུ་སྐྱེས་སྒྲོལ་མས་དུས་ཆེན་དེ་ཡི་སྐོར་ལ་སྙན་པོ་བྲིས་འདུག་པར་མ་ཟད་ད་དུང་ཡང་དུས་ཆེན་རྣམས་རིམ་བཞིན་འབྲི་རྒྱུ་གསུང་པར་ཐུགས་རྗེ་ཆེ།
བུ་ཆུང་ང་ཡིས་དེ་དག་རིམ་བཞིན་ཀློག་རྒྱུའི་ངང་སྒུགས་བྱེད་དེ་བསྡད་ཡོད།
ལ་སྟོད་བུ། ཁྱོད་བུ་ཆུང་ཞིག་མིན་པ་ང་ལ་གསལ་ཆ་ཡོད་ནི་རེད། ད་དུང་ལྷ་སྒྲུང་ཀློག་ནས་བསྡད་ཡོད་དམ། ད་ཁྱོད་འདི་གླག་འཁེལ་ས་མ་རེད།
ལ་ཐོད་བུ་དང་མདའ་ཚན་པ་ལགས། གངས་ཅན་བོད་ཀྱི་ཨ་མ་ཚོ་སེམས་གནག་ཡིན་པ་སྒྲུང་དེའི་སྒྲུབ་བྱ་གཙོ་བོ་དེ་ཨེ་ཡིན་སྙམ། རྒྱུ་མཚན་ནི། བོད་མི་རྣམས་ཆོས་དད་ཆེ་བའི་རྐྱེན་གྱིས་ལྡོག་ཕྱོགས་ནས་ཐབས་མཁས་ཀྱིས་སྤྲད་པའི་བསླབ་བྱ་ཞིག་རེད་སྙམ། དེང་གི་སྤྱི་ཚོགས་དང་བསྡུར་ན་མ་མཚམས་པ་འདྲ་ཡོད་སྲིད་ཀྱང་དེ་ནི་དུས་སྐབས་མི་འདྲ་བས། ངེད་ཚོས་བརྩོད་གླེང་གནང་དགོས་པ་ཞིག་མི་མཐོང༌།
དཔེར་ན། ཕུ་གུ་ཆུང་ཆུང་དེ་ཚོ་ཨ་མ་ལགས་དང་མཉམ་དུ་གཙུག་ལག་ཁང་ལ་ཆོས་མཇལ་འགྲོ་སྐབས་ལོ་རྒྱུས་དེ་རྣམས་ཕ་མ་ཚོས་གསུངས་ཀྱི་ཡོད་ལ། སེམས་ནང་ཕ་མའི་ཁ་ལ་ཉན་རྒྱུ་དེ་གལ་ཆེན་ཡིན་པ་ཡིད་ལ་ཡང་ཡང་འཆར་གྱི་ཡོད། དེ་བཞིན་ཕྲུ་གུ་མང་པོ་ཞིག་ནས་ལག་བསྟར་ཡང་བྱེད་ཀྱི་ཡོད། ལྷ་མོ་ཤིག་ལྷ་མཇལ་དུས་ཁོང་གི་ཞབས་འོག་ལ་ཙི་ཙི་ཕར་རྒྱུགས་ཚུར་རྒྱུགས་བྱེད་པ་མཐོང་རྒྱུ་ཡོད། ཙི་ཙི་དེ་རྣམས་ཤིག་རེད་ཅེས་བཤད་སྲོལ་ཡང་ཡོད། དེས་ལྷ་ས་ཁུལ་གྱི་བུ་ཕྲུག་ཚོའི་སེམས་ནང་ཚོར་སྣང་དམིགས་བསལ་རེ་སྟེར་གྱི་ཡོད་བདེན་པ་རེད།་
གཞན་ཡང༌། སྲིད་པ་འཁོར་ལོའི་ནང་ལ་ལྕེ་ཆེན་པོ་དེ་འདྲའི་སྒང་ལ་ཞིང་རྨོ་བའི་རྣམ་པ་ཅན་གྱི་རི་མོ་དེ་ཚོ་ཕྲུ་གུ་ལ་བསྟན་ནས། ཕ་མར་ཁ་ལན་སློག་ན། ལྕེ་སྟེང་ལ་ཞིང་རྨོ་བ་ལྟར་རྨོ་བ་རེད་ཟེར་བ། མིག་ལོག་བལྟས་ན། གཤིན་རྗེ་ཆོས་རྒྱལ་ནས་མིག་ལ་ལྕགས་ཀྱུ་བརྒྱབ་ཀྱི་རེད་ཟེར་བ་སོགས་བྱིས་པ་རྣམས་ངན་སྤྱོད་ནས་ཟློག་ཐབས་ཀྱི་སྒྲུང་ཧ་ཅང་མང་པོ་ཡོད། དེས་ཕན་ཐོག་ངེས་ཅན་ཞིག་ཀྱང་ཡོང་གི་ཡོད།
མདའ་ཚན་པ་ལགས། DNA ཟེར་བ་དེ་ཅི་ཡིན་ནམ། དེས་བརྟག་དཔྱད་གཏོང་སྟངས་ཇི་ལྟར་ཡིན། དེ་རྣམས་ཤེས་འདོད་འདུག་པས་གསལ་བཤད་གནང་ན་འགྲིག་གམ།
འདྲེ་རིག་ལྡན་ལགས།
ང་ནི་ལྷ་སྒྲུང་དེ་རིགས་ཀློག་རྒྱུར་དགའ་སྣང་ཡོད།
མི་སྒྲུང་དང་ཆོལ་སྒྲུང་ཆོས་སྒྲུང་དེ་ཚོས་ང་ཡི་སེམས་ལ་རྨ་ཁ་བཏོན་བྱུང།
སྲིད་པ་དང་པོ་ཆགས་དུས་འགྲོ་བ་མི་རྣམས་ཀྱི་ལྷ་སྒྲུང་གི་ལམ་ནས་ད་ལྟའི་འཇིག་རྟེན་རིག་གནས་ཕུན་སུམ་ཚོགས་པ་འདི་གྲུབ་པ་རེད།
ལྷ་སྒྲུང་དེ་དག་ལ་མཐོང་ཆུང་བྱེད་མི་རུང།
སྐྱེ་རྒ་ན་འཆི་ཡིས་ཟིན་པའི་ཚེ་ལྷ་སྒྲུང་དེ་དག་དྲན་ཡོང་དེ་མིན་སེམས་པ་སྐྱིད་དུས་ལྷ་འདྲེ་དེ་རིགས་དྲན་སྲོལ་མེད།
སྐྱེ་རྒ་ན་འཆི་ཡིས་དབང་དུ་མ་བསྒྱུར་བའི་མི་ཞིག་མེད་པས་སོ།
xxxxxxxxxxxxxxxxxxxxxxx
ལ་ཐོད་མ་རེད་ལ་སྟོད་རེད།
དྭངས་གཙང་ཡན་ལག་བརྒྱད་ལྡན་ཆུ་བོ་ལས།
སྐྱེས་པའི་པད་དཀར་ལ་འགྲན་སྒྲོལ་མ་ཡི།
ཀུན་ལ་བརྩེ་བའི་འདབ་བརྒྱའི་འཛུམས་གྲོལ་གང།
ལ་སྟོད་ཆུ་བོའི་འབྱུང་གནས་འདོར་རིགས་སམ།
ཨ་ལ་ཀུ་ཙེད་ཞུས་ཡིན།
ལ་སྟོད་ལགས། ཁམས་བཟང༌།
ལ་མགོ་ཐོན་པོའི་ཆུ་མིག།
ཉམས་དང་རྟོགས་པ་རྒྱས་ནས།།
ཤང་ཤང་སྐད་སྒྲ་སྙན་ནས།།
སྟོད་ནས་ཕེབས་པ་ལེགས་བྱུང༌།།
ཉམ་ཆུང་བུ་མོའི་ལག་དེ།།
ཆུ་སྐྱེས་འདབ་མར་མཚུངས་ཀྱང༌།།
མཚན་ནོར་རི་བོ་ཆེ་ལ།།
ནམ་ཡང་དགོངས་པ་དྭངས྄་རོགས།།
ལ་སྟོད་རི་ོབོའི་རྩེ་ནས།
བབས་པའི་ཆུ་བོའི་རླབས་སྒྲས།
ཆུ་སྐྱེས་པད་དཀར་གཞོན་ནུ།
རྨད་བྱུང་འཛུམ་དཀར་གྲོལ་སོང།
ལ་ལྟོད་ལ་གཞས་སྙན་བྱུང༌།།
པད་མའི་འདབ་མ་མཛེས་བྱུང༌།།
མཚར་སྡུག་གླུ་སྒྲ་སྙན་མོ།།
དྲ་ལམ་དེ་ཡི་རྒྱན་རེད།།
ལ་སྟོད་རྩེ་ནས་བཞུར་བའི།
དྭངས་གཙང་ཆུ་རྫིང་ཀློང་དུ།
པད་དཀར་འདབ་བརྒྱ་གྲོལ་སོང།
དོན་ཡོད་དོན་མེད་ཡོངས་ཀྱིས།
གཟིགས་མོར་ཕེབས་ལ་བྲེལ་སོང།
དྲ་ལམ་མཛེས་མའི་ངོགས་ནས།།
གནའ་རབས་ལོ་རྒྱུས་མཇལ་དུས།།
ལ་སྟོད་རི་བོའི་འོག་གི།
འདུད་འགྲོ་ཡིན་ཡང་སྐྱིད་བྱུང༌།།
ཡིད་ལ་འཆར་བའི་ཆུ་སྐྱེས།
མིང་མཐུན་མཛེས་པར་སྨོན་ཡོད།
སྨ་ར་སྟུག་པོའི་གྲྭ་རྒན།
མིན་པའི་སྨོན་ལམ་བཏབས་ཡོད།
མཚན་དོན་མཚུངས་པའི་ཆུ་སྐྱེས།
ཡིན་པའི་སྨོན་ལམ་བཏབས་ཡོད།
སྐྱ་མིན་སེར་མིན་འབྱུང་རྒུད།
མི་འཕྲད་སྨོན་ལམ་བཏབས་ཡོད།
ཆུ་སྐྱེས་པད་མའི་མིང་ཅན།།
དབུས་ནས་ཡོང་བའི་བུ་མོ།།
ཕོ་ལུས་མོ་མགོ་སྦྱར་བ།།
ང་ཡིས་ཡོང་ཐབས་མི་འདུག།
ལས་སྣེ་བརྒྱ་སྟོང་མང་པོས།།
རྐང་ལག་བཅིངས་ནས་བསྡད་ཡོད།།
ཚིག་རྒྱག་སྙན་ཚིག་འབྲི་བའི།།
དུས་ཁོམ་ང་ལ་མི་འདུག།
བཞུགས་ཨང༌། རྗེས་ནས་མཇལ།
xxxxxxx
ལ་སྟོད་ལ་ཡི་རྩེ་མོར།།
ཆུ་སྐྱེས་སྐྱེ་ཐབས་མེད་པས།།
ལ་སྟོད་བུ་ཡི་རྨི་ལམ།།
མོ་གཤམ་བུ་མོའི་སྤུན་ཡིན།།
དྲྭ་གྲོགས་དྲྭ་ཐོག་འདི་ནས།།
བརྩེ་ཕྲིན་སྐུར་བ་ལེགས་ཀྱང་།།
དོན་ལ་ཐུག་པའི་ཉིན་མོར།།
གཉིས་ཀ་མཚན་མཐུན་ཡིན་འོང་།།
ལ་སྟོད་ལ་ཡི་རྩ་ེམོར།
ཨུད་དཔལ་སྔོན་པོ་བཞད་བྱུང།
ཆུ་སྐྱེས་པད་མ་དཀར་པོ།
མི་བཞེད་རྒྱུ་མཚན་མི་འདུག
ལ་སྟོད་གངས་ཅན་དཔའ་བོ།
གྲང་བས་མནར་དྭོགས་མི་འདུག
སེང་གེ་གཡུ་རལ་སྔོན་པོ།
གངས་འདབ་ཀློང་དུ་འགྱིང་ངེར།
རང་སེམས་ཤོར་བའི་ཆུ་སྐྱེས།
མོ་ལུས་ཕོ་གདོང་ཡིན་རུང།
འདམ་ལས་སྐྱེས་པའི་པད་མོར།
སྐྱེ་བོ་ཀུན་གྱིས་བྲེལ་སོང།
རང་སེམས་འཐད་པའི་བྱམས་པ།
མཚན་མཐུན་ཡིན་ཀྱང་འགྲིག་པ།
ཡར་ཐོན་ཅན་གྱི་ཡུལ་དུ།
མཚན་མཐུན་སྒྲིགས་པ་ཁྲིམས་མཐུན།
དབང་བསྡུད་ཆོ་གར་བྱང་པའི།
དྲྭ་གྲོགས་དབང་འདུས་ཉིད་ཀྱིས།
མོ་ལུས་མོ་གདོང་མཛེས་མ།
བདག་ལ་སྩོལ་བ་གནང་དང།
ལ་སྟོད་ལ་ཡི་རྩེ་མོར།།
སྔོ་ལྗང་ཨཏྤལ་བཞད་ཀྱང་།།
པད་དཀར་བཞད་པའི་ལོ་རྒྱུས།།
སྔོན་ནས་ད་བར་མི་སྲིད།།
སངྒེ་གཡུ་རལ་ཅན་དེ།།
སྔོན་བྱུང་ལོ་རྒྱུས་ཙམ་ལས།།
དེང་སང་མཐོང་ཐོས་མེད་ཀྱང་།།
ལ་སྟོད་ཡུལ་དུ་ཡོད་འདྲ།།
རང་སེམས་མཐུན་པའི་བྱམས་པ།།
མཚན་མཐུན་ཡིན་ཀྱང་འགྲིག་ན།།
མོ་ལུས་མོ་གདོང་མཛེས་མ།།
ཁྱེད་ལ་འབུལ་དགོས་མི་འདུག།
འདམས་ལས་སྐྱེས་པའི་པད་མར།།
སྐྱེ་བོ་ཀུན་ཀྱང་བྲེལ་མོད།།
མཆོད་པའི་རྫས་ཙམ་མ་གཏོགས།།
དོན་ལ་ཕན་ངེས་མི་འདུག།
བཅོས་མའི་གོས་ཀྱིས་མ་གཡོགས།།
གཡོ་ཟོར་ཚིག་གིས་མ་བསླད།།
སྙན་ངག་སྨན་ཆུང་གཅེར་མོ།།
ལ་སྟོད་བུ་ཡི་རྒྱན་ཆ།།
གངས་ཅན་ནོར་བུའི་རིག་མཛོད།།
ཞེན་ཆགས་གོས་ཀྱིས་མ་བཏུམས།།
ཐོས་བསམ་མཁར་རྩེར་བཀོད་ནས།།
དོན་སྙིང་ལག་ཏུ་ལོན་འདུག།
མཚན་མཐུན་འཁྲིག་པའི་སྦྱོར་བ།།
ཡར་ཐོན་ཁོ་ནར་མ་སྦྱར།།
སྦས་ཚུལ་གབ་པའི་ཉམས་ལེན།།
གཞན་ལས་རང་རེ་ཕྱུག་འདྲ།།
དེ་དོན་རྟོགས་པར་འདོད་ན།།
བོད་ནང་ལོ་བདུན་ཞེས་པའི།།
ལོ་རྒྱུས་དེབ་དེར་གཟིགས་དང་།།
ངོ་ཚ་ངང་གིས་ཉོས་ཡོད།།
འདི་འདྲ་བཤད་འོས་མིན་ཀྱང་།།
གངས་ཅན་ཕ་མེས་སྤྱོད་བཟང་།།
དྲང་བདེན་རླུང་གིས་ཁུར་ནས།།
མི་གཙང་འདམ་དུ་གཡུགས་ཡོད།།
དེས་ན་དཔོད་ལྡན་ཚོགས་ཀྱིས།།
དེ་དོན་རྟོགས་པར་བྱས་ནས།།
ཕྱིན་ཆད་སྤྱོད་ངན་འདིའི་རིགས།།
འགོག་པའི་ཐབས་ལམ་འཚོལ་རོགས།།
གསལ་ལ་མི་གསལ་བའི་ཚིག་འདི་རྣམས་སྙིང་ལ་གཟན་པོ་བྱུང་ན་དགོངས་སེལ་གནང་བར་ཞུ།།
རྒྱ་ཆེན་གཏིང་མཐའ་རིང་བའི་དྭངས་གསལ་ཆུ།།
ཆུ་སྐྱེས་འདབ་མ་གྲོལ་བ་མཛེས་མའི་རྐང་།།
རྐང་དྲུག་བུང་བ་གཞོན་ནུ་ལྡིང་འོས་ལ།།
ལ་སྟོད་ལ་ཕུག་ལྟ་བུར་ཅི་ལྟར་འོས།།
ལུང་ཁུག་ཀྱག་ཀྱོག་ལ་སྟོད་ལུང་མདོ་ན།།
ན་མཉམ་བོང་བུ་གོམས་པས་རྟ་ལ་འགྲན།།
འགྲན་མེད་རྐྱང་རྒོད་གཞོན་ནུ་ཟླ་མེད་པ།།
པ་སངས་ལྟ་བའི་ཆུ་སྐྱེས་བྱ་ར་བྱེད།།
ལ་སྟོད་ལ་ཕུག་ལྟ་བུའི་ཁ་ནང་ནས།།
ལ་ཕུག་ཟོས་པའི་དྲི་མ་ཐིལ་ལི་ལི།།
ལ་མོར་བཞུད་དེ་ཕར་ལ་མ་སོང་ན།།
ལ་ཐོད་ཅན་གྱིས་བསྒྲལ་བར་ཐེ་ཚོམ་མེད།།
ཆུ་སྐྱེས་འདབ་མ་རེ་རེའི་ལྟེབས་ཁུག་ན།།
ཆུ་ཡི་ཟིལ་བ་རེ་རེ་ཁྲོ་ལོ་ལོ།།
ཆུ་ལས་སྐྱེས་པའི་ཆུ་སྐྱེས་མེ་ཏོག་འདི།།
ཆུ་ལ་མ་ཐིམ་མཆོད་པའི་ལྷ་མོ་འདྲ།།
གམ་པ་ལ་མོའི་སྟེང་ནས།
ཇོ་བོ་མཇལ་གྱི་ཡོད་ན།
མ་གཅིག་དཔལ་ལྷའི་ཞལ་རས།
ལ་མོའི་སྟེང་ནས་མཇལ་ཆོག
ལ་ལུང་ཁྱད་འབྱེད་མ་ཤེས།
རྟ་ལམ་བོང་བུས་འགོག་འདོད།
ཀླད་ཆུང་གཞོན་ནུའི་ཁ་ནས།
གཏམ་བཟང་ཐོན་པར་མི་སྲིད།
ཆུ་སྐྱེས་པད་མ་དཀར་པོས།
མཛའ་བའི་མེ་ཏོག་སྐོན་སོང།
ཟླ་བོས་གདུང་བའི་གཞོན་ནུ།
མིག་སེར་ལང་ཀྱང་རང་ཉོས།
ཆོས་ཀྱིས་རང་རྒྱུད་མ་ཐུལ།
བསླབ་བྱའི་ཁ་བརྡ་མ་ཕོག།
རིས་ཆད་ཙི་ཙི་ཛ་ལས།
གཞོན་ནུ་ནད་ཀྱིས་གདུང་འདུག
བྲིས་པའི་ཡིག་ཆུང་དུམ་བུར།
དག་ཆས་དབུལ་ཞིང་ཕོངས་འདུག
གོ་རྒྱུ་ཚོར་རྒྱུ་མེད་པའི།
གཏམ་ལན་ལྡོག་པར་མི་བྱ།
ལ་ཡི་རྩེ་མོར་གཡོ་བའི་དར་ལྩོག།
རང་ཉིད་གར་སྐྱོད་རང་ལག་མིན་པ།།
ཅི་ཟེར་འདི་ཟེར་རང་དབང་མེད་པར།།
མཚན་མཐུན་ཡར་རྒྱས་ཡིན་རབས་གླེང་གི།
རིན་ཆེན་རིན་ཐང་བྲལ་བའི་སྙན་ངག།
མེ་ལོང་ལས་བྱུང་ཉམས་དང་འགྱུར་བ།།
ཟུང་ལྡན་རྗེས་ཁྲིད་རྒྱན་གྱི་རིགས་རྣམས།།
ཞ་ར་ནམ་མཁའ་བསྟན་པའི་ལོ་རྒྱུས།།
བོང་བུའི་རྣ་བར་གསེར་དངུལ་བླུགས་ཀྱང་།།
ཁྲོག་སྒྲ་ཞིག་ལས་གོ་བ་མེད་པས།།
ད་ནི་ལུང་བའི་ཕུ་མདའ་ཀུན་ཏུ།།
མགྲིན་བཟང་ཀུ་ཅོ་སྒྲོགས་ལས་ཐབས་ཅི།།
ལ་སྟོད་མངའ་རིས་ཞིང་དུ།
མེ་ཏོག་དཀར་དམར་ཁྲ་གསུམ།
ཀུན་གྱི་ཡིད་དབང་འཕྲོག་པའི།
སྐྱེ་ཚལ་དཔག་མེད་བཞད་འདུག
མཐོན་པོའི་ཁྲི་ཡི་རྩ་བ།
གངས་ཅན་བོད་ཀྱི་དར་ཆར།
སེང་གེ་གཡུ་རལ་སྔོན་མོ།
འབྲི་བའི་ངལ་བ་ཟད་དམ།
པད་མ་མིག་ལ་མཛེས་བྱུང།
དྲི་བཟང་སྣ་བར་ཞིམ་བྱུང།
དོན་ཡོད་དོན་མེད་ཡོངས་ཀྱིས།
སྐྱེ་མོའི་ཚལ་དུ་ཕེབས་སོང།
སྟོང་སངས་ནམ་མཁའི་ཀློང་དུ།
སྣ་ཚོགས་རོལ་པ་ཤར་བྱུང་།
གདོས་བྲལ་སེམས་ཀྱི་དབྱིངས་སུ།
སེམས་བྱུང་ཅི་ཤར་རྒྱན་རེད།
རྩེད་མོ་ཁ་ཡིས་རྒྱན་རེད།
མེ་ཏོག་སྤང་གི་རྒྱན་རེད།
་་་་་་་་་་་་་་་་་་་་་་་་་་་་་་་་་
དྲྭ་གྲོགས་དབང་འདུས་ལགས་ཀྱི་སྙན་ཚིག་དེ་དག་ཀློག་དུས་ང་ཡི་སེམས་པར་བདེ་སྐྱིད་ཐོབ་ཡོང་གི་འདུག
སློབ་གྲོགས་ཆུ་སྐྱེས་ལགས། འཚམས་འདྲི་ཞུ།
ངས་སྐད་ཆ་གསར་བ་ཞིག་བཤད་མདོག་མིན་རུང་། ངའི་བསམ་པར་ལྷ་སྒྲུང་རྣམས་ནི་སེམས་སྒྲུང་ཡིན་པར་འདོད། ཡུལ་གང་དུ་ལྷ་སྒྲུང་གང་འདྲ་ཞིག་ཡོད་པ་དེ་ལས་ཡུལ་དེའི་མིའི་སེམས་ཁམས་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ཧ་ཅང་ཆེ་བར་སྣང་། ད་ལན་གྱི་འདི་ཡང་དེ་ལས་མ་འདས། འདིའི་ནང་ན་ལགས་པའི་ཆ་ཡོད་པ་ནི་ལྷ་སའི་བུ་མོའི་ལེགས་པའི་ཆ་དང་ཉེས་པའི་ཆ་ཡོད་ན་ལྷ་སའི་བུ་མོའི་ཉེས་པའི་ཆ་ཡིན་པར་ཁས་ལེན་དགོས།
ད་ལྟ་ངས་བོད་ཀྱི་ཡུལ་ལྷ་གཞི་བདག་གི་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ངས་ཡུལ་ལྷ་ཚང་མ་རིགས་གསུམ་ལ་དགར་ཡོད། ཤ་ཁྲག་གི་འབྲེལ་བའི་ངོས་དང་གཅིག གཉེན་འབྲེལ་གྱི་ངོས་དང་གཉིས། མཐུན་ཕྱོགས་བསྒྲིགས་པའི་ངོས་དང་གསུམ་བཅས་ནས་བལྟ་ཡི་ཡོད། ངས་ཡུལ་ཕྱོགས་གཅིག་གི་ཡུལ་ལྷའི་རིགས་དེ་སྐོར་ཚན་གཅིག་གིས་གླེང་གིན་ཡོད། ཕོ་མོ་སྡེ་ཚན་གཉིས། རྒྱུད་ཀྱི་སྡེ་ཚན་གཅིག་བཅས་ལ་དབྱེ་ནས་བལྟ་གིན་ཡོད། ད་ཕལ་ཆེར་ངའི་ཞིབ་འཇུག་འདི་ཚར་དུས་གྲངས་ཀ་ཞིག་གི་སྟེང་ལ་ཕབ་ནས་བལྟས་ན། བོད་ལ་མི་གྲངས་ལས་ལྷ་གྲངས་མང་བ་ཞིག་ཆགས་བཟོ་འདུག
ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་ངོ་སྤྲོད་གནང་བ་འདིས། ང་ལ་ཕན་ཐོགས་ཞེ་དྲག་བྱུང་སོང་། དཔྱད་ཡིག་ཅིག་ཐོབ་པ་རེད་ལ། ཞིབ་འཇུག་གི་ཁྱབ་ཁོངས་ཤིག་བསྟན་སོང་། ཐུགས་རྗེ་ཆེ་ཟེར་ཡག་ཡིན། ཡུལ་ལྷའི་སྐོར་གྱི་ལྷ་སྒྲུང་དེ་ཚོར་ཞིབ་འཇུག་བྱས་པ་ཡིན་ན། གནའ་སྔ་མོའི་སྤྱི་ཚོགས་ནང་ཞུགས་པ་དང་འདྲ་པོ་འདུག འདིའི་སྐོར་ནས་ལམ་སྟོན་རེ་གནང་མཁན་ཡོད་ན། ང་སྒུག་ནས་འདུག ངས་ཉན་ནས་འདུག
ཆོས་སྲུང་དང་། ཡུལ་ལྷ་ཞི་བདག་གི་སྐོར་ལ། སློབ་དཔོན་པདྨས་མཛད་པའི་བརྒྱགས་བརྔན་ན་ཆེན་མོ་གཙོས་ལྷ་བསངས་འཕྲིན་སྐུལ་སོགས་དང་། Oracles and Demons of Tibet by RÉNE DE NESBESKY-WOJKOWITZ.PALJOR PUBLICATIONS.
ཆོས་འཕེལ་ལགས་ནས་ཡུལ་ལྷ་གཞི་བདག་གི་སྐོར་ལ་ཞིབ་འཇུག་བྱེད་པར་དགའ་བསུ་ཡོད།
ངོས་ནས་ཀྱང་ཡུལ་ལྷ་གཞི་བདག་གམ་ས་བདག་ཉེ་ལམ་སྡེ་བཞིའི་སྐོར་ལ་འབྲི་རྒྱུའི་འདུན་པ་འཆང་བཞིན་ཡོད།
ངེད་གཉིས་ཡིག་ཆ་མཁོ་རིགས་ཕན་ཚུན་མཉམ་སྡེབ་བྱེད་པའི་རེ་བ་མཆིས།
མི་ཚེ་སྟོང་ཟད་ལ་གཏོང་འདོད་ན། ལྷ་སྒྲུང་འདྲེ་སྒྲུང་ལ་ཉན་ནས་སྡོད།
འདྲེ་ཡི་སྐོར་ཀྱང་དེར་འཐུས་ཡོད།
ལྷ་འདྲེ་མེད་ན་བཟང་ངན་མེད།
ལྷ་འདྲེ་མེད་ན་འཁོར་འདས་མེད།
གཉིས་མེད་མཉམ་པར་མ་ཟིན་བར།
ཐམས་ཅད་གཉིས་འཛིན་སྒྲོག་ཏུ་ཚུད།
ཕྱིས་རྒྱ་གར་ནས་དར་བའི་ཆོས་དང་ཧ་ཅང་བསྟུན་ཆེ་ན། བོད་ཡུལ་སྲིད་པའི་ཡུལ་ལྷ་གཞི་བདག་གི་དེ་ཉིད་མི་མཐོང་བས། ཞིབ་འཇུག་ཡང་དག་པ་ཞིག་ག་ནས་ཡོང། དེ་རྩིས་དགོངས་རྒྱ་མ་ཆུང་བ་གནང་རོགས། ཆོས་འཕེལ་ལགས་ནས་གོང་དུ་འགྲེལ་བཤད་གནང་བ་ལྟར་བྱས་ན། ད་དུང་བློ་ལ་མཚམས་པོ་རང་མི་འདུག་པས། ཡུལ་ལུགས་རང་ཁ་མ་དང་ཡིག་སྙིང་ཁག་ལ་གོམས་འདྲིས་ཆེ་ཙམ་གནང་གལ་ཆེ།
ལྷ་སྒྲུང་ནང་དུ་དངོས་སྒྲུང་ཡོད་ལ་དངོས་སྒྲུང་ནང་དུའང་ལྷ་སྒྲུང་ཡོད། དེའི་ཕྱིར་ཡོད་ཚད་ཧྲིལ་གྱིས་ལེན་པར་མི་བྱ་ཞིང་། ཡོད་ཚད་ཧྲིལ་གྱིས་འདོར་བའང་མི་བྱའོ།
ཆོས་འཕེལ་ལགས། ངས་རྩོམ་རྙོག་ཞིག་བྲིས་པ་དེས། སྐུ་ཉིད་ལ་དཔྱད་གཞི་དང་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་ལ་བསྐུལ་མ་ཐེབས་ཡོད་ན། དེ་ནི་དངོས་གནས་དགའ་འོས་པ་ཞིག་རེད། སྐུ་ཉིད་ཀྱི་ཞིབ་འཇུག་ཡག་པོ་ཞིག་ཡོང་བར་སྨོན་བཞིན་ཡོད།
ལ་སྟོད་བུ། གཞོན་ནུ་ཟླ་མེད། དབང་འདུས། ཨོ་ལོ་སོགས་སྙན་ངག་མཁན་རྣམས། ཁམས་བཟང༌།
ངས་ཁྱེད་རྣམ་པར་གླུ་ཞིག་བླངས་ན་ཨེ་འགྲིག
ཚེས་ཆེན་བཅོ་ལྔའི་ཞོགས་པ།།
དཔལ་ལྷ་གསོལ་དུ་ཕྱིན་པས།།
ལས་འཕྲོ་ཅན་གྱི་མི་རྣམས།།
སྒོ་འཕྱོར་འོག་ནས་མཇལ་བྱུང༌།།
སྙན་འཇེབས་ལྡན་པའི་ཚིག་རྒྱག།
ཡིད་དབང་འཕྲོག་པའི་འགྱུར་ཁུགས།།
མི་སེམས་འགུལ་བའི་ནང་དོན།།
རྩོམ་པའི་དགོས་དམིགས་སྒྲུབ་འདུག།།
རྩོམ་པོའི་བརྗོད་འདོད་ལས་སྐྱེས།།
ངག་གི་ལྷན་སྐྱེས་རང་བཞིན།།
བརྗོད་པ་ཚིག་གཅིག་གིས་ཀྱང༌།།
འཇིག་བརྟེན་གསལ་པའི་སྙན་ངག།
རང་སེམས་ཚོར་འདུ་དེ་ཚོར།།
རིན་བྲལ་སྙན་ངག་ཟེར་ནས།།
གྲགས་དཀར་སྙན་གླུ་རིང་པོ།།
རླུང་གི་རྟ་ཕོར་བཅིབས་སོང༌།།
ཨ་ཅ་ཆུ་སྐྱེས་སྒྲོལ་མས། གནས་ཚུལ་ཡག་མོ་བྲིས་བྱུང། སྐྱིད་ཆུ་སྔོན་མོའི་གཞུང་ལྟར། སྐོམ་པའི་གདུང་བ་སེལ་རོགས།
ཀ་མ་ལ་ཡི་འདབ་མ་གྲོལ་ལས་རིག་བའི་ཟེའུ་འབྲུ་ཤིག་ཤིག་རྒོད།།
ཁ་བ་ཅན་གྱི་རིག་པའི་གཏེར་མཛོད་མགྲིན་པའི་གླུ་རུ་སིང་སིང་ལེན།།
ག་བུར་འཐུང་བའི་རྐང་དྲུག་པ་རྣམས་སྤྲོ་བའི་འཕུར་ལྡིང་ལིང་ལིང་བསྒྱུར།།
ང་ཚོ་དྲ་གྲོགས་བུ་དང་བུ་མོ་རིག་གཞུང་དཔུང་གདེངས་ལྡེམ་ལྡེམ་སྦྲེལ།།
ཅ་དག་མཚོ་སྐྱེས་པདྨའི་སྦུབས་ནས་གནའ་རབས་ཤོད་སྲོལ་ལམ་ལམ་འཕྱུར།།
ཆ་རྒྱུས་ཡོད་མེད་དྲ་གྲོགས་རྣམས་ཀྱིས་རང་རང་འདོད་པ་ལྷང་ལྷང་བསྒྲགས།།
ཇ་སྐྱེམས་ཆང་སྐྱེམས་འཐུང་བའི་ཞོར་ལ་གསེར་གྱི་ཡིག་འབྲུ་རེ་རེ་བཀླགས།།
ཉ་དང་ཉུངས་མ་བསྲེས་བའི་བགྲོ་གླེང་བསྡོམས་ན་སྐྱེད་ཚལ་ལྷམ་ལྷམ་འདྲ།།
ཏ་ལེ་ལོ་མའི་ཤོག་བུའི་སྟེང་དུ་ཡིག་འབྲུ་རེ་རེའི་སུག་རྗེས་བཀོད།།
ཐ་ན་འཆི་བའི་ལམ་ལ་བསྙེགས་ནས་བོད་ལ་དྲངས་པའི་ལོ་པན་དྲིན།།
ད་ལྟ་བྲང་ལ་ལག་པ་བཞག་ནས་རང་གི་དྲན་པའི་མེ་ལོང་ངོས།།
ན་བའི་ཟུག་རྔུ་ཡང་ཡང་རྒྱུ་ཞིང་མིག་ཆུའི་རི་མོ་གདོང་ལ་འབྲི།།
པ་པོ་འདས་པོས་བཞག་པའི་གཅེས་ནོར་ཕྱུག་པོའི་བང་མཛོད་བཀང་བ་བཞིན།།
ཕ་ཤུལ་བུ་འཛིན་བྱེད་པའི་ལྟ་གོན་བུ་དང་བུ་མོས་བྱེད་པ་འདི།།
བ་ཕྱུགས་འཚོ་བའི་ལས་དང་མི་འདྲ་མི་རབས་རྗེས་མའི་དྲན་རྟེན་ཉིད།།
མ་ལུས་རང་དོན་རང་གཅེས་བྱེད་འདི་པད་དཀར་བཞིན་དུ་གཙང་ཞིང་དགེས།།
ཙ་རི་སྟོད་ནས་ཙོང་ཁའི་བར་དུ་བྲག་སྲིན་རིས་བརྒྱུད་གཅིག་གིས་སྦྲེལ།།
ཚ་གྲང་བདེ་སྡུག་ཅི་ཙམ་ཡོད་ཀྱང་མཐུན་མོང་ཉམས་སུ་མྱོང་བ་ཉིད།།
ཛ་དྲག་གང་ཞིག་ཕྱོགས་སུ་བྱུང་ན་ཕན་ཚུན་རེས་མོས་རམ་འདེགས་སྒྲོན།།
ཝ་ལེར་བསམ་ན་ཆོལ་ཁ་གསུམ་པོ་སེམས་པ་གཅིག་ནས་གཅིག་ཏུ་སྦྲེལ།།
ཡུལ་སྲོལ་གོམས་པའི་དུས་ཚིགས་མང་པོ་གསེར་གྱི་རི་བོའི་ཟོལ་གྱིས་བཞེངས།།
བལྟ་མཁན་ཀློག་མཁན་མང་པོའི་སེམས་ལ་སྣ་ཚོགས་རི་མོ་རེ་རེ་བཞེངས།།
གླེང་སྟངས་བཤད་སྟངས་སྣ་ཚོགས་བར་ན་དོན་གྱི་འབྲུས་བུ་འཛུམ་ཞིང་རྒོད།།
བདག་གི་དྲ་བ་དྲ་གྲོགས་ཚང་མར་བརྩེ་བཀུར་ལག་པ་མཁའ་ལ་བསྲིངས།།
དབུས་ཀྱི་བུ་མོ་ཆུ་སྐྱེས་མིང་འཛིན་མས།།
དཔལ་ལྷའི་དུས་ཆེན་མེ་ཏོག་སྣ་ཚོགས་ཤིག།
ཆིངས་བུ་གཅིག་ཏུ་བྱས་པའི་དྲི་བསུང་གིས།།
ཀློག་མཁན་བུང་བ་མགྲོན་དུ་བསུས་པར་བསྟོད།།
སྨྱུག་ཐོགས་དཔའ་བོ་དཔའ་མོའི་འདུ་ར་འདི།།
མཛའ་བརྩེའི་བགྲོ་གླེང་བྱེད་པའི་གཞིར་མཐོང་སྟེ།།
ལག་པ་འདར་བཞིན་གྲལ་གྱི་མཐའ་འདི་ནས།།
ལེགས་བཤད་ལེགས་སྐྱེས་སྒུམ་ལ་ངང་གིས་ཞུགས།།
ཤེས་རིག་འོད་ལ་འགྲོགས་པའི་དྲ་གྲོགས་ཚོས།།
ཕན་ཚུན་མཉེས་གཤིན་རིག་པའི་ལེགས་སྐྱེས་དག།
གཅིག་གིས་གཅིག་ལ་འདེགས་པའི་ཚུལ་མཐོང་ནས།།
བདག་གི་སེམས་འདི་འདུ་ར་འདི་ལ་དྲངས།།
ཁ་བརྡ་འདི་ནི་དོན་གྱི་ཁ་བརྡ་སྟེ།།
མཁས་པ་མང་པོ་འདི་ན་འདུར་མཐོང་ནས།།
ཤེས་འདོད་ཧམ་སེམས་ཁུག་མ་རྒྱབ་ཁུར་བདག།
ཉིན་རེ་བཞིན་དུ་ཁྱེད་ཅག་མཇལ་བཞིན་ཡོད།།
ལོ་ཤས་སྔོན་ལ་ལྷ་ལྡན་གྲོང་དུ་སོང་།།
དཔལ་ལྷའི་ཉིན་དེར་གཙུག་ལག་ཁང་དུ་སོང་།།
ཆང་དྲི་སྐྱུར་མོས་ཞེན་པ་ལོག་དུ་བཅུག།
ད་ལྟ་བསམས་ན་འདི་འདྲ་ཡིན་འདུག་ག།
དངོས་བཤམས་ཡིད་སྤྲུལ་མཆོད་པ་སྣ་ཚོགས་པ།།
བསོད་ནམས་ཞིང་དུ་འདེགས་པའི་ཚུལ་དག་གི།
གནས་ལུགས་ངོ་བོའི་ཉིན་སྲིབ་མཐོང་བ་ན།།
ད་གཟོད་རིག་གནས་ཤིག་གི་ཕྱི་ནང་མཇལ།།
གངས་དཀར་ཏི་སེ་རྨ་རྒྱལ་སྦོམ་ར་དང།།
ལྷ་མོའི་བླ་མཚོ་ཁྲི་ཤོར་རྒྱལ་མོ་སོགས།།
རི་ཆུ་མང་པོའི་རིག་གནས་རིན་ཐང་དག།
དཔྱོད་པའོ་བློ་སྒོ་དྲ་གྲོགས་ཁྱེད་ཚོས་ཕྱེས།།
དབུས་མོ་ཆུ་སྐྱེས་མིང་འཛིན་ཐུགས་རྗེ་ཆེ།།
དྲ་གྲོགས་རིག་པ་སྨྲ་དག་ཐུགས་རྗེ་ཆེ།།
ཤེས་ཡོན་འོད་སྣང་སྤར་བ་ཐུགས་རྗེ་ཆེ།།
མདོར་ན་ཚང་མ་ཚང་མར་ཐུགས་ཆེ་ཞུ།།
ཞ་ལུ་གསར་འབུས་ལྟ་བུའི་རིན་ཆེན་དོན་ཕྱུག་ངག་སྙན་སྙན།།
ཟ་འཐུང་ཆེད་མིན་ངེས་དོན་བགྲོ་གླེང་ཡལ་འདབ་རབ་རྒྱས་རྒྱས།།
འ་འུར་གྲགས་པའི་འདོད་ཕྱོགས་འདྲ་མིན་སྣ་ཚོགས་གསལ་ལྷང་ལྷང༌།།
ཡ་མཚན་ཤེས་རིག་ཟླ་བ་དྲ་ལམ་ནམ་མཁར་འོད་ལམ་ལམ།།
ར་མ་ལུག་མིན་དབྱངས་གསལ་སུམབཅུའི་དབྱངས་རྟ་སྙན་ལྷང་ལྷང༌།།
ལ་ལུང་ཀུན་ཏུ་ཤེས་རིག་འོད་སྣང་འབར་བས་ལྗིད་ཆེ་ཆེ།།
ཤ་ཞེན་དྲ་གྲོགས་ཀུན་གྱི་གནས་ལུགས་གསར་བ་རབ་མཚར་མཚར།།
ས་མཐར་འཚོ་བ་དེ་ཡང་དོན་སྟོང་མིན་པ་སྐྱིད་ལྷང་ལྷང༌།།
ཧ་ཅང་ལེགས་ཚོགས་རྨང་བྱུང་པད་འདབ་མ་རྙིད་ཡོངས་གྲོལ་གྲོལ།།
྄ཨ་ཡིག་སྦྱངས་འབྲས་མངར་སྐྱུར་རོ་ཡི་དྲི་བསུང་འཐུལ་ལོ་ལོ།།
ཧ་ཅང་དགའ་བས་དཔྱིད་དཔལ་རྒྱལ་མོ་རྐང་དྲུག་གླུ་ལྷང་ལྷང༌།།
ཨ་མཚར་ཤིས་བརྗོད་དེ་ཡིས་བཀྲ་ཤིས་བཅད་པ་དགའ་ལྷང་ལྷང༌།།
དྲ་གྲོགས་རྣམ་པས་བགྲོ་གླེང་གནང་བ་དང་སྙན་ཚིག་བཅས་སྤེལ་བར་ཐུགས་རྗེ་ཆེ་ཞུའོ།
གཞོན་ནུ་ཟླ་མེད་ཀྱིས།
ཀ་མ་ལ་ཡི་འདབ་མ་གྲོལ་ལས་རིག་བའི་ཟེའུ་འབྲུ་ཤིག་ཤིག་རྒོད།།
ཁ་བ་ཅན་གྱི་རིག་པའི་གཏེར་མཛོད་མགྲིན་པའི་གླུ་རུ་སིང་སིང་ལེན།།
ག་བུར་འཐུང་བའི་རྐང་དྲུག་པ་རྣམས་སྤྲོ་བའི་འཕུར་ལྡིང་ལིང་ལིང་བསྒྱུར།།
ང་ཚོ་དྲ་གྲོགས་བུ་དང་བུ་མོ་རིག་གཞུང་དཔུང་གདེངས་ལྡེམ་ལྡེམ་སྦྲེལ།།
ཅ་དག་མཚོ་སྐྱེས་པདྨའི་སྦུབས་ནས་གནའ་རབས་ཤོད་སྲོལ་ལམ་ལམ་འཕྱུར།།
ཆ་རྒྱུས་ཡོད་མེད་དྲ་གྲོགས་རྣམས་ཀྱིས་རང་རང་འདོད་པ་ལྷང་ལྷང་བསྒྲགས།།
ཇ་སྐྱེམས་ཆང་སྐྱེམས་འཐུང་བའི་ཞོར་ལ་གསེར་གྱི་ཡིག་འབྲུ་རེ་རེ་བཀླགས།།
ཉ་དང་ཉུངས་མ་བསྲེས་བའི་བགྲོ་གླེང་བསྡོམས་ན་སྐྱེད་ཚལ་ལྷམ་ལྷམ་འདྲ།།
ཏ་ལེ་ལོ་མའི་ཤོག་བུའི་སྟེང་དུ་ཡིག་འབྲུ་རེ་རེའི་སུག་རྗེས་བཀོད།།
ཐ་ན་འཆི་བའི་ལམ་ལ་བསྙེགས་ནས་བོད་ལ་དྲངས་པའི་ལོ་པན་དྲིན།།
ད་ལྟ་བྲང་ལ་ལག་པ་བཞག་ནས་རང་གི་དྲན་པའི་མེ་ལོང་ངོས།།
ན་བའི་ཟུག་རྔུ་ཡང་ཡང་རྒྱུ་ཞིང་མིག་ཆུའི་རི་མོ་གདོང་ལ་འབྲི།།
པ་པོ་འདས་པོས་བཞག་པའི་གཅེས་ནོར་ཕྱུག་པོའི་བང་མཛོད་བཀང་བ་བཞིན།།
ཕ་ཤུལ་བུ་འཛིན་བྱེད་པའི་ལྟ་གོན་བུ་དང་བུ་མོས་བྱེད་པ་འདི།།
བ་ཕྱུགས་འཚོ་བའི་ལས་དང་མི་འདྲ་མི་རབས་རྗེས་མའི་དྲན་རྟེན་ཉིད།།
མ་ལུས་རང་དོན་རང་གཅེས་བྱེད་འདི་པད་དཀར་བཞིན་དུ་གཙང་ཞིང་དགེས།།
ཙ་རི་སྟོད་ནས་ཙོང་ཁའི་བར་དུ་བྲག་སྲིན་རིས་བརྒྱུད་གཅིག་གིས་སྦྲེལ།།
ཚ་གྲང་བདེ་སྡུག་ཅི་ཙམ་ཡོད་ཀྱང་མཐུན་མོང་ཉམས་སུ་མྱོང་བ་ཉིད།།
ཛ་དྲག་གང་ཞིག་ཕྱོགས་སུ་བྱུང་ན་ཕན་ཚུན་རེས་མོས་རམ་འདེགས་སྒྲོན།།
ཝ་ལེར་བསམ་ན་ཆོལ་ཁ་གསུམ་པོ་སེམས་པ་གཅིག་ནས་གཅིག་ཏུ་སྦྲེལ།།
ཀརྡོས།
ཞྭ་སེར་ཞྭ་ནག་ལ་སོགས་རིང་ལུགས་ཕྱི་ཚུལ་སྣ་མང་སྣང་མོད་ཀྱང་། །
ཟ་བཞེས་མི་ལ་སོགས་ཀྱིས་རྣལ་འབྱོར་ཉམས་སྣང་གཅིག་ཏུ་ངེས་པ་ལ། །
འ་ཆད་འུ་ཐུག་ཕྱི་མི་མགོ་སེར་འགྲེལ་ཚུལ་དེ་ལ་ཆ་འཇོག་མེད། །
ཡ་མེད་བླ་མེད་དགོངས་དོན་ཐ་དག་དག་སྣང་འོ་ཆུ་གཅིག་དུ་འདྲེས། །
ར་་་་་་་
ལ་་
ཤ་
ས
ར་བ་གངས་ཀྱི་མུ་འཁྱུད་གཅིག་ནས་ཕུ་ནུ་མིང་སྲིང་ཟོལ་གྱིས་འཛུམ།།
ལ་དགུ་ལུང་པར་འཐོར་ནས་ཡོད་ཀྱང་སེམས་དང་བསམ་པ་གཞི་གཅིག་སྟེ།།
ཤ་ཁྲག་གདོད་མའི་ཐིགས་པ་གཅིག་དེ་དེ་རིང་ཡང་ནི་གཅིག་པས་ན།།
ས་ཡི་གོ་ལའི་ཉིན་སྲིབ་དག་ནས་བདག་གི་གྲོགས་དག་དགེ་བར་སྨོན།།
ར་མགོར་ལུག་སྦྱར་གསལ་བྱེད་ཞ་ཟ་འ་ཡའི་ཀ་ཕྲེང་ལ་འབྲི་འདོད་ཀྱིས། །
ལ་འུར་དང་ལ་འུར་བྲིས་ཁུལ་བྱས་ཀྱང་གཞོན་ནུ་ཟླ་མེད་ཕོ་གཞོན་ལ། །
ཤ་ཚའི་སྙིང་སྡུག་ཆུ་སྐྱེས་སྒྲོལ་མ་མཛེས་མ་དེ་ཡིས་བཞག་མི་འདུག །
ས་ཆ་མི་ཡུལ་རང་ཡུལ་ཤོར་བའི་བོད་རིགས་འཁྱམས་པོ་བདག་འདྲ་བའི། །
ཧ་ཅང་ཆབ་སྲིད་གནས་ཚད་དམའ་བའི་ཀརྡོ་ང་ལ་ལམ་སྟོན་དང་། །
ཨ་ཁ་བློ་ཕམ་ཡོད་ན་ཆུ་སྐྱེས་སྒྲོལ་མའི་སྤྱན་ཟུར་བདག་ལ་ཡང་། །
ཧ་ཅང་སྦས་པའི་ཚུལ་གྱིས་ཅུང་ཟད་སྟོན་ན་དེ་ཡི་དགའ་བ་ནི། །
ཨ་ཧ་ཨ་ཧོ་ཨེ་མ་ཨེ་མའོ་ངོ་མཚར་རྗོད་ལས་འདས་སྙམ་མོ། །
ཀུ་རེའི་ཚུལདུ།
༼བདག་གི་མདུན་གྱི་ཁྱེད་ཚོ་ཚང་མར་ཕུལ་བ་ཡིན།༽
ཀ་མད་སུམ་ཅུའི་བསྟར་ཕྲེང་ནགས་མའི་ཀླུང་།།
ཁ་ཙམ་མིན་པར་ཞིབ་ཀྱིས་མྱུལ་བ་ན།།
ག་ས་གང་ན་ཤེས་རིག་འོད་སྣང་གིས།
ང་ཁྱོད་ཕ་མེས་བླ་སྲོག་ཉར་འདུག་ག།
ཅ་དག་བདག་གཅེས་ལད་པའི་ལོ་ཟླ་ཡིས།།
ཆ་ཤས་ཡང་ཤས་ཆག་ནས་འཇིགས་སོང་བ།།
ཇ་ཚོང་དུད་ཚོང་ཕམ་དང་གང་ནས་འདྲ།།
ཉ་ར་བྱ་རའི་ཕྱོགས་ལ་འབད་དགོས་ཡ།།
ཏ་མིང་རྒྱལ་པོའི་མཁར་གྱི་ཕྱི་ནང་ཡང་།།
ཐ་ཚིག་གཏམ་དང་དཔུང་གིས་བསྒུལ་བའི་གླུ།
ད་ལོ་སང་ལོར་ལེན་མཁན་མང་རྒྱུ་འདི།།
ན་ནིང་གཞིས་ནིང་ལོ་ནས་དར་སོང་ང་།།
པ་ལོ་བཅད་དང་མ་བཅད་དྲ་གྲོགས་ཚོས།།
ཕ་མེས་བླ་སྲོག་སྲུང་ཞིང་སྐྱོང་བ་འདི།།
བ་གམ་མཐོན་པོའི་རྩེ་ཡི་རྒྱལ་མཚན་ལ།།
མ་འོངས་བདག་གཅེས་མཐུད་པའི་ཚུལ་བཟང་བ།།
ཙ་རི་གངས་འདབས་དེ་ནས་ཞི་བདེའི་ཡུལ།།
ཚ་གྲང་མི་གཅིག་སྣ་ཚོགས་ལུང་པའི་ནང་།།
ཛ་དྲག་གཉན་འཕྲང་འགག་སྒོ་བརྒལ་བ་དེ།།
ཝ་ལེར་བསམ་ན་སེམས་ནང་འཇིགས་ཆེ་བ།།
ཞ་དང་ཞོར་ལ་ཁ་བརྡ་དྲ་ཚིགས་ནང་།།
ཟ་འཐུང་བར་ནས་རྩོམ་འབྲིའི་ནམ་མཁའ་འདི།།
འ་ཅག་གཅིག་ཏུ་འཛོམས་པའི་གཞི་ལགས་ན།།
ཡང་ཕེབས་ཤོག་བདག་གི་དྲ་ཚོགས་ཚོ།།
ར་བ་གངས་ཀྱི་འཛིན་མའི་ཁོང་གསེང་ནས།།
ལ་དགུ་ལུང་པར་བཀྲམས་པའི་རིགས་མཐུན་ཚོགས།།
ཤ་ཁྲག་གཅིག་ནས་གྱེས་པའི་མིང་སྲིང་ཚོ།།
ས་མཐའ་ཡང་མཐའ་དེ་ནས་བདེ་བར་སྨོན།།
སྙན་མིན་འགྲིག་མིན་ཚིག་གི་ཕྲེང་བ་འདི།།
སེམས་པའི་དྲན་སྣང་མཛུབ་མོའི་སྐེར་བསྐོན་ནས།།
གློག་རྡུལ་རི་མོར་ཕབ་པའི་ཁུལ་ཡིན་པས།།
ནོར་འཁྲུལ་ཡོད་ན་གྲོགས་ཚོ་དགོངས་དྭངས་མཛོད།།
གློག་ཀླད་ནང་འདིར་བོད་ཡིག་གཏགས་པའི་སྒོ།།
ཁ་སང་གྲོགས་ཀྱིས་ཕྱེས་པ་དེ་ནས་བཟུང་།།
དགའ་སྤྲོའི་ནམ་མཁའ་ལངས་ཤིང་གཉིད་བྲལ་བས།།
ཉིན་མཚན་གཉིས་ཀར་འདི་ན་འདུར་བཞིན་ཡོད།།
གྲོགས་གྱུར་ཕོ་མོའི་མཛའ་བརྩེ་མི་ལྷོད་པར།།
སྣ་ཚོགས་རིག་གཞུང་གླེང་བའི་གཏམ་འདི་འདྲ།།
ཡང་ཡང་སྤེལ་ནས་བདག་འདྲའི་ཀློག་མཁན་ཚོ།།
རྗེས་འཛིན་རེ་སྨོན་སྙིམ་པས་འདེགས་པ་ཡིན།།
ཁྱེད་རང་དྲ་གྲོགས་རྣམ་པར་རྗེས་སུ་ཡི་རང་དང་། ཁྱེད་རང་ཚོའི་གནང་སྟངས་ལ་ཡིད་སྨོན་ཤོར་གྱིན་དྲན་ཚོད་དུ་བྲིས་པ་ལགས་པས། ཁྱེད་ཚོར་ངལ་གསོ་ཞིག་དང་དགོད་ཁ་ཞིག་སློང་བར་ཕུལ་བ་ཡིན།
ཨ་མྱེས་རྒད་པོའི་ཚ་བོ་ཚ་མོས་རང་གི་རིག་གཞུང་གདུགས་དཀར་པོ།།
ཨ་རི་ལ་སོགས་ཡུལ་གྲུ་ཀུན་ཏུ་བརྩོན་པ་དཔུང་བ་བརྟན་པོས་བཏེགས།།
ཨ་མཆོད་བཞིན་དུ་གློག་ཀླད་མདུན་དུ་ཀ་ཁའི་ཤོག་བུ་ཀློག་བའི་ལས།།
ཨ་ཆེན་གངས་ཀྱི་མདངས་ལ་འཁུ་བར་ཆེན་པོ་དག་གིས་ཁ་ནས་གླེང་།།
ཨ་མདོ་ནས་བཟུང་མངའ་རིས་པར་དུ་ཀ་ཁའི་དབྱངས་གསལ་གཅིག་གིས་སྦྲེལ།།
ཨ་ཕའི་བུ་དག་རྒྱུགས་ཤེད་ཡོད་ན་བྱང་ཐང་ཡངས་ཤིང་རྒྱ་ཆེ་བ།།
ཨ་དོན་སྐྱེས་མེད་རྟོགས་མ་ཐུབ་ཀྱང་འཇིག་རྟེན་ཤེས་རིག་འོད་སྣང་འབར།།
ཨ་མའི་བུ་མོར་སྒེག་ཉམས་ཡོད་ན་ཁྲ་ཆིལ་སྐྱེད་ཚལ་ཁྱེད་ལ་དབང་།།
ཨི་ཤྭ་སྨན་གྱི་རི་བོར་གནས་བྱས་དེ་ཡི་འདབས་ཆགས་སྨན་དུ་འགྱུར།།
ཨུ་ཚུགས་བྱས་ནས་ཨམ་གཙིགས་མ་བསྡམས་སྙན་པའི་རྦ་ཆུ་ལྷུང་ལྷུང་འབབ།།
ཨེ་མ་ད་ནི་སྤུན་ཟླ་དག་གིས་མཐུན་པའི་དཔུང་པ་ཕན་ཚུན་བསྣོལ།།
ཨོཾ་ཡིག་འོད་ཀྱིས་རྩ་ལམ་ཁྱབ་པ་དྲང་སྲོང་མེ་ཏོག་འཐུ་བའི་བརྡ།།
ཀ་རྡོ་ཚིག་གསུམ་བསྡུ་མ་དེ།།
ཁ་བརྡ་ནང་གི་སྨན་ཐུན་ཉིད།།
ག་ལེར་འཐུང་ཞིང་འཐུང་ཞིང་མྱངས།།
ང་ལ་མཚོན་ན་སྤྲོ་བའི་གཞི།།
ཅ་དག་བུ་མོ་ཆུ་སྐྱེས་ནི།།
ཆ་ལུགས་པདྨའི་འདབ་མ་འདྲ།།
ཇ་ཆང་བག་མེད་ལོངས་སྤྱོད་ལ།།
ཉ་མོ་སྐམ་སར་འཛེམས་པ་བཞིན།།
པ་ཕའི་བུ་ལོ་ཆོས་འཕེལ་ནི།།
ཕ་བཟང་བུ་རྒོད་ཞིག་ཏུ་ངེས།།
བ་གམ་སྟེང་གི་དྲིལ་ཆུང་ལྟར།།
མ་ངེས་སྙན་ཚིག་ཤ་ར་ར།།
ཙ་ཡ་རྐྱང་རྐྱང་འབྲི་བར་རྩོམ།།
ཚ་ཚ་འཕྲོ་བའི་ཕུར་བ་སྐྱབས།།
ཛ་ཏི་སྨན་ཐུན་གཅིག་སྤྲད་ནས།།
ཝ་ལམ་བསྙེགས་ནས་ཐལ་སོང་ངོ་།།
ཞྭ་ཟུར་གྱོན་པ་བོན་པོ་ཡང་།།
ཟ་སྒོ་ཟུང་འཇུག་སྒོམ་པ་འདྲ།།
འ་ཅག་རིག་འཕྲུལ་འགྲན་པའི་སར།།
ཡ་ལ་ལ་ཞིག་བསྟས་ནས་སོང་།།
ར་ལུག་རྗེས་ན་རི་སྤྱང་བཞིན།།
ལ་ལུང་འགྲིམ་པའི་ལ་སྟོད་པ།།
ཤ་ཁྲག་བཙོ་དམར་མ་འཕངས་ན།།
ས་སྟེང་འདི་ནས་མཐོང་བ་དཀོན།།
ཧ་ཅང་དཔྱོད་ལ་དགའ་བ་ཡི།།
ཧ་ལམ་དྲ་གྲོགས་ཁ་ཤས་ཞིག།
ཚིགས་བཅད་ཚིག་རྒྱག་མི་འབྲི་བར།།
སྒམ་པོའི་ཚུལ་འཛིན་སྒོམ་ལ་བཞུགས།།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་དང་།།
ཨ་ཕ་མདའ་ཚན་རིག་རྒོད་དང་།།
ཨ་མའི་བུ་རྒོད་དབང་འདུས་སོགས།།
ཨ་ཁུས་འདི་ནས་ངོ་སོ་བསྟོད།།
ཨ་སྔོན་སྤྲིན་དཀར་མཛེས་མའི་སྣེ་མོ་ལས།།
ཧ་ཅང་མཛའ་གྲོགས་དྭངས་མ་མཇལ་དུས་སུ།།
ཨ་མའི་བུ་མོ་ང་ཡང་མ་ཤེས་བྲེལ་ཁུལ་གྱིས།།
ཧ་རི་ཧུ་རིས་སོར་མོའི་གར་ལ་བྲེལ།།
ས་མཐའི་འཚོ་བས་ཡུལ་དུས་བསྐལ་ན་ཡང༌།།
ཤ་རུས་ཀློང་གི་སྙིང་གཏམ་འདི་རུ་འདྲེན།།
ལ་ལུང་སྟོང་ཕྲག་བརྒལ་བའི་ཕ་རོལ་ནས།།
ར་ལྟར་དྲ་ལམ་ཕེབས་པའི་གྲོགས་དག་མཆོད།།
ཡ་ཁོག་དགའ་བས་སྨྱོས་པའི་གླུ་ཆུང་ཞིག།
འ་འུར་བཏང་ནས་རིག་གཞུང་བགྲོ་གླེང་བྱེད།།
ཟྭ་པོ་ལྟར་མིན་སྙན་འཇམ་ཚིག་ཕྲེང་རྣམས།།
ཞྭ་ལྷམ་མགོ་མཇུག་མ་ལྡོག་ཡིད་དུ་མཚར།།
ཝ་ལེར་ཡིད་གསལ་ཀ་རྡོ་གཞོན་ནུ་གཉིས།།
ཛ་དྲག་མ་ཡིན་མིག་ཟུར་བལྟ་ལོས་ཆོག།
ཚ་ཡུལ་བཞུགས་པའི་ཆོས་འཕེལ་ཕོ་རྒོད་དང༌།།
ཙ་རི་འགྲིམ་པའི་དབང་འདུས་ལ་སྟོད་ཡང༌།།
མ་བཅོས་སེམས་ཁམས་ཕྲ་མོའི་དབུ་རྩེ་ན།།
བ་ཚ་རྙོགས་རོས་མ་བསླད་དོན་ཕྱུག་པ།།
ཕ་རོལ་དགྲ་བོ་བཅོམ་པའི་རལ་གྲི་ཉིད།།
པ་ཏྲ་ལྟར་མཛེས་དྲ་ལམ་མཛེས་མའི་རྒྱན།།
ན་ནིང་དྲན་འཛིན་ངོས་ལ་དཔལ་ལྷ་གསོལ།།
ད་ལོར་དྲན་སྣང་སྙན་ངག་མངལ་དུ་འཁོར།།
ཐ་འཁོག་ཡུལ་གྱི་ནུབ་ཕྱོགས་འགྲིམ་མོད་ཀྱང༌།།
ཏ་ཐའི་བུ་ཆུང་འཁྲུངས་པ་རྒྱན་གྱི་མཆོག།
ཉ་ཆུ་བཞིན་དུ་འབྲལ་མེད་རིག་གཞུང་གླེང༌།།
ཇ་ཆང་མངར་མོའི་རོ་ལ་མགོ་མ་འཁོར།།
ཆ་ལུགས་ཚུལ་མཐུན་ལ་ཞེན་མ་འབོར་ཨང༌།།
ཅ་ཅོའི་སྙིང་གཏམ་གླེང་བ་ཁ་ཆེམས་ཡིན།།
ང་ཅག་ཁ་བ་ཅན་པའི་ཆ་ལུགས་རྣམས།།
ག་ལེར་འཛམ་བུ་གླེང་འདིར་དར་སྤེལ་ཡོང༌།།
ཁ་ཞེ་གཉིས་མེད་སྙིང་གཏམ་དམར་རྗེན་རྣམས།།
ཀ་ཡེ་གསོན་དང་ང་ཡི་གྲོགས་མཆོག་རྣམས།།
དྲ་གྲོགས་ཡོངས་ལ་ཕུལ་བ་དགེ་འོ།
ཀ་ཁ་སུམ་ཅུའི་རྩོམ་ཡིག་ལ་བརྟེན་ན།།
ཁ་ནས་ཐོན་པ་ཁོག་ཏུ་འཆར་ལས་ཉུང་།།
ག་ནས་བལྟས་ཀྱང་ཚིག་གི་སྦྱོར་བ་རེས།།
ང་དང་ཁྱེད་ཀྱི་བར་ཐག་རིང་དུ་གཏོང།།
ཅ་ཡིག་རྙེད་ཀྱང་ཚིག་སྦྱོར་ཕྱི་མ་དཀའ།།
ཆ་ལུགས་ཇི་ལྟར་བྲིས་ཀྱང་དོན་དང་འགལ།།
ཇ་སྐབས་སླེབས་དུས་ཇ་ཆང་རྙེད་སླ་ཡང་།།
ཉ་དང་ཇ་ཆང་བར་དུ་འབྲེལ་བ་དཀའ།།
ཏ་ཐ་ག་ཏའི་གསུང་གི་གསང་བ་ཀུན།།
ཐ་སྙད་སུམ་ཅུའི་རྗེས་སུ་ཇི་ལྟར་གཞོལ།།
ད་ནས་བཟུང་སྟེ་རྩོམ་ཚུལ་འདི་འདྲ་བ།།
ན་ཐང་སྦལ་པ་རྒན་པོའི་ཟླ་བོར་ཞོག།
པ་ཏྲ་ལྟ་བུའི་རྩོམ་གྱི་སྦྱོར་བ་དེས།།
ཕ་རོལ་དགའ་བ་བསྐྱེད་མི་ནུས་པའི་སྟེང་།།
བ་ལང་བཞིན་དུ་བརྡ་ལ་རྨོངས་པར་བྱེད།།
མ་བྱས་ཐབས་མེད་གྲོགས་དག་སུ་ཡིས་བསྐུལ།།
ཙ་ཡིག་རྙེད་ཆེད་ཙ་རིའི་གནས་སུ་སོང་།།
ཚ་གྲངས་དཀའ་བ་སྤྱད་ཀྱང་གཞན་མ་བརྙེད།།
ཛ་དྲག་གཉན་ཕྲེང་འཕྲད་དུས་ཛ་ཏི་བྲིས།།
ཝ་མོ་ཡིན་ཀྱང་དོན་འདིར་སེངྒེ་བཞིན།།
ཞ་ཡིག་དགོས་དུས་ཞྭ་མོ་བཀའ་དྲིན་ཆེ།།
ཟ་མ་མེད་ན་རྩོམ་འདི་འཚོ་ཐབས་བྲལ།།
འ་འུར་ཟ་ཟིའི་ཚིག་སྦྱོར་འདི་དག་གིས།།
ཡ་རབས་གོང་མའི་བརྡ་རྣམས་མཚོན་མི་ནུས།།
ར་མ་ཡིན་ཀྱང་འདི་ན་མེད་མི་རུང་།།
ལ་དགུ་ལུང་དགུས་ཆོད་ཀྱང་ལེན་དུ་འགྲོ།།
ཤ་ཁྲག་རུལ་ཀྱང་སྡེབ་སྦྱོར་མཛེས་པའི་གྲོགས།།
ས་སྟེང་སྙན་མོའི་ངག་རྣམས་བསྡུ་ཐབས་བྲལ།།
ཧ་ཧ་རྩེད་མོ་བྱས་སོ་དྲྭ་གྲོགས་རྣམས།།
ཧ་ཅང་ཀ་རྩོམ་ཁོ་ནར་གཡེངས་ཆེ་ན།།
ཨ་མདོའི་ཁ་སྐད་དབུས་གཙང་ཆོས་སྐད་སོགས།།
ཨ་དོན་སྐྱེ་མེད་དབྱིངས་སུ་ཡིབས་ནས་འགྲོ།།
ཁྱེད་རྣམ་པར་རྩེད་ཞུས་སུ་ཕུལ་བ་ལས་ཀ་རྩོམ་ལ་སྐྱོན་བརྗོད་བྱས་པ་མིན་ནོ།།
ཀ་མད་སུམ་ཅུ་དེ། ཁ་ལ་བྱང་བྱང་བས། ག་རེའི་སྐོར་ཡིན་ཡང་། ང་ནི་འདི་ཕྱོགས་ན།
ཅ་ཅོ་མང་ས་འདིར་། ཆ་ལུགས་མ་བསྒྱུར་བར། ཇ་ཆང་དུས་ཚོད་དེ། ཉ་ལྟར་འཁྱུག་ཉར་གྱིས།
ཏ་ལེན་ཡིག་ཁུག་ཏུ། ཐ་ཚིག་བློ་བསྐྱེད་རྣམས། ད་ལྟ་མ་ལུས་པར། ན་ནུར་མེད་པར་བཅུག
པ་ལགས་མ་ལགས་དང་། ཕ་སྤུན་མ་སྤུན་སོགས། བ་མོ་གངས་ཅན་གྱི། མ་ལུས་ཀུན་གྱི་ཆེད།
ཙ་ལག་མ་འཁྱུག་པར། ཚ་ཚ་འུར་འུར་གྱིས། ཛ་ཛོར་སེམས་སྤངས་ནས། ཝ་ལེར་འཇུག་པར་ཞུ།
ཞ་ལྷམ་སྡོད་གནས་དང་། ཟ་བཅས་འཐུང་བཅས་ཙམ། འ་འུར་དོན་གཉེར་དེ། ཡ་ལེ་ཡོ་ལེ་ཡིན།
ར་མགོ་ལུག་མིན་པའི། ལ་རྒྱ་སེམས་ལ་ཆོངས། ཤ་རུས་གདུང་རྒྱུད་དེ། ས་གནས་གར་ཡོད་ཀྱང་།
ཧ་ལ་དུས་ཟོས་ཀྱང་། ཨ་རིར་གནས་བཅས་ཀྱང་། ཧ་ར་ཕྱེ་རྒྱུ་མེད། ཨ་མ་གཅིག་གི་རྒྱུད།
དྲ་གྲོགས་རྣམས་ཀྱིས་གནང་ཚུལ་ལས་ང་ཡང་ཧེབ་ལང་ནས་བྲིས་པར་ཐལ།
ཀ་དག་དྲི་མེད་ཚལ་དུ་སྙན་པའི་མགྲིན་གླུ་འཐེན་པའི་ཚེ།
ཁ་ཏ་དཀར་པོ་ཟླ་མེད་གཞོན་ནུས་ཐན་ངན་སྟོན་པའི་སྐད།
ག་ས་ག་རུ་སྒྲོགས་ལ་ཐན་ངན་བཟློག་པའི་ཐན་བཟློག་ཅིག
ང་ཡིར་འཛིན་མེད་སྒོ་ནས་འཕེན་པར་དྲ་གྲོགས་གཞན་ལ་མཐོལ།
ཅ་ཅོའི་གཏམ་ལ་རྣོ་བའི་མཚོན་མེད་ཀྱང།
ཆ་ཤས་ཙམ་གྱིས་མི་སེམས་དུམ་བུར་གཏོང།
ཇ་ཆང་སྐྱེམས་གྱིས་བཟི་བའི་གཏམ་རྙོག་རིགས།
ཉ་དང་ཉུང་མར་བསྲེ་བ་འདིར་མི་རིགས།
ཏ་ཐའི་གསུངས་གིས་སེམས་ལ་མ་ཕན་ན།
ཐ་སྙད་ལ་རྨོངས་དུད་འགྲོ་ལས་ཀྱང་སྐྱོ།
ད་ལྟ་རྟེན་བཟང་ཐོབ་པའི་ཚེ་འདི་ལ།
ན་ཚོད་གཞོན་ཀྱང་བསླབ་བྱའི་གཏམ་ལ་ཉོན།
འདི་ནི་གཞོན་ནུ་ཟླ་མེད་ཟེར་བ་རྟག་ཏུ་མཁོན་སེམས་འཆང་བའི་དྲ་འབུ་དེ་ལ་སྤྲིངས།
བརྩེ་ཞིང་བྱམས་པའི་དྲྭ་གྲོགས་གཞན་རྣམས་ཀྱི་ཐུགས་དང་འགལ་བར་མཆིས་ཚེ་འགྱོད་བཤགས་དང།
ངེད་ཅག་རྣམས་དགའ་བའི་བྲོ་དང་སྐྱིད་པའི་གླུ་ལེན་ས་འདིར་གཞོན་ནུ་ཟླ་མེད་ངེད་གཉིས་ཀྱིས་ཚིག་མཚོན་བཏབས་པར་གཞོན་ནུ་ཟླ་མེད་ཀྱི་ཚབ་ངོས་ནས་བྱེད་མི་འོས་ཀྱང་ང་ཡིས་ཁྱེད་རྣམས་ཀྱི་ཐུགས་ལ་འགལ་བ་བྱུང་ཚེ་སླར་ཡང་དགོངས་པ་དྭངས་ཡོང་བ་བཅས།
པ་ལགས་མ་རེད་ཕ་ལགས་རེད། །
ཕ་སྤུན་ནང་བཞིན་དྲ་གྲོགས་ཚོ། །
བ་ལས་འོ་མ་འཇོ་བཞིན་དགོས། །
མ་མས་བུ་ཕྲུག་སྐྱོང་ལྟར་དགོས། །
ཙ་ཀེ་ཙི་ཀེའི་ཅ་ལག་དང་། །
ཚ་བའི་གནམ་གཤིས་དྲོ་བོའི་ནང་། །
ཛ་རེ་ཇོར་རེའི་གད་སྙིགས་བཞིན། །
ཝ་ལེ་ཝ་ལེས་མ་བསམས་པར། །
ཞྭ་སེར་ཞྭ་སྔོའི་དབྱེ་འབྱེད་ཀྱིས། །
ཟ་ཚོད་བཏུང་ཚོད་དགོས་པ་ལྟར། །
འ་རེ་འུ་རེ་མ་དཔྱད་པར། །
ཡ་མེད་ཚིག་མཚོན་མ་བྲིས་ཤིག །
ར་དང་ལུག་ལ་ཁྱད་མེད་ལྟར། །
ལ་སྟོད་བུ་དང་ཟླ་མེད་གཉིས། །
ས་ཆ་མི་འདྲར་གནས་ན་ཡང་། །
ཤ་ཁྲག་གཅིག་པའི་འདུ་ཤེས་དེ། །
ཧ་ཅང་རྩ་ཆེར་བརྩིས་དགོས་ལ། །
ཨ་མའི་མ་སྐད་ཕ་སྐད་སོགས།
ཧ་ལམ་ཉམས་པའི་དུས་ཚོད་འདིར། །
ཨ་ཞང་དབང་འདུས་གཉེས་ཕྱིར་བྲིས། །
ཀ་བ་མེད་པའི་གནམ་ཞབས་འདིར། །
ཁ་ནས་བྱུང་རྒྱལ་སྨྲ་ལ་བྲེལ། །
ག་རེ་ཡིན་དོན་མི་ཤེས་ཀྱང་། །
ང་ཁྱོད་རྩོད་འཁན་ལ་སྟོད་བུ། །
ཅ་ཅོ་དྲེད་མོ་དཀྲུག་གཏམ་སྤེལ། །
ཆ་ཆོ་མེད་མེད་པའི་འདོ་མེད་པོ། །
ཇ་རྩམ་ཟོས་པ་འཕྲོག་བརླགས་མཁན། །
ཉ་གསད་རྒན་པོ་ལས་ཀྱང་ཐུ། །
ཏ་ཐྰ་ག་ཏར་ཞེ་ལ་སྡང་། །
ཐ་སྙད་མ་ཤེས་མིང་ལ་ཆགས། །
ད་དུང་བོན་པོ་ཡིན་འདོགས་མཁན། །
ན་ནོག་སྤེལ་ལ་འགྲན་ཟླ་བྲལ། །
པ་ལགས་གཞོན་ནུ་ཟླ་མེད་ལ། །
ཕ་རོལ་དགྲ་རུ་བཟུང་ན་ཡང་། །
བ་རྒན་ཡ་སོ་ཅན་པོ་ཁྱེད། །
མ་རིག་ལ་སྟོད་ཨ་ཙ་མ། །
ཞ་ལོང་ལྟ་བུ་ལ་སྟོད་བུ། །
ཟ་འཐུང་རྒན་མོ་ཁ་རྩོད་མཁན། །
འ་ཅག་དྲ་བརྫེད་ལ་སྟོད་བུས། །
ཡ་རབ་ཟླ་མེད་འགྲན་པར་སྐྱོ། །
ར་ལྟར་གྱོང་བའི་ལ་སྟོད་བུ། །
ལ་རྒྱ་མེད་པའི་ཤིག་གི་བུ། །
ཤ་ཚ་མེད་པའི་ནང་དཀྲུག་མཁན། །
ས་སྟེང་འདི་རུ་མེད་ན་མཛེས། །
ཧ་ཧ་ཁྲེལ་མེད་ལ་སྟོད་བུ། །
ཨ་ཧོ་བན་བོན་བསྟན་པ་ལ། །
དགྲ་གྱོད་སྤེལ་བའི་ཡོ་ནག་པོ། །
ཁ་བརྡ་དྲ་བའི་རྒྱན་ཆ་རེད། །
ལ་ལ་ལ་མོ་ལ་ལ་ལེན།།
ལ་ལ་ལ་སྟོད་བུ་ལ་ལེན།།
ལ་ལ་ལེན་པའི་ཞོར་དུ་ལ།།
ལ་ཙི་ཅུང་ཟད་ཁ་ལ་འཇོག།
ལ་མོ་སྟེང་གི་པན་པན་ཙི།།
ལ་རླུང་ཕྲན་ན་ཡམ་ཡམ་གཡོ།།
ལ་དཀྲུགས་ལུང་དཀྲུགས་བྱེད་ལ་བྲེལ།།
ལ་སྟོད་བུ་ལ་ཅི་ཞིག་བྱུང་།།
ཀྭ་ཡེ་ལ་སྟོད་བུ།།
ཁ་བརྡ་བསླབ་བྱའི་ཚིག།
ག་ལེར་ཡིད་ལ་ཞོག།
ང་ཁྱོད་བརྩད་མ་རྒྱག།
ཅ་དག་བྱས་ནས་སྡོད།།
ཆ་ལུགས་བོན་ལྟར་ཟུངས།།
ཇ་ཆང་ཁ་རེག་ཚེ།།
ཉྭ་སུག་འདར་ཡོམ་ཡོམ།།
ཏ་མ་ལ་ཡི་ཀློང་།།
ཐ་སྐར་འོད་ཆེམ་ཆེམ།།
ད་ལྟ་དུས་ཚོད་ལ།།
ན་མཉམ་རིག་པ་འགྲན།།
པ་ལོའི་ཤ་ཚ་ནི།།
ཕ་དགྲ་བོན་གཤེད་མིན།།
བ་ལུའི་དྲི་བཟང་ཡང་།།
མ་ལོའི་བརྩེ་བ་ཡིན།།
ཙ་ཏིར་མཆེ་བ་གཙིགས།།
ཚ་ཚ་འཕྲོ་བ་འདྲ།།
ཛ་དྲག་ཡིན་མདོག་གིས།།
ཝ་སྐད་མ་སྒྲོག་ལགས།།
ཞ་ཡིག་འཁྱིལ་བ་ལྟར།།
ཟ་ཚད་ཁ་ནས་ལུད།།
འ་འུར་བསྒྲགས་ན་ཡང་།།
ཡ་སོ་མེད་པ་བཞིན།།
ར་རོར་གྱུར་མེད་ན།།
ལ་ལུང་མ་རྫོད་པར།།
ཤ་ཚའི་གཏམ་ཉན་ནས།།
ས་སྟེང་གཙང་མ་བཟོས།།
ཨ་ཅང་ཀུ་རེ་སྟེ།།
ཧ་ཅང་བྱམས་སེམས་ཀྱིས།།
ཨ་མདོ་བུ་ང་ཡིས།།
ཧ་ཧོ་དགོད་ཞོར་བྲིས།།
ཀ་བ་བུམ་པ་མི་ཤེས་ཤིང།
ཁ་དོག་འདྲ་མིན་ཤོད་པའི་བོན།
ག་ནས་ལྟས་ཀྱང་བོན་མིན་བོན།
ང་མིན་རྫུས་པ་ཀུན་གྱི་ཤེས།
ཅ་ལེ་ཅོ་ལེ་སྨྲ་བའི་བོན།
ཆ་ལུགས་ཆས་དགུ་རྫོགས་པའི་ལྷ།
ཇ་ཁུའི་མདོག་ལྟར་རབ་འཇིགས་པའི།
ཉ་བོ་སྒྲོལ་བའི་མཆོག་ལྔ་གང།
ཏ་ལ་ལ་ཡི་སྒྲོན་མེ་ལྟར།
ཐ་དད་མཆོག་ལྔ་འཇོག་ཤེས་ན།
ད་ལྟ་ཁ་བརྡར་གླེང་བའི་བོན།
ན་དམར་གཞུང་དུ་གསལ་བར་ཤེས།
པ་ཕའི་བུ་རྒོད་ཡིན་རིག་ན།
ཕ་རོལ་དྲི་བར་ལན་འདེབ་རིགས།
བ་ལང་གཡག་ཏུ་རྫུས་མ་རྫུས།
མ་རིག་འཇོམས་པའི་རིག་པས་ཤེས།
མཆན་༦༧་གཞོན་ནུ་ཟླ་མེད་ཀྱིས།
ཐོག་མར་ལ་སྟོད་བུ་ལ་ཅི་སྨྲས་གཟུ་དཔང་རྣམས་ཀྱིས་གཟིགས་དང་དབུ་ཁྱུད་སུས་བརྩམས་མིན།
ར་ལུག་རྗེས་ན་རི་སྤྱང་བཞིན།།
ལ་ལུང་འགྲིམ་པའི་ལ་སྟོད་པ།།
ཤ་ཁྲག་བཙོ་དམར་མ་འཕངས་ན།།
ས་སྟེང་འདི་ནས་མཐོང་བ་དཀོན།།
ཆུ་སྐྱེས་སྒྲོལ་མས་གཙོས་དྲ་གྲོགས་ཡོངས་ལ་སྤེལ།
སྟོད་ལུང་བདེ་ཆེན་རྗོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རེ་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཞིག་ཡོད་པ་དེ་ནི། གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས [རྨེའུས] ཕྱག་བཏབ་པའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། དེ་གར་བོན་མདོ་སྔགས་ཀྱི་བསྟན་པའི་གནས་གཞི་བཟུང་ནས་དར་བར་མཛད། གྲི་གུམ་བཙན་པོས་བོན་བསྣུབས་སྐབས་སྨེའུས [རྨེའུས] སྟོན་གྱིམ་བུ་ཐེལ་རྒྱལ་གྱིས་བོན་གྱི་རིག་གཞུང་གི་རྩ་བ་བཀའ་བོན་སྒོ་བཞི་སྲུང་སྐྱོབ་གནང་སྟེ་རྒྱལ་སྲས་སྤུ་དེ་གོང་རྒྱལ་གྱི་རིང་ལ་བོན་གྱི་རིག་གཞུང་གོང་འཕེལ་བཏང། སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ [རྨེའུ]སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་ས་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བསྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྟབས་སྨེའུ [རྨེའུ] སྟོན་གྱི་རྒྱུད་པ་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་སོགས་རྗུ་འཕྲུལ་བསྟན་པས་ཁྲི་སྲོང་ལྡེ་བཙན་ངོ་མཚར་སྐྱེས་ཏེ་སྔར་གྱི་བཀའ་གཏན་སོར་གནས་བྱུང། བསྟན་པ་ཕྱི་དར་གྱི་སྐབས་བོན་ཆོས་གཉིས་ཀ་དར་བས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གསོལ་མཆོད་བསྐྱར་གསོ་བྱུང། དགའ་ལྡན་ཕོ་བྲང་བས་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྦ་མའི་ལུང་སོགས་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་པའི་ནངསྦ་མ་ཁ་གསོ་རྒྱག་པ་དང་འབྲེལ་སྲིད་པའི་རྒྱལ་མོ་གསོལ་མཆོད་དང། གཡང་སྐྱབས་ཉིན་གསུམ་བྱེད་མི་ཞང་སྟོན་ཁུལ་ནས་ཞང་སྟོན་སྨེའུའི་གདུང་རྒྱུད་གཅིག་ཡོང་དགོས་པར་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ལེན་རྒྱུ་ཡོད། ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང། སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད།།། ༼མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་ནས་དྲངས།༽ ཞེས་པ་འདི་ངོས་ནས་དུས་དེབ་ཞིག་ནས་ཟུར་གདོན་ཞུས་པས་དགོངས་འགལ་མེད་པ་ཞུ། ང་ཡི་དྲི་བ་ནི་དེང་སྐབས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གྱི་གསོལ་མཆོད་དང་གཡང་སྐྱབས་བཅས་རྒྱུན་སྐྱོང་གནང་གི་ཡོད་དམ་ཞེས་འདྲི་རྒྱུ་ཡིན། མེད་ན་སྔར་རྒྱུན་སླར་གསོ་དགོས་པའི་རེ་འདུན་ཆེན་པོ་ཡོད། དེས་ན་ཆུ་སྐྱེས་སྒྲོལ་མས་འདི་སྐོར་མཁྱེན་གྱི་ཡོད་ན་གསུང་རོགས་ཞུ།།
དུས་དེབ་འདི་ན་་གསལ་འདུག་པས་གཟིགས་པར་འཚལ། http://www.rgbm123.com/photos/334/
ཀ་བཤད་མདའ་མོ་མདའ་རེད།།
ཁ་བཤད་དོན་གྱི་སྙིང་པོ།།
ག་ལེར་ཁ་བརྡར་འཕེན་དུས།།
ང་ཡི་སེམས་པ་སྐྱོ་བྱུང༌།།
ཅ་ཅོ་དབེན་པའི་བསྟི་གནས།།
ཆ་ལུགས་ཚུལ་མཐུན་སྐད་ཆ།།
ཇ་ཆང་མངར་མོའོ་རོ་མཆོག།
ཉ་མོ་བདག་ཚོར་གནང་རོགས།།
ཏ་ལའི་ལོ་མའི་ངོས་ལ།།
ཐ་ཤལ་ཚིག་མཚོན་མ་བྲིས།།
ད་ལྟ་ལ་སྟོད་བུ་དང༌།།
ན་གཞོན་ཟླ་མེད་གཉིས་ཀ།
པ་ཏྲའི་རི་མོ་ཇི་བཞིན།།
ཕ་མ་གཅིག་གི་བུ་མཆོག།
བ་ཚ་རྙོག་རོས་མ་སླད།།
མ་བཅོས་སེམས་པ་མཐུན་དགོས།
ཙ་གི་ཙི་གི་བྱས་ནས།།
ཚ་ཡུལ་འགྲིམ་པའི་སྤུན་ཚོས།།
ཛ་དྲག་ཆེ་མདོག་བྱས་ནས།།
ཝ་བཞིན་ཀུ་ཅོ་མ་སྒྲོགས།།
ཞྭ་མོའི་ཁ་མདོག་མི་འདྲ།།
ཟ་མ་མངར་སྐྱུར་ཙམ་རེད།།
འ་ཅག་བོད་མིས་སྤྱོད་དུས།།
ཡ་ཆུང་སྙིང་ལ་དོན་གཅིག།
ར་ལུག་དཀར་ནག་ཁྲ་གསུམ།།
ལ་མོ་གངས་ཅན་རྒྱན་རེད།།
ཤ་ཚ་ཅན་གྱི་སྙིང་གཏམ།།
ས་ཆ་དེ་ཡི་རྒྱན་རེད།
ཧ་ལོ་སྨན་ལ་སྒྱུར་བར།།
ཨ་ལས་ནུས་པ་མེད་ཀྱང༌།།
ཧ་ཅང་དྭངས་གཙང་སེམས་པས།།
ཨ་མའི་བུ་ཚོར་སྤྲིངས་ཡོད།།
ཆུ་སྐྱེས་སྒྲོལ་མས་བྲིས་པའི་དུམ་བུ་ཞིག་འདིར་འགོད་པར་བྱ།༼དུས་ཆེན་སྲུང་བརྩི་ཞུ་སྟངས་ཀྱི་སྐོར་དེ་དཔྱད་གཞིའི་ཡིག་ཆ་ཁག་ལ་གཞི་བཞག་པ་ཡིན་ན། དེ་སྔའི་མཛད་སྒོའི་སྐོར་ནས་ཞུས་པ་ཡིན་ན། དེ་ནི། བོད་ཟླ་བཅུ་པའི་ཚེས་བརྒྱད་དགུ་ཙམ་ནས་མགོ་ཚུགས་ཀྱི་ཡོད་པ་རེད། རྨེ་རི་དགོན་པའི་དགེ་འདུན་པ་ཚོས། གཙུག་ལག་ཁང་གི་དཔལ་ལྷའི་ལྕོག་ལ་གཏོར་སྒྲུབ་ཚུགས་སྲོལ་ཡོད་པ་དང༌། གུང་ཐང་བླ་མ་ཞང་གིས་གཏེར་ནས་བཞེས་པའི་དཔལ་ལྷ་དྲག་མོའི་ཞལ་འབག་གདན་འདྲེན་ཞུས་ནས། ་་་་་་་་་་་་་་་་་་རིམས་པས་ཀློག་གནང་རོགས།
འདི་ནི་ཧ་ཅང་ངོ་མཚར་ཆེ་བའི་ལོ་རྒྱུས་ཀྱི་བྱུང་བ་ཡག་མོ་ཞིག་ཡིན།།
ཆུ་སྐྱེས་ཀྱི་སྒྲོལ་མས།
ལྷང་ལྷང་གི་འགྱུར་ཁུག
པད་མོ་ཡི་ཚལ་དུ།
སྐྱེ་དགུ་ཡི་ཡིད་བཀུག
སིལ་སིལ་གྱི་གཡེར་སྒྲ།
ཁྱག་ཁྱུག་གི་ཟུར་མདའ།
ལྡེམ་ལྡེམ་གྱི་སྐེད་ཕྲ།
བསྭོ་བསྭོ་ཡི་གླུ་དབྱངས།
པད་དཀར་གྱི་ཆུ་སྐྱེས།
ཆིབས་སུ་ཅི་ཆིབས་ན།
གསུང་སྙན་གྱི་ཁུ་བྱུག
ལེན་པ་ཅི་ལེན་ན།
སྙན་པ་ཡི་ཚིག་སྦྱོར།
ཆུ་སྐྱེས་ཀྱི་ཟླ་གཞོན།
ལྷོང་ལྷོང་གི་སྤྲིན་ལས།
སིལ་སིལ་གྱི་སྦྲང་ཆར།
སྐོམ་པ་ཡི་གདུང་སེལ།
ཆུ་སྐྱེས་ཀྱི་ཟླ་བ་གསར།
སྤྲིན་དཀར་ནི་ཆིབས་སུ་བཅིབས།
ཉི་ཟེར་ནི་རོལ་དུ་ཁྲིད།
གནམ་རུ་ནི་གཞུ་རུ་བརྡུང།
སེར་ཆེན་ནི་མདའ་རུ་འདྲིལ།
སེར་མདའ་ནི་ཐུར་དུ་བརྡེག
མི་སྙན་ནི་འབེན་དུ་འཛུག
ལ་སྟོད་ཀྱི་བུ་ཆུང།
བྲེལ་ཕོང་གིས་སྡུག་བསྔལ།
གནས་ཚུལ་གྱི་འོག་ནས།
འབྲི་མཚམས་ནི་འདིར་འཇོག
http://www.himalayabon.com
འདིར་ཞུ་འདོད་པ་ཞིག་ནི། ང་ཚོའི་བོད་ཀྱི་རྒྱལ་ས་ལྟེ་བ་་་ལྷ་ས་་་ཞེས་པའི་ས་མིང་འདི་ཇི་ལྟར་བྱུང་བ་ཡིན་མིན་སྐོར་ལ་འགྲེལ་བཤད་སྣ་ཚོགས་མཐོང་མྱོང་བས་གང་ལའང་དེ་ཙམ་ཡིད་ཚིམས་པ་མ་བྱུང་ནའང། བོན་པོའི་ལྷ་གསོལ་ས་ཡིན་པས་ན་་་་ལྷ་ས་་་་རེད་ཟེར་བ་ཙམ་ལས་དངོས་དོན་དང་མཐུན་པ་བཤོད་མཁན་དང་ཤེས་མཁན་དཀོན། ཆུ་སྐྱེས་སྒྲོལ་མས་བྲིས་པའི་དཔལ་ལྷ་མོའི་དུས་ཆེན་སྐོར་དང། ང་ཡི་མཆན་༧༨་པར་བཀོད་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་ནས་དྲངས་བ་དེ་དང། ཡང་མཆན་དང་པོར་sos་ནས་འདི་ལ་ལྷ་ས་ཟེར་པ་ནི་གཙུག་ལག་ཁང་གི་མཐའ་སྐོར་ཙམ་ལ་གོ་བ་དང་། ཞོལ་པ་ཟེར་པ་ནི་པོ་ཏ་ལའི་གཤམ་གྱི་གྲོང་སྡེ་དེང་སང་རྒྱ་མིས་གཏོར་ཚར་པ་དེ་ལ་གོ་དགོས་སྙམ། དེ་བས་ལྷ་ས་བས་ལྷ་ས་ཟེར་པ་ནི་གཙུག་ལག་ཁང་མཐའ་འཁོར་གཅིག་པུར་འཛིན། ་་་་་་ཞེས་པའི་ཚིག་འདི་རྣམས་ལ་བརྟག་པ་བྱས་པས་གངས་ཅན་བོད་ཀྱི་རྒྱལ་ས་་་་ལྷ་ས་་་་ཞེས་པའི་གནའ་རབས་ཀྱི་་་ས་མིང་་་འདི་དངོས་དོན་བོན་པོའི་ལྷ་གསོ་ས་ཡིན་པ་དང་དེར་མ་ཚད་དམིགས་གསལ་བོན་པོའི་་་ལྷ་མོ་སྲིད་པ་རྒྱལ་མོ་་་གསོལ་མཆོད་གནང་ས་ཡིན་པ་ར་འཕྲོད་གཙང་མ་བྱུང་བས་ཡིད་ཆེས་ལེགས་པར་རྙེད། སྲོལ་རྒྱུན་བཟང་པོ་རྒྱུན་སྐྱོང་བྱས་པའི་ཡོན་ཏན་ལས། གནའ་བོའི་བོད་ཀྱི་རྒྱལ་ས་་་ལྷ་ས་་་ཞེས་པའི་ས་མིང་འདི། བོན་གྱི་་་་ལྷ་མོ་སྲིད་པ་རྒྱལ་མོའི་མཚན་ནས་བྱུང་བ་ཡིན་པ་ཤེས་པ་འདི་རྟེན་འབྲེལ་ཤིན་དུ་བཟང་པོ་ཡིན་ལ་ད་དུང་བོད་ཅན་གྱི་ཞིང་ལ་རེ་བ་དང་སྨོན་ལམ་ཞིག་ཡོད་པར་ངེས།།།
རྒྱལ་ས་དང་ལྷ་ས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་འདྲ། རྒྱལ་པོ་བཞུགས་ས་ལ་རྒྱལ་ས་དང་ལྷ་བཙན་པོ་བཞུགས་ས་ལ་ལྷ་ས།
ཁ་ལ་བཀག་གཏོང་མ་ལག་མ་ཚང་ན།།
ཁ་འདི་ཉེས་པ་ཀུན་གྱི་འབྱུང་གནས་སྟེ།།
ཁ་འདིས་ཚད་མེད་སྡིག་པ་བསགས་སྲིད་པས།།
ཁ་ལ་ད་ནི་སྒོ་ལྕགས་རྒྱག་རྒྱུ་ཡིན།།
ཁ་འདིས་དགེ་བ་བཤད་ཀྱང་རྣ་བ་འགས།།
ཁ་ཡིས་བཤད་པ་ཅི་བཞིན་མ་གོ་ན།།
ཁ་བཤད་གསེར་གྱི་ཐང་མ་བརྡལ་ན་ཡང་།།
ཁ་དོག་ནག་པོ་སོལ་བ་ལྟ་བུ་ཡིན།།
ཁ་ཏྭ་ནག་པོ་ནམ་མཁའི་མཐོང་དབྱིངས་ནས།།
ཁ་ལས་མི་དགེའི་སྟོང་སྐད་བསྒྲགས་ན་ཡང་།།
ཁ་ཡི་སྒོ་ལ་ལྕགས་ཀྱིས་རྒྱས་བཏབ་ནས།།
ཁ་ཚིག་གཅིག་ཀྱང་ཕྱི་ལ་མི་གཏོང་ངོ་།།
ཁ་མིན་སྙིང་གི་གཏིང་ན་དགེ་བའི་གཏམ།།
ཁ་ཁོག་ཡོངས་སུ་ཁེངས་ནས་ཡོད་ན་ཡང་།།
ཁ་ཅིག་རྟག་ཏུ་སྤྱི་ཚོགས་སྐྱོན་ལ་ལྟ།།
ཁ་སེམས་མི་མཐུན་པ་དག་ངལ་གསོ་འོས།།
ཁ་མཚར་ཀུ་རེ་རྩེད་དང་ཆབས་ཅིག་ཏུ།།
ཁ་བའི་ཡུལ་གྱི་ཕུན་ཚོགས་བདེ་བཞི་ལ།།
ཁ་ཡིས་བགྲོ་གླེང་སྐལ་བཟང་ཅི་བྱུང་བ།།
ཁ་བ་རི་བའི་ཆེད་དུ་བསྔོ་བའོ།།
ཕུན་ཚོགས་སྡེ་བཞི
xxxxxxxxxxxxxxxx།
ལྷ་མོ་སྲིད་པ་རྒྱལ་མོའི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་གསུངས་ཐུབ་ན་ཕན་ཐོགས་འདུག་སྙམ།
རྒྱལ་ས་དང་ལྷ་ས་དོན་ཡིན་ནི་མ་རེད།
རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་བཞུགས་ཡུལ་ལྷ་ས་མ་རེད། ལྷོ་ཁར་རེད།
ལྷ་མོ་སྲིད་པ་རྒྱལ་མོའི་ལོ་རྒྱུས་རག་མ་སོང་། སྔོན་ཞྀག་ལ་བཀླགས་མྱོང་། ད་ལྟ་རྙེད་མ་སོང་། རྙེད་པ་དང་འདིར་འཁྱེར་ཡོང་ཆོག གཤམ་གྱི་འདི་ནི་སྲིད་པའི་རྒྱལ་མོའི་བསྐང་ཆུང་རེད།
ཀྱེ་ མ་མཆོག་སྲིད་པའི་རྒྱལ་མོ་ནི། །འགྲོ་བ་ཡོངས་ཀྱི་མ་གཅིག་མ། །སྣང་སྲིད་ཀུན་གྱི་བཅུད་བདག་མོ། །སྒྲོལ་བྱེད་མ་མོ་ཡོངས་ཀྱི་གཙོ། །ནམ་མཁའི་ཁམས་སུ་བྱོན་ཙམ་ན། །མཚན་ནི་དཀར་མོ་སྲིད་པའི་རྒྱལ་མོ་མཚན། །ས་ཏྲིས་ཨེར་སངས་འཁོར་བཅས་ཐུགས་དམ་བསྐང་། །བར་སྣང་ཁམས་སུ་བྱོན་ཙམ་ན། །མཚན་ནི་སྨུག་མོ་སྲིད་པའི་རྒྱལ་མོ་ནི། །སྨུག་མོ་སྲིད་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །ས་གཞིའི་ཁམས་སུ་བྱོན་ཙམ་ན། །རྒྱ་མཚོ་མུ་ལེ་ཧེད་ཀྱི་ནང་ཤེད་ན། །མཚན་ནི་ནག་མོ་སྲིད་པའི་རྒྱལ་མོ་མཚན། །ནག་མོ་སྲིད་རྒྱལ་འཁོར་བཅས་ཐུགས་དམ་རྐང་། །ལན་རེ་སྤྲུལ་པ་མཛད་ཙམ་ན། །དྲེལ་ནག་ཁ་དཀར་གདན་སྟེང་ན། །ཐུགས་སྤྲུལ་ནག་མོ་སྲིད་རྒྱལ་མཚན། །ནག་མོ་འབུམ་ཚོགས་འཁོར་བཅས་ཐུགས་དམ་བསྐང་། །ལན་རེ་སྤྲུལ་པ་མཛད་ཙམ་ན། །མཁའ་ལྡིང་ཁྱུང་གི་ཁྲི་ཐོག་ན། །འོད་ཀྱི་ལྷ་མོ་མཚན་གང་མ། །སྐུ་ནི་སྣང་ལ་རང་བཞིན་མེད། །སྐུ་མདོག་དཀར་གསལ་མདངས་དང་ལྡན། །འོད་ཀྱི་ལྷ་མོ་འབུམ་གྱིས་བསྐོར། །སྐུ་ནི་གར་ཡང་མོ་བསྐྱོད་དེ། །ཐུགས་ཀྱི་སྤྲུལ་པ་ཕྱོགས་ཅུར་ཁྱབ། །སྲིད་རྒྱལ་མཙོ་འཁོར་བཅས་པས་ཐུགས་དམ་བསྐང་། །ཁྱེད་ཀྱི་སྤྲུལ་པ་འགྱེད་ཙམ་ན། །ཡེ་ཤེས་དབལ་མོ་སྡེ་དྲུག་འཁོར་གྱིས་བསྐོར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །རྨད་འབྱུང་གསང་བའི་གཏོར་མ་དང་། །རགྟ་དམར་གྱི་ཕུད་མཆོད་འདིས། །མ་མཆོག་ཁྱེད་ཀྱི་ཐུགས་དམ་བསྐང་། །མ་ཅིག་སྐུ་ཡི་སྤྲུལ་པ་ལས། །ཡེ་ཤེས་དབལ་གྱི་གཟེ་མ་དགུ། །རྫུ་འཕྲུལ་ཀློང་གི་གྱད་མོ་དགུ། །ལས་ལ་སྤྲུལ་པའི་བྱིན་ཏེ་དགུ། །དམ་ཅན་སྲིད་རྒྱལ་སྡེ་དྲུག་དང་། །ཡེ་ཤེས་དབལ་མོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཀི་བསྭོ་ཆ་བོ་ལྷ་རྒྱལ་ལོ། ། ཅེས་སྲིད་རྒྱལ་གསང་བསྐང་ཆུང་བ་འདི་ནི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་ ནས་ཤམ་པོ་བྲག་ལ་གཏེར་སྦས་ཕྱིས་དུས་རྦ་སྟོན་གྱིས་གཏེར་ལས་ཐོན་པ་བཀྲ་ཤིས་སོ། །དགེའོ།
འདི་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་སྲུང་གཙོ་བོ་མ་སྲུང་སྲིད་པ་རྒྱལ་མོ་ཞེས་ཞུ་བ་རེད།
མ་གཅིག་སྲིད་རྒྱལ་གྱི་བསྐང་གསོལ་ནི། །
ཀྱེ །
མ་མཆོག་སྲིད་པའི་རྒྱལ་མོ་ནི། །འགྲོ་བ་ཡོངས་ཀྱི་མ་གཅིག་མ། །སྣང་སྲིད་ཀུན་གྱི་བཅུད་བདག་མོ། །སྒྲོལ་བྱེད་མ་མོ་ཡོངས་ཀྱི་གཙོ། །ནམ་མཁའི་ཁམས་སུ་བྱོན་ཙམ་ན། །མཚན་ནི་དཀར་མོ་སྲིད་པའི་རྒྱལ་མོ་མཚན། །ས་ཏྲིས་ཨེར་སངས་འཁོར་བཅས་ཐུགས་དམ་བསྐང་། །བར་སྣང་ཁམས་སུ་བྱོན་ཙམ་ན། །མཚན་ནི་སྨུག་མོ་སྲིད་པའི་རྒྱལ་མོ་ནི། །སྨུག་མོ་སྲིད་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །ས་གཞིའི་ཁམས་སུ་བྱོན་ཙམ་ན། །རྒྱ་མཚོ་མུ་ལེ་ཧེད་ཀྱི་ནང་ཤེད་ན། །མཚན་ནི་ནག་མོ་སྲིད་པའི་རྒྱལ་མོ་མཚན། །ནག་མོ་སྲིད་རྒྱལ་འཁོར་བཅས་ཐུགས་དམ་རྐང་། །ལན་རེ་སྤྲུལ་པ་མཛད་ཙམ་ན། །དྲེལ་ནག་ཁ་དཀར་གདན་སྟེང་ན། །ཐུགས་སྤྲུལ་ནག་མོ་སྲིད་རྒྱལ་མཚན། །ནག་མོ་འབུམ་ཚོགས་འཁོར་བཅས་ཐུགས་དམ་བསྐང་། །ལན་རེ་སྤྲུལ་པ་མཛད་ཙམ་ན། །མཁའ་ལྡིང་ཁྱུང་གི་ཁྲི་ཐོག་ན། །འོད་ཀྱི་ལྷ་མོ་མཚན་གང་མ། །སྐུ་ནི་སྣང་ལ་རང་བཞིན་མེད། །སྐུ་མདོག་དཀར་གསལ་མདངས་དང་ལྡན། །འོད་ཀྱི་ལྷ་མོ་འབུམ་གྱིས་བསྐོར། །སྐུ་ནི་གར་ཡང་མོ་བསྐྱོད་དེ། །ཐུགས་ཀྱི་སྤྲུལ་པ་ཕྱོགས་ཅུར་ཁྱབ། །སྲིད་རྒྱལ་མཙོ་འཁོར་བཅས་པས་ཐུགས་དམ་བསྐང་། །ཁྱེད་ཀྱི་སྤྲུལ་པ་འགྱེད་ཙམ་ན། །ཡེ་ཤེས་དབལ་མོ་སྡེ་དྲུག་འཁོར་གྱིས་བསྐོར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །རྨད་འབྱུང་གསང་བའི་གཏོར་མ་དང་། །རགྟ་དམར་གྱི་ཕུད་མཆོད་འདིས། །མ་མཆོག་ཁྱེད་ཀྱི་ཐུགས་དམ་བསྐང་། །མ་ཅིག་སྐུ་ཡི་སྤྲུལ་པ་ལས། །ཡེ་ཤེས་དབལ་གྱི་གཟེ་མ་དགུ། །རྫུ་འཕྲུལ་ཀློང་གི་གྱད་མོ་དགུ། །ལས་ལ་སྤྲུལ་པའི་བྱིན་ཏེ་དགུ། །དམ་ཅན་སྲིད་རྒྱལ་སྡེ་དྲུག་དང་། །ཡེ་ཤེས་དབལ་མོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཀི་བསྭོ་ཆ་བོ་ལྷ་རྒྱལ་ལོ། ། ཅེས་སྲིད་རྒྱལ་གསང་བསྐང་ཆུང་བ་འདི་ནི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་ ནས་ཤམ་པོ་བྲག་ལ་གཏེར་སྦས་ཕྱིས་དུས་རྦ་སྟོན་གྱིས་གཏེར་ལས་ཐོན་པ་བཀྲ་ཤིས་སོ། །དགེའོ།
xxxxxxxxxxxx
xxxxxxxxxxxxxxxxxx
ཀ་དག་སེམས་ཀྱི་རང་བཞིན་གཙང་མར་གློ་བུར་དྲི་མས་སྦག་བཙོག་ཐེབས།།
ཁ་ཁར་གྱུར་བའི་ལུས་དང་སེམས་གཉིས་འདི་ནས་གཅིག་བྲན་གཅིག་ནི་གྱུར།།
ག་དུས་ཡིན་ཡང་མཐུན་པར་དཀའ་བའི་ཕྱི་ནང་འཐབ་པའི་གཡུལ་ས་རུ།།
ང་ཡིར་འཛིན་པའི་ཞེན་ཆགས་དམར་བོ་གོ་ཆར་རློམ་པའི་འཁྲུལ་ཤེས་ཤིག།
ཅ་རེ་རང་གི་བདེ་དོན་ཆེད་དུ་དགེ་སྡིག་རི་མོ་ཐོད་ལ་བརྐོས།།
ཆ་རྐྱེན་ཡོད་མེད་གནས་ལུགས་བར་ན་རང་སྣང་སྐྱིད་པའི་གར་ལ་རྩེན།།
ཇ་སྡོང་བཞིན་དུ་འགྱུར་བ་མི་མངའ་རང་གཤིས་གྱོང་བོ་རྡོ་ལས་མཁྲེགས།།
ཉ་ཉོག་གཏམ་དང་སྣ་ཚོགས་ལས་སོགས་བདག་དང་བདག་གི་དོན་དུ་སྤུར།།
ཏ་རེ་དཔལ་མོར་ཐོད་པ་གཏུག་དུས་གཞན་དོན་མེ་ཏོག་རྒྱབ་ཏུ་བོར།།
ཐ་ན་རང་གི་ཕ་མའང་བརྗེད་པའི་བདག་འཛིན་མཉམ་བཞག་རྡོག་པོ་ཞིག།
ད་རེའི་དལ་བའི་རྟེན་བཟང་འདི་ནི་སྒེར་དོན་སྐྱོང་བའི་རྒྱུ་རུ་སྨིན།།
ན་ཟུག་ཅིག་གི་ལྐོག་གྱུར་ཟླུམ་པོ་མ་གིའི་དམྱལ་བའི་ཁམས་ལ་བབས།།
པ་སངས་སེམས་ཀྱི་ངོ་བོ་རལ་བ་ངན་སོང་གནས་ཀྱི་བཀོར་པར་འཕྱུར།།
ཕ་རོལ་མུན་པའི་སྒོ་གླེགས་བརྟན་པོ་མགོ་སྐོགས་སྐམ་པོའི་གྲོགས་སུ་བསླངས།།
བ་ལང་རིགས་ཀྱི་འགྲོ་སྟངས་ལོབས་པས་མི་ཚེའི་རིན་ཐང་རྨང་ནས་བརྗེད།།
མ་མོ་བདུད་ཀྱི་ཆོ་འཕྲུལ་ཀློང་ནས་འོད་སྣང་ཞིག་གི་སྣེ་མ་ཟིན།།
ཙ་གེ་ཙི་གེའི་ལས་རེ་བྱས་པ་མི་དགེ་ལས་ཀྱི་ཉེར་ལེན་གྱུར།།
ཚ་གྲང་ལྟོགས་སྐོམ་ཚོར་བས་གླེང་ཚེ་གདོས་བཅས་ལུས་བོ་སྡུག་གིས་གཟིར།།
ཛ་ལང་སྤྱོད་པའི་ཕྱི་ཚུལ་བར་ནས་ཀུན་གྱིས་སྡང་བའི་རྟགས་ཤིག་མཐོང༌།།
ཝ་མོའི་གཡོ་སྒྱུའི་སྡེར་ཁྱིམ་འོག་ནས་རང་དོན་ད་དུང་འཚག་མ་སོང༌།།
ཞ་ལུའི་ལང་ཚོའི་དབང་ཐང་རྒྱས་པ་རང་ལུས་ཕོངས་པའི་འགོང་བོར་འཕུར།།
ཟ་ཟིས་བརྟས་པའི་མི་ཡི་ཁམས་ན་མི་སྐད་སྨྲ་བའི་དགོས་པ་ཟད།།
འ་ལེ་འོ་ལེར་མི་ཚེ་ཕུད་པ་འཇིག་རྟེན་ཞིག་གི་ཉམས་ཉེས་ཉིད།།
ཡ་མ་བརླ་ཡི་འཁོར་བའི་འོབས་སུ་བདག་མེད་རྟོགས་པའི་ཚད་མ་གང༌།།
ར་རོར་གྱུར་ཀྱང་རང་སྲོག་ཆེད་དུ་རང་སྲོག་འབུལ་བའི་མཚན་མ་གཡོ།།
ལ་མོར་གཤིན་རྗེའི་དྲུང་སྒོར་བསུ་བའི་ཕོ་ཉའི་རྫིག་ཉམས་མཐོ་ན་ཡང་།།
ཤ་ཁྲག་གདོས་བཅས་ཕུང་བོ་འདི་ནི་སྐྱིད་པའི་མལ་ན་ད་དུང་འཕག།
ས་ཆེན་འདི་ལ་རྡོག་པས་མནན་པའི་དགོས་པ་ཡང་སྙིང་ཅི་ཞིག་ཡིན།།
ཧ་ཅང་དོན་ཆུང་ལས་ཀྱིས་འཛད་པའི་ཟག་བཅས་ཉེར་ལེན་ཕུང་བོ་འདིར།།
ཨ་རོགས་བཙོན་གྱི་ར་བ་འདི་ན་སྐྱིད་ཅིག་ཡོད་མེད་ལེགས་རྟོགས་དང༌།།
ཧ་ལམ་བདེ་བ་ཏོག་ཙམ་མེད་པའི་སྡུག་གི་འཇིག་རྟེན་ཟླུམ་པོ་ཞིག།
ཨ་ཁ་གསོན་པོར་བྲང་ཁོག་གཤགས་པའི་ལས་མཁན་མདུན་ན་ཉམ་རེ་ཆུང༌།།
xxxxxxxxxxxxxxxxx
༼དྲ་གྲོགས་ལ་སྟོད་པ་དང་བོན་གཉིས་ལ་ཕུལ་བའི་སེམས་པ།༽
ཀ་མད་ཕྲེང་བར་བསྒྲིགས་པའི་རོལ་རྩེད་འདི།།
ཁ་འཛིང་ལག་འཛིང་ལྟ་བུའི་འཁོན་ཚིག་གིས།།
ག་ས་གང་ནས་ཕན་ཚུན་དམོད་པ་ལ།།
ང་ནི་ད་ནངས་ཡིད་ཐང་ཅུང་ཞིག་ཆད།།
ཅ་དག་བྱ་རས་ཚིག་དོན་བདག་གཅེས་དེ།།
ཆ་རྒྱུས་གསལ་འདེབས་སོགས་ཀྱི་ཚུལ་ལགས་ཀྱང་།།
ཇ་ཁ་ཆང་ཁའི་གཏམ་གྱི་ང་རོའི་སྒྲས།།
ཉམས་ཆུང་བདག་འདྲ་སེམས་པ་ངལ་བར་བྱས།།
ཏན་ཏན་ཏིག་ཏིག་རིག་པའི་འགྲོས་ལགས་ཀྱང་།།
ཐ་ཀ་ཐད་ཀར་གདོང་ལ་མཛུབ་མོ་འདི།།
ད་ནས་མ་བྱེད་བདག་གི་དྲ་གྲོགས་ཟུང་།།
ནམ་མཁའ་ལྟ་བུའི་མཁྱེན་རབ་ལྡན་པ་ཟུང་།།
པ་སངས་ལྟར་དཀར་མ་བཅོས་ལྷག་བསམ་གྱིས།།
ཕན་ཚུན་མཐུན་ལམ་གཉེར་བའི་གནད་གཟིགས་ཏེ།།
བ་རེ་བི་རེ་བཤད་ནས་མི་འདུག་པར།།
མ་འདྲིས་གྲོགས་ཀྱི་འདུ་ཤེས་འཛིན་པ་དགའ།།
ཙ་གེ་ཙིག་གེའི་ཁ རྩོད་ཤོར་ན་ཡང་།།
ཚ་གྲང་ལྟ་བུའི་འགལ་བ་ཆེར་མེད་ན།།
ཛ་དྲག་གཏམ་གྱིས་ཕན་ཚུན་མི་གཅུག་པར།།
ཝ་ཡེ་མཐུན་ལམ་རིན་ཆེན་དང་པོར་ཟུངས།།
ཞར་དང་ཞོར་ལ་ཕན་ཚུན་ཤགས་འདེབས་ཙམ།།
ཟ་འཐུད་བར་ནས་འགྱེད་པ་རིག་པའི་འགྲོས།།
འ་ཅག་བློ་གྲོས་འཕེལ་བའི་རྒྱུར་གཟིགས་ཏེ།།
ཡ་མཚན་གྲུབ་རྟགས་མ་འགྲན་དྲ་ངོས་གྲོགས།།
ར་མདའི་རྗེས་ལ་ཡང་མདའ་འབོད་པ་དང་།།
ལ་བཤད་ལུང་བཤད་ལན་རེ་ཁུར་ཤོག་ཅེས།།
ཤགས་འགྱེད་གཡུལ་གྱི་འདུ་ར་མི་བཤམས་པར།།
ས་མཐའི་སེམས་པ་སེམས་དང་སྦྲེལ་བས་བཟང་།།
ཧ་ཅང་དམ་པའི་མཐུན་སྒྲིལ་ལག་རྡང་དེ།།
ཨ་ཤེ་ཁ་བཏགས་གཅིག་གི་རི་མོ་རུ།།
ཧ་ཧ་དགོད་པའི་འཛུམ་གྱིས་འཁྱིལ་བ་ལ།།
ཨ་ཨ་ར་ཅན་ངས་སྙིང་ནས་སྨོན་པ་ཡིན།།
དྲ་གྲོགས་ཚོས་དོན་མེད་དུ་ནང་ཁུལ་ཚིག་རྩུབ་སྨྲ་བ་དང་དམོད་ཚིག་བོར་བ་སོགས་བྱས་ན།
མཆན་བུ་དེའི་རིགས་ང་ཚོས་འགོག་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས
མ་མཆོག་སྲིད་པའི་རྒྱལ་མོའི་ཀ་བསྟོད་བཞུགས་སོ།།
བསྭོ་མ་མ་ཛ་བྷྱོ། ཨེ་མ་ཧོ། ཀ་དག་སྤྲོས་བྲལ་བོན་སྐུ་དབྱིངས་ཀྱི་ཡུམ། ཁ་བ་ཅན་དུ་བོན་བསྟན་འཛུགས་པའི་ཕྱིར། ག་ན་བཞུགས་ཀྱང་མ་མཆོག་སྲིད་རྒྱལ་ཁྱེད། ང་ཡིས་འབོད་པ་ཙམ་གྱིས་གཤེགས་སུ་གསོལ། ཅ་གྲུ་འཕྲང་གསུམ་འགོ་བའི་ནད་ལས་སྐྱབས། ཆ་ལུགས་མཛེས་འཛུམ་དགའ་བའི་མདངས་སྟོན་ལ། ཇ་ཆང་ཕུད་དང་རྒྱན་ལྡན་གཏོར་མའི་ཚོགས། ཉ་སྐྱོགས་ཐོད་པ་རིན་ཆེན་སྣོད་དུ་བཤམས་། ཏ་ནོར་ལུག་ར་དཀོར་རྗས་རྟེན་འཛུགས་ནས། ཐ་སྙད་བྲལ་བའི་མཆོད་པས་ཐུགས་དམ་བསྐང། ད་ལྟ་བདག་ཅག་དཔོན་སློབ་ཡོན་མཆོད་ལ། ན་ཚ་སྡུག་བསྔལ་འཆི་བདག་ཅི་ཡོད་པ། པ་རྩལ་རྗུ་འཕྲུལ་དེ་ནི་མ་ཞན་ལ། ཕ་རོལ་བྱད་དང་རྦོད་སྟོང་ཞི་བར་མཛོད། བ་ག་ཀློང་ཆེན་དབུ་བརྒྱ་ཕྱག་སྟོང་མ། མ་མོ་མཁའ་འགྲོ་གཟེ་བརྒྱད་སྤར་མའི་ཚོགས། ཙ་ཀྲ་ཤ་འབལ་མཚོན་ཆ་ཕྱག་ན་བསྣམས། ཚ་ཟེར་མེ་དཔུང་འབར་བའི་དབུས་ན་འགྱིང། ཛ་ཐུན་བསྭོ་དང་བྷྱོ་བྷྱོ་རྦད་པའི་ཚེ། ཝ་བརྒྱལ་འུག་རྒོད་སྤྱང་མོས་ངུ་འདུར་བྱེད། ཞ་ལོང་འོན་ལྐུགས་དལ་ཡམས་སྣ་ཚོགས་ཀྱིས། ཟ་ལམ་དགྲ་ལ་སྟོན་ཅིང་དགྲ་ཡུལ་ཕུང། འ་བུ་བདག་གི་འདོད་པའི་དོན་ཀུན་འགྲུབ། ཡ་མེད་ལུང་དང་འཆི་བདག་འཇིགས་ལས་སྐྱོབས། ར་ས་ཡ་ན་སྨན་གྱི་མཆོད་པ་བཞེས། ལ་རྒྱ་སངས་རྒྱས་བསྟན་པ་གཉན་པོ་སྲུང། ཤ་ཟན་མ་མོ་མཁའ་འགྲོ་ཡན་ཆད་དུ། ས་བཅུའི་དབྱིངས་ཀྱི་ཡུམ་ཆེན་ཕྱིན་ཆད་ཀུན། ཧ་ཧ་འཛུམས་པའི་ཞལ་གྱི་མདངས་སྟོན་ལ། ཨ་དཀར་གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུག་པར་ཤོག། །
ཅེས་པ་སྲིད་པའི་རྒྱལ་མོ་ཞལ་གཟིགས་ཀ་བསྟོད་འདི་ནི་རྣལ་འབྱོར་ནམ་མཁའ་ལྷུན་གྲུབ་ཀྱིས་གཡས་རུའི་གཙང་པོ་གྲུ་ཁུར་སྲིད་རྒྱལ་ཞལ་གཟིགས་སྐབས་སྦྱར་བའོ།།
དེ་རིང་དྲ་གྲོགས་ཚོའི་མཆན་བུ་དག་ལ་བསམ་ཚུལ་འབུལ་བ་དང༌། བསམ་འཆར་ཁ་ཤས་ཤིག་ཞུ་རྒྱུ་ཡིན།
༡༽ ལྷ་ལྡན་གཙུག་ལག་ཁང་གི་མཚན་གཞན་ལ། དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞུ་ཡི་ཡོད་པ་དང༌། དགའ་བཞི་ནི། གཙུག་ལག་ཁང་གི་སྒོ་བཞི་དཀྱིལ་འཁོར་རིས་སུ་ཡོད་པས་བླ་མ་དགའ། ཀ་བ་ཕུར་བའི་དབྱིབས་སུ་ཡོད་པས་སྔགས་པ་དགའ། ཟུར་བཞི་གཡུང་དྲུང་རིས་སུ་ཡོད་པས་བོན་པོ་དགའ། མིག་མངས་རིས་སུ་ཡོད་པས་བོད་རྣམས་དགའ་བ་བཅས་ལ་ཞུ་ཡི་ཡོད་པར་བཤད།
༢༽ དྲ་གྲོགས་བོན་པོ་ལགས་ཀྱིས་དེང་སྐབས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གྱི་གསོལ་མཆོད་དང་གཡང་སྐྱབས་བཅས་རྒྱུན་སྐྱོང་གནང་གི་ཡོད་དམ་ཞེས་དྲི་་བཀོད་འདུག་པ་དེར། འདིའི་སྐོར་ངེད་རང་ནས་གང་ཡང་ཤེས་རྟོགས་མེད། རྒན་རབས་པ་དང༌། ཡང་ན་གཙུག་ལག་ཁང་དུ་བཞུགས་མྱོང་ཡོད་མཁན་ཅིག་ལ་བཀའ་འདྲི་གནང་བ་ཡིན་ནལེགས།
༣༽ ར་ས་འཕྲུལ་སྣང་ཞེས་འོམ་ཐང་གི་མཚོ་དེ་ཐོག་མར་ར་ལ་ས་བཀལ་ནས་བསུབ་པས་ར་ས་ཞེས་དང༌། སྤྲུལ་བ་དང་འདྲ་བའི་བཟོ་བས་བཞེངས་པ་ལ་བརྟེན་ནས་འཕྲུལ་སྣང་ཡང་ཟེར་ཞེས་གཙུག་ལག་ཁང་གི་དཀར་ཆག་དང་ལོ་རྒྱུས་སོགས་ན་གསལ།
༣༽ ལྷ་ས་དང་ར་ས་སོགས་ཀྱི་སྐོར་ལ། ལྷ་བཙན་པོ་སྟེ་རྒྱལ་པོ་བཞུགས་ས་ཡིན་པས་ལྷ་ས་དང༌། ཇོ་ཤག་རྣམ་གཉིས་བཞུགས་གནས་ཡིན་པས་ལྷ་ས་ཞེས་ཐོགས་པར་བཤད་པ་དེབ་ཐེར་ཁག་ན་ཡོད་པ་དེ་རེད། ལྷ་སའི་ངོས་འཛིན་ནི། དེང་སང་ལྟར་ལྷ་ས་གྲོང་ཁྱེར་ཧྲིལ་པོར་གོ་བ་ལྟར་མིན་པར། སྔོན་མ་ལ་ཆ་བཞག་ན། ལྷ་ས་ནི་གཙུག་ལག་ཁང་རྣམ་གཉིས་ཀྱི་གཡས་གཡོན་དེ་ག་ཙམ་ལ་ཟེར་གྱི་ཡོད་པ་རེད། དེང་སང་ཡང༌། ཞོལ་བ་ཚོས་ལྷ་སར་ཕྱིན་པ་ཡིན་ཞེས་དང༌། ནོར་བུ་གླིང་ཁའི་གཡས་གཡོན་ནས་ཡར་སོང་བ་ཡིན་ན། རྩེ་ལ་འགྲོ་ཡག་ཡིན། ཞོལ་ལ་འགྲོ་རྒྱུ་ཡིན། ལྷ་སར་འགྲོ་རྒྱུ་ཡིན་ཞེས་དེང་གི་ལྷ་ས་གྲོང་ཁྱེར་དུ་སྡོད་མཁན་མང་ཚོགས་ཀྱིས་ལྷ་ས་དེ་དེ་ཙམ་ཞིག་ལ་ངོས་འཛིན་པ་ཡིན་ནའང༌། བོད་ཀྱི་ལོ་རྒྱུས་ནང་ལྷ་ས་ཞེས་བཀོད་ཡོད་པ་དང༌། རྒྱལ་ས་ལྷ་ས་ཞེས་བཀོད་ཡོད་པ། ཡང་ན། བོད་ས་སྟོད་སྨད་ཀྱི་གནས་སྐོར་བ་དང་མཆོད་མཇལ་ཞུ་མཁན་ཚོར་མཚོན་ན། སྨད་ཕྱོགས་ནས་སྟོད་ཉི་མ་ལྷ་ས་ཞེས་ལྷ་ས་གྲོང་ཁྱེར་ཙམ་མ་རེད། མཚམས་མཚམས་ལ་དེང་སང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁོངས་ཀྱི་དབུས་ཁུལ་ཆ་ཚང་ལ་གོ་བ་སོགས་གོ་དོན་གྱི་རྒྱ་ཆེ་ཆུང་བཤད་ན། སྣ་མིན་སྣ་ཚོགས་ཤིག་ཆགས་ཡོད། དེར་ཆེད་དུ་ཞིབ་འཇུག་བྱེད་པའི་དབང་དུ་བཏང་ནའང༌། དཔྱད་པ་གཏོང་རིན་ལྡན་པ་ཞིག་ཆགས་ཡོད་པ་རེད་སྙམ། གཤམ་ལ་ང་རང་གིས་དེ་སྔ་དགུ་བཅུ་གོ་གྲངས་ནང་བྲིས་པའི་ལྷ་སའི་གནས་བཤད་ནང་ལྷ་ས་ཞེས་པའི་མིང་ཐོགས་སྟངས་སྐོར་ཟུར་ཙམ་བཀོད་ཡོད་པ་འདིར་བཀོད་ན།
འཛམ་གླིང་སྲིད་པའི་རྩེ་མོ་གངས་ལྗོངས་ཀྱི།།
ཆབ་དཔལ་རིག་གསུམ་གཏེར་བཞིན་བརྡོལ་བའི་ཞིང༌།།
དབུས་འགྱུར་ཉི་མ་ལྷ་སའི་གྲོང་ཁྱེར་ཏེ།།
སྔོན་ཚེ་ངམ་ཤོད་འམ་འོད་འོམ་འོད་ཅེས།།
མིང་བརྡའི་ཐ་སྙད་འབོད་པ་དེ་ལྟར་ཡང༌།།
ས་ཡི་ཚངས་དབརྐྱང་སྲོང་བཙན་ཞབས་སྐྱེས་རྡུལ།།
འདི་ནས་འཕྱུར་བའི་མཛད་འཕྲིན་ཉི་འོད་ཀྱིས།།
ལྷ་ཡི་ཕུན་ཚོགས་འཇིག་རྟེན་མི་ཡུལ་ནས།།
རོལ་བའི་རྫོགས་ལྡན་བསྐྲུན་པས་ལྷ་སར་ཐོགས།།
འོན་ཏེ་བཙན་པོའི་རྒྱུད་ལ་ལྷའོ་ཞེས།།
དེ་ཡི་བཞུགས་སར་དེ་ལྟར་ཐོགས་པའང་བཤད།།
གྲོང་ཁྱེར་ལྟེ་བ་མི་དབང་སྲོང་བཙན་རྗེས།།
ངོ་མཚར་བཞེངས་སྐྲུན་ར་སའི་འཕྲུལ་སྣང་སྟེ།།
ར་ལ་ས་བཀལ་ངོམ་ཐང་མཚོ་བསྲུབས་པས།།
གཙུག་ལག་སྤོ་མཐོར་བརྩེགས་པའི་ཁང་བར་འབོད།།
གཞན་ཡང་ཆོས་བོན་སྔགས་འབངས་དགའ་བའི་ཕྱིར།།
དགའ་བཞི་འཕྲུལ་སྣང་གཙུག་ལག་ཁང་ཞེས་གྲགས།། ཞེས་པ་འདི་ཡིན། དྲ་གྲོགས་ཚོས་དགོངས་ཚུལ་མང་ཙམ་གསུང་རོགས། ལྷ་སའི་གནས་བཤད་ཆ་ཚང་ཁ་བརྡ་དྲ་ངོས་འདིར་ཆེད་འགོད་ཞུས་ཡོད་པའང་རྣམ་པ་ཚོས་གཟིགས་ཀློག་འཁྱུག་ཙམ་རེ་གནང་ནས་དགོངས་ཚུལ་མང་ཙམ་གནང་རོགས།
ཁ་བརྡ་ལགས་ཁྱེད་རྣམས་ནས་དུས་ལ་བབས་པའི་སྟངས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་དེ་ལྟར་ཕྱག་ལས་གནང་བར་ཡི་རངས་དང་གུས་འདུད་ཀྱང་ཞུ་བཞིན་ཡོད།
འོན་ཀྱང་ཐོག་མའི་རྩོད་གཞི་གཏམ་རྙོག་སྤེལ་མཁན་དེར་ཆད་པ་ཆེ་བ་ཞིག་དགོས་ངེས་འདུག
ངོས་ནས་ནམ་ཡང་རྩོད་གཞིའི་ས་བོན་བཏབས་པ་མེད་ལ་རྗེས་མར་ཡང་ཁ་བརྡའི་སྒྲིགས་གཞི་དང་འགལ་རིགས་མི་ཡོང་བའི་དམ་བཅའ་ཡོད།
འོན་ཀྱང་གཏམ་ལ་གཏམ་ལན་དང་།
ཆང་ལ་ཆང་ལན་ཞིག་དགོས་ངེས་ཡིན།
ཁ་བརྡ་ཚང་གི་སྒྲིགས་གཞིར་འགལ་བ་མཆིས་ཙེ་དགོངས་པ་དྭངས་པར་གནང་རོགས།
ཆུ་སྐྱེས་སྒྲོལ་མ་ལགས་དལ་དུས་ཤིག་ལ་ཡག་པོ་བྱེད་དེ་ཀློག་ནས་དྲི་བ་དང་བསམ་ཚུལ་འདྲ་ཡོད་ན་ཡོང་རྩིས་ཡོད།
ཁྱེད་ནས་དེ་ལྟར་རང་མི་རིགས་ཀྱི་ཆོས་རིག་ཆབ་དཔལ་གྱི་བསྟི་གནས་རྒྱལ་ས་ལྷ་སའི་སྐོར་ལ་གླེང་བླངས་གནང་བར་ཐུགས་རྗེ་ཆེ།
ཆོས་དང་སྔགས་བོན་འབངས་མི་དགའ་བའི་ཕྱིར།།
དཀྱིལ་འཁོར་ཀ་བ་ཕུར་བའི་དབྱིབས་ལྡན་དང་། །
ཟུར་བཞི་གཡུང་དྲུང་མིག་མངས་རིས་སུ་ལ། །
བཞེངས་པ་མེ་རྗེའི་བཀའ་དྲིན་སླར་ཡང་དྲན། །
འདིར་ཡང་དྲ་གྲོགས་འགས་བན་བོན་སྐོར་གླེང་ཡོང་གི་འདུག་པས་ངས་ཀྱང་དེའི་སྐོར་གླེང་བར་སྤྲོ། དེ་ཡང་སྔར་དྲ་བ་འདིར་བན་བོན་སྐོར་རྩོད་པ་ཆེན་པོ་བྱུང་བའི་སྐབས་ངས་བོན་གྱི་མཁན་པོ་གཅིག་གིས་བན་གྱི་གྲྭ་པ་བརྐུས་པའི་སྐོར་ཞུ་ཡོད་ཀྱང་སྐབས་དེར་དེའི་སྐོར་ཁ་གསལ་ཞུ་མ་ཐུབ་པས་དེ་རིང་ཁ་གསལ་ནས་ཞུ་རྒྱུ་ཡིན།
འབྲུག་ཡུལ་དབང་འདུས་ཕོ་བྲང་བྱ་བར་སྐུ་འབུམ་ལྷ་ཁང་བྱ་བ་ཞིག་ཡོད། ལྷ་ཁང་དེ་བོན་པོའི་བླ་མ་ཞབས་དྲུང་མཚན་ལྡན་དེ་ཝ་ཞུ་བའི་གདན་ས་རེད་ཅེས་བརྗོད་ཀྱི་ཡོད། དགོན་པ་དེ་དེང་སང་བན་དེས་བདག་འཛིན་གནང་གི་ཡོད་ཀྱང་བསྐང་རྒྱུན་གྱི་གསོལ་ཁ་དེ་སྔར་ལྟར་སྲིད་རྒྱལ་གྱི་བསྐང་གསོལ་རང་འཇགས་ཕུལ་གྱི་ཡོད། ལྷ་ཁང་དེའི་ཉེ་འདབས་སུ་སྒང་སྟེང་བཤད་གྲྭ་བྱ་བའི་རྙིང་མའི་བཤད་གྲྭ་ཆེན་པོ་ཞིག་ཡོད།
ཐེངས་གཅིག་བོན་པོའི་མཁན་པོ་ཞིག་སྐུ་འབུམ་ལྷ་ཁང་དུ་སླེབས་འདུག ཁོང་གིས་ས་གནས་དེར་རྙིང་མའི་བླ་མར་བརྫུ་ནས་དབང་ཆོས་ཞིག་ཀྱང་གནང་འདུག དེ་ནས་ཁོང་གིས་སྒང་སྟེང་བཤད་གྲྭའི་གྲྭ་པ་དང་ཐུག་ནས་རྫུན་གཏམ་ཆེན་པོ་བཤད་པའི་མཐར་དེ་གའི་གྲྭ་པ་བཞི་ཁོང་གི་གཡོ་སྒྱུའི་འོག་ལ་ཚུད་འདུག
ཁོང་གིས་གྲྭ་པ་བཞི་ལ་དབྱིན་ཡིག་སྦྱང་རྒྱུའི་མཐུན་རྐྱེན་སྤྲད་ནས་དབྱིན་ཡིག་སྦྱང་ཚར་བའི་རྗེས་སུ་ཕྱི་རྒྱལ་ཨ་མི་རི་ཀར་གཏང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། གྲྭ་པ་བཞིས་ཀྱང་ཁོང་གི་གཏམ་ལ་ཡིད་ཆེས་བྱས་ནས་ཁོང་དང་མཉམ་དུ་ཕྱིན་ནས་རྒྱ་གར་ལ་སླེབས་དུས་དབྱིན་ཡིག་གི་བསླབ་གྲྭར་བཙུགས་རྒྱུ་མིན་པར་བོན་གྱི་གྲྭ་ཚང་ཞིག་ཏུ་བཙུགས་ཡོད་པ་རེད། དེང་སང་གྲྭ་པ་བཞི་ཀ་སླར་བྲོས་ནས་འབྲུག་ཡུལ་ལ་སླེབས་ཚུལ་གོས་ཐོས་བྱུང་ཡང་ཐུག་རྒྱུ་མ་བྱུང་། གལ་ཏེ་ངས་ཁོང་དང་དངོས་སུ་ཐུག་རྒྱུ་བྱུང་ན་མཁན་པོ་སུ་ཡིན་དང་དགོན་པ་གང་ཡིན་སྐོར་ཁོང་ལ་བཅར་དྲི་བྱས་ནས་ངས་འདིར་འབྲི་རྒྱུ་ཡིན།
ད་དུང་འབྲུག་པའི་སྤུ་གུ་༢༠ ཙམ་མཁན་པོ་དེས་མགོ་བསྐོར་ནས་བོན་པོའི་གྲྭ་སར་ཁྲིད་ཡོད་པའི་ལོ་རྒྱུས་ཀྱང་འདུག
དེས་ན་བོན་པོའི་བསྟན་པ་སྤེལ་རྒྱུ་དེ་བོན་པོའི་བསྟན་འཛིན་གྱི་སྐྱེས་བུའི་འགན་འཁྲི་ཡིན་པས་རང་གི་བསྟན་པ་སྤེལ་ཕྱིར་དཀའ་སྤྱད་མཛད་པ་ལ་རྗེས་སུ་ཡི་རངས་ཞུ་འོས་ཀྱང་། གཡོ་སྒྱུ་དང་ཁྲམ་པའི་སྟེང་ནས་འགྲོ་བ་མི་ཡི་ཐོབ་དབང་ལ་རྡོག་རོལ་གཏང་ཐོག་བསྟན་པ་སྤེལ་བར་རྩོམ་པ་ལ་ཡི་རང་ཞུ་འོས་པ་མ་མཐོང་། ཡེ་ཤུ་པ་རྣམས་ཀྱིས་ཁོང་གི་བསྟན་པ་སྤེལ་ཆེད་གཡོ་སྒྱུ་སོགས་ཐབས་ཤེས་མིན་པའི་ཐབས་ཤེས་ལག་ལེན་བསྟར་གྱི་ཡོད་ཀྱང་། ཆོས་ལུགས་གཞན་གྱི་བླ་མར་བརྫུ་བ་ངས་སྔོན་གོ་ཐོས་མ་བྱུང་བས་བོན་པོ་ནི་ཡེ་ཤུ་པ་ལས་ཀྱང་ཆེས་ཐུ་བ་ཞིག་རེད་འདུག
ངས་སྐུ་འབུམ་དུ་ཕྱིན་ནས་དབང་ཞུ་བ་པོ་རྣམས་ལ་དྲི་དུས་ཁོང་གིས་བླ་མ་དེ་ཡི་མིང་ཤེས་རྒྱུ་ཕར་ཞོགས། བོན་པོ་ཡིན་པ་ཡང་ཚོར་མི་འདུག དེ་ལྟར་གཡོ་སྒྱུའི་ཐོག་ནས་དབང་ཆོས་གནང་བས་བོན་པོའི་བསྟན་པ་སྤེལ་བ་ལ་ཕན་ཐོགས་ཡོང་ངམ། བོན་པོ་ཚོས་ལན་ཞིག་གསུངས་རོགས།
གཡུ་འབྲུག་གཡུ་འབྲུག་རྩོད་འགོ་མ་བཙུགས་མ་བཙུགས། ཐུགས་རྗེ་གཟིགས། །
རྩོད་པ་འདིའི་རིགས་སྤེལ་འདོད་ཡོད་ན། ད་དུང་བོད་གཞུང་སྣེ་ལེན་ཁང་མགོ་བཙུགས་ནས་ད་ལྟའི་རྙིང་མ་དང་བཀའ་བརྒྱུད་ས་སྐྱའི་དྲ་རྒྱུན་་་་་་་་་་་་་་་་་་་་་་་་་་་་་་་་་་་་སོགས་མང་ཡང་དགོས་པ་མེད། འབྲུག་དང་འབྲས་ལྗོངས་སོགས་གདོད་མའི་ཕ་ཆོས་ཀྱིས་གང་པའི་ལུང་པར་ཐབས་ཤེས་ཡོད་དགུ་རྩལ་སྐྲུགས་ཀྱིས་དགོན་པ་བཟོ་བ་གྲྭ་རྒྱུན་ལེན་པ། དགེ་བཤེས་ཀྱི་ཡང་སྤྲུལ་ངོས་འཛིན་བྱས་པ་སོགས་མང་ཡང་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཡིན་ངེས་པ་དང་། དེ་ཚོ་ཆོས་ལུགས་རིས་མེད་པ་ཡིན་འདུག་པས་གཡུག་ཞོག
དེས་ན་ང་ཚོས་བསམ་དགོས་པ་དེ་ནི། རྗེ་བདག་ཉིད་ཆེན་པོས།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པ་འམ།།
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་རུ།།
རྙིང་རྗེ་ཆེན་པོས་ཡིད་རབ་དྲངས་པ་ཡིས།།
ཕན་བདེའི་གཏེར་ཆེན་གསལ་བར་བྱེད་པར་ཤོག། ཞེས་པ་ལྟ་བུ་ཞིག་ཆགས་པར་སྨོན་པ་བྱེད་རྒྱུ་རེད།
སྤྱི་ཚོགས་ནང་དུ་སྐྱོན་ཆ་རྣམ་ཐེར་འདོན་བྱེད་རྒྱུ་གལ་ཆེན་རེད། སྐྱོན་བརྗོད་མཁན་མེད་པར་ཕན་ཚུན་བསྟོད་པ་ཁོ་ནས་དུས་འདའ་བར་བྱས་ན་ཡར་རྒྱས་ལ་གནོད་སྲིད་པ་མ་ཟད། སྤྱོད་ངན་དག་ནམ་ཡང་རྒྱུན་ཆད་ཐབས་མེད། འོན་ཀྱང་སྐྱོན་དྲང་པོར་བརྗོད་དགོས་ལ་ལེགས་པའི་ཆ་ཡོད་ཀྱང་མཉམ་པོར་བཤད་དགོས།
ཆོས་ལུགས་དང་གྲུབ་མཐའི་ཕྱོགས་ཞེན་དབང་གིས་དོན་དང་མི་མཐུན་པར་འདྲ་མིན་སྣ་ཚོགས་བྲིས་པ་ནི་དབྱེན་སྦྱོར་དང་ཕུང་དཀྲུག་ཀྱི་རྒྱུ་ཁོ་ན་ཡིན།
མདོར་ན་དབྱེན་སྦྱོར་དང་ཕུང་དཀྲུག་གི་རྒྱུ་རྣམས་ལ་མེ་ལ་བུད་ཤིང་ལྟར་ལན་རྒྱབ་བཏབ་ནས་ཆེ་རུ་མ་གཏོང་བར་སྣང་མེད་དུ་གཡུག་ཞོག དོན་དང་མཐུན་པའི་སྐྱོན་བརྗོད་ཅིག་ཡིན་ན་རང་ཕྱོགས་ཡོད་ཀྱང་སྣང་མེད་བཞག་ནས་ཆུང་རུ་མ་གཏོང་བར་གསལ་བཤད་དང་འགྲེལ་བཤད་སྣ་ཚོགས་པའི་མཆན་བཏབ་ནས་སྤྱི་ཚོགས་ལ་ཤེས་རྟོགས་སྤེལ་དགོས་པ་རེད།
ཀརྡོ་རབ་བྱམས་པ་ལགས། ཁམས་བཟང༌།
སྐུ་ཉིད་ནས་གསུངས་པར་གསལ་འདེབས་ཞུས་ན།
རྒྱལ་རབ་ལོ་རྒྱུས་ཀྱི་དེབ་ཐེར་དེ་ཚོའི་ནང༌།
དཀྱིལ་འཁོར་རིས་སུ་ཡོད་པས་ཆོས་པ་རྣམས་དགའ་བས་ཞེས་དང༌།
མིག་མངས་རིས་སུ་ཡོད་པས་འབངས་རྣམས་དགའ་ཞེས་འཁོད་ཡོད།
དུང་དཀར་ཚིག་མཛོད་ནང་བླ་མ་རྣམས་དགའ་ཟེར་བས་དང༌།
བོད་རྣམས་དགའ་ཞེས་འཁོད་འདུག་པས་དེ་གཉིས་ལ་ཁྱད་པར་ཅི།
གཡུ་འབྲུག་དཀར་པོ་ལགས་འཇམ་དཔལ་རྣོན་པོས་ཞུས་པ་ལྟར་༧གོང་ས་༧་མཆོག་གིས་བཀའ་སློབ་དེ་ཚོར་ཐུགས་བཞེས་གནང་ནས་ཆོས་ལུགས་ཀྱི་དབར་ལ་རྩོད་གཞི་མ་སློང་རོགས་ཐུགས་རྗེ་གཟིགས།
ཙོང་གི་ཕྱི་སྐོགས་ནང་བཞིན་བཤུས་ན་བཤུ་ཚོད་ཡོད་པ་མ་རེད།
དེ་ལས་གླེང་གཞིའི་བརྗོད་བྱ་དང་འབྲེལ་བར་གླེང་ན་མི་དགའམ།
ཁ་བརྡ་ལགས་འདི་རིགས་སྔོན་ཚུད་ནས་འགོག་ན་མི་ལེགས་སམ།
དེ་མིན་རྒྱུག་པ་ལེབ་བརྡུང་བྱེད་དུས་ཀུན་ལ་མི་བདེ་བ་ཞིག་ཡོང་གི་འདུག
ཐུགས་རྗེ་གཟིགས།
གཡུ་འབྲུག་དཀར་པོ་ནས་གླེང་བ། འབྲུག་ཡུལ་དབང་འདུས་ཕོ་བྲང་བྱ་བར་་་་་སྐུ་འབུམ་ལྷ་ཁང་་་་བྱ་བ་ཞིག་ཡོད། ལྷ་ཁང་དེ་བོན་པོའི་བླ་མ་ཞབས་དྲུང་མཚན་ལྡན་དེ་ཝ་་ཞུ་བའི་གདན་ས་རེད་ཅེས་བརྗོད་ཀྱི་ཡོད། དགོན་པ་དེ་དེང་སང་བན་དེས་བདག་འཛིན་གནང་གི་ཡོད་ཀྱངབསྐང་རྒྱུན་གྱི་གསོལ་ཁ་དེ་སྔར་ལྟར་སྲིད་རྒྱལ་གྱི་བསྐང་གསོལ་རང་འཇགས་ཕུལ་གྱི་ཡོད། ༼མཚན་ལྡན་འདུལ་བ་རྒྱལ་མཚན་་་་ཞུ་བ་རེད་་་དུས་རབས་༡༡་པའི་སྐབས་ཀྱི་བྲུ་ཚང་གི་བོན་གྱི་འདུས་སྡེ་་་་གཡས་རུ་དབེན་ས་ཁ་ཡི་་་་་གཡེར་གྲགས་ཅན་གྱི་མཁས་གྲུབ་སློབ་དཔོན་བཅོ་བརྒྱད་ཀྱི་ནང་ནས་གཅིག་ཡིན། བོན་གྱི་ཨ་ཁྲིད་བླ་མ་རྒྱུད་པའི་རྣམ་ཐར་ནང་་་མཚན་ལྡན་འདུལ་བ་རྒྱལ་མཚན་་་ལྷོ་བྲག་མཁར་ཆུ་་་་སོགས་སུ་བཞུགས་ནས་བསྟན་འགྲོའི་མཛད་འཕྲིན་རླབས་ཆེན་བསྐྱངས་བའི་ལོ་རྒྱུས་རྣམ་ཐར་ནང་ཁ་གསལ་བྲིས་འདུག། དེས་ན་བོན་པོ་རྣམས་ཀྱིས་དེ་རིང་གི་ཉིན་མོར་ཡང་བརྗེད་མེད་དོ་ཞུ་རྒྱུ་ཡིན། འགྲོ་བ་མི་ཡི་ཐོབ་ཐང་ཞེས་པར་དངོས་གནས་བརྩི་བཀུར་ཞུས་ན་་་་་མཚན་ལྡན་འདུལ་བ་རྒྱལ་མཚན་གྱི་གདན་ས་་་སྐུ་འབུམ་ལྷ་ཁང་་་དགོན་པ་དེ་བོན་པོར་བདག་དབང་དགོས་ཀྱི་ཡོད་རེད། འབྲུག་ཡུལ་ནང་ལ་བོན་པོའི་ལོ་རྒྱུས་འདི་གཅིག་པུའི་ག་ལ་ཚད། ད་དུང་ཡང་གང་མང་ཡོད་པས་ཕན་ཚུན་སྙོག་གྲ་མ་བྱུང་ན་ཡག་ཡོང། རྒྱ་གར་གྱི་་་་རམ་འཇ་ནམ་སྦུ་མི་་་་ཞེས་པ་དེར་ད་ལྟ་ཡང་སྙོག་གྲ་ག་ཚོད་འདུག་་་་ཧིན་རྡུའི་རམ་གྱི་ལྷ་ཁང་ཐོག་ཁ་ཆེའི་ལྷ་ཁང་བཟོས་པའི་སྙོག་གྲ་་་དེ་དག་ལ་གཟིགས་དང། དགོངས་པ་ཡག་པོ་བཞེས། བོན་པོ་རེད་ཟེར་བརྙས་བཅོས་མ་གནང། སངས་རྒྱས་ཀྱི་བསྟན་པའི་རྙིང་དོན་ལྟར་ང་ཚོ་ཚང་མ་མཐུན་པོ་འཆམ་པོ་བྱས་ནས་བཞུགས་ན། རང་གཞན་ཚང་མ་བདེ་སྐྱིད་ངང་གནས་པར་ངེས་པས་དགོངས་པ་བཞེས་ཕྱོགས་མ་ནོར་བ་གནང་རོགས།།། འདི་ནི་ང་ཡིས་རེ་བསྐུལ་ཡིན། །
གཡུ་འབྲུག་དཀར་པོའི་མིང་ཅན། ནག་པོ་སོལ་གཟུགས་ཅན་ལགས། འདི་ལྟར་ཆོས་ལུགས་དབར་དུ་དབྱེན་དཀྲུགས་དང་སྡང་ཟུག་བྱེད་པ་ཁྱེད་རང་ཐན་གྱིས་ཁྱེར་བའི་ལྟས་ངན་རེད། ངས་བོན་པོའི་ཆོས་ལུགས་མི་ཤེས་ལ། བོན་པོའི་བླ་མ་རྣམས་རྣམས་ལ་དེ་བས་ཀྱང་ཆ་རྒྱུས་དང་མཇལ་བཅར་མྱོང་མེད། འོན་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བསམ་ནས། ཆོས་ལུགས་ཕན་ཚུན་བར་དུ་དུག་ཧ་ལ་ནག་པོའི་ཆུ་བོ་མི་དྲངས་རོགས། ང་ཚོའི་ད་ལྟའི་བོད་བསྟན་པ་ཆབ་སྲིད་ཀྱི་གནས་སྟངས་ལ་བསམ་ན། དེ་ནི་ཤིན་ཏུ་ནས་མི་མཛའ་བ་ཞིག་རེད། ཁ་བརྡ་ཚང་གིས་ཀྱང་འདིའི་རིགས་སྤེལ་སྐབས་ངེས་པར་དུ་གཏན་འགོག་བྱས་ན་ཡག་པོ་འདུག་བསམ་སོང་། ང་ཚོར་མཁོ་བ་ནི་ནང་པ་སངས་རྒྱས་པའི་ཆོས་དང་། བོན་པོའིཆོས་ལུགས་སོགས་ཕན་ཚུན་རྩོད་གཞི་མི་བཟོ་བར། གཙོ་བོ་བོད་ཀྱི་བསྟན་པའི་ཆེད་དུ་རྩོད་དགོས་པ་འདྲ་ཡོད་ན་ཡག་པོ་འདུག འདི་ནི་ངའི་བསམ་ཚུལ་ཙམ་ཡིན།
ཆུ་སྐྱེས་སྒྲོལ་མ་ལགས།
དུང་དཀར་ཚིག་མཛོད་ནང་བླ་མ་རྣམས་དགའ་ཟེར་བས་དང༌།
བོད་རྣམས་དགའ་ཞེས་འཁོད་འདུག་པས་དེ་གཉིས་ལ་ཁྱད་པར་ཅི།
དྲིས་པའི་ལན་དུ།
དུང་དཀར་གྱི་ཚིག་མཛོད་ནང་བཤད་འདི་ཡང་ངེད་གཉིས་དང་མི་མཐུན་པ་མེད། ཚིག་མཛོད་ནང་ཅུང་རགས་བཤད་དུ་ཕྱིན་པ་རེད་སྙམ། ད་ལྟའི་དུས་སུ་ཆོས་པ་དང་བླ་མ་གཅིག་ལྟ་བུར་སོང་ཡང་། ཆོས་རྒྱལ་སྲོང་བཙན་བཀའ་དྲིན་ཅན་གྱི་མི་རབས་སུ། བོན་ཆོས་གཉིས་ཁྱི་ཁྱད་པར་ཡོད་པའི་དཀའ་ངལ་དང་། དེ་དུས་བླ་མ་ཆོས་རྒྱལ་དང་ཐོན་མི་སོགས་ལོ་ཙ་བ་འགའ་ཤས་ལས་འདུལ་བ་འཛིན་པའི་ནང་པའི་བླ་མ་ཡོད་མ་རེད། རགས་བཤད་ཡིན་སྟངས་འདི་ཡིན།
ཡང་བོད་འབངས་ཚབ་ལ་བོད་དགའ་ཟེར་བ་འདི་ལ་ནོར་འཁྲུལ་གཉིས་ཡོད་རེད། དང་པོ། འདིར་སྐབས་དོན་ནི། དེའི་སྐབས་ཀྱི་ཆོས་པ་མིན་པ། སྔགས་གྲལ་དུ་མ་ཚུད་པ། ཆོས་རྙིང་མ་བོན་ཆོས་རང་གནས་པ་མིན་ལ་བོད་འབངས་སྤྱི་ཡི་འབངས་ལ་གོ་དགོས་པས། བོད་མི་ཙམ་ནི་དེ་དག་གསུམ་ཀར་བོད་མི་ཡིན་པས་སྐབས་དོན་བརླགས་འགྲོ་བ་དང་།
སྐྱོན་གཉིས་པ་དེང་སྐབས་འགའ་རེས་བོད་ནི་ཡུལ་དང་བོད་པའམ་བོད་མི་ནི་ཡུལ་མི་ལ་གོ་དགོས་པ་ལ་དེ་གཉིས་སོ་སོར་མ་འབྱེད་པའི་སྐྱོན་ཡང་ཡོད་རེད་ལགས། ཁྱེད་རང་དང་རྔ་པའི་འབྲི་རྩོམ་རྣམས་ཁ་བརྡ་འདིར་མཁོ་ཆེ་བས་མུ་མཐུད་ནས་རེམས་པར་ཞུ་རྒྱུ་བཅས། བཀྲ་ཤིས་བདེ་ལེགས།
འོ་ལགས་སོ། ཁར་སང་ཞུས་པའི་ཚིག་དོན་དེ་རྣམས་ངས་དངོས་དོན་མིན་པ་ཞིག་སྒྲོ་བཏགས་ནས་ཞུས་པ་མིན་ཀྱང་དྲ་གྲོགས་མང་པོ་ཞིག་གིས་དེ་འདྲའི་རྙོགས་དྲགས་སློང་བར་མི་དགྱེས་པའི་རྣམ་འགྱུར་སྟོན་འདུག་པས་བསྐྱར་བརྗོད་མི་བྱ། འོན་ཀྱང་དྲ་གྲོགས་Bonpo ཟེར་བས་སྐུ་འབུམ་ལྷ་ཁང་བོན་པོར་བདག་དབང་དགོས་ཟེར་བར། འབྲུག་མི་བོན་པོ་ཞིག་གིས་བརྗོད་ན་འོས་འབབ་ཡོད་ཀྱང་བོད་མི་ཞིག་གིས་འབྲུག་གི་ས་ཆ་ལ་བདག་དབང་དགོས་ཚུལ་བརྗོད་པ་འོས་འབབ་ཡོད་མེད་ཐུགས་བསམ་བཞེས་རོགས། ཡང་འབྲུག་ལ་བོན་པོའི་དགོན་པ་འདི་གཅིག་པུས་མི་ཚད་པས་རྙོགས་དྲག་མ་སློང་ན་ཡག་འོང་ཟེར། སྔར་བོན་པོར་དབང་བས་ད་ཡང་བོན་པོར་དབང་དགོས་ན་བོད་ལ་ཡོད་པའི་ནང་པའི་གཙུག་ལག་ཁང་ཚང་མ་བོན་པོར་སྤྲོད་ཤོག རྒྱ་གར་གྱི་ས་གནས་དེར་རྙོགས་དྲག་མང་པོ་བྱུང་བ་ནི་རྒྱ་གར་གྱི་མི་རིགས་ཀྱི་དབར་བྱུང་བ་ཡིན་མོད། འབྲུག་མི་དང་བོད་མིའི་དབར་འབྲུག་གི་ས་ཆའི་སྐོར་རྙོགས་དྲག་འབྱུང་དོན་རྩ་བ་ནས་མེད་པས་ཁྱེད་ཀྱི་འཇིགས་བསྐུལ་ནི་དགོས་མེད་རེད།
ཡང་དྲ་གྲོགས་མང་དག་ཅིག་གིས་ངས་ཆོས་ལུགས་ཀྱི་དབར་དབྱེན་དཀྲུགས་བྱས་སོང་ཟེར་ནས་བཀའ་བཀྱོན་མང་དག་ཅིག་གནང་སོང་། དབྱེན་དཀྲུགས་བྱས་ཡོད་ན་བཟོད་པར་གསོལ། མ་གཞི་ནི་སྐད་ཆ་ག་རེ་བཤོད་ན་ཡང་སྐྱོན་ཕྱོགས་ནས་བསམ་ན་ཚང་མ་སྐྱོན་རེད་ཡོང་གི་ཡོད་ལ་། ཡོན་ཏན་གྱི་ཕྱོགས་ནས་བསམ་ན་ཚང་མ་ཡོན་ཏན་རེད་ཡོང་གི་ཡོད། ངས་ཞུས་པ་དེ་ལ་སྐྱོན་འབའ་ཞིག་མིན་པར་ཡོན་ཏན་ཡང་ཡོད། དེ་ནི་བན་བོན་སུ་ཡིན་ན་ཡང་སོ་སོའི་བསྟན་པ་སྤེལ་ཕྱིར་ཕ་རོལ་པོར་གཡོ་སྒྱུ་གཏོང་མི་ཉན་པ་དེ་རེད། ལྷག་པར་དུ་སོ་སོའི་བསྟན་པ་ཁོ་ན་ལ་བསམ་བློ་མ་གཏོང་བར་གཞན་གྱི་གནས་སྟངས་ལ་ཡང་བལྟ་དགོས་པ་རེད། བསྟན་པ་སྤེལ་བའི་དགོས་པ་དེ་སེམས་ཅན་ལ་ཞི་བདེ་ཡོང་ཐབས་སུ་ཡིན་ངེས། འབྲུག་ལུང་པ་ལྟ་བུ་ཞིག་ལ་མཚོན་བོན་པོའི་བསྟན་པ་སྤེལ་ནས་ཞི་བདེ་འབྱུང་རྒྱུ་ཕར་ཞོགས། ཞི་བདེ་མེད་པ་བཟོ་རྒྱུའི་རྒྱུར་འགྲོ་ཉེན་ཡོད།
ཆོས་ལུགས་ཟེར་བ་དེ་མཐར་ཐུག་གི་འབྲས་བུ་ག་རེ་ཡིན་ན་ཡང་གནས་སྐབས་སུ་མིའི་འདུ་ཤེས་བསྒྱུར་བྱེད་ཅིག་ཏུ་ཆགས་ཡོད་རེད། དེང་སང་བན་དེ་དང་བོན་པོ། ཁ་ཆེ་དང་ཡེ་ཤུ་སོགས་ཀྱི་རྩོད་པ་རྒྱག་པ་དེ་ཡང་གཙོ་བོ་སོ་སོའི་ཆོས་ལུགས་མི་འདྲ་བའི་དབང་གིས་འདུ་ཤེས་མི་འདྲ་བས་རེད་བསྡད་ཡོད་རེད། དེ་ཡིན་དུས་འབྲུག་ལུང་པ་ལྟ་བུ་ལུང་པ་ཆུང་ཆུང་ཞིག་གི་ནང་ལ་འདུ་ཤེས་མི་འདྲ་བའི་མི་སྣ་མང་པོ་ཞིག་འཛོམས་སོང་བ་ཡིན་ན་ཞི་བདེ་ཇི་ལྟར་འབྱུང་མིན་ཐུགས་བསམ་བཞེས་རོགས།
གཡུ་འབྲུག་དཀར་པོ་ནས་གླེང་བ། ༼འོན་ཀྱང་དྲ་གྲོགས་Bonpo ཟེར་བས་སྐུ་འབུམ་ལྷ་ཁང་བོན་པོར་བདག་དབང་དགོས་ཟེར་བར། འབྲུག་མི་བོན་པོ་ཞིག་གིས་བརྗོད་ན་འོས་འབབ་ཡོད་ཀྱང།༽ གསུངས་པ་ནི་འགྲོ་བ་མི་ཡི་ཐོབ་ཐང་ཞེས་པར་དངོས་གནས་བརྩི་བཀུར་ཞུས་པ་ཡིན་ས་རེད། དེ་ལྟར་ཡིན་ན་བཀའ་དྲིན་ཆེ་ཞུ། ༼བོད་མི་ཞིག་གིས་འབྲུག་གི་ས་ཆ་ལ་བདག་དབང་དགོས་ཚུལ་བརྗོད་པ་འོས་འབབ་ཡོད་མེད་ཐུགས་བསམ་བཞེས་རོགས།༽ གསུངས་པ་ལ་འོས་བབས་ཡོད་དགོས་མཁན་དེ་ལ་་འོས་བབས་ཡོད་ན། ང་བོད་མི་ཞིག་ཡིན་ཀྱང་འགྱང་ལྟ་བྱས་ནས་བསྡད་ཆོག། དེ་ལྟར་མིན་ན་བཤད་ཐག་ཆོད་བཤད་ཀྱི་ཡིན་སུ་དང་གང་གིས་བཀག་མི་ཐུབ།།། ༼ཡང་འབྲུག་ལ་བོན་པོའི་དགོན་པ་འདི་གཅིག་པུས་མི་ཚད་པས་རྙོགས་དྲག་མ་སློང་ན་ཡག་འོང་ཟེར། སྔར་བོན་པོར་དབང་བས་ད་ཡང་བོན་པོར་དབང་དགོས་ན་བོད་ལ་ཡོད་པའི་ནང་པའི་གཙུག་ལག་ཁང་ཚང་མ་བོན་པོར་སྤྲོད་ཤོག།༽ གསུངས་པ་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡང་དག་པ་ཞིག་ཡིན་ན་བོན་པོར་སྤྲོད་དགོས་ཀྱི་ཡོད་རེད། རྩ་སྡོམ་བཞི་ཡི་ནང་་མ་བྱིན་པ་ལེན་པ་་སྤང་བར་འཚལ་ལོ་གསུངས་ཡོད་པ། ནང་པ་དངོས་ནས་ཤིག་ཡིན་ན་སེམས་པ་བཟང་པོ་དང་གཙང་མ་བྱས་ན་ཤི་དགོས་པ་ལས། དོག་པ་དང་རང་གནོང་རི་ཙམ་ཁྱེར་ནས་ཤི་དགོས་ན་ནང་པ་ཡིན་པའི་གོ་མ་ཆོད་པ་རེད། ཟག་བཅས་ཀྱི་ཕུང་པོ་དང་སྡུག་བསྔལ་གྱི་སེམས་འདིས གསོན་པོ་ཡིན་རིང་མི་རྒྱུ་ལ་ཧམ་བཟས་དང་མི་དབང་ལ་བདག་འཛིན་གྱིས་ལས་ངན་དུ་མ་ཞིག་བསགས་ན། བཅོམ་ལྡན་འདས་ཀྱི་བསྟན་པའི་དྲི་མ་ཙམ་ཡང་བྲོ་རྒྱུ་ཕར་ཞོག། ཤི་བ་ཡིན་ནའང་རྣམ་པར་ཤེས་པ་ལ་བདེ་སྐྱིད་མི་ཐོབ་པའོ།།། ༼འབྲུག་ལུང་པ་ལྟ་བུ་ཞིག་ལ་མཚོན་བོན་པོའི་བསྟན་པ་སྤེལ་ནས་ཞི་བདེ་འབྱུང་རྒྱུ་ཕར་ཞོགས། ཞི་བདེ་མེད་པ་བཟོ་རྒྱུའི་རྒྱུར་འགྲོ་ཉེན་ཡོད།༽ འབྲུག་པའི་རིག་གཞུང་དང་གོམས་གཤིས་ཚང་མ་ལ་བོན་གྱི་སྔར་སྲོལ་བཟང་པོ་ཤ་ཟིན་དང་པགས་ཟིན་གྱིས་ཁྱབ་ཡོད་པས་ཁྱེད་རང་ཉིད་སུ་ཡིན་པ་རང་ཉིད་ཀྱིས་ངོ་མ་ཤེས་པའི་རྟགས་རེད། ད་དུང་འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་ནས་བོན་པོའི་བཀའ་འགྱུར་ཆ་ཚང་སྤུས་གཟིགས་གནང་ཡོད་པ་གོ་ཐོས་བྱུང་བས་དེ་ཡང་འབྲུག་པས་འབྲུག་པ་ལ་ཞི་བདེ་མི་ཡོང་བའི་ཐབས་སུ་ཉོས་པ་ཡིན་ནམ།།། ༼ཆོས་ལུགས་ཟེར་བ་དེ་མཐར་ཐུག་གི་འབྲས་བུ་ག་རེ་ཡིན་ན་ཡང་གནས་སྐབས་སུ་མིའི་འདུ་ཤེས་བསྒྱུར་བྱེད་ཅིག་ཏུ་ཆགས་ཡོད་རེད༽ འོ་ཡ་ད་ཁྱེད་ཀྱིས་འབྲུག་པ་ཚོ་ལ་དམ་པའི་ཆོས་བཟང་པོ་འདི་འདྲ་ཞིག་སློབ་ཁྲིད་གནང་གི་ཡོད་ན། སྟོན་པ་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་གྲངས་མེད་གསུམ་དུ་སྒྲིབ་པ་སྦྱང་བ་ལ་དགོས་པ་མེད་པར་འགྱུར། སྐད་ཆ་འདི་འདྲ་བཤད་ཡོང་དུས་ད་ངོ་མ་སྙན་པོ་འདུག། འདུ་ཤེས་མི་འདྲ་བ་ལ་བརྩི་བསྐུར་མེད་ན་མང་གཙོ་འམ་དམངས་གཙོ་ཞེས་པ་ཡང་ག་འདྲ་བྱས་ནས་ཡོང་ངམ། ཐུགས་སེམས་ལེགས་པར་བཞེས་ཤིག།།
ཀ་རྡོ་རབ་འབྱམས་པ་ལགས།
དཔྱད་ཞིབ་གནང་ལན་འདིས་བློ་སྐྱེད་རག་སོང་། ཐུགས་རྗེ་ཆེ། གུས་མོའི་བྲིས་རྩོམ་ལ་གདེང་འཇོག་གནང་བར་ཡང་ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་དྲ་ངོས་འདིར་ཡོང་གི་ཡིན། བསམ་ཚུལ་དང་ལམ་སྟོན་མང་ཙམ་གནང་རོགས།
ཆུ་སྐྱེས་སྒྲོལ་མ་ལགས་སྐུ་ཉིད་དེང་སང་ལྷ་སར་བཞུགས་ཡོད་དམ། དྲ་རྒྱ་འདི་བོད་ནང་བལྟ་ཐུབ་ཀྱི་ཡོད་ན་བསམ་ནས་དྲིས་པ་ཡིན།
ཆུ་སྐྱེས་སྒྲོལ་མ་ལགས། པར་གཉིས་པ། དཔལ་ལྷའི་ཞལ་འབག་མཇལ་བཞིན་པ་འདིའི་ཕྱག་གཡས་པས་རལ་གྲི་བསྣམ་ཡོད་པ་གསལ་པོ་འདུག་ཀྱང།
ཕྱག་གཡོན་པས་ཕྱག་མཚན་གང་བསྣམ་་ཡོད་གསལ་པོ་མིན་འདུག་པས་གསལ་པོ་ཞིག་བཟོ་བ་གནང་རོགས་ཞུ་རྒྱུ་ཡིན།
BONPO ལགས།
ང་ལ་པར་འདི་ལས་གསལ་བ་ཞིག་རག་མ་སོང་བས་དགོངས་དག་པྱག་གཞན་དེའི་པྱག་མཚན་སོགས་ག་རེ་ཡོད་མེད་ང་ལ་ཞུ་རྒྱུ་མེད། འདིའི་སྐོར་ལ་གསལ་པོ་ཞིག་རག་བྱུང་ན། དེ་ལྟར་འགྲེལ་བཤད་ཁ་སྣོན་ཞུས་ཆོག
ཆུ་སྐྱེས་སྒྲོལ་མས་ལན་གནང་བར་བཀའ་དྲིན་ཆེ་ཞུ། ༼གཡོན་པས་ཚེ་བུམ་གཤེན་གྱི་ཚེ་སྲོག་སྲིང།༽ ཞེས་པ་ཡོད་པས་དེ་འདྲ་ཡོད་ན་དྲན་སོང།
ལྷན་རྒྱས་ཚོ་སྐུ་མཁྱེན་ད་ཡང་བོན་པོ་སྐབས་ལ་རྩོད་གཞི་མེད་པ་རྩོད་པ་མ་བཟོ་རོགས་གནང་།
དཔལ་ལྡན་ལྷ་མོ་ཕྱག་གཉིས་པའི་ཕྱག་མཚན་ནི།
བེ་ཅོན་ཐོད་ཁྲག་འཛིན་པ་སྲིན་མོའི་གཟུགས། །
འདིས་ཤེས་ཐུབ་ལ། དཔལ་ལྷ་ཕྱག་བཞི་པ་གཅིག་ཀྱང་ཡོད་རེད།
བེ་ཅོན་ཐོད་ཁྲག་་་་ཞེས་པ་ག་འདྲ་ཡོད་དམ། བེ་ཅོན་་་་དང་་་ཐོད་ཁྲག་་་་ཡིན་ནམ་་་་་བེ་ཅོན་ཐོད་ཁྲག་་་་དངོས་པོ་གཅིག་ཡིན་ནམ།
བོན་པོ་ལགས་སུ།
མདུན་གྱི་ནམ་མཁར་རླུང་ནག་ཚུབ་མོའི་དབུས། །
བེ་ཅོན་ཐོད་ཕྲག་འཛིན་པ་སྲིན་མོའི་གཟུགས། །
དྲེལའུ་སྟེང་བཞུགས་གདུག་པ་རྩར་གཅོད་སྐུ། །
ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་བཞུགས། །
ཞེས་སོགས་ཡོད་པ་ཅིག་དྲན་ལ། ཕྱག་གཡས་ལ་ཤིང་གི་བེ་ཅོན་དང་། གཡོན་ལ་ཐོད་ཁྲག་བསྣམ་ཡོད་རེད་ལགས།
ཀརྡོ་རབ་འབྱམས་ལགས་སུ།
བློ་དོག་བསལ་སོང། བཀའ་དྲིན་ཆེ། །
།། མ །དུས་གསུམ་སངས་རྒྱས་བཀའ་སྐྱོང་མཐུ་མོ་ཆེ། མ་མཆོག་སྲིད་པའི་རྒྱལ་མོ་དབྱིངས་ཀྱི་ཡུམ། སྐུ་མདོག་མཐིང་ནག་ནམ་མཁའི་གཟི་མདངས་ཅན། སྐུ་ལ་རྨ་བྱ་མཛེས་པའི་ཐུལ་པ་གསོལ། ཕྱག་གཡས་གནམ་ལྕགས་རལ་གྲིས་དགྲ་སྲོག་གཅོད། གཡོན་པས་ཚེ་བུམ་གཤེན་གྱི་ཚེ་སྲོག་བསྲིང། ཡེ་ཤེས་དབལ་མོ་འཁོར་དང་བཅས་པ་ལ། བདུད་རྩི་མི་བཟད་རྒྱན་ཚོགས་འདི་འབུལ་གྱི། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་བསྲུང། སྒྲུབ་གཤེན་བདག་གིས་བཅོལ་བའི་ཕྲིན་ལས་མཛོད། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། མི་མཐུན་རྐྱེན་དང་བར་ཆད་ཐམས་ཅད་རྣམས། མཁའ་ཀློང་དབྱིངས་སུ་ཡུམ་གྱིས་ཞི་བར་མཛོད། བསྭོ་མ་མ་ར་ཡོ་ཛ་། ། ། འདི་ནི་་་་སྤྱི་ལོ་༡༠༡༧་་་སྤུལ་སྐུ་གཤེན་ཆེན་ཀླུ་དགའ་ལ་་་སྲིད་པའི་རྒྱལ་མོ་་་གཏེར་བདག་་་་ཡེ་ཤེས་དབལ་མོའི་་་་་སྐུ་རུ་བཞེངས་ནས་ཞལ་མཇལ་བྱུང་སྐབས་མཛད་པའོ། ། ། དངོས་གནས་བྱས་ན་ང་ཡི་འདི་ལྟར་འབྲི་མི་ཆོག། ཡིན་ནའང་མ་བྲིས་ན་དངོས་ཡོད་གནས་ཚུལ་སུ་དང་གང་གིས་ཤེས་ས་མ་རེད། དེས་ན་་་མ་སྲིད་པའི་རྒྱལ་མོ་་་ལ་རྙིང་ནས་བཟོད་གསོལ་ཞུ།། གངས་ཅན་བོད་ཀྱི་རྒྱལ་ས་་་་་ལྷ་ས་་་་་ལྷ་་་་མོ་་་་ཞིག་གི་མཚན་ནས་བྱུང་བ་ནི་་་་བོད་མི་རིགས་ཀྱི་རིན་ཐང་་་་གཞལ་དུ་མེད་པ་ཡིན། བུད་མེད་ཀྱི་དབུ་འཕང་གུང་དུ་བརྟོད་པ་ཡིན། འདི་མ་འོངས་པར་འཛམ་གླིང་འདིར་་་་དོ་སྣང་་་་ཆེན་པོ་ཡོངས་ངེས་པས། ད་བར་་་རྒྱུན་སྐྱོང་་་གནང་མཁན་ཡོངས་ལ་རྙིང་ནས་བཀའ་དྲིན་ཆེ་ཞུ། མ་འོངས་པར་ཡང་་་སྔར་རྒྱུན་་་བཞིན་གནས་དགོས་པའི་རེ་བ་ཆེན་པོ་ཡོད།།
ཆུ་སྐྱེས་སྒྲོལ་མས་བྲིས་པའི་ལོ་རྒྱུས་འདི་རྣམས་ལ། ངོས་ནས་མཆན་བུ་འགའ་ཞིག་འབྲི་འདོད་བྱུང། ༼རྨེ་རི་དགོན་པའི་དགེ་འདུན་པ་ཚོས། གཙུག་ལག་ཁང་གི་དཔལ་ལྷའི་ལྕོག་ལ་གཏོར་སྒྲུབ་ཚུགས་སྲོལ་ཡོད་པ་དང༌།༽ བྲིས་པ་ལ་འདི་ནི་་་སྨན་རི་་་དགོན་པའི་ཞེས་འབྲི་དགོས་པར་སེམས། དུས་ཕྱིས་ཞང་སྟོན་འཕགས་པའི་གདན་ས་ལ་ཉམས་ཆགས་བྱུང་ནས། གཙང་བཀྲ་ཤིས་སྨན་རི་དགོན་གྱི་བོན་གྱི་དགེ་འདུན་གདན་འདྲེན་ཞུས་ནས། སྲིད་རྒྱལ་གསོལ་མཆོད་སོགས་འབུལ་སྲོལ་ཡོད་པ་རྒན་བགྲེས་ཀྱི་ཞལ་ནས་ཐོས་མྱོང། ཁོང་རྣམ་པ་ནི་ད་ལྟ་ཡང་སྐུ་འཚོ་བཞུགས་ཡིན། དེ་དུས་དོ་སྣང་ཞེ་དྲག་བྱས་མེད། ༼གུང་ཐང་བླ་མ་ཞང་གིས་གཏེར་ནས་བཞེས་པའི་དཔལ་ལྷ་དྲག་མོའི་ཞལ་འབག་གདན་འདྲེན་ཞུས་ནས།༽ བྲིས་པའི་་་་་་གུང་ཐང་བླ་མ་ཞང་་་་་ཞེས་པ་དེ་འདི་ཡིན་པར་སེམས། ངས་ཨ་ཁྲིད་་་རྟོགས་ལྡན་ཉམས་བརྒྱུད་ཀྱི་རྣམ་ཐར་་་་ནས་དུམ་བུ་ཟུར་དུ་ཕྱུང་བ་ཞིག་འབྲི་བར་བྱ། གཉིས་པ་རྒྱུད་པའི་རྣམ་ཐར་ལ་དྲུག་སྟེ། དང་པོ་་་ཞང་དམ་པ་ཚུལ་ཤེས་་་ཀྱི་རྣམ་ཐར་ལ། ཡུལ་ནི་སྟོད་ལུང་གི་ནང་ན། ཕ་ཚན་མི་སྡེ་མང་བ་ཞིག་ཡིན། གདུང་རུས་ཞང་ཡིན་ཞིང། བརྒྱུད་པ་བོན་བརྒྱུད་ཟམ་མ་ཆད་པ་ཡིན། དེ་ཡང་སྔོན་སྦྱངས་ཀྱི་སྟོབས་ཀྱིས་དགེ་བྱེད་ཀྱི་བརྒྱུད་པར་འཁྲུངས་ཤིང། ཆུང་ནས་འབྲི་ཀློག་ལ་མཁས་པར་སྦྱངས། དེ་ནས་ཡར་སྐྱེས་ཏེ། གཡས་རུ་དབེན་ས་ཁར་ཕྱིན་ཏེ། བྲུ་ཤ་རྗེ་བཙུན་ལ་སོགས་མཁས་པ་རྣམས་ཀྱི་ཞལ་འགྲིམ་ཞིང། ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད། དེ་དུས་རྗེ་བཙུན་བླ་མ་ལ་དབང་ཞིག་ཞུས་པས། དབང་བསྐུར་བ་དང་ཉི་མ་ཤར་བ་དུས་མཉམ་བྱུང་སྟེ། བླ་མའི་ཞལ་ནས། དེ་རིང་རྟེན་འབྲེལ་ལེགས་པར་བྱུང་གསུངས་བས། ཕྱིས་ཁྲོ་བོའི་བསྙེན་བསྒྲུབ་ཐར་ཕྱིན་ཞིང། རིག་པ་ལ་རང་དབང་ཐོབ་པ་ཡིན་སྐད། དེ་དུས་དབུས་ཀྱི་མཁན་པོ་་་བ་ཁང་བ་ཚུལ་ཁྲིམས་བླ་མ་་་ལས། དག་པ་དྲང་སྲོང་གི་ཁྲིམས་རྗོགས་པར་མཛད་དེ། ཚུལ་མིང་་་་ཚུལ་ཁྲིམས་ཤེས་རབ་་་་ཏུ་བཏགས་ནས། ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་ཉེས་ལྟུང་དྲི་མ་མེད་པར་བསྲུངས་ཤིང། རང་སེམས་རྣམ་པར་དག་པ་མཛད་དེ། དེ་ནས་སྔོན་སྦྱངས་སྨོན་ལམ་གྱི་སྟོབས་ཀྱིས་གྲུབ་ཐོབ་ཁྱུང་སྒོམ་ཇོ་གཡུང་གིས། ནམ་མཁའི་བྱ་ལ་སྒོམ་ཐེབས་ཟེར་བའི་སྐུའི་སྙན་པ་ཐོས་ནས་དྲུང་དུ་ཕྱིན་ཏེ། གནས་ལུགས་ཐེག་པ་ཆེན་པོ་ངོ་སྤྲོད་ཀྱི་གདམས་པ་ཞུས་ནས། འབྲལ་མེད་རྒྱུན་དུ་སྒོམ་ཞིང། གོམས་པ་ཉམས་དང་ལྡན་པར་མཛད་དོ། ཡང་སྐྱེ་མེད་ཇོ་གདུང་གི་དྲུང་དུ་ཐེག་ཆེན་དོན་གྱི་ངོ་སྤྲོད་དང། ཁྱད་པར་གགས་སེལ་ཁ་འཐོར་གྱི་སྐོར་རྣམས་ཞུས་ཏེ། དགེ་སྦྱོར་གྱི་གགས་དང་བཅོས་ཐབས་ལ་མཁས་པར་གྲགས་སོ། དེ་ལྟར་གྲུབ་ཐོབ་ཀྱི་བླ་མ་རྣམས་ལ་བཏུགས་ནས། ལྟ་སྒོམ་གྱི་གྱི་རྩ་དར་བཅད་ཅིང་རྩེ་གཅིག་ཡེངས་མེད་དུ་ཉམས་སུ་བླངས་པས། མཐར་ཐུག་ཉམས་རྟོགས་མངོན་དུ་གྱུར་ཞིང། མཐའ་བྲལ་ནམ་མཁའ་ལྟ་བུའི་བདག་པོར་གྱུར་བ་ལགས་སོ། གཞན་ཡང་ཉམས་མྱོང་རྟོགས་པའི་ཡོན་ཏན། གྲུབ་རྟགས་དང་ཐུགས་ཤེས་ལས་སོགས་ཡོན་ཏན་དུ་མ་མངའ་བ་ལགས་སོ། དེ་ནས་་་་་སྟོད་ལུང་འབྲི་ལུང་དགོན་པར་་་་་བཞུགས་ཏེ། (སྐྱོར་མོ་ལུང་དུ་ཡོད) ཕྱོགས་མཚམས་ཀྱི་བུ་སློབ་དད་པ་ཅན་རྣམས་ལ་། བསླབ་པ་ཚུལ་ཁྲིམས་ཀྱི་སྡོམ་པ་དང། གནས་ལུགས་ཐེག་ཆེན་གྱི་གདམས་པ་བསྟན་ཞིང། འགྲོ་དོན་རྒྱ་ཆེན་པོ་མཛད་དེ། ཕྱིས་་་་་ཞང་འབྲི་ལུང་པ་ཆེན་པོར་་་་་གྲགས་པས་ལགས་སོ། ། ། འདི་འདྲ་ཞིག་འདུག་པས་་་དོ་སྣང་་་ཅན་རྣམས་ཀྱིས་དཔྱད་པར་མཛོད། ༼་་་་དཔལ་གསོལ་མ་་་ཞེས་དཔལ་ལྷ་མོ་གསོལ་མཁན་བུད་མེད་བཅུ་གྲངས་ཤིག་དམིགས་འཛུགས་བྱེད་སྲོལ་ཡོད་ཅིང༌། བུད་མེད་དེ་ཚོས་རྒྱན་གོས་གཟབ་འཆོར་སྤྲས་ཏེ། དཔལ་ལྷའི་ལྕོག་གི་སྒོ་འགྲམ་དུ་གྲལ་བསྒྲིགས་ནས་བསྡད་དེ། དཔལ་ལྷའི་ལྕོག་ཏུ་བཞུགས་པའི་དགེ་འདུན་པ་ཚོས། དཔལ་ལྷ་ཞི་བ་དང་དྲག་མོའི་གསོལ་མཆོད་ཞལ་འདོན་གནང་བ་དེ་དང་མཉམ་དུ་ཞལ་འདོན་སྐྱོར་བ་སོགས་བྱས་ནས་གསོལ་མཆོད་བྱེད་སྲོལ་ཡོད།༽ ལུགས་སྲོལ་འདི་ནི་དེང་གི་ཆར་ཡང་ཨ་མདོ་རེབ་གོང་གི་བོན་གྱི་གསང་སྔགས་ཀྱི་འདུས་སྡེ་རྣམས་སུ་དར་ཁྱབ་ཆེན་པོ་འདུག་པས། ཁྱེད་རྣམས་ཀྱིས་དངོས་སུ་མཇལ་ན་དེ་ནས་་་ལྷ་ས་་་ཞེས་པ་འདི་འདྲ་ཞིག་རེད་འདུག་བ་བསམ་པའི་ངེས་ཤེས་འཁྲུང་སྲིད་པའོ། ་་་་་་་དེ་རིང་འདི་ཙམ་མོ།
ང་རྒྱ་གར་ལ་མཁས་པའི་བགྲོ་གླེང་ཐེངས་འགའ་བཞུགས་པའི་སྐབས་སུ། མཁས་པ་མང་ཆེ་བའི་ཁ་གཅིག་གྲགས་སུ་གནས་གཅིག་ཉིད་ལ་། ནང་པ་ཕྱི་རོལ་པའི་གཉིས་ཀའི་དད་རྟེན་ཡིན་པ་ལོ་རྒྱུས་མང་པོ་དྲངས་སོང་། བོན་པོའི་གནས་ཆེན་ལ་ནང་པས་དད་པ་དང་། ཡང་ནང་རྟེན་ལ་ཡང་བོན་པོའི་ལྷ་རུ་བརྩི་བ་ཡོད་དགོས་པས་བློ་གཟུ་བོར་དང་སེམས་གུ་ཡངས་ཀྱི་ཐོག་ནས་ཆོས་འབྱུང་རྒྱལ་རབ་དཔྱད་དགོས་འདུག་སྙམ།
དཔེར་ན། གར་ཞྭ་སྤྱན་རས་གཟིགས་རང་བྱོན་འདི་ཡི་དབུ་ལ་འོད་དཔག་འོད་དཔག་མེད་་སྟོན་པ་ཤྰཀྱ་མུ་ཎི་ལྟར་གསལ་ལེར་ཡོད་ན་ཡང་། རྒྱ་གར་བ་ཧིན་རྡུ་ཆོས་ལུགས་པ་རྣམས་ཀྱིས་ཕྱི་རོལ་པའི་ལྷ་རུ་བརྩིས་ནས་ཐག་རིང་ནས་གནས་མཇལ་དུ་ཡོང་མཁན་གྲངས་འདས་པ་ཡོད་རེད། འདི་ནི་ངའི་་མིག་གིས་མཐོང་བའི་ལོ་རྒྱུས་ཡིན།
མཆན་རིང་འདི་རྣམས་མྱུར་ཀློག་གཅིག་བྱས་པས། ཧ་ཅང་ལེགས་པོ་བྲིས་འདུག བཙན་བྱོལ་སྤྱིའི་བོད་ཡིག་གི་གནས་སྟངས་ཀྱི་ཁོར་ཡུག་སོགས་ལ་ཕན་ངེས་འདུག་པས། ཚང་མར་བསྔགས་ནས་ཐུགས་རྗེ་ཆེ།
མཁྱེན་ལྡན་པ་རྣམས་ལ་ཞུ་རྒྱུར་ གུས་པའི་ངོ་ཤེས་ཕྱི་རྒྱལ་བ་ཞིག་གིས་བོད་པའི་རི་མོའི་ནང་
༼ རྫེ་བར་འམ ཛི་འབར་་ ༽ཞེས་པ་དེའི་ནང་དོན་གང་ཡིན་ཟེར་གྱི་འདུག་པས་ ངས་རྩ་བ་ནས་ཞེས་ཀྱི་མེད་པས་ དེའི་སྐོར་མཁྱེན་མཁན་ཞིག་གི་གུས་པར་འགྲེལ་བཤད་ཞིག་ཡོང་བ་ཞུ་
ཤིང་གི་མཛེར་པའམ།
དག་ཡིག་ལས།
མཛེས་པ། བཀྲ་དང་མཚར་བ། ཚན་རྩིས་བྲིས་པའི་རི་མོ་མཚར་ཞིང་མཛེས་པ།
དེ་མིན་དག་ཆ་ཇི་བཞིན་མེད་ན་ཤོད་དཀའོ། །
རབའབྱམས་པ་ལགས་ ཐུགས་རྗེ་ཆེ་ ངས་དེའི་དག་ཆ་མི་ཤེས་ ངས་ཞུ་ཡས་དེ་ ཆོས་ཤོམས་ཀྱི་རི་ལྔའི་སྐྱིལ་དུ་ཡོད་པའི་ཁ་དང་མིག་གཉིས་ཡོད་པའི་འབགས་དེ་ཡིན་
སྒ་ནང་ཆེན་རྟ་ནག་དགོན་པའི་གླིང་གེ་སར་རྒྱལ་པོའི་གདུང་རྟེན་རྐུ་ཁྱེར་ཤོར་བ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༼གནས་ཚུལ་འདི་མཐོ་བོད་རིགས་གནས་དྲ་རྒྱའི་ནང་བཀོད་པའི་ལིའུ་ཞ་རྒྱ་མཚོའི་དྲ་དེབ་ནང༌། པར་པ་ཆིང་ལིང་ཞེས་པས་རྒྱ་ཡིག་ནང་འགོད་སྤེལ་བྱས་པ་boxn.com དྲ་རྒྱའི་ནང་འདེམས་འགོད་བྱས་པ་ལས་བོད་བསྒྱུར་ཞུས།༽
ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༢༣ ཉིན་པར་པ་ཆཱིང་ལིང་དང་ཁོང་གི་པར་རོགས་གསུམ་མཉམ་དུ་རྟ་ནག་དགོན་པར་བསྐྱོད་སྐབས། དགོན་པ་དེའི་ནང་ཡོད་པའི་གླིང་གེ་སར་རྒྱལ་པོའི་དཔའ་རྟུལ་སུམ་ཅུ་ཐམ་པའི་གདུང་རྟེན་གཙོ་བོ་རྣམས་རྐུ་ཁྱེར་བྱས་ཏེ་དམིགས་མེད་བཟོས་སྐོར་མི་རྣམས་ཧང་བསངས་དགོས་པའི་རྐུ་ཁྱེར་གྱི་གྱོད་གཞི་ལྷག་པ་ཤེས་རྟོགས་བྱུང་ཡོད་པ་རེད།
རྟ་ནག་དགོན་པ་ནི་སྒ་སྐྱེ་དགུ་མདོ་ཁུལ་ནང་ཆེན་རྫོང་ཁོངས་སུ་ཡོད་པ་དང༌། བོད་ཁུལ་དུ་སྙན་པར་གྲགས་པའི་གནའ་བོའི་གླིང་རྗེ་གེ་སར་རྒྱལ་པོའི་དགོན་པ་གཅིག་རང་ཡོད་པ་དེ་ཡིན་ཞིང༌། མིག་སྔར་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་ཁོངས་ཡེར་པ་བཀའ་ བརྒྱུད་ཀྱི་དགོན་པ་གཅིག་པུ་དེ་ཡང་ཡིན། རྒྱ་ནག་གཞུང་གིས་བཤད་པའི་ཞིང་ཆེན་རིམ་པའི་སྲུང་སྐྱོབ་ཚན་པ་ཞིག་ཀྱང་རེད། དགོན་པ་དེར་ད་བར་མི་ལོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་བོད་བརྒྱུད་ནང་བསྟན་ཕག་གྲུ་བཀའ་བརྒྱུད་པའི་སྲོལ་གཏོད་པ་ཕག་མོ་གྲུབ་པའི་ཐུགས་སྲས་སངས་རྒྱས་ཡེར་པ་དང་ཡི་ཤེས་ཚེ་དཔག་གིས་གསར་བཞེངས་གནང་བ་ཞིག་རེད།
རྟ་ནག་དགོན་པའི་འདུ་ཁང་ནང་མཐོ་ཚད་ཕི་ཌེ་༩ ཙམ་ཡོད་པའི་གླིང་རྗེ་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་རྟུལ་རྣམས་ཀྱི་འདྲ་སྐུ་བཞེངས་ཡོད་པ་དང༌། ཁོང་ཚོས་བེད་སྤྱོད་བྱེད་མྱོང་བའི་དཔའ་དམ་དང་ཕྲ་མོག་གྱོན་གོས་སོགས་ཡོད་ཅིང༌། དེ་མིན་གྱི་ཧ་ཅང་རིན་ཐང་ཆེ་བའི་དཔེ་ཆ་རྙིང་པ་པོད་སྟོང་ཕྲག་མང་པོ་དང་རྩ་ཆེའི་རིག་དངོས་རྙིང་པ་ཡང་ཡོད། ལྷག་པར་དུ་རྟ་ནག་དགོན་པ་ནས་ས་ཐག་རིང་པོ་མེད་པའི་རྟ་ནག་བྲག་ཕུག་ནང་“གླིང་གེ་སར་རྒྱལ་པོའི་རྣམ་ཐར་ནང་”གསལ་བ་ལྟར་ཁོང་གི་དཔའ་རྟུལ་སུམ་བཅུ་ཐམ་པའི་གདུང་རྟེན་བཞེངས་ཡོད། གདུང་རྟེན་གྱི་བཟོ་དབྱིབས་ཀ་གདམ་མཆོད་རྟེན་འདྲ་བོ་ཡོད། གདུང་རྟེན་གྱི་བཟོ་དབྱིབས་ཀྱི་བཀོད་པ་བརྗིད་ཉམས་ལྡན་ཞིང༌། གདུང་རྟེན་ནང་སྔར་སྲོལ་ཚ་ཚ་རིགས་མི་འདྲ་བ་སུམ་ཅུ་ཡོད་པ་རྣམས་བཟོ་སྤུས་དག་ལ་ངོ་མཚར་ཆེ་བ་ཞིག་འདུག དེ་ལྟ་བུའི་བདག་གཅེས་ཉར་ཚགས་ལེགས་པོ་བྱས་པའི་གནའ་བོའི་གདུང་རྟེན་རྣམས་བོད་ཁུལ་གཅིག་པུར་གནས་ཡོད་པ་ཙམ་ལས་རྒྱ་ནག་རྒྱལ་ཡོངས་ནང་ཧ་ཅང་མཐོང་དཀོན་པ་ཞིག་རེད། གདུང་རྟེན་དེ་རྣམས་བོད་ཁུལ་གྱི་གདུང་རྟེན་ཡོད་པའི་ནང་ནས་གདུང་རྟེན་མང་པོ་གཅིག་ཏུ་གནས་པའི་རྣམ་པ་ལྡན་ཡོད་སྟབས། བཟོ་རྩལ་གྱི་རྣམ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་རབས་༼རྒྱ་ཡིག་ནང་ཐང་རྒྱལ་རབས་ཀྱི་དུས་རབས་ཕྱི་མ་ཞེས་བྲིས་འདུག༽ཀྱི་བཟོ་རྩལ་གྱི་རྣམ་པ་ལྡན་པ་ དེས་རྒྱ་གར་ནང་པའི་མཆོད་རྟེན་གྱི་བཟོ་དབྱིབས་ཀྱི་གཞི་རྩའི་ལག་རྩལ་རྒྱུད་འཛིན་བྱས་པ་ཞིག་རེད་འདུག
རིག་གནས་གསར་བརྗེའི་སྐབས་རྟ་ནག་དགོན་པའི་གནའ་བོའི་བཟོ་རྩལ་དང་རིག་གནས་རྗེས་ཤུལ་དངོས་རྫས་ལ་གཏོར་བཤིག་ཆེན་པོ་བཏང་ཡོད་ཀྱང༌། གླིང་རྗེ་གེ་སར་རྒྱལ་པོ་དང་ཁོང་གི་དཔལ་རྟུལ་སུམ་ཅུ་ཐམ་པའི་གདུང་རྟེན་རྣམས་བདག་གཉེར་གང་ལེགས་བྱུང་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཕྱི་ལོ་ ༢༠༡༠ ལོའི་ནང་གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྟེན་དང་དཔའ་རྟུལ་སུམ་ཅུའི་གདུང་རྟེན་རྣམས་ལ་གོད་ཆག་ཐེངས་གཉིས་བྱུང་ཡོད་པ་སྟེ། ཕྱི་ལོ་༢༠༡༠ ཕྱི་ཟླ་༤ ཚེས་༤ ཉིན་གྱི་ཆུ་རུས་དང་ས་ཡོམ་གྱི་གཏོར་བཤིག་ནང་ཐོར་བཤིག་ཕྱིན་མེད་ཀྱང༌། དེའི་རིང་མིས་རྐུ་ཁྱེར་ཐེངས་གཅིག་བྱས་པ་དང༌། ཡང་ཕྱི་ཟླ་༡༠ ཚེས་༨ ཉིན་གྱི་མཚན་མོར་ཡང་བསྐྱར་མིས་རྐུ་ཁྱེར་བྱས་ཏེ་གདུང་རྟེན་རྣམས་དམིགས་མེད་དུ་ཕྱིན་པའི་ལས་དབང་ལས་གཡོལ་ཐུབ་མེད་པ་རེད།
མི་རྣམས་ཧ་ལས་དགོས་པའི་རིག་དངོས་རྐུ་ཁྱེར་བྱས་པ་དེ་དག་གིས་གླིང་རྗེ་གེ་སར་རྒྱལ་པོའི་དཔའ་རྟུལ་སུམ་བཅུ་ཐམ་པའི་གདུང་རྟེན་རྐུ་ཁྱེར་བྱས་པ་དང༌། ཁྱེར་མ་ཐུབ་པ་རྣམས་བཤིག་གཏོར་བཏང་བ། གདུང་རྟེན་གྱི་ཁོག་པ་སྟོང་པ་བཟོས་ཏེ་རྟེན་རྫས་རྣམས་རྐུ་ཁྱེར་བྱས་པ། གདུང་རྟེན་ནང་གི་ཚ་ཚ་རིགས་འདྲ་མིན་རྣམས་ཕྱིར་གང་བྱུང་གཡུག་གཏོར་བྱས་པ་སོགས་འཇིག་རྟེན་གྱི་མི་རྣམས་ཧང་སངས་དགོས་པའི་གནའ་ཤུལ་རིག་དངོས་རྐུ་ཁྱེར་གཏོར་བཤིག་བྱས་པའི་གྱོད་གཞི་བྱུང་བ་དེར་མནོ་བསམ་དང་ཚོར་བ་ཤུགས་ཆེ་སྐྱེ་འོས་པ་ཞིག་རེད། གང་ཡིན་ཞེ་ན། གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྟེན་རྣམས་སྲུང་སྐྱོབ་བྱ་རྒྱུ་དགོན་པ་གཅིག་པུའི་ལས་འགན་མ་ཡིན་པར་བོད་མི་ཡོངས་དང་རྒྱ་ནག་མི་མང་ཚང་མའི་འགན་འཁྲི་རེད།
དེར་བརྟེན་པར་པ་ཆིང་ལིང་གིས་རྟ་ནག་དགོན་པའི་སེར་སྐྱ་མང་ཚོགས་ཀྱི་རེ་སྐུལ་ཞུ་དོན་ལྟར་ཁོང་གིས་དགོན་པའི་ཚབ་ཞུས་ཏེ་བོད་ཀྱི་གནའ་བོའི་རིག་གནས་རྗེས་ཤུལ་དངོས་རྫས་ལ་སྲུང་སྐྱོབ་ཡོང་རྒྱུར་བསམ་ཡོད་མི་སྣ་ཚང་མས་ཐུགས་སྣང་དང་རྒྱབ་སྐྱོར་གནང་སྟེ། རྟ་ནག་དགོན་པའི་གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྟེན་དང་ཁོང་གི་དཔའ་རྟུལ་སུམ་བཅུའི་གདུང་རྟེན་ལྷག་འཕྲོ་རྣམས་བསྐྱར་དུ་རྐུ་ཁྱེར་མི་འོང་བ་དང༌། རྐུ་ཁྱེར་བྱས་ཟིན་པ་རྣམས་གར་སོང་མཐོང་ཐོས་བྱུང་ན་འཕྲལ་དུ་འབྲེལ་ཡོད་དགོན་པ་དང་ཡང་ན་འབྲེལ་ཡོད་ཉེན་རྟོགས་ལས་ཁུངས་སུ་ཉན་སེང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་པར་པ་ཆིང་ལིན་གྱི་དྲ་རྒྱའི་ནང་འཁོད་འདུག།
འཇིག་མེད་ལགས།
འདིའི་སྐོར་ལོ་ཤས་གོང་ ཙམ་ལ་རི་མོའི་སྐོར་གྱི་འགྲེལ་བཤད་ཅིག་འབྲི་བར་ཡིག་ཆ་ཁ་ཤས་བསྔོགས་པ་དེ་སྐབས་ དོ་སྣང་འདྲ་ཞིག་བྱུང་། དེ་ནས་ལྷ་བྲིས་པ་ཁག་ཅིག་ལ་བཀའ་འདྲི་ཞུས་པའི་བཀའ་ལན་དེ་ཚོ་ཞིབ་པ་ཞིག་ད་ཆ་ ཡིད་ན་མི་འདུག་ཀྱང་། ཡང་སྙིང་བྱས་ན།
ཛི་བག་དང་རྫི་འབག་ སོགས་དག་ཆའི་སྐོར་ལ་ངེས་མེད་སྣ་ཚོགས་འདུག་སྟེ། རི་མོ་འདིའི་མཚོན་དོན་ངག་སྒྲོས་ཀྱི་ཤོད་རྒྱུན་ལ་ཡོད་པ་གཞིར་བཞག་གིས་ཞུས་ན། དེ་ནི་ཛི་འམ་རྫི་ཟེར་བའི་སེམས་ཅན་ཞིག་གི་གདོང་དང་ལག་པ་གཉིས་ཁོ་ན་རི་མོའི་ ངོས་སུ་བཀོད་པ་ཞིག་ཡིན་པ་དང་། ས་དགྲའི་གནོད་པ་དང་། ཁ་མཆུའི་གནོད་པ་སོགས་འགོག་པ་ལ་སྤྱོད་པའི་རི་མོ་ཞིག་ཡིན་འདུག
སེམས་ཅན་དེའི་གཟུགས་ པོ་ཆ་ཚང་མ་བྲིས་པ་ནི། གནད་འགག་གཞན་གང་ཡང་ཡིན་ཚོད་མི་འདུག བཤད་སྟངས་ལ། སེམས་ཅན་དེའི་གཟུགས་པོ་ནི་མོ་མཚན་རྐྱང་རྐྱང་གིས་ཁེབས་བསྡད་ཡོད་པ་ཞིག་ཡིན་ སྟབས། རི་མོའི་ནང་དེ་དག་འབྲི་སྟབས་མ་བདེ་ནས་གདོང་དང་ལག་པ་གཉིས་ཁོ་ན་ཙམ་འབྲི་སྲོལ་ ཡིན་རབས་བཤད་ཀྱི་འདུག
རི་མོ་དེ་སྟེང་རིན་པོ་ ཆེའི་རྒྱན་ཕྲེང་གིས་ལྕིབས་ནས་གདོང་དང་ལག་པ་སྒྲིབ་པའི་རྣམ་པ་ཅན་དུ་བྱས་པ་ སོགས་བྲི་སྟངས་སྣ་ཚོགས་པ་དེ་ཚོ་ནི་ལྷ་བྲིས་པ་ཚོས་རྒྱན་སྤྲོས་བྱས་པའི་ཁྱད་ པར་ཙམ་ལས། དོན་ངོ་མར། གདོང་དང་ལག་པ་དེ་གཉིས་གང་ནས་བལྟས་པས་མཐོང་བ་ཞིག་དགོས་པ་རེད་ཅེས་གསུངས་ཀྱི་ འདུག
ཡང་བཀའ་འདྲི་ཞུ་ཡུལ་ ཚོས་དཔེ་མཚོན་གཅིག་ལ། རྒྱ་གར་བ་ཚོས་ཁང་པའི་རྩིག་ངོས་སོགས་སུ་ཁ་གདངས་ལྕེ་སྣར་བའི་རྣམ་པ་ཅན་ཞིག་ བཏགས་ནས་གནོད་པ་བཟློག་པར་སྤྱོད་པ་དང་འདྲ་པོ་རེད་ཟེར། འདིའི་སྐོར་ནས་གསལ་པོ་དག་པོ་རེ་མཁྱེན་མཁན་འདྲ་ཡོད་ན། དེ་ཚོད་ཀྱི་འགྲེལ་བཤད་རེ་སྤྱི་འགྲེམས་གནང་རོགས།
རྡོར་དབང་ལགས་ བཀའ་ལན་གནང་བ་ཐུགས་རྗེ་ཤིན་ཏུ་ཆེ་
ཐུགས་རྗེ་ཆེ་གསུང་རིན་ཅང་མི་འདུག་སྟེ། གང་རག་པ་ཙམ་དཔྱད་གཞིར་ཕུལ་བ་ལགས། ཁྱེད་ཀྱིས་གཟིགས་སོང་བར་དགའ་ཡོད།
སློབ་གྲོགས་ཆུ་སྐྱེས་ལགས།
ཁྱེད་ཀྱིས་ང་ལ་འབྲེལ་ལམ་ཞིག་གནང་རོགས་བ་འདི་དག་ཡིན
མྱུར་འཕྲིན་ཟེར་བ་ཁོ་བོས་དབྱིན་སྐད་ཀྱི་twitter བཞག་ཡོད་པས་དེ་ཡིན་ན་ http://twitter.com/jampeltsultrim ཡིན།
ངའི་གློག་ཡིག་(email)་ལ་གསུང་བ་ཡིན་ནཿ njamtsul@yahoo.com ཡིན།
ད་སྔོན་མྱུར་འཕྲིན་ཟེར་བ་fax ལ་གོ་དུས་ཀྱང་བྱུང་བས་དེ་ནི་ང་ལ་མེད་ལགས།
གསས་མཁར། ལྕོག། ལྷ་བོན། ལྷ་ར། ལྷ་ས། ཡུལ་ས། ལྷ་བ། ལྷ་བསང། ལྷ་གཙུག། ལྷ་གསོ། ལྷ་ཁང། ལ་རྩེ། དར་ལྕོག། ཀླུང་རྟ། གསེར་སྐྱེམ།
རླུང་རྟ་འདི་དག་གམ། ཀླུང་རྟ་འདི་དག ཡང་ན་གོ་དོན་སོ་སོར་ཡོད་དམ།
ལྷ་བཙན་པོ་་་་ཞེས་པའི་བརྡ་སྙིང་ཡོད་ཀྱང་་་་དེ་ཡི་ལྷ་ཞེས་པ་ནི་་་་རྒྱལ་པོའི་དོན་ལ་་་་་མི་གོ་ཞིང་རྒྱལ་པོ་རང་ཉིད་་་་་ལྷ་དང་འདྲ་བའམ་་་་་ལྷ་ཡི་ཡོན་ཏན་དང་ནུས་སྟོབས་་་་མཚུངས་པར་ཡོད་པ་ལ་གོ་དགོས་པར་སེམས། དེས་ན་་་་ལྷ་་་་ཞེས་པའི་གནའ་ཚིག་འདིའི་ལོ་རྒྱུས་་་་རྒྱལ་པོ་་་་ལས་ཀྱང་སྔ་བ་ཡིན་པའང་ཤེས་དགོས།
ཀརྡོ་རབ་འབྱམས་པ་ལགས། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། ༼མདའ་དང་འཕང༽ བོད་བསྒྱུར་མ་སྨད་ཆའི་ནང་ཀླུང་རྟ་དང་རླུང་རྟའི་སྐོར་བྲིས་གནང་འདུག། དེར་མ་ཟད་མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ༼སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ༽ཞེས་པའི་ནང་ལའང་ཀླུང་རྟ་དང་རླུང་རྟའི་སྐོར་བྲིས་གནང་ཡོད་པ་ཡོད། དེས་ན་ཁྱེད་ཀྱིས་དེར་གཟིགས་པར་འཚལ། བོན་པོའི་དཔེ་ཆ་ཁག་ནང་ཀླུང་རྟ་ཞེས་པའི་ཚིག་འདི་མང་བ་འདྲ་བོ་ཡོང་གི་འདུག།
བོན་པོ་ལགས། བོན་པོས་ཀླུང་རྟ་ཞེས་པ་འདི། རྒྱ་གར་ནས་བསྒྱུར་བའི་ནང་ཆོས་ནང་ལ་མེད་པའི་ཚིག་གཅིག་ཡིན་པར་འདོད་དམ།
བོད་སྐད་ཀྱི་་་མིང་ཚིག་ཡི་གེ་་་་གསུམ་གང་ཡིན་ནའང་་་ཡིན་གཅིག་མིན་གཉིས་རྒྱ་གར་ནས་བསྒྱུར་བའི་ནང་ཆོས་ནང་དུ་་་ངེས་པར་ཡོད་དགོས་པ་ཞིག་ཡིན་མི་དགོས། རྒྱ་གར་གྱི་ནང་ཆོས་མ་དར་སྔོན་ནས་་་བོད་པས་བོད་སྐད་བཟང་མ་བརྒྱབ་ཅིང་འཚོ་བ་སྐྱེལ་བཞིན་གནས་ཡོད་པར་སེམས། དེ་ལྟར་མིན་ན་་་་་བོད་སྐད་དུ་བསྒྱུར་་་་་་ཞེས་པའི་་་་བསྒྱུར་སའི་སྐད་་་དེ་ཡང་འཇོག་མི་ཤེས་པར་འགྱུར། བསྒྱུར་བར་བྱེད་པ་ལ་བསྒྱུར་སའི་སྐད་དེ་ལའང་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པས། དེས་ན་དེང་སང་ཆ་རྐྱེན་ཚང་བའི་དབྱིན་སྐད་དུ་བསྒྱུར་བཞིན་པ་ལྟ་བུའོ། བོད་རང་གི་བོན་ཡིན་ནའང་འདྲ་རྒྱ་གར་ནས་དར་བའི་ཆོས་ཡིན་ནའང་འདྲ། གཞི་བརྟེན་ས་དེ་བོད་སྐད་ཡིན་པ་གཅིག་གྱུར་རེད། ཡིན་ནའང་བརྡ་གསར་སྙིང་དང། སོ་སོའི་དགོས་དོན་གྱི་ཁྱད་པར་སོགས་ཀྱི་ཐོག་ནས། གོ་བ་ལེན་སྟངས་མི་འདྲ་བ་བྱུང་བ་ནི་ཡོད་ངེས་པ་ཞིག་ཡིན། དཔེར་ན་་་ཀླུང་རྟ་དང་་་རླུང་རྟ། ཡར་ཀླུངས་དང་་་ཡར་ལུང་་་ལྟ་བའོ། ང་ཚོ་བོད་ཀྱི་བོན་པོ་ཚོས་་་་མི་ལོ་སྟོང་ཕྲག་གི་སྔོན་ནས་་་བོད་པས་བོད་སྐད་གཙང་མ་་་རྒྱག་རོགས་་་་བོད་པས་བོད་ཡིག་གཙང་མ་་་འབྲི་རོགས་་་་་བོད་པས་བོད་པའི་ལུགས་སྲོལ་གཙང་མ་་་བྱེད་རོགས་་་་ཟེར་ཡིག་ངག་གཉིས་ཐོག་ནས་སྐད་འབོད་མང་པོ་བྱས་ཚར་བ་ཡིན། ཡིན་ནའང་སེམས་པ་སྐྱོ་བ་ལ་་་་ཁྱེད་ཚོ་བོན་པོ་་་་ཟེར་མཐོང་ཆུང་བྱེད་པ་ལས་རང་རིགས་སུ་གཅིག་གིས་ཀྱང་དོ་སྣང་དེ་ཙམ་བྱས་མེད། དེང་སང་བོད་ནང་གདོང་དམར་གཞོན་སྐྱེས་འབུམ་ཕྲག་གིས། བོད་སྐད་གཙང་མ་བསྲུང་སྐྱོབས་བྱེད་དགོས་པའི་སྐད་འབོད་དང་རུ་སྒྲིག་གིས། རང་སྲོག་བློས་གཏོང་བྱེད་བཞིན་ཐོན་ཡོང་དུས་་་་བསམ་ཤེས་ན་སྔར་གྱི་བོན་པོའི་སྡུག་སྐད་་་དེའི་བདེན་མཐའ་ཡང་དག་པར་གསལ་བ་ཡིན། །
བོད་རང་གི་བོན་དང་བོན་གཉིས་ལ་ཁྱད་པར་གང་ཡོད་དམ། དངོས་གནས་ཤེས་འདོད་ནས་དྲིས་པ་ཡིན་ལགས།
ངོས་མཇལ་སྐལ་བས་སྟོང་ནས།།
སེམས་པ་འཁྱག་ལ་སྦྱར་ཡང་།།
ཁ་བརྡའི་མེ་ལོང་དབུས་ནས།།
ཁྱོད་རྩོམ་ཐུགས་པས་སྐྱིད་བྱུང།།
དྲི་བྲལ་ཆུ་སྐྱེས་ལྷག་བསམ།།
བསུང་ཞིམ་རྩོམ་ཀྱིས་ཐུལ་བས།།
དྲྭ་གྲོགས་བུང་བའི་ཚོགས་རྣམས།།
ཁྱེད་ཚལ་འགྲིམ་པར་སྐྱིད་འདུག།
ཨ་ཅག་ལགས། ཁམས་བཟང་གཏན་དུ་ངས་ཁྱེད་ལ་ཡི་རང་དང་གུས་བཀུར་ཞུ།
སྙེ་ལྷའི་ཐུགས་ཀྱི་སྲས་ཤིག།
གློ་བུར་ཧད་ཀྱིས་ཕེབས་ནས།།
ཁམས་བཟང་དར་དཀར་གཙང་མ།།
འདི་ནས་མཇལ་བས་སྐྱིད་བྱུང༌།།
བདེ་ལྡན་ཡུལ་གྱི་གནས་ལ།།
ཞིམ་པོའི་ཟས་ལ་རོལད་དམ།།
སྒྱུ་ལུས་གཡར་པོ་འཁོར་ཕྱོགས།།
བདེ་ཞིང་སྐྱིད་པར་ཡོད་དམ།།
བར་དང་ཁོམ་སྐབས་ནམ་ཡོད།།
དྲ་ལམ་འདི་ལ་ཕེབས་དང༌།།
སྔ་བཞིན་ཚིགས་རྒྱག་སྙན་ཚིག།
བྲིས་ནས་གར་ལ་རོལ་ཆོག།
བོད་རང་གི་བོན་དང་བོན་གཉིས་ལ་ཁྱད་པར་གང་ཡོད་དམ། ཞེས་དྲིས་པ་ལ་ལེན་འདི་ལྟར་རོ། བོན་ལུགས་སམ་བོད་རང་གི་འདོད་མའི་ཡིད་ཆེས་ཀྱི་ལམ་ལུགས་འདི། དུས་འདི་འདྲ་ཞིག་ལ་བྱུང་བ་རེད་ཟེར་བཤད་དགོས་ན་ཁག་པོ་ཡིན། དཔེར་ན་འཁོར་བ་ལ་ཐོག་མ་ཡོད་དམ་དྲིས་པ་ལྟ་བུ་རེད། འཁོར་བ་ལ་ཐོག་མ་མེད་པའི་རྒྱུ་མཚན་ནི་རང་གིས་སྐྱེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བླངས་བ་ལ་བརྟེན་ནས། ང་ཡི་སྐྱེ་བའི་ཐོག་མ་འདི་ཡིན་ཟེར་སྟོན་དགོས་ན་ཁག་པོ་ཆག་པ་རེད། དེ་བཞིན་དུ་བོན་ལུགས་འདི། གངས་ཅན་པའམ་བོད་མའི་སྤྱི་ཚོགས་ནང། དར་ཁྱབ་ཧ་ཅང་བྱུང་སྔ་བའི་རྒྱུ་མཚན་གྱིས་ཐོག་མ་འདི་ཡིན་ཞེས་སྟོན་པ་ནི་དཀའ་བའི་གནས་སུ་གྱུར། ཐོག་མ་སྟོན་དཀའ་བ་ནི། བོན་ལུགས་འདི་བོད་མི་སྤྱི་ཡོངས་ཀྱིས། དམངས་ཕྲོད་དུ་ལོངས་སུ་སྤྱད་པ་དང་སྤྱོད་པའི་ལུགས་སྲོལ་ཞིག་ཏུ་གྱུར་བ་ལ་བརྟེན་ནས་བྱུང་བ་རེད། བོད་མི་རིགས་དང་བོད་རང་གི་བོན་ལུགས་གཉིས་ཧ་ཅང་འབྲེལ་འདྲིས་ཆེ་དྲག་བས་། དུས་དེང་སང་གི་བར་དུའང་འཚོ་གནས་སུ་ཡོད་ལ། མ་འོངས་བསྐལ་པ་མ་སྟོང་གི་བར་དུ་ཡང་གནས་པའི་ཡིད་ཆེས་ཡོད། བོད་རང་གི་བོན་ཞེས་པ་ནི། ཚེ་སྒྲུབ་པ། བླ་བླུ། འཆི་བླུ། ཕྱྭ་གཡང། བར་ཆད་སེལ་བ། སྲུང་བ། སྐྱོབས་པ། མགོན་བྱེད་པ། ལྷ་གསོ། ལྷ་འབེབ། ལྷ་ཡུལ། ལྷ་ར། ཁྱིམ་ལྷ། སྐྱེས་ལྷ། ཐབ་ལྷ། ཕུག་ལྷ། ཆུ་ལྷ། ཞིང་ལྷ། ཚོང་ལྷ། ལམ་ལྷ། ལྷ་གཡག། ལྷ་རྟ། ལྷ་ལུག། ལྷ་ཤིང། ལྷ་བྱ། དམག་ལྷ། མགུར་ལྷ། མཆོད་པ། སྟང་རག། སྒྲ་བསྒྱུར་བ། གླུད་གཏོང་བ། འདྲེ་བཀར་བ། མཐུ་བསྒྲུབ་པ་། གཏོ་བཅོས་བྱེད་པ། ཚེ་ཐར་གཏོང་བ། ལམ་འཕྲང་སེལ་བ། རི་བོ་གསོལ་བ། ཡར་ཀ། དར་ལྕོག། དུར་ས། བང་སོ། སྤུར། གསས་མཁར། མཁར། ཁྱིམ། བཟོ་བ། མགར་བ། ཕོ་སྟོང། མོ་སྟོང། མདའ་དར། མདུང། མོ་བརྒྱབ་པ། དཔྲ་ཕབ་པ། རྩིས་སྐོར་བ། སྨན། དཔྱད། ཕུད་མཆོད་པ། བག་མ་བསུ་བ། རྟེན་འབྲེལ། བཀྲ་ཤིས། ལམ་འགྲོ། སྒྲ་བླ། ཝེར་མ། དཔའ་ཐུལ། བཙན་པོ། གཤེན་པོ། གསོན་པོ། གཤིན་པོ། ཕུང་པོ། ཡུལ་ས། གཞི་བདག། གླུ། བྲོ། རྔ། གཤང། བླ་རི། བླ་མཚོ། བླ་གཡུ། ཆོ་ལོ། ཡིག་རིས་སྣ་ཚོགས། ཆ་ལུགས་སྣ་ཚོགས། རྒྱན་ཆ་སྣ་ཚོགས། ཚོན་ཆ་སྣ་ཚོགས། རིན་ཆེན་སྣ་ཚོགས། འབྱུང་བ། སྲིད་པ། བསྐལ་པ། དཀར་མཆོད། དམར་མཆོད། བསང་མཆོད། གསུར། མར་མེ། ཡར་མཆོད། མར་སྦྱིན། ལོ་མཆོད། བོན་པ། རྨང་བ། གྱེར་བ། ས་སྒོ། གནམ་སྒོ། ཕན་པ། གནོད་པ། ཀླུ། བཙན། འདྲེ། གདོན། གཉན། མ་མོ། བྱུར། སྲིན་པོ། བདུད། སྒོང་པོ། མི། ལྷ། ལྷ་མོ། རི་དྭགས། གཡུང་དྭགས། བྱ་བྱིའུ། གཅན་གཟན། བསོད་ནམས། དབང་ཐང། ལས། ཀླུང་རྟ། དགེ་བ། སྡིག་པ། ཡེ་ཤེས། བླ། ཡིད། སེམས། རིག་པ། ཚེ་སྔ་ཕྱི། ལྟ་བ། སྤྱོད་པ། སྒོམ་པ། ཐེག་པ། གནས་ལུགས། ཏི་སེ། ཡར་ལྷ། ཐང་ལྷ། སྤོམ་ར། མཚོ་སྨན། རྒྱུང་དགུ། བརྟེན་མ། འདིར་ང་ཡིས་དྲན་ཚོད་ཙམ་བཀོད་པ་ཡིན། ཧ་ཅང་གི་བརྡ་སྙིང་རྣམས་བྲིས་མེད། ད་དུང་ཁྱེད་རྣམས་ཀྱིས་གནོན་འཕྲི་གནང་རོགས་གནང། བསམ་བློའི་འདུ་ཤེས་འདི་འདྲ་ཞིག་གི་རྨང་གཞི་ལ་བརྟེན་ནས་བྱུང་བའི་ལྟ་སྤྱོད་ལ་་་་བོད་རང་གི་བོན་་་་ཞེས་པ་གོ་དགོས་པར་སེམས། ཡང་དུས་ཕྱིས་ལྟོས་བཅས་ཀྱི་ཡར་རྒྱས་ཕྱིན་པའི་ཆོས་ལུགས་ཁག་དང་བསྡུར་ན་ནི། གང་ཞིག་ལེགས་པར་མཐོང་ལ་གང་ཞིག་མི་ལེགས་པར་ཡང་མཐོང། དེ་ནི་དུས་དང་རྐྱེན་གྱི་དབང་གིས་མི་ཡི་བསམ་བློ་ལ་འགྱུར་བ་རང་བཞིན་གྱིས་ཕྱིན་པ་རེད། དེང་སྐབས་ཆོས་བཤད་དང་ཆོས་ཚོགས་སོགས་བཙུགས་ནས། ནང་པ་ཞེས་པ་ཡིན་ལ་མིན་ལ་ཞིག་བཟོ་གི་ཡོད་པའི་སྐད་གྲགས་ཡོད་ཀྱང། མི་རིགས་གཞན་བོད་མི་རིགས་ཀྱི་ཁོངས་སུ་བསྡུ་བ་དང། ས་ཁམས་ཡུལ་ཁམས་རང་ཁོངས་སུ་གཏོགས་པ་གཅིག་རྐྱང་བཟོ་ཐུབ་ཀྱི་མེད། སྔ་རབས་ཀྱི་བོན་པོའི་བླ་མ་འདི་རྣམས་གྱིས་གྲོང་ཆོག་གམ་གཏོ་བཅོས་སོགས། ལྷན་སྐྱེས་རིགས་གཞུང་སྣ་ཚོགས་པས་མཛད་འཕྲིན་བསྐྱངས་ཏེ། སྤྱི་ཚོགས་ཞབས་ཞུ་ཚད་མེད་པ་ཞུས་པ་ཙམ་གྱི་མ་ཚད། བོན་པོར་བསྒྱུར་རྒྱུ་དོན་ཆེན་དུ་མ་བརྩིས་ནས། རྗེས་འཇུག་མི་རིགས་མང་པོ་བོད་རིགས་དང་གཅིག་གྱུར་ཡོང་རྒྱུའི་ཐུགས་འདུན་བཟུང་སྟེ། མི་རིགས་གཅིག་གྱུར་བཟོས་པ་ཙམ་གྱིས་མ་ཚད་པའི་ས་ཁམས་དང་ཡུལ་ཁམས་མང་པོ། གངས་ཅན་བོད་ཀྱི་ས་ཁོངས་སུ་ཚུད་ཐབས་གནང་ཡོད། རླབས་ཆེན་གྱི་བྱ་བས། བོད་མི་རྒྱུད་ཀྱི་ཁྱིམ་ཚང་ཆེན་མོ་ཞེས། ཕ་གཞིས་དྲོན་མོ། མཐོ་སྒང་སྲིད་པའི་ཡུལ་འདིར། ང་ཚོའི་སྐྱིད་སྡུག་གི་ཞིང་ཁམས་སུ་ཆགས་པ་རེད། དེ་ནི་ང་ཚོ་བོད་མི་རིགས་ཡོངས་ཀྱི་བྱས་རྗེས་ཡིན་པས། བོན་པོའི་བླ་རྒན་དེ་རྣམས་ལ་རྗེས་དྲན་ཞུ་འོས་པ་ཞིག་ལོས་ཡིན། བོད་རང་གི་འདོད་མའི་བོན་འདི་བོད་ཡུལ་དུ་ལོ་རྒྱུས་ཀྱི་ཕུ་ཐག་རིང་བ་དང། ལུགས་སྲོལ་གྱི་གོམས་འདྲིས་ཆེ་དྲག་པས། ད་ཡང་བོན་ཞེས་པ་ཞིག་གཞན་དུ་གླེང་དགོས་ན་གཏམ་རྒྱུ་མེད་པ་མ་ཡིན་ཀྱང་བཤོད་མི་ཤེས་ལྟ་བུར་གྱུར་ཡོད། དེས་ན་བོད་རང་གི་འདོད་མའི་བོན་ལུགས་་་་འདི་ཡར་རྒྱས་གཏོང་དགོས་པ་ནི། ང་ཚོ་བོད་མིའི་གཙོས་པའི་གངས་ཅན་པ་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡིན། ། །
བོན་གྱི་ཆོས་དང་རིགས་གཞུང་སྲོལ་རྒྱུན་དང་བཅས་པའི་གཞི་མིང་ཚིག་དག་ཟུར་བཀོད་གནང་བར་ཐུགས་རྗེ་ཆེ། དེ་ཚོའི་ནང་ནས། སྒྲ་བསྒྱུར་བ། ཞེས་པ་འདི་དུད་འགྲོའི་སྐད་དང་འབྱུང་བའི་སྒྲ་ཡི་མཚོན་བྱེད་ལ་གོའམ། སྐད་གཉིས་བར་གྱི་ལོ་ཙྰ་བ་བྱེད་པའི་དོན་ཡིན། གཉའ་ཁྲིའི་སྐབས་སུ་བོན་གྱི་ཡི་གེ་ཡོད་དམ། ཡོད་ན་གྲི་གུམ་སྐབས་སུ་བོན་ཡིག་མ་ཉམས་པ་ཡོད་དམ། ཡང་ན་སྲོང་བཙན་སྒམ་པོའི་ཡབ་ཀྱི་སྐབས་སུ་བོད་ལ་ཡི་གེ་ཡོད་དམ། མེད་ན་སད་ནའམ་པད་མ་ཀར་ཞེས་པའི་སྲོང་བཙན་སྒམ་ོའི་པསྲིང་མོས་ཡི་གེ་ནི་མེད། ཅེས་པའི་ཡི་གེ་དེ་ཐོན་མིས་གསར་བཟོ་བྱས་མ་ཐག་པ་དེ་རང་ལ་གོའམ།
མཁའ། ཀློང། དབྱིངས། ཡེ་ཤེས། གཡེན་ཁམས། ཚངས་རྒྱུང། ལྷ་དང་ཀླུ་སོགས་ལ་རིགས་འདྲ་མིན་སྣ་ཚོགས་པ་ཡོད།
ཆུ་སྐྱེས་སྒྲོལ་མ་ལགས། ཁྱེད་ཀྱིས་འདིར་བཀོད་དོན་ལྟར་ན། ༼མ་གཞི་བྱས་ན། དོན་གནད་ཁག་གི་ཐད་འབྲེལ་ཡོད་རིགས་ལ་བཅར་འདྲི་དང་བགྲོ་གླེང་སྦྲགས་མའི་རྒྱང་བསྲིང་གི་སྒྲ་སྐད་དང་ལྡན་པ་ཞིག་ཡིན་ནའང༌།༽ གསུངས་འདུག་པས། རྒྱང་བསྲིང་གི་སྒྲ་སྐད་དང་ལྡན་པ་དེ་ངོས་རང་ཉན་འདོད་ཧ་ཆང་ཆེ་བས་ག་བ་ཡོད་ཁྱེད་ཀྱིས་ལམ་སྟོན་ཞིག་གནང་རོགས་ཞུ་རྒྱུ་ཡིན།
དྲི་བ་མང་པོ་ཞིག་མཉམ་བསྡེབས་བྱས་ན་ལེན་འབྲི་བདེ་པོ་མིན་འདུག ༼སྒྲ་བསྒྱུར་བ། ཞེས་པ་འདི་དུད་འགྲོའི་སྐད་དང་འབྱུང་བའི་སྒྲ་ཡི་མཚོན་བྱེད་ལ་གོའམ། སྐད་གཉིས་བར་གྱི་ལོ་ཙྰ་བ་བྱེད་པའི་དོན་ཡིན།༽ སྤྱིར་ནི་་དུད་འགྲོ་སེམས་ཅན་ཡིན་ནའང་ཁོ་རང་ཚོ་ནང་ཁུལ་གོ་བརྡ་འཕྲོད་ངེས་པའི་སྒྲ་སྐད་ཞིག་ཡོད་པ་ནི། ཕལ་ཆེར་མིའི་བརྡ་སྐད་ལས་ཀྱང་ལྷ་པ་ཞིག་ཡིན་པ་ཚན་རིག་པ་ཚོས་འགྲེལ་བརྗོད་བྱེད། དེ་དཔེར་ན་གླང་ཆེན་ནང་ཁུལ་ལ་ས་འོག་ནས་གཅིག་གིས་གཅིག་ལ་བརྡ་གཏོང་གི་ཡོད་པ་བཤོད་ཀྱི་འདུག། འཕྲུལ་ཆས་ལ་མ་བརྟེན་པར་མིས་ནི་དེ་ལྟར་བྱེད་མི་ཐུབ། བྱ་དང་བྱིའུ་སོགས་ཀྱི་སྒྲ་སྐད་དྭངས་མས་མིའི་སེམས་ལ་དགའ་ཚོར་ཆེན་པོ་སྤྲོད་ཐུབ་ཀྱི་ཡོད། དེས་ན་དུད་འགྲོ་སེམས་ཆན་གྱི་སྐད་ཡིན་ན་ཡང་སྣང་ཆུང་བྱེད་མི་ཉན། སྔ་རབས་བོན་གྱི་བླ་མ་རྣམས་ཀྱིས་གཏོ་བཅོས་སོགས་གནང་དུས། དུད་འགྲོ་དང་གཅན་གཟན་བྱ་བྱིའུ་སོགས་ཀྱི་སྐད་ལྟར་བརྒྱབ་ནས་གྱེར་བ་དབྱངས་བ་གདངས་ལེན་པ་བཅས་གནང་གི་ཡོད་པ་གསལ་འདུག། དེ་དཔེར་ན་རྟ་ཕོའི་འཚེར་སྐད། སྤྱང་མོའི་ངུ་འདུར། ཅོ་ཀའི་འགྱུར་ཁུག་སོགས་ཡོད་རེད། འབྱུང་བའི་སྒྲ་ལ་ཉན་པ་ནི་སྔ་རབས་ཀྱི་ལུགས་སྲོལ་ངོ་མ་ཞིག་ཡིན་པས། དེ་དཔེར་ན། འབྱུང་བ་བཞི་དང་རི་དང་བྲག། དེ་ལ་བོན་གྱི་སྒྲ་ཡང་བྱུང། གསུང་གིས་བྱིན་གྱིས་རླབས་པའོ། གསུངས་པ་སོགས་ཡོད། སྐད་གཉིས་བར་གྱི་ལོ་ཙྰ་བ་བྱེད་པ་ནི་ལོས་ཡོད་དེ། སྐབས་དེརསྟག་གཟིག། བྲུ་ཤ། ཕྲོམ། ཞངཞུང། བོད། ལྡོང། ཧོས། མེ་ཉག། རྒྱ་གར། རྒྱ་ནག། སོགས་སྐད་རིགས་མི་འདྲ་བའི་མི་རིགས་སྣ་ཚོགས་པ་ཡོད་པའི་ཕྱིར། ཡང་འདིར་ཞུ་འདོད་པ་ཞིག་ལ་དེང་སང་མང་ཆེ་བས་་་བོད་དང་རྒྱ་གར་བར་འབྲེལ་བྱུང་བ་ནི། དུས་རབས་བདུན་པ་དང་བརྒྱད་པ་ཙམ་ནས་་་རྒྱ་གར་གྱི་ནང་ཆོས་་་་བོད་ལ་དར་འགོ་ཚུགས་པ་ནས་ཡིན་པ་གླེང་གི་འདུག་པས། དེ་ནི་དངོས་བདེན་མ་ཡིན་པ་ལྟ་བུ་ཡོད། སྔ་རབས་ནས་་་་རྒྱ་གར་གྱི་་་Brahman་་ནམ་་་བྲམ་ཟེ་་་་དང་འབྲེལ་བ་བྱུང་ཡོད་པ་ལོ་རྒྱུས་ཁག་ནང་གསལ་པོ་ཡོད། དངོས་གནས་་་རྒྱ་གར་གྱི་སྐད་ཡིག་་་་གི་བདག་པོ་ཁོང་ཚོ་རེད། དེང་སང་ཁྱེད་རྣམས་པས་་ཐོན་མིས་་བོད་ཡིག་གསར་བཟོ་བྱས་པ་་་་ཞེས་གླེང་གི་འདུག་པས་དེ་ཡང་དོན་དུ་གནས་དང་མི་གནས་ཁ་ཚོན་གཅོད་མི་ཐུབ། གསར་བཟོ་ཞེས་པ་ནི་སྔར་མེད་པ་ནས་གསར་དུ་བཟོས་པ་ཞིག་ལ་གོ་བས། དེས་ན་ཐོན་མི་མཆོག་གི་་་་ཚེ་ཡི་ཡུན་ཚད་་་ལ་ངེས་པར་བརྟག་དགོས་པར་སེམས། མི་གཅིག་གི་དུས་ཐུང་ངུ་དེ་འདྲ་གཅིག་གི་ནང་ལ། རྒྱ་གར་ལ་ཕྱིན་པ། རྒྱ་གར་གྱི་ཡི་གེ་སྦྱངས་པ། དེ་ནས་ཚུར་ལོག་པ། བོད་སྐད་དང་རྒྱ་གར་སྐད་བར་གོ་བསྡུར་བྱེད་པ་། ཡི་གེ་དང་ཡིག་གཟུགས་གསར་དུ་བཟོས་པ། བཀའ་བསྟན་བཅོས་མང་པོ་ནོར་འཁྲུལ་མེད་པར་བསྒྱུར་ཐུབ་བ། ཐོན་མིས་བཟོས་ཚར་བ་དང་མི་གཞན་གྱིས་ཐོག་པ་མེད་པ་འབྲི་ཐུབ་པ། དེ་འདྲ་གཅིག་གི་རྗེས་སུ་གཅིག་ཏག་ཏག་བསྒྲུབ་རྒྱུ་ཨ་ཡོད་ན། ལས་གཞི་འདི་ཚོ་དེ་འདྲ་ལས་བསླ་པོ་ཞིག་ནི་མིན། དཔེར་ན་ལོ་ཡར་ཙམ་སླེབས་ཚར་དུས་སྐད་ཡིག་གཞན་སྦྱང་རྒྱུ་ལ་དཀའ་ངལ་ཡོད་པ་ནི་བཤད་མ་དགོས། དེ་དུས་འཕྲུལ་ཆ་དེ་འདྲ་ནི་མེད། དེ་ཡང་མི་རིགས་གཅིག་ཡི་གེ་གསར་དུ་བཟོ་དགོས་དུས། མཐའ་འཁྱོལ་ལ་མ་འཁྱོལ་གཅིག་སྦྱངས་ན་ནི་མ་སྒྲིག། དེ་ཡང་ཐོན་མི་ཁེར་སྐྱང་གིས་བཟོས་པ་། མི་གཞན་སུ་དང་གང་གིས་བྱུས་གཏོགས་མེད་པ། ད་དངོས་ནས་ག་བ་སླེབས་ཧ་གོ་ས་མ་རེད། །
རྣམ་པ་གཉིས་ཀྱི་གླེང་སློང་འདི་སྐོར་ནན་གྱིས་ཀློག་མུས་ཡིན། ཤེས་དགོས་པ་མང་པོ་ཞིག་ཤེས་ཡོང་བ་འདྲ་ཞིག་འདུག མུ་མཐུད་ནས་འདི་ལྟར་གླེང་རོགས། ཐུགས་རྗེ་ཆེ།
གྲོགས་པོ་ཚོ། ་་་་་་བོད་སྐད་གཙང་མ་་་་་ཞེས་པ་་འདི་ལྟར་རེད་སྙམ། །
http://www.youtube.com/watch?v=Q_TjuV2xTXk
ཨམ་སྐད་གཙང་མ་ཅིག་ཡིན་ས་རེད། བོད་སྐད་གཙང་མ་ཅིག་ཡིན་ན། ངས་གོ་དགོས་པ་ལ་ངས་ཆ་ཚང་གོ་ཐུབ་མ་སོང་། དཔེར་ན། བྱ་པོ་པོས་ ཡིན་དང་། ཤ་པོ་པོས་ལབ་པ་ཆ་མ་འཚལ། དེས་མ་ཚད། ཧར་ཧར་ལ་སོང་། ཆུར་ཆུར་ལ་ཡོང་ཞེས་པ་འདིའི་གོ་དོན། ཕར་ཕར་ལ་དང་། ཚུར་ཚུར་ལ་སོགས་ཡིན་ན་ཡང་་་་་་་་་་་་་་་་་
སྐབས་དེར་སྟག་གཟིག། དེ་དུས་བོད་ཅེས་མིང་ཐོབ་སའི་ཡུལ་མ་ཡིན་པ་བྲུ་ཤ། ཕྲོམ། ཞངཞུང། ལྡོང། ཧོས། མེ་ཉག་སྐད་ཙམ་མ་ཟད་ཡི་གེ་ཡོད་པར་འདོད་དམ། ལྷག་པར་བོད་ཀྱི་སྔོན་ལ་ཞང་ཞུང་ལ་ཡི་གེ་ཡོད་པར་ཁྱེད་ཀྱིས་འདོད་དམ།
སྲིང་ཆུང་མ། བཀྲ་ཤིས་བདེ་ལེགས།
ངས་གོང་དུ་ཁྱེད་ཀྱི་རྩོམ་ཡིག་རྣམས་ཀློག་པའི་སྐབས་ལྟ་བུའི་་སྐྱིད་པོ་ཞིག་གཞན་དུས་མ་བྱུང་གཤིས། བཅོས་མིན་སྙིང་ཐག་པ་ནས་ཁྱེད་ལ་ལེགས་སོའི་བསྔགས་བརྗོད་ལན་བརྒྱར་ཞུ་རྒྱུ་དང་འབྲེལ། ངས་ཀྱང་ཁ་བརྡའི་མཚོ་ངོགས་ནས་ཁྱེད་ལ་གླུ་ཆུང་ཆུང་ཞིག་ལེན་འདོད་བྱུང་།
ཆུ་སྐྱེས་པདྨ་དཀར་པོས།།
སྙན་ཚིག་རྩི་བཅུད་མངར་མོ།།
དྲྭ་གྲོགས་བུང་བའི་ཚོགས་ལ།།
ཕངས་མེད་འགྱེད་པའི་དུས་སུ།།
ཁ་བརྡའི་མཚོ་གླིང་འདི་ཀོ།
མཛེས་སྡུག་མི་ངོམ་ཀ་མེད།།
རབ་མངར་སྦྲང་རྩིས་གཏམས་པའི།།
མཛེས་ལྡན་ཆུ་སྐྱེས་གཞོན་ནུ།།
དྲྭ་གྲོགས་བུང་བའི་གསོས་སུ།།
གཏན་དུ་བཞུགས་འདོད་ཡོད་ན།།
ཤར་ཕྱོགས་འོད་ཀྱི་སྣང་བའང་།།
གྲོགས་སུ་མི་སྡོད་ཀ་མེད།།
ཤར་ནས་ཉི་་མ་གཞོན་ནུས།།
འོད་ཀྱི་སྣང་བ་འགྱེད་དུས།།
ཆུ་སྐྱེས་པདྨ་དཀར་པོས།།
ཁ་བརྡའི་མཚོ་གླིང་འདི་ནས།།
སྙན་ཚིག་ཟེའུ་འབྲུའི་དཔལ་ཡོན།།
གཞན་ལ་མི་ངོམ་ཀ་མེད།།
ངའི་མཆན་༡༥༢པའི་ནང་ལ་བོད་སྐད་གཙང་མ་ཅིག་ཡིན་ན། བོད་རིགས་སྤྱི་སྐད་ཅིག་ཡིན་ན། བཤད་འདོད་བྱས་པ་ཡིན། རྒྱ་སྐད་སོགས་སྐད་རིགས་གཞན་དང་མ་བསྲེས་མ་པ་ནི། བདེན་པ་རེད། འོན་ཀྱང་སྐད་རགས་ཕྱུག་པོ་ཚང་མའི་ནང་ལ་མིང་གཡར་ཚིག་ཞེས་པ་ཅིག་ཡོད། དེ་འདྲ་ཡོད་དགོས་པ་དང་། ཡོད་ན་ཕན་ཐོགས་ཤིན་ཏུ་ཆེ་བའི་མཚན་གཞི་འགའ་ཤས་ཡོད་རེད། ཕྱེད་བསྒྱུར་བྱས་པའི་མིང་བརྡ་ལ་བོད་སྐད་བསྒྱུར་གཙང་མ་མ་ཐོན་པའི་ང་རགྱལ་འཆང་བ་ལགངས་ཁས་དེ་ཙམ་ཞུ་མི་ཐུབ།
ང་རྒྱལ་འཆང་བ་ལ་ངས་ཁས་བླངས་དེ་ཙམ་ཞུ་མི་ཐུབ། ལ་བཅོས།
སྲིད་པའི་རྒྱལ་མོའི་ལྷ་མོ་ཆུང་ཆུང་འདིས་གླུ་སྙན་མོ་ཞིག་ལེན་གི་འདུག། http://www.youtube.com/watch?v=EYXZSh7drEw&feature=related