མི་གསོན་པོ།
ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་དུ་གསེར་འོད་འཕྲོ་བའི་ཞབས་རྗེས་ཀྱི་བདག་པོ། ཐུགས་བསྐྱེད་ཀྱི་འཇུག་པ་ཟབ་མོས་རྒྱ་བོད་ཧོར་གསུམ་གྱི་མགོན་སྐྱབས་ཟླ་མེད་པ། འཕྲིན་ལས་ཀྱི་དཀྱིལ་འཁོར་ས་ཆེན་པོའི་ཁྱོན་དུ་ཁྱབ་ཅིང་ཕུན་ཚོགས་ལུགས་གཉིས་ཀྱི་རྒྱལ་ཐབས་ཟབ་མོར་མཁྱེན་བརྩེ་ནུས་གསུམ་གྱིས་དབང་བསྒྱུར་བའི་༧གོང་མ་ཆེན་པོ། འོད་གསལ་ལྷ་ཡི་བརྒྱུད་པ་ལས་མཆེད་ཅིང་དྲི་མེད་འཁོན་གྱི་གདུང་བརྒྱུད་ལས་བལྟམས་པའི་དཔལ་ལྡན་ས་སྐྱའི་གདུང་འཛིན། མཚན་མཆོག་གསུམ་གྱི་ཆེ་བ་ལྡན་པའི་དཔལ་ལྡན་ས་སྐྱའི་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཞེས་སྙིགས་དུས་སྔགས་འཆང་ཡོངས་ཀྱི་རྒྱལ་པོ། གཉན་འཕྲང་གི་དུས་སུ་གཞིས་བྱེས་གཉིས་ཀྱི་བོད་པ་ཡོངས་ལ་བླང་དོར་གྱི་གནས་ལུགས་སྦྱིན་པའི་སེམས་དཔའ་ཆེན་པོ་གང་ཉིད་ནུབ་ཕྱོགས་ཨ་རི་ཁུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གཅིག་དང་དཔལ་ལྡན་ས་སྐྱའི་ཆོས་སྡེ་ལྷན་ནས་ཇི་ལྟར་གསོལ་བ་བཏབས་པ་ལྟར་ཞབས་ཀྱི་དཀྱིལ་འཁོར་ཨ་རི་ཡུལ་དུ་བསྒྱུར་ཏེ་ཟབ་གསང་རྡོ་རྗེ་ཐེག་པའི་ཉེ་ལམ་སྨིན་བྱེད་དབང་གི་ཆུ་རྒྱུན་བར་མེད་དུ་བསྐྱིལ་ཞིང་། ལུགས་གཉིས་བླང་དོར་ཟབ་མོའི་བཀའ་སློབ་ཇི་སྙེད་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་པའི་དུས་ཀྱི་ཆར།
སྤྱི་ཚེས་བཅུ་དགུ་ཉིན་ཨ་རི་མི་ནི་སོ་ཀྲ་རུ་ཡོད་པའི་ས་སྐྱ་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབས་པ་ལྟར། ས་གནས་ཀྱི་བོད་མི་གཙོས་པའི་རྒྱ་བོད་དབྱིན་གསུམ་གྱི་འདུས་པ་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་བ་ལ་རྒྱལ་བ་རིགས་གསུམ་མགོན་པོའི་བཀའ་དབང་དང་བཀའ་སློབ་སྩལ་གནང་མཛད་སོང་།
སྐབས་དེར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་༧དཔལ་ས་སྐྱའི་གོང་མ་བདག་ཁྲི་རྡོ་རྗེ་འཆང་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཀྱང་གུས་ཕུལ་ཞུས་སོང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་འཆི་མེད་ལགས་ཀྱིས་༧དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དུས་ནས་དུས་སུ་འཛམ་གླིང་ཞི་བདེ་དང་། བོད་རིགས་མཐུན་འབྲེལ། ནང་བསྟན་དར་སྤེལ། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་དུ་ཕྱག་ལས་རྒྱ་ཆེན་གནང་བར་མ་ཟད་ས་གནས་འདི་རུ་ལན་མང་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་གྱི་ལམ་སྟོན་ཟབ་མོ་ཡང་ཡང་སྩལ་བའི་བཀའ་དྲིན་རྗེས་དྲན་དོད་དུ་གཟེངས་རྟགས་འདི་ཕུལ་བ་ཡིན་ཞེས་འགྲེལ་བཤད་དང་། དེ་བཞིན་ས་སྐྱའི་ཁྲི་འཛིན་གྱི་ལམ་ལུགས་ལ་དམངས་གཙོའི་འགྲོས་དང་མཐུན་པའི་སྒོ་ནས་གསར་གཏོད་གནང་བར་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུས་སོང་།
གཟེངས་རྟགས་ནང་གི་ཡི་གེའི་ནང་དོན་ནི་འདི་ལྟར་ཏེ། ༅།།མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་ལས་བལྟམས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༧དཔལ་ལྡན་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་༧ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གིས་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཀྱི་བསྟན་སྲིད་ལུགས་གཉིས་ལ་ཕན་པའི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་བར་དང་། ཁྱད་པར་དུ་སྒོ་ཀུན་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ལག་གཡས་པ་ལྟ་བུར་ཕྱག་རོགས་དཔུང་འདེགས་ཀྱིས་ས་གནས་འདིར་ཡང་ཆིབས་བསྒྱུར་བཀའ་དྲིན་ཐེངས་མང་བསྐྱངས་གནང་ཞིང་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ཟབ་མོ་ཇི་སྙེད་སྩལ་གནང་བར་བཀའ་དྲིན་རྗེས་དྲན་མཚོན་དོད་དུ་གཟེངས་རྟགས་འདི་བཞིན་གུས་ཕུལ་ཞུས།། །། མི་ནི་སོ་ཀྲ་བོད་རིགས་སྤྱི་མཐུན་ཚོགས་པས།། དེ་ལྟར་བཀའ་དྲིན་ཚོར་ཤེས་ཀྱི་འདུན་པ་ཟབ་མོས་དྲངས་པའི་གཟི་བརྗིད་དང་རིན་ཐང་ཅན་གྱི་གཟེངས་རྟགས་དེ་ཉིད་མི་མང་གི་ངོས་ནས་དད་འདུན་དང་ལྷག་བསམ་ཆེན་པོས་ཕུལ་བ་ལྟར་༧དཔལ་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོས་བཞེས་གནང་གྲུབ་རྗེས་བཀའ་སློབ་འདི་ལྟར་བཀའ་དྲིན་སྩལ་གནང་སོང་།
ང་རང་ག་དུས་ས་གནས་འདིར་འབྱོར་བ་ཡིནའང་ཆོས་ཚོགས་ཁག་དང་། ཚོགས་པ་སྐྱིད་སྡུག་ཁག་དེ་བཞིན་མི་མང་ཡོངས་ནས་ལྷག་བསམ་རྣམ་དག་གིས་སྲོལ་རྒྱུན་གྱི་གོམས་སྲོལ་དང་མཐུན་པའི་སྣེ་ལེན་དང་གོ་སྒྲིག་ཧ་ཅང་ཟབ་རྒྱས་གནང་བ་དང་། ཁྱད་པར་དུ་ད་ལན་བོད་རིགས་སྤྱི་མཐུན་ཚོགས་པས་ང་ལ་གཟེངས་རྟགས་གནང་བར་ངས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། འོན་ཏེ་ང་རང་ལ་དམིགས་བསལ་གྱི་གཟེངས་རྟགས་གནང་འོས་པ་གང་ཡང་མེད་ཀྱང་། ཁྱེད་རང་ཚོས་བརྩེ་བ་དང་ལྷག་བསམ་རྣམ་དག་གིས་གཟེངས་རྟགས་གནང་བར་ཧ་ཅང་དགའ་བོ་བྱུང་། ངས་བསྟན་པ་སྤྱི་དང་བྱེ་བྲག་སོ་སོ་རང་གི་ཆོས་བརྒྱུད་ཀྱི་བསྟན་རྒྱུན་ལ་ཞབས་འདེགས་ཕྲན་བུ་ཞུ་རྒྱུ་བྱུང་བ་སོགས་ལེགས་ཚོགས་ཀྱི་བྱ་བ་གང་ཞིག་བསྒྲུབ་ཐུབ་པ་ཇི་སྙེད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་བླ་ན་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ལས་ང་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་གང་ཡང་མིན། མ་འོང་པའི་ས་སྐྱའི་བསྟན་བདག་ཁྲི་པའི་སྐོར་ལ་ང་རང་ལོ་སྔོན་མ་འདིར་ཡོང་སྐབས་༧སྐྱབས་མགོན་ཕུན་ཚོགས་ཕོ་བྲང་ཡབ་སྲས་རྣམས་དང་བཀའ་བགྲོས་ཞུས་ཏེ་མ་འོང་པའི་བསྟན་བདག་ཁྲི་པའི་སྐོར་ལ་ལམ་སྲོལ་དེ་འདྲ་ཞིག་བྱས་ན་ཡག་པོ་ཡོད་ས་རེད་ཅེས་སྙན་སེང་ཞུས་པས་ཁོང་རྣམ་པས་ཞལ་བཞེས་དང་རྒྱབ་སྐྱོར་གནང་བ་ལྟར། ལས་འགུལ་བྱེད་ཕྱོགས་སྐོར་ཡིག་ཐོག་ཏུ་བཀོད་དེ་༧གོང་ས་སྐྱབས་མགོན་ཆེན་པོ་ལ་སྙན་སེང་ཞུས་པས་ཧ་ཅང་དགྱེས་ཚོར་ཆེན་པོས་ཡག་པོ་འདུག གཏམ་བཟང་རེད་ཅེས་བསྔགས་བརྗོད་ཆེན་པོ་གནང་ཞིང་། བཀའ་ཁྲོལ་དགོངས་འཆར་ཀྱི་བཀའ་ཡིག་རིན་པོ་ཆེ་སྤྱི་བོར་ཕེབས་སོན་བྱུང་བར་བརྟེན་ས་སྐྱའི་སྨོན་ལམ་སྐབས་སུ་གསལ་བསྒྲགས་ཞུས་ཟིན་པ་ལྟར་ཡིན།
སྤྱིར་བཏང་ལུགས་སྲོལ་དེ་དམིགས་བསལ་གྱི་གསར་གཏོད་འདྲ་བོ་ཞིག་གང་མ་རེད། སྔོན་མ་ནས་ལོ་རྒྱུས་ཐོག་ཏུ་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་དེ་ཉིད་ཐོག་མར་དབུ་བརྙེས་མཁན་དང་། བར་དུ་སྲོལ་གཏོད་མཁན། ཐ་མ་དར་ཞིང་རྒྱས་པ་བྱེད་མཁན་ཆ་ཚང་དེ་གཙོ་བོ་འཁོན་གྱི་གདུང་བརྒྱུད་རྣམས་ཡིན་སྟབས་དེའི་ལུགས་སྲོལ་གཞི་རུ་བྱས་པ་ལས་དམིགས་བསལ་གྱི་གསར་གཏོད་འདྲ་རྒྱ་ཆེན་པོ་གང་ཡང་མ་རེད། དེ་ཡིན་དུས་འཁོན་གདུང་རྣམ་པས་ཁྲི་འཛིན་བྱེད་རྒྱུ་དེ་གཞིར་བཞག་རེད་ལ་ད་ལྟར་ཕོ་བྲང་ཁག་གཉིས་ཀའི་འཁོན་གདུང་རྣམ་པ་སྐུ་ཚད་རྫོགས་ཏེ་སྐུ་ཡོན་གསན་བསམ་ཡང་ཕལ་ཆེར་གྲུབ་ལ་ཉེ་བ་ཡིན་དུས། ཁོང་རྣམ་པས་ཐུགས་འགན་བཞེས་རྒྱུ་ནི་གཏན་ཁེལ་འདྲ་བོ་ཡིན་དུས་ད་ལྟར་ང་ཚོ་རྒན་པ་ཚོ་ཡོད་སྐབས་ཐུགས་འགན་བཞེས་པ་ཡིན་ན་ང་ཚོས་རྒྱུས་ཡོད་དང་གཞོགས་འདེགས་འདྲ་བྱེད་ཐུབ་རྒྱུ་རེད་བསམ་སྟེ་ཉིས་སྟོང་བཅུ་བདུན་ལོ་ནས་ཁོང་རྣམ་པས་ཐུགས་འགན་བཞེས་རྒྱུའི་དབུ་འཛུགས་བྱེད་གཏན་ཁེལ་བ་ཡིན་ཞེས་ཞར་བྱུང་དུ་ངོ་སྤྲོད་ཚུལ་དུ་ཞུས་པ་ཡིན། དེ་བཞིན་ང་རང་གི་ངོས་ནས་ད་ལྟའི་བར་དུ་བསྟན་པ་སྤྱི་དང་བྱེ་བྲག་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུས་གང་ཐུབ་བྱས་པ་དང་། ཁྱད་པར་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་དགོངས་ཕྱོགས་ལ་གང་ཐུབ་ཀྱི་ཉིན་མཚན་དུས་ཀུན་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འབད་བརྩོན་བྱེད་དགོས་ཞེས་གཞན་ལ་བསླབ་བྱ་དང་འབོད་བསྐུལ་ཞུ་བཞིན་ཡོད་ལ་གཞན་ལ་བསླབ་བྱ་བྱས་པ་ནང་བཞིན་རང་ངོས་ནས་ཀྱང་གང་ཐུབ་བསྒྲུབ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས་གང་ཐུབ་ཀྱི་འབད་བརྩོན་བྱེད་བཞིན་ཡོད། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ཁོང་ནི་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་པར་མ་ཟད་ང་རང་སྒེར་ངོས་ནས་ཆུང་དུས་ནས་མདོ་སྔགས་ཀྱི་གསུང་ཆོས་མང་པོ་ཞུས་ཏེ་རྩ་བའི་བླ་མ་གལ་ཆེ་ཤོས་ཤིག་ཡིན་སྟབས། བླ་མའི་བཀའ་བསྒྲུབ་རྒྱུ་ནི་སྤྱི་ནང་པ་སངས་རྒྱས་པ་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ནང་དུ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དེ་བླ་མ་ཡིན་པར་གསུངས་ཡོད་སྟབས་བླ་མའི་བཀའ་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་དུས་ང་རང་ངོས་ནས་དེ་བཞིན་ཞུ་བཞིན་ཡོད་ལ་ཞུ་རྒྱུའང་ཡིན། ཞེས་སོགས་ཀྱིས་བླང་དོར་གྱི་བཀའ་སློབ་རྒྱ་ཆེར་སྩལ་ཏེ་མཛད་སྒོ་ཡོངས་སུ་ལེགས་གྲུབ་ཀྱིས་སྤྱི་ཚེས་༢༠ཉིན་ཁ་ལ་རལ་སྒྲོལ་དུ་ཆིབས་བསྒྱུར་བསྐྱངས་གནང་སོང་།
མི་གསོན་པོས་བཏུས།
གུས་པས་སྐྱབས་སུ་མཆིའོ།
མི་གསོན་པ་མཆོག་གིས་ངལ་དུབ་ལྷུར་ལེན་གྱིས་བོད་ཀྱི་བླ་ཆེན་རྣམས་ཀྱི་ཨ་རིར་མཛད་འཕྲིན་བསྐྱངས་པའི་གནས་ཚུལ་འགོད་པ་འདི་དག་བོད་ཀྱི་དམིགས་རྒྱན་དུ་ཆེའོ
་
མ་འོང་པའི། ཞེས་དང་། སྙན་སེང་། འདི་དག་ལ་བོད་ཀྱི་མཁས་པས་བཀོལ་བ་ལྟར་ཞུས་དག་ཐུབ་ན་རབ་དང་། མ་ཐུབ་ཚེ། ཀློག་པ་པོ་རྣམས་ལས་འགའ་རེས་ལན་གསལ་འབྲི་གྲོགས་མཛད་ན། བོད་ཡིག་ཡར་རྒྱས་འབྱུང་བར་ཕན་ནོ།
ས་སྐྱ་༸གོང་མ་རིན་པོ་ཆེས།
༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ཁོང་ནི་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་པར་མ་ཟད་ང་རང་སྒེར་ངོས་ནས་ཆུང་དུས་ནས་མདོ་སྔགས་ཀྱི་གསུང་ཆོས་མང་པོ་ཞུས་ཏེ་རྩ་བའི་བླ་མ་གལ་ཆེ་ཤོས་ཤིག་ཡིན་སྟབས། བླ་མའི་བཀའ་བསྒྲུབ་རྒྱུ་ནི་སྤྱི་ནང་པ་སངས་རྒྱས་པ་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ནང་དུ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དེ་བླ་མ་ཡིན་པར་གསུངས་ཡོད་སྟབས་བླ་མའི་བཀའ་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་དུས་ང་རང་ངོས་ནས་དེ་བཞིན་ཞུ་བཞིན་ཡོད་ལ་ཞུ་རྒྱུའང་ཡིན།
གོང་མ་རིན་པོ་ཆེ་དེ་དེ་བཞིན་ནོ། བོད་ཤི་གསོན་གཉིས་ཀྱི་སོ་མཚམ་ལ་། བོད་པའི་ཕྱི་ཡི་ལྕག་རི་ནང་གི་ནོར་བུ་། འཛམ་བུ་གླིང་འདིར་བོད་པའི་མཚོན་རྟགས་གཅིག་པུ་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་ཅི་གསུངས་བཀའ་བསྒྲུབས་དང་། མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་བ་ནི་བཀའ་དྲིན་ཆེ་ལ་། བོད་སྤྱི་ལ་ཡང་ཕན་ཐོག་ཆེ། དཔལ་རྒྱལ་བ་ཀརྨ་པ་སོགས་བོད་ཀྱི་བླ་ཆེན་མི་ཆེན་ཡོངས་ནས་། དོལ་འདྲེ་བཀགའགོག་དང། ཁྱི་རྒན་རྒྱ་དམར་ལ་ཡང་དམིགས་ཕུག་པའི་དགག་པ་རྒྱག་གལ་ཆེ། དོལ་འདྲེ་ཚོགས་པས་ངོ་རྒོལ་བྱེད་མི་ཡོང་ངམ། རྒྱ་རོས་ཡུལ་དེ་དག་དེ་འགྲོ་རྒྱུ་visa བཀག་སྡོམ་བྱེད་མི་ཡིང་ངམ་སྙམ་པའི་ཞེ་སྣང་དེ་སྦྱང་རིང་དུ་དོལ་བར་བྱའོ། གོང་མ་རིན་པོ་ཆེ་མཁྱེན་ནོ། དཔལ་རྒྱལ་བ་ཀརྨ་པ་མཁྱེན་ནོ། དགའ་ལྡན་ཁྲི་རིན་པོ་ཆེ་མཁྱེན་ནོ། སྙིང་མའི་ཁྲི་འཛིན་རིན་པོ་ཆེ་མཁྱེན་ནོ། བོན་པོ་མཁྱེན་ནོ་།
ཚེ་དཔག་མེད་ཀྱི་གཟུངས་སྔགས།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཐུགས་བསྐྱེད་འཇུག་པ་ཟབ་མོས་རྒྱ་བོད་ཧོར། །
རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཕྲིན་ལས་ཀྱིས། །
ས་ཆེན་ཁྱོན་དུ་མཁྱེན་བརྩེ་ནུས་གསུམ་རྒྱས། །
༧གོང་མ་འཁོན་གདུང་ཚེ་ལྷར་ཞབས་བརྟན་ཤོག །
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
དགེ་བ་འདི་ཡིས་མྱུར་དུ་བདག །
༸གོང་མ་འཁོན་གདུང་གྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
ཁྱོད་ཀྱི་ས་ལ་འགོད་པར་ཤོག །
ཤར་པ་ལགས་་་་་བོན་པོ་མཁྱེན་ནོ་ཟེར་ན་ཅི་ཞིག་རེད། མི་ལ་མིང་གི་བུས་་རྫ་མ་ལུང་གི་འཇུས་ཟེར་བའི་དཔེ་ལྟར་མཚན་ཆ་ཚང་ཅིག་འབྲི་རོགས་གནང་།
བཀྲ་ཡེ་བདེན། མི་ལ་མིང་དང། མཚོན་ལ་ཡུ་བ་་་་ཟེར་བ་རེད་
འོ་ལགས་སོ། སྟོན་པ་གཤེན་རབ་མཁྱེན་ནོ།
“མ་འོང་པའི། ཞེས་དང་། སྙན་སེང་། འདི་དག་ལ་བོད་ཀྱི་མཁས་པས་བཀོལ་བ་ལྟར་ཞུས་དག་ཐུབ་ན་རབ་དང་། མ་ཐུབ་ཚེ། ཀློག་པ་པོ་རྣམས་ལས་འགའ་རེས་ལན་གསལ་འབྲི་གྲོགས་མཛད་ན། བོད་ཡིག་ཡར་རྒྱས་འབྱུང་བར་ཕན་ནོ།”
མ་འོང་པའི། ཞེས་པར་ས་འཇུག་ས་ཆད་པ་དམིགས་ཀྱིས་བྲིས་པ་མ་ཡིན་པས་སྐྱོན་མེད། སྙན་སེང་། ཞེས་པ་རྐང་བཙུགས་ཏེ་བྲིས་པ་དེ་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་ཡོངས་ན་ཡོད་པར་མ་ཟད་དེ་དག་ལ་གཞིར་མཛད་པའི་དག་ཡིག་ཟ་མ་ཏོག་སོགས་ན། སྙན་གསན་ཞེས་བཀོད། དེ་ཡང་བོད་སྐད་ང་རོ་དག་ལ་གཞུང་དང་མཐུན་པར་སྦྱངས་པ་མེད་པས་ཨ་ཡིག་ཨེ་ཡིག་དང་ཨེ་ཡིག་ཨ་ཡིག་ཏུ་གྱུར་པ་གཞུང་དཔེ་དག་ན་ཡང་མང་དུ་མཆིས་སོ།
་
རབ་ཀྱི་གཟེངས་བསྟོད་སུས་ཀྱང་བཞེས་མེད་པར་ལུས་སོ།
ཡོད། ཅེས་པ་དེ་མེད་པར་མ་ཟད། ཅེས་ཞུས་དག་བྱས་སོ།
རྒན་ལ་དྭགས་ལགས། བོད་ཡིག་ལ་ཡིག་གེ་ཕྱེད་ཡོད་དམ། བ་ཕྱེད་ཝ་ཞེས་པ་ལ་ཁུང་ཡོད་དམ། བོད་ཡིག་ལ་རྐྱེན་འབྱིན་ཚུལ་ཡོད་དམ། སྲོག་ཞུགས་ཡིག་གེ་ཡོད་དམ། བཀའ་དྲིན་ཆེ།
༄། །དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་ལ་མཆོག་ལ་ཆེ་བསྟོད་ཕུལ་བར་བཀྲ་ཤིས་བདེ་ལེགས་ཞུ། །
ཤིན་ཏུ་འོས་པའི་གཟེངས་བསྟོད་ལ། །ཐལ་མོ་སྦྱར་ཏེ་ཡི་རང་ཞུ། །
གང་གི་སྐུ་ཚེ་ཞབས་བརྟན་ཅིང་། །འཔྲིན་ལས་ཕྱོགས་བརྒྱར་རྒྱས་པར་ཤོག ། དྲི་མེད་པས། །
ཤར་པ་ལེགས།
ཉིད་ཀྱི་དྲི་བས་བདག་ལ་བློ་གྲོས་གསར་པ་ཞིག་བྱུང་། “བ་ཕྱེད་ཝ་ཞེས་པ་ལ་ཁུང་ཡོད་དམ།” ཞེས་པ་དེ་ཝ་ཕྱེད་བ། ཞེས་པ་ཡིན་དགོས། དེ་ཡང་། ཝའི་སྟེང་གི་ལ་ལྟ་བུ་དེ་མེད་པར་སོང་ནས། བ ཞེས་པ་དེ་ཉིད་པ་སྡེའི་བ་ཡིག་མ་ཡིན་དགོས་པ་གསལ་པོར་ཆགས། དཔེར་ན། སྡེ་པ་བཞི་པའི་བ་ནི། བ་གམ། བ་གླང་། བ་ལང་། བ་མོ། བག་མ། བག་ཡོད་ལ་སོགས་པ་མང་དུ་ཡོད་དོ། ཝ་ཕྱེད་ཀྱི་བ་ནི། འོང་བ། དགའ་བ། ན་བ། བདེ་བ། འགྲོ་བ། ཞེས་པ་ལྟ་བུའོ།
“བོད་ཡིག་ལ་རྐྱེན་འབྱིན་ཚུལ་ཡོད་དམ།” དྲི་བ་འདི་གནད་ཆེ་བ་ཞིག་པས་རེ་ཞིག་ལེགས་པར་བསམ་བློ་གཏང་དགོས་པ་ཡིན་འདུག “སྲོག་ཞུགས་ཡིག་གེ་ཡོད་དམ།” ཞེས་པ་ལ།
དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ན།
་
སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ།
ཞེས་དང་།
མོ་ཡིག་དབྱངས་དང་མི་ལྡན་ན།
ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །
་
ཞེས་གསུངས་པ་ལྟར། ས་ཞེས་པར་ཨ་ཡིག་ས་དབྱངས་མེད་ཀྱི་སྲོག་ལྟ་བུར་ཞུགས་ནས། ས་ ཞེས་ཆགས། དེ་བཞིན་དུ། ཅི། ཆུ། མེ། ལོ། ཞེས་པ་ལྟ་བུ་ཡོད་པས། བོད་སྐད་ལ་དབྱངས་ལྔ་ཡོད་དགོས་ཏེ།
་
དེའི་ཕྱིར་དབྱངས་ལྔར་བཞེད་པ་བདེ།
ཞེས་གསུངས་སོ།
་
ཡི་གེའི་དག་ཆ་ནོར་བྲིས་དག་སེལ་བར་མཛོད། བཀའ་དྲིན་ཆེའོ།
བཀའ་དྲིན་ཆེ་རྒན་ལ་དྭགས་ལགས། ཝ་ཕྱེད་བ། ཀ ཕྱེ་ཀ་དང་ དེ་་བཞིན་གསལ་བྱེད་སུམ་བཅུ་ལ་ཕྱེད་ཀ་ཡོད་དམ། གེ་གུ་་ ི་ུ་ེ་ ོ་འདི་བཞི་ཡིག་གེ་ཡིན་ནམ། གོང་ས་མཆོག་ལ་ཕྱག་འཚལ་ལོ་ ཞེས་པ་བཞི་པ་དགོས་ཆེད་ཡིན་ནམ། མིང་ཚིགས་གཉིས་ཀྱི་རྩོམ་གཞིའི་སྐད་མདངས་ལ་ཡིག་གེ་ལབ་ན། ཡིག་གེ་དང་ཡིག་གཟུགས་ལ་ཁྱེད་པར་འབྱེད་དགོས་སམ་། བོད་དང་བྷོ་ཀྲ་ tibet ཞེས་པ་འདི་ཚོ་ལ་སྒྲ་བཤད་ཡོད་དམ། རྒན་ལགས་བཀའ་དྲིན་ཆེ།
ཤར་པ་་མཆོག་ལ།
ངས་ཉེ་དུས་ཀོ་རི་དང་། ལ་ཨོས་དང་། བངྒ་ལ་དང་། ལངྐཱ་བཅས་ཀྱི་སློབ་ཕྲུག་རྣམས་ལ་བོད་ཡིག་སློབ་པ་ན། འབྲེལ་སྒྲའི་སྐབས་རྗེས་འཇུག་བ་ལ་ཀྱི་ཐོབ་པའི་དཔེར་བརྗོད་བྲིས་ཤིག ཅེས་པ་ན། འགའ་ཞིག་ཀྱིས་བ་ཀྱི་བྲིས་པ་ན། བདག་གིས་དེ་དག་ལ་ཁྱེད་ཅག་གིས་ལེགས་པར་མ་མཉན་པའམ་མ་རྟོགས་པའི་སྐྱོན་ཡིན་པ་གཅིག་དང་། སྐྱོན་གཉིས་པ་ནི། སྔོན་འཇུག་དང་། རྗེས་འཇུག་གི་ཡི་གེ་དག་ལ་དབྱངས་མེད་པས། མིང་གཞིའི་ཡི་གེ་ཨ་སྲོག་ཏུ་ཡོད་པ་དང་མེད་པ་གཉིས་ལ་ཁྱད་པར་མེད་པར་བཟོས་པས་ཁྱེད་ཅག་ལ་ཁག་མི་འདུག་ཅེས་སྨྲས། དེ་ཡང་དཔེར་ན། གཅིག་ཅེས་པར་ག་ཡིག་སྔོན་འཇུག་དང་རྗེས་འཇུག་གཉིས་ཀར་ཡོད་པ་དང་། དགག་པ་ཞེས་པ་ན་ཡོད་པའི་མིང་གཞིའི་ག་དང་རྗེས་འཇུག་གི་ག་གསུམ་ཀ་ལ་ཡིག་གཟུགས་འདྲ་བ་ཡོད་པས་གོ་འཐོམས་པའི་གནས་སུ་མཐོང་།
“གསལ་བྱེད་སུམ་བཅུ་ལ་ཕྱེད་ཀ་ཡོད་དམ།” དབྱངས་སྲོག་ཏུ་མེད་པའི་གསལ་བྱེད་ཉེར་དགུ་དེ་དག་ཕྱེད་ཀ་ཡིན་དགོས། “གེ་གུ་་ ི་ུ་ེ་ ོ་འདི་བཞི་ཡིག་གེ་ཡིན་ནམ།” ་ ི་ུ་ེ་ ོ་འདི་དག་སྒྲ་གདངས་ཀྱི་དབང་དུ་བྱས་ན། ཡི་གེ་ཡིན་དགོས་། གོང་ས་མཆོག་ལ་ཕྱག་འཚལ་ལོ་ ཞེས་པ་བཞི་པ་དགོས་ཆེད་ཡིན་ནམ། ལེགས་སྦྱར་བརྡ་སྤྲོད་ལ་རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་གཟུགས་མི་འདྲ་ཡོད་ཀྱང་། བོད་སྐད་ལ་དེ་གཉིས་གང་ཡིན་ཀྱང་། གཟུགས་ལ་ཁྱད་པར་མེད་པས་རྩད་གཅོད་མི་དགོས།
མིང་ཚིགས་གཉིས་ཀྱི་རྩོམ་གཞིའི་སྐད་མདངས་ལ་ཡིག་གེ་ལབ་ན། ཡིག་གེ་དང་ཡིག་གཟུགས་ལ་ཁྱེད་པར་འབྱེད་དགོས་སམ་། བོད་དང་བྷོ་ཀྲ་ tibet ཞེས་པ་འདི་ཚོ་ལ་སྒྲ་བཤད་ཡོད་དམ།
་
ཕྱེ་ཀ་དང་། ཁྱེད་པར། སྐད་མདངས། བྷོ་ཀྲ། དང་པོ་འདི་དག་ལ་ཞུས་དག་དགོས། དེའི་རྗེས་སུ་ལན་རྒྱབ་ཆོག་པ།
བཀའ་དྲིན་ཆེ་རྒན་ལ་དྭགས་། རྟགས་འཇུག་གི་རྟགས་མཚུངས་འདྲེན་ཚུལ་དང། ཡང་བརྗོད་བདེ་འདྲེན་པ་ཞེས་པ་ཞིག་འདུག་པས། བོད་ཡིག་ལ་ས་མཚམས་སམ་ལམ་ལུགས་མེད་པ་འདྲ་པོ་མཐོང་ན་། རྒན་ལགས་ནས་རྟགས་མཚུངས་འདྲེན་ཚུལ་དང་བརྗོད་བདེ་འདྲེན་པའི་དབར་བོད་ཡིག་དེ་ལམ་ལུགས་དང་། རྟགས་འཇུགས་དེ་བརྗོད་བདེ་འདྲེན་པས་མི་གཞི་གཏོར་ཞིག་གསུངས་རོག། བརྗོད་བདེ་ནི་གང་ཟག་སོ་སོའི་གོམ་གཤེས་ལ་རག་པས་། ཨམ་མདོ་དང། ཁམ་སྐད་ དབུས་སྐད་སོགས་ལ་སོ་སོའོ་བརྗོད་བདེ་མིན་སྣ་ཚོགས་ཞིག་ཡོད་པ་མྱོང་བས་གྲུབ་ན་གུས་པ་ནི་སུམ་རྟགས་དད་ལོག་འདྲ་པོའི་ལོག་རྟོག་འདི་གསལ་རོག།
བརྗོད་བདེ་འདྲེན་པས་གཞི་མི་གཏོར་བ་ཞེས་བཅོས་རོག།
སུམ་རྟགས་དྲིས་ལན་བཟང་བས་ཀུན་ལ་ཕན།
ངའི་ཞེ་འདོད་དངོས་མ་ནི། མཁས་པས་བཀོལ་བའི་དཔེ་ཆ་དག་པ་རྣམས་ལ་བལྟས་ཏེ། ཤེས་དགོས། དཔེར་ན། སྦྱར་བ་ལྟ་བུ་ལ་མཚོན་ན། ངའི་ལུང་སྐད་དུ། སྦྱར་པ་ཞེས་བཀོལ།
སྦྱོར། སྦྱར། སྦྱར། སྦྱོར། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་རིམ་བཞིན་ཡིན། དེ་ཡང་། སྦྱོར། ཞེས་པ་ད་ལྟ་བ་ད་ཡང་འཇུག་མེད། སྐུལ་ཚིག་ལ་ཡོད། དེ་བཞིན་དུ། སྦྱར། འདས་པ་ལ་ད་ཡང་འཇུག་ཡོད། མ་འོངས་པ་ལ་མེད། “ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།” ཞེས་པ་ལྟར་ངའི་ཕལ་སྐད་ཀྱི་སྦྱར་པ། ཞེས་པ་འཐད་པ་ཡོད་ཀྱང་། མཁས་པའི་གསུང་ཐམས་ཅད་ན་བ་ཡོད། དཔེར་ན། “ཡུལ་གངས་ཅན་གྱི་མཐར་སྐྱེས་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། ཀུན་ཏུ་བཟང་པའི་ནགས་ཁྲོད་དུ་ཕྱིན་པའི་ཚེ་སྦྱར་བའི་ཡི་གེ་པ་ནི་མདོ་སྟོད་སྐྱེས་པའི་བཙུན་པ་སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས་སོ། །” དེས་ན་བརྗོད་བདེ་འདྲེན་པ་མང་པོ་དཔེ་ཆ་དག་ལ་བལྟས་ཏེ། སྦྱང་དགོས་པ་མང་ངོ་། གོང་གསལ་མ་དག་པའི་མིང་ཚིག་ཀུན་ལ་ཞུས་དག་གི་རེ་བ་ཡོད། ཞུས་དག་མ་འབྱུང་ཚེ་བདག་རང་གིས་འབད་ངེས་ལགས་སོ།
་
བདག་ལ་འབྲེལ་བ་ཆེན་པོ་ཡོད།
རྒན་ལ་དྭགས་ལགས། བཀའ་དྲིན་ཆེ། བྷོ་ཀྲ་དང། བོད་། tibet. ཞེས་པའི་འབྱུང་ཁུང་དང་། ལེགས་སྦྱར་སྐད་ནང་ལ་བྷོ་ཀྲའི་གོ་དོན་ལ་སྐོམ་པ་ཆུ་འདོད་བཞིན་ཡིན་ལགས། ཁྱེད་ནས་བོད་པའི་སྐད་ཡིག་སོགས་གཅེས་སྤྲད་ཆེན་པོར་གནང་ཤིན་ཏུ་ནས་དགའ་ཚུལ་དང་རྗེས་སུ་ཡིད་རུང་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུ
ཨ་རི་པ་གོལ་སྟིན་གྱིས་མཛད་པའི་བོད་ཨིན་ཚིག་མཛོད་ན།
གདངས་ (dan) 1. tone, pitch 1 སྐད་གདངས་
Lowandhightone. 2.tune,melody 1″གཞས་གདངས་སྙན་པོ་ A song with a pleasant melody.
ཞེས་དང་།
མདངས་(dan) comI’ (daq) complexion, appearance 1 ཞལ་མདངས་ Facial complexion. 2. radiance, brightness, luster, shine, glow; vi.—Si^’ to fade (colors/ luster/ complexion) II a g * r ^ O T A radiant smile, n ཉི་མའི་མདངས་ The glow of sunlight.
ཕྱེ་ཀ་དང་། ཁྱེད་པར། སྐད་མདངས། བྷོ་ཀྲ། འདི་དག་ལ་ཞུས་དག་རིམ་བཞིན། ཕྱེད་ཀ་དང་། ཁྱད་པར། སྐད་གདངས། བྷོ་ཊ། ཞེས་དགོས་སོ་སྙམ། ཁོ་བོའི་རྣམ་དཔྱོད་ལྟར་ན། བོད། ཅེས་པ་འབོད་པ་ཞེས་པ་ལས་འཕྲོས་སོ། སྙམ་མོ། དེ་ཡང་བོད་གཞུང་གང་ན་ཡོད། དེ་་ལ་བོད་ཟེར། ང་གཙང་ན་ཡོད་དུས་དབུས་གཙང་གཉིས་ལ་བོད་ཟེར། དེང་ཡང་། ལྷ་བླ་མ་བྱང་ཆུབ་འོད་ཀྱི་དུས་ལ་མངའ་རིས་ལ་བོད་ཟེར་རོ་སྙམ། དིང་སང་ཇི་ལྟར་རྩི་རྒྱུས་མེད། མངའ་རིས། ཨ་མདོ། ཁམས་སོགས་བོད་ཆེན་པོའི་ཁུངས་སུ་ཡོད་ཀྱང་། ཡུལ་དེ་དག་ནས་འོངས་པའི་མི་རྣམས་ལ་མངའ་རིས་པ། ཨ་མདོ་བ། ཁམས་པ་ཟེར་བ་མ་གཏོགས་བོད་པ་མི་ཟེར། དེ་ཡང་འབངས་ནང་ཕར་ཚུར་མི་མཐུན་པ་ན། བོད་གཞུང་ལ་བོས་པའམ་སྙན་ཞུ་འབུལ་དགོས་པས། འབོད་པ་ལས་བོད་ཅེས་བྱུང་བར་སེམས་སོ།
འབོད བོས། འབོད། བོད། ཅེས་རིམ་བཞིན་ད་ལྟ་འདས་་མ་འོངས་སྐུལ་ཚིག་ལ་བཅས་ལ་འཐད་ལྡན་གྱི་འགག་པ་ཡོད་ན། ཤར་པ་ལེགས་སོགས་ཀྱིས་རྒྱབ་པར་མཛོད་ཅིག
བོད་ནི། འབོད་དང་བོས་ལས་མིན་པར། བོན་ལས་བོད་ཅེས་མིང་ཆགས་པ། དཔེར་ན། བཙད་པོ་ལས་བཙན་མོ་སོགས་རྗེས་འཇུག་ན་ད་གཉིས་སྐབས་འགར་བརྗེ་བ་བཞིན་ནོ།།
དིང་གི་བོད་སྐད་འདི། དེང་རབས་དང་མཐུན་ཡར་རྒྱས་གསར་སྣན་དགོས་ན། བོད་སྐད་འདི་རྟགས་མཚུངས་དང་། ཕྲད་གཞན་དབང་ཅན་གྱིས་དབང་དུ་མ་སོང་བར། ཕྲད་ཉུང་ལ་མིང་ཚོག་མང་པོ་བཅོས་པ་ལ་འབད་དགོས་པ་གལ་ཆེ་བ་མཐོང་ངོ་།།
ག་ལེ་ལེར། ལ་དོན་ལ། ལ་གཅིག་གིས་གོད་ཆོད་ཐུབ་པ་དང་། བྱེད་སྒྲ་ལ། ཀྱིས་གཅིག་གིས་དང་། འབྲེལ་སྒྲ་ལ། གི་གཅིག་གིས་དོན་དག་ཚང་བ་བཟོ་ཐུབ་པ་ངལ་བརྩོན་ཐུབ་ན་མི་ལེགས་སམ། ལགས། ཧཧིཧོཧོ།། །།
དཔྱོད་ལྡན་ཀརྡོའི་བཤད་པ་ལེགས་མོད། དེ་ལ་སྔོན་ཆད་སྐུ་གཤེགས་སོག་མདའ་ཚན་པ་མགོན་པོ་ཚེ་རིང་གིང་བཤད་མྱོང་། རྒན་ལ་དྭགས་པ་དང་རྩོད་པ་ཡུན་རིང་གནང་མྱོང་། མདོར་ན་ད་ལྟའི་བོད་ཡིག་ཅུང་ཟད་ཡག་པོ་ཤེས་མཁན་ཚོས་དུས་རབས་བརྒྱད་པའི་སྐབས་ཀྱི་ཡི་གེའི་དོན་གོ་ཞིང་ཀློག་ཐུབ་པ་འདི་རེད། བཟོ་བཅོས་རྒྱག་རྒྱུ་མང་ན་སྔོན་གྱི་མཁས་པའི་གསུངས་མི་ཤེས་པའི་གོ་སྐབས་ཤིག་སླེབས་མི་སྲིད་པ་མ་རེད། །དེའི་ཆེད་དུ་གཡང་འབོད་གནང་མཁན་དེང་དུས་ཆེས་མང་བས་སོ། །
བོད་དང་བོན་གཉིས་སྔར་གཅིག་པར་འདོད། དིང་སང་འདོད་པའི་ཆོས་ལུགས་ཀྱི་དོན་མ་ཡིན་པར་བོན་ནམ་བོད་ཅེས་པ་ཁྲིམས་སྐྱོང་མཁན་གྱི་གཞུང་ལ་འདོད་དགོས། ས་དང་ད་ཡིག་རྗེས་འཇུག་རྣམས་རྗེས་འཇུག་ན་རུ་གྱུར་པ་མང་པོ་ཡོད་ངེས་བློ་གྲོས་སྤྱན་མངའ་རྣམས་ཀྱིས་འཚོལ་གྲོགས་མཛད་ན། བོད་སྐད་ལ་ཕན་ནོ།
རྩེད། རྩེན་གཉིས་དོན་གཅིག་མ་ཡིན་ནམ།
ད་དྲག་གསུམ་ནང་ནས་ད་བཞགན་ཡང་། དོན་ལ་མཁོ་བས་ད་དུང་མི་ཤེས་པ་མེད་པ་ལྟར། མ་འོངས་པ་ལ། ཕྲད་གཞན་དབང་ཅན་དང་། རྟགས་མཚུངས་དེ་ཚོ། ཉམས་མི་སྲིད་པ་རེད།
འོནད་ཀྱང་། བོད་ཡིག་དེ། བདེ་མོ་སླ་མོ་གཅིག་ལ་བཅོས་ས་་མཐོང་བཞིན་དུ་དུས་སུ་མ་བཅོས་ན། རྒྱ་གར་གྱི་ལེགས་སྦྱར་སྐད་བཞིན་ཛམ་གླིང་འདི་ནས་མེད་པར་འགྱུར་མི་སྲིད་པ་མ་རེད་དོ།།
ཁ་སྐད་བྲིས་མ་གསར་གཏོད་ཅན་ཞིག་དང་། མཁས་པའི་འབྲི་སྟངས་རྙིང་ལུགས་གཉིས་དུས་གཅིག་ཏུ་འབྱུང་བའམ། འོངས་མི་སྲིད་པ་མ་རེད་སྙམ་ལགས།
བོད་ཡིག་སླ་མོར་བཅོས་པ་དང་། བོད་ཡིག་བོད་སྐད་ཀྱི་སུམ་རྟགས་རྩ་གཏོར་གཏོང་བ་གཉིས་གཅིག་ཏུ་འཁྲུལ་མི་རིགས་སོ།།
སྔར་གྱི་ལྷ་སའི་ཁ་སྐད་དང་། དིང་གི་དྷ་སའི་བོད་སྐད་གཉིས་ཀྱི་བར་དུ་གསར་བཅོས་སྙིང་རྗེ་བོ་ཞིག་གཏོང་ས་ཡོད་ས་རེད་སྙམ་མོ།། འདི་ནི་རེ་འདུན་དང་། བསམ་འཆར་ཙམ་མོ།། །།