རྫ་ཚེ་རིང་བཀྲ་ཤིས།
བྱང་དུར་མེ་ནི་ངའི་གྲོགས་པོ་དང་ཉེ་མཛའ་ཡིན་ན་ཡང་། དཔལ་ས་སྐྱའི་གདུང་སྲས་བདག་མོ་དང་ལྷན་དུ་ཡོད་པའི་སྐུ་པར་དྲ་ལམ་དུ་ཅུང་གུས་ཞབས་མ་ཞུས་པར་བཀྲམ་པ་ལ་ཐུགས་བསམ་རེ་བཞེས་དགོས་པ་འདུག་སྙམ། ངས་ཁར་ཉིན་ནས་སེང་རྡོར་དྲ་བའི་ཁོང་གི་ཟིན་བྲིས་སུ་བླ་མ་དང་སྒེག་མོ་ཞེས་པའི་ཁ་བྱང་འོག་ཏུ་སྤེལ་བའི་གདུང་སྲས་ཀྱི་སྐུ་པར་ཞིག་མཇལ་སོང་། འདི་གནས་ཚུལ་ཆེན་པོ་ཞིག་ཡིན་མིན་མི་ཤེས་ཏེ། གང་ལྟར་འདི་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདོད་སྐྱེས། སྐད་ཆ་འདི་གནད་དོན་འདི་ཁོ་ནའི་ཆེད་དུ་མིན་པར་ཞར་ལ་ལོ་རྒྱུས་ཀྱི་བདེན་པ་ཞིག་ངོ་སྤྲོད་འདོད་ཙམ་ཡིན།
ཁོང་ནི་སྔོན་ནས་ས་སྐྱའི་དཀར་པོ་གསུམ་དང་དམར་པོ་གསུམ་ཞེས་གདུང་བརྒྱུད་རིམ་པར་བྱོན་པ་ལས་ད་ལྟའི་ས་སྐྱའི་~བདག་ཆེན་རིན་པོ་ཆེའི་སྐུ་སྲས་རེད། ཁོང་རྟེན་སྔགས་པར་སྒྱུར་ཟིན་ཡང་།ད་ཐེངས་ནི་ཡབ་དང་འདྲ་བར་ཤམ་ཐབས་དཀར་པོ་རང་མནབ་ནས་བཞུགས་ཡོད། ཁོང་ནི་རྒྱུན་དུ་གཉོམ་ཆུང་དང་གུས་ཞབས་ཡོད་པ་ཞིག་ཡིན། ཁོང་ལ་དད་མོས་བྱེད་པའི་སློབ་མ་ནི་རྒྱ་བོད་ཀུན་ཏུ་མཆིས། ཁྱད་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དཔལ་ལྡན་ས་སྐྱ་བའི་རྗེས་འབྲངས་དག་གིས་ཁོང་ནི་ལྷའི་སྲས་སུ་བཀུར། མ་གཞི་ས་སྐྱའི་གདུང་རྒྱུད་འདི་བོད་ཀྱི་གཡང་གི་རྟེན་ཕུར་ལྟ་བུའི་གདུང་རྒྱུད་རིན་པོ་ཆེ་གལ་ཆེ་ཤོས་གཅིག་པུ་དེ་ཡིན། ངས་འདིའི་སྐོར་དྲིས་ལན་ཞིག་ཏུ་ཡང་བཤད་མྱོང་། ཁོང་ལ་བོད་ཁ་བ་ཅན་གྱི་གཡང་ཆགས་པ་ཡིན། ང་གདུང་རྒྱུད་འདི་ལ་དད་པ་ཡོད། གུས་པ་ཡོད། ཁྱད་པར་དུ་གདུང་རྒྱུད་འདི་ལ་ཞེན་ཁོག་ཆེན་པོ་ཡོད། ས་སྐྱའི་གདུང་རྒྱུད་འདི་ཁྱིམ་རྒྱུད་དང་ཆོས་བརྒྱུད་ཀྱི་མཚམས་ལས་བརྒལ་ཏེ་བོད་ཡོངས་ལ་གལ་ཆེ་བ་ཡིན། ང་ཚོའི་ཏུན་ཧོང་གི་ཤོག་འཁྱར་དང་། ཁ་རབ་ཀྱི་རྫ་ཆག་སོགས་ཀྱང་གསེར་ལྟར་རྩི་ན། གདུང་རྒྱུད་རིན་པོ་ཆེ་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་ཅིའི་ཕྱིར་དེ་ལས་ལྡབ་འབུམ་ཕྲག་གིས་གལ་མི་ཆེ། སྐྱེ་བོ་ཡ་རབས་དྲ་མའི་ཚོགས་སུ་གདུང་རྒྱུད་འདི་ལ་ལྷག་པར་དུ་བཀུར་བསྟི་བྱེད་པ་ཡིན།་ བོད་ཀྱི་ཁྱིམ་བརྒྱུད་ཅིག་ལ་ས་སྐྱའི་གདུང་རྒྱུད་འདི་ལས་གྲགས་ཆེ་བ་དང་མཐའ་རིང་བ་བྱུང་མེད། མཁོན་ཀླུ་ཡི་དབང་པོ་ནི་བོད་བཙན་པོའི་སྐབས་ཀྱི་སྣ་ཆེན་པོར་གཏོགས་ཤིང་། པདྨའི་དངོས་སློབ་ཡིན། རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་གངས་ཅན་གྱི་སྔགས་པ་ཡོངས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན། དཔལ་ལྡན་ས་སྐྱ་པཎྚི་ཏ་ནི་བོད་ཙམ་ན་བླ་ན་མེད་པའི་གནས་ལྔ་རིག་པའི་སྲོལ་འབྱེད་པ་ཡིན། འཕགས་པ་རིན་པོ་ཆེ་ནི་བོད་སིལ་བུར་འཐོར་བ་ནས་གཅིག་གྱུར་ཆེ་ཤོས་ཀྱི་བོད་ཀྱི་མངའ་མཛད་ཡིན་ཞིང་། འཛམ་གླིང་ན་གྲགས་པ་འབར་བའི་སྟོབས་ཀྱི་འཁོར་ལོའི་བསྒྱུར་བ་ཆེན་པོར་བློ་གྲོས་ཀྱིས་ངོ་ཡ་བྱེད་ནུས་པ་ཡིན།
ས་སྐྱ་བ་བསོད་ནམས་རྒྱལ་མཚན་ལ་ནི་རྗེ་ཙོང་ཁ་པ་ཆེན་པོ་དང་ཀུན་མཁྱེན་ཀློང་ཆེན་པ་སོགས་ཀྱིས་བླ་མ་དམ་པ་ཞེས་མཐུན་པའི་མཚན་གྱིས་བོས་ཏེ་ཕྱག་བྱས་པ་ཡིན། ད་ལྟའི་གོང་མ་བདག་ཁྲི་རིན་པོ་ཆེ་ཉིད་ཀྱང་༸འཇིག་རྟེན་མགོན་པོའི་ངེས་པ་དོན་གྱི་ཕྲིན་ལས་ཀྱི་བྱེད་པ་པོ་ཡིན། ཁ་བ་གངས་ཅན་པའི་ལས་དབང་དང་ཐུགས་ཉེ་ཤོས་གནང་མཁན་གྱི་བླ་ཆེན་ཞིག་ཡིན། འདི་དག་ཡོད་ཚད་ཀྱང་ཁྱིམ་གཅིག་གཅིག་ཁོ་ན་ལས་བྱོན་པ་ཡིན། ལར་འཛམ་བུ་གླིང་འདིར་རིགས་བཙུན་པ་དང་ཁྱད་པར་གྱི་གདུང་རྒྱུད་དག་ལ་ལྷག་ཏུ་བཀུར་བར་བྱེད་པ་ཡིན་ཏེ། དཔེར་ན་དབྱིན་ཇི་དང་ཐའེ་ལན་ཊ། འབྲུག་པ་དང་འཇར་པན། ཧོ་ལན་དང་ཁམ་པོ་ཊི་ཡ་སོགས་ངའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཙམ་པོའི་ཁྲོད་དུའང་ཚང་མས་རང་རང་གི་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་མོ། དེའི་གདུང་རྒྱུད་བཅས་ནི་ཆེ་བའི་རྟགས་ཀྱི་རྒྱལ་མཚན་དུ་འཛིན་པ་ཡིན། མཚོན་བྱེད་ཀྱི་རྟགས་སུ་བཀུར་བ་ཡིན། གཞུང་དང་སྲིད་འཛིན་སོགས་ཀྱི་ནུས་པའི་ཁྱབ་ཁོངས་ལས་བརྒལ་བའི་བྱ་བ་མང་པོ་རང་གི་ཆེ་མཐོང་གིས་ཐག་གཅོད་པ་ཡིན། རྒྱལ་ཁབ་ཀྱི་ལོ་རྒྱུས་དང་དཔལ་ཡོན་གྱི་དན་རྟགས་སུ་འཛིན་པ་ཡིན། དེ་ནི་འདི་ལོའི་ལོན་ཊོན་རྒྱལ་སྤྱིའི་ལུས་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་དབྱིན་ལན་གྱི་རྒྱལ་མོ་རང་གི་རྒྱལ་ཁབ་ཀྱི་བླ་ན་མེད་པའི་གཟི་བརྗིད་དང་སྤོབས་པར་རྩིས་པ་ལྟ་བུ་ཡིན།
བོད་བཙན་པོའི་གདུང་རྒྱུད་ནི་རྩོད་པ་ཅན་དུ་གྱུར། མྱོས་དང་སྐྱུ་ར་ལ་སོགས་པ་ཡང་གྲམ་དེ་འཐོར། དེས་ན་རང་ཅག་ཁ་བ་རི་པའི་རྩོད་པ་མེད་པའི་གཞིས་ཁྱིམ་རྙིང་ཤོས། རིགས་ཀྱི་ཡབ་ཆེན། འོད་གསལ་ལྷ། དྲི་མེད་མཁོན། དཔལ་ལྡན་ས་སྐྱ་སྟེ། མཚན་མཆོག་གསུམ་ལྡན་གྱི་གདུང་རྒྱུད་རྨ་མེད་པ་འདི་ལས་གཅེས་ཤིང་ཕངས་པ་ཞིག་མེད། ངས་ཀྱང་། རྒྱལ་པོའི་ལམ་ལུགས་དང་བྲམ་ཟེའི་ཆོ་རིགས་ཀྱི་ཉེས་པ་དག་ནི་ཤིན་ཏུ་ནས་རྟོགས་མོད། རང་རེ་ཁྱིམ་དཀྱུས་མ་ལས་སྐྱེས་ཤིང་། ཁོར་ཡུག་ངན་པ་ལས་ཚར་བ་དག་གི་སེམས་ལ་གྲལ་རིམ་གྱི་འདུ་ཤེས་རེ་འོག་འགྱུའི་ཚུལ་དུ་ཡོད་པ་འདི་ལ་ཡང་མཐར་ལྷུང་བའི་ཆ་ངེས་པར་དུ་ཡོད་པ་ཡིན། ལོ་རྒྱུས་དང་འཚོ་བ་དངོས་ཀྱིས་ར་སྤྲད་པའི་བདེན་དོན་འགའ་ཞིག་ལ་གཡོན་ལྷུང་གི་བསམ་པས་གུས་ཞབས་མེད་པར་བྱེད་པའི་སྐབས་ཀྱང་མཆིས།
དེས་ན་ང་ཚོས་ཁོང་གི་གདུང་རྒྱུད་རིན་པོ་ཆེའི་ལོ་རྒྱུས་ཀྱི་ཆེ་བ་ལ་རྩི་བཀུར་དང་། ཁོང་ལ་དད་མོས་བྱེད་པའི་སྐྱེ་བོ་འབུམ་ཕྲག་མང་པོའི་དད་མོས་ཀྱི་སེམས་ཁམས་ལ་མཐོང་ཆེན། ཁྱད་པར་གནས་ཕྲིན་གྱི་བདེན་དོན་རང་བཞིན་ལ་སྔར་བས་དོ་སྣང་དང་ཡིད་འཇོག་གནང་རོགས་ཞེས་ཞུ་བ་ཡིན།
ལྷག་བསམ་བཅས།
ཧ་ཧ་འདི་ན་ཡང་ཞེན་ཁོག་ཅིག་མེ་རི་ལྟར་འབར་གྱིན་འདུག་དངོས་གནས་ངོ་གནོང་དགོས་པ་རང་རེད།
བོད་པ་ཚང་མ་བོད་ལ་ཞེན་ཁོག་ཆེ་བ་དེ་ཡག་པོ་མ་རེད་ཅེས་ཀྲུང་གོས་གསུངས་སོ།། འཇིགས་འོད་ལའོ།།
༸དཔལ་ས་སྐྱའི་གདུང་རབས་ལ་བལྟ་མྱོང་ཡོད་་་་མ་ཟད་ཡིད་ཆེས་ཀྱང་ཡོད་་་་འོན་ཀྱང་དེང་སང་དྲ་ཐོག་ཏུ་པར་འདྲ་མིན་དང་མཉམ་དུ་ཐོན་གྱིན་པ་ནི་མ་རྟོག་པའམ་ལོག་པར་རྟོགས་པ་ཡིན་པ་ལས་ཆེད་དུ་ཕྱོགས་རིས་ཀྱི་དབང་གིས་འདི་འདྲ་བྱེད་ཨེ་སྲིད་སྙམ་་་་་་ཉེ་སྔོན་ངས་ཀྱང་དུས་བབ་དྲ་ངོས་སུ་བླ་གཟུགས་དུ་མ་ཞིག་བཀྲམས་པ་ཡིན་་་དེའི་ཁྲོད་གདུང་སྲས་རིན་པོ་ཆེ་ཡོད་འདུག་པ་རྗེས་ཕྱོགས་ཤིག་མ་གཏོགས་གོ་མ་སོང་་་་་དེར་བརྟེན་གཞན་པ་དག་གིས་ཀྱང་འདི་འདྲ་བྱས་ནས་བཀོད་པ་མིན་འགྲོ་སྙམ།
ཡང་གཅིག་སླེབས་བྱུང་ངོ་། བོད་ཁ་བ་གངས་ཅན་པའི་ས་ནས་རྒྱང་ཕུད་བཏང་ཟིན་པ་གཅིག། ད་ངོ་མ་མང་བྱུང་། འདི་ཚོ་ལ་རྒྱ་གུང་ཁྲན་ལས་བཀའ་དྲིན་ཆེ་བ་མེད།
བོད་བཙན་པོའི་གདུང་རྒྱུད་ནི་རྩོད་པ་ཅན་དུ་གྱུར། ་་་ཟེར།
་་་་་་རང་ཅག་ཁ་བ་རི་པའི་རྩོད་པ་མེད་པའི་གཞིས་ཁྱིམ་རྙིང་ཤོས། རིགས་ཀྱི་ཡབ་ཆེན། འོད་གསལ་ལྷ། དྲི་མེད་མཁོན། དཔལ་ལྡན་ས་སྐྱ་སྟེ། མཚན་མཆོག་གསུམ་ལྡན་གྱི་གདུང་རྒྱུད་རྨ་མེད་པ་འདི་ལས་གཅེས་ཤིང་ཕངས་པ་ཞིག་མེད། ་་་་ཟེར།
༸བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །
བླ་སྤྲུལ་ཐུགས་སྲས་སུ་ཞིག་ཡིན་ཡང་གངས་རིའི་ལྗོངས་ལ་ཕན་ཐོགས་དང་འགྲོ་དྲུག་སེམས་ཅན་ལ་ཕན་ཐཽགས་པ་ཞིག་ཡིན་ན་དངོས་རྫུན་གང་ཡིན་ཡང་ཁྱད་པར་མི་འདུག། དེ་མ་གཏོགས་འདི་སྤྲུལ་སྐུ་དང་ཁོང་ཐུགས་སྲས་ད་དུང་འདི་མཁའ་འགྲོ་མ་ཟེར་བ་ག་ཚོད་སླེབས་ཀྱང་དེ་དག་ལ་བརྩི་བཀུར་ཕར་ཞོག། མིག་གི་མཐོང་ན་ཡིད་ཆད་འགྲོ་གི་ཡ།
གང་ལྟར་ཡང་བོད་ཁ་བ་ཅན་བཀའ་དྲིན་དང་བོད་སྤྱི་བའི་དོན་དང་རིག་གཞུང་གི་ལས་དོན་བསྒྲུབ་མཁན་ཞིག་ཡིན་ཕྱིན་དེ་ལ་བཀུར་བརྩིས་ཡོད། དཔེན་ན་པན་ཆེཎ་རིན་པོ་ཆེ་དང་དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ། བླ་མས་ནང་གི་ཡང་གུང་ཐང་སྐུ་ཕྲེང་སྔོན་མ་ཚང་ལ་སོགས་ཧ་ཅང་མང་པོ་ཞིག་ཡོད་པའི་འདི་དག་ལྟ་བུ་སྐྱེ་བུ་དམ་པ་དག་ལ་སེམས་བསམ་པའི་གཏིང་ནས་གུས་བརྩི་ཡོད། ངེད་ཚང་ག་རེ་བྱས་ནས་སྤྲུལ་གུ་འམ་མཁའ་འགྲོ་མ་ད་དུང་ཐུགས་སྲས་འདི་མི་འདིས་མང་པོ་འདུག་་་་་་ད་མགོ་ན་གི
བོད་བཙན་པོའི་གདུང་རྒྱུད་ནི་རྩོད་པ་ཅན་དུ་གྱུར། ་་་ཟེར།
འོ་ན་སྡེ་དཔོན་ལྷ་རྒྱལ་རི་ཚང་གི་གདུངས་རྒྱུད་འདི་བོད་རྗེ་སྲོང་བཙན་སྒོམ་པོའི་གདུངས་རྒྱུད་འཁྲུལ་མེད་རེད་གསུང་གི་མི་འདུག་གམ།
བསྔགས་བརྗོད་དང་གུས་བརྩི་ཡོད། མ་ཟད དེ་ལས་ཀྱང་ལོ་རྒྱུས་ཀྱི་ཕུ་ཋག་རིང་པའི་ཁྱིམ་བརྒྱུད་ལྷ་རྒྱལ་རི་ཡོད་པ་རེད།
རྫ་ཚེ་རིང་ཟེར་བ་འདིས་ག་དུས་ཡིན་ཡང་འཁྱོགས་བཤད་དང་འོར་སྒྲོགས་ཁོ་ན་ལས། དོན་དངོས་སུ་ལྷ་སྒྲུངས་་ལྟ་བུ་སྙིང་པོ་་འཇུ་ས་གཅིག་ཀྱང་མེད་པ་ཤ་སྟག་ཤོད་པ་ལས། ངོ་་མ་མཚར་དགོས་པས་ཕན་ཐོག་སྣ་གཅིག་མཐོང་རྒྱུ་མི་འདུག། ༧དཔལ་ས་སྐྱ་ཡབ་སྲས་ནི་གངས་ལྗོངས་ས་ཡི་་ཁྱད་ནོར་ཡིན་པ་དེ་ཚང་མས་ཤེས་ཚོད་རེད། འགྲེལ་བཤད་དགོས་ཡག་མི་འདུག། འོནད་ཀྱང་ཆོས་རྒྱལ་འཕགས་པས་བོད་སེལ་བུར་འཐོར་བའི་རྗེས་། ་འཆོལ་གསུམ་གཅིག་སྡུས་གནང་ཐུབ་པ་རེད་ཅེས་བརྗོད་པ་དེ། གྲ་རྒན་ཁྱོད་གནའ་མ་མེད་པ་དང་། མ་ནིང་ཡིན་ཡང་ཕྲུག་གུའི་ཨ་པ་ཆགས་སོང་ཞེས་པ་གཏན་གཏན་མཐུན་གྱིས་རེད
དེརརྟེན་དོན་དངོས་ཐོག་དངོས་ཡོད་གནས་ཚུལ་ལབ་ན་འཆོལ་གསུམ་གཅིག་སྡུས་ཕར་ཞོག་ཁམས་པ་ཡང་ཕྱེད་ཀ་དགའ་ལྡན་ཕོ་བྲང་འོག་མེད་པ་གསལ་གསལ་རེད། གཅིག་བྱས་ན་མིག་དེ་མཁན་མཚར་ཞིག་ཡོད་པས་དབངགི་གང་རི་སེར་འཛིན་ལྟར་ལོག་ཤེས་དེས་མཁན་མཚར་དེ་འདྲ་མཐོང་གིན་ཡོད་མེན་འདྲོ།
རྫ་ལགས། “ཁོང་རྟེན་སྔགས་པར་སྒྱུར་ཟིན་ཡང་།ད་ཐེངས་ནི་ཡབ་དང་འདྲ་བར་ཤམ་ཐབས་དཀར་པོ་རང་མནབ་ནས་བཞུགས་ཡོད” ཅེས་པའི་ཀྱང་སྒྲས་གང་ཞིག་གོ་དགོས་སམ། ངས་གོ་བ་ལྟར་ན་རྟེན་སྔགས་པར་བསྒྱུར་ཟིན་ནས་རབ་བྱུང་ཆས་སུ་བཞུགས་པ་གང་ཞིག་ལ་ཁོང་ཡབ་དང་འདྲ་བར་སྐུ་ཤམ་དཀར་པོ་བཞེས་ནས་ཡོད་ལྟ་བུ་གོ གཞན་རྟེན་སྔགས་པར་བསྒྱུར་ནས་ཤམ་ཐབས་དཀར་བསྣམས་པ་ཤིན་ཏུ་འོས་པ་མིན་ནམ།
མི་འདི་རིགས་སྔོན་མ་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་ལ་ཁ་གཏོང་གི་ཡོད། དེང་སང་ས་སྐྱའི་རྒྱོ་རྐྱལ་དེ་ཚོ་ལ་དད་པ་ཡོད་འདོད་དང་། ནམ་ནོར། ཨ་པེ། གངས་ཅན་བླ་མ་ལ་ཡང་དད་པ་དགོས་ཚུལ་བཤད་འདུག དགོད་བྲོ་བ་ཞིག་མ་ཡིན་ནམ།
གནའ་སྔ་མོ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་བླ་མགོ་རྡུང་བ་དང་དགོན་རྐུབ་་ཕེད་ཐུབ་ན་མི་འཇོན་པོ་དང་དཔའ་བོར་བརྩི་བའི་དུས་ཤིག་བྱུང་བ་རེད། དེང་སང་སླར་ཡང་དུས་ཚོད་དེ་བསྐྱར་ལོགས་བྱེད་ཀྱི་ཡོད་པ་འདྲ། མི་མང་པོ་ཞིག་གིས་བཟང་ངན་དབྱེ་འབྱེད་མེད་པར་བླ་སྤྲུལ་གྱི་མིང་ཡོད་ཚད་ལ་མི་འདོད་པའི་མཆོལ་ཞག་འཕེན་གྱི་འདུག བྱ་སྤྱོད་འདི་ནི་བསྟན་པ་ལ་ལྷག་བསམ་དཀར་བས་མིན་པར་བླ་སྤྲུལ་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཨག་རྒྱང་ལས་ཅི་ཡང་མིན་པར་སེམས།
བླ་མ་བཟང་ངན་ནི་ལུང་རྟོགས་ཀྱི་ཡོན་ཏན་ཡོད་མེད་དང་། དཔོན་པོ་བཟང་ངན་ནི་ཤེས་འཇོན་ལྷག་བསམ་ཡོད་མེད་ལ་ལྟ་དགོས་པ་ལས་རིགས་བརྒྱུད་ལ་ལྟ་མི་རུང་།
རྫ་ཚེ་རིང་ཟེར་བའི་མི་ངན་འདིས་དོན་མེད་ལབ་གླེང་སྣ་ཚོགས་ཀྱི་དཔལ་བདག་ཁྲི་ཡབ་སྲས་ལ་གང་བྱུང་མང་བྱུང་གི་བརྗོད་གཞི་མ་བཟོ་རོགས་ཐུགས་རྗེ་ཆེ།
ཧཧཧཧ དཀར་པོ་གསུམ་དང་དམར་པོ་གསུམ་ས་སྐྱ་རྣམ་དྲུག་ཟེར་བ་ཞིག་ཡང་ཡོད་ཚོད་འདུག
དཔལ་ས་སྐྱའི་གདུང་གསས་རྣམ་གཉིས་ལ་མཚམས་འདྲི་དང་སླད་ཕྱིན་རྣམ་གཉིས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་ཞུ།
ཇོ་ནང་ལ་མཐོང་ཆུང་མི་གནང་མཁན་ཞིག་ཡིན་ན་གུས་བཏུད་ཞུ། ཁོང་རང་ཤམ་ཐབས་དཀར་དམར་གང་ཡིན་རུང་ཇོ་ནང་ལ་ཐུགས་སྣང་ཆེན་པོས་ཆོས་རྒྱུད་ཐོབ་སྟངས་ལ་གུས་རྩི་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ།
རྫ་བཀྲ་ཡང་གཡག་ཞར་རྩ་གཟན་ནང་བཞིན་ཕྱོགས་གཅིག་ཁོ་ན་ལས་མ་མཐོང་བའི་རང་ལྷུང་ཕྱོགས་གཏོད་མཁན་གྱི་གྲལ་དུ་ཚུད་པའི་མྱི་ངན་ཞིག་ཡིན་པ་ད་གཟོད་གཞི་ནས་གོང་གི་རྩོམ་ཐུང་དེ་ལས་ཧ་གོ་སྐབས་ད་དུང་བོད་པ་ཚང་ལ་འདི་འདྲའི་ནད་ངན་དེ་ལྷག་ཡོད་པ་ནི་ཅི་འདྲའི་ལས་དབང་ངན་པ་ཞིག་རེད་ཨ་ཁ་ཁ་ཁ
དེ་ལ་ས་དགེ་བཀའ་རྙིང་གི་ཁྱད་པར་མི་ལྟ་བར། རྫ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། རིགས་མི་གཙོ། རུས་མི་གཙོ། ལོངས་སྤྱོད་མི་གཙོ། འབྲེག་མཁན་ཉེ་བ་འཁོར་ལ་ཤྰཀྱའི་རྒྱལ་རྒྱུད་བཟང་ལྡན་གྱིས་ཕྱག་འཚལ་བ་ཡིན་ན་དགེ་འདུན་འདུས་པའི་གྲལ་ན་སུ་ཞིག་གི་ང་རྒྱལ་རིགས་ཏེ་མི་རིགས་སོ། དེ་ནི་ཚར་གཅོད་པར་འོས་སོ། ཤེས་རྒྱུ་ནི་ཨ་བུ་ཧྲུལ་བོས་ཤེས། ། མཁོ་རྒྱུ་ནི་བཙན་ཕྱུགས་བུ་ལ་མཁོ། །འབྲི་ཚད་ནི་འཁྲུལ་བའི་གཏམ་ལ་མེད་་་་་་སོགས་སྐབས་དེར་ག་རེ་གསུངས་ཡོད་དྲན་པར་མཛོད་ཅིག་གུ།
རྫ་ཚེ་མི་ལོ་ཉི་ཤུ་ལྷག་ལ་སློབ་སྦྱོང་བྱས་ནས་མཁན་པོའི་མིང་བླངས་འདུག་པས་དགའ་ཡོད། སྤྲུལ་གོག་དེ་ཚོ་དང་ག་ལ་འདྲ།
འདུལ་བ་ལྟར་ན་འདི་ཚ་ཅང་མ་རེད། འདུལ་བ་ལས་རིགས་མི་གཙོ། རུས་མི་གཙོ། བསླབ་པ་རིན་པོ་ཆེ་གཙོ་གསུངས་རེད། ཡིན་ན་ཡང་འདུལ་བ་ཉན་ཐོས་རྩ་ཁྲིམས་ཉེ་་ཚེ་བ་ཞིག་ལས་གཞན་ཅང་མ་རེད་འདོད་ཀི སྔགས་པ་ལ་སྔགས་པའི་བསླབ་པ་ཡོད་རེད་ཡ། ཁོང་རྣམས་གཉིས་ལ་གུས་ཞསབས་ཡོད།
རྫ་ཚེ་ནི་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལྷག་བསམ་དང་སྙིང་སྟོབས་ཡོད་མཁན་གྱི་དཔའ་བོ་ཞིག་རེད་ཁོང་གིས་རྩོམ་པའི་མ་
འོང་པའི་བོད་ཅེས་པའི་དེབ་དེ་ལ་ལྟོས་དང་ཤེས་འོང་གཡག་ཞར་ཚོ།
རྫ་ཚེས་བསྟོད་་་ཐུབ་ན་་་བསྟོད་རྒྱུའི་ཕ་བུ་ཅན་ཚོ་རྙིང་མ་ནང་ན་མང་ནི་རེད་མོ། དགོས་རྒྱུའི་གཏེར་སྟོན་དེ་ཚོ་མི་བསྟོད་པར་་་་་་་་་་་་་་་
མངའ་རིས་ཕྲིན་ལས་ལ་རྒྱབ་སྐྱོར་ཡོད་ཇོ་ནང་བ་ལ་ཆོས་རྒྱུད་ཀྱིས་ཐོབ་ཐང་སྤྲད་མ་བཅུག་པ་ཕྱོགས་རིས་བྱས་རབས་ཡོད།
ཇོ་ནང་བ་ལ་ཆོས་རྒྱུད་ཀྱིས་ཐོབ་ཐང་ད་དུང་ཡང་སྤྲད་ཡོད་པ་མ་རེད་རྗེས་ཕྱོགས་རྩོད་ཉོག་འདྲ་བྱུང་ན་ས་སྐྱ་པ་ལ་ནག་ཉེས་ཡོད། སྔོན་ཆོས་སྲིད་གཟུངས་འབྲེལ་བྱས་པས་བོད་ལ་གྱིང་གུད་སྤྲོད་ཡོདཔ་དང་ད་ལྟ་ཇོ་ནང་བ་ལ་ཆོས་རྒྱུད་ཀྱིས་ཐོབ་ཐང་སྤྲོད་མ་བཅུག་ནས་བོད་མིའི་མཐུན་སྒྲིལ་ལ་གནོད་པ་བཏང་ཡོད་པ་སོགས་ལ་བསམ་ན་གུས་ཞབས་མེད། སྤྱིར་བླ་མ་ཡིན་ན་ཆོག་མགོ་འཁྲིད་ཡིན་ཆོག་མི་སུ་ཡིན་རུང་བོད་སྤྱི་བའི་དོན་ལ་གནོད་པ་བཏང་ན་ང་མི་དགའ། མིང་ལ་མ་ལྟ་དོན་ལ་ལྟོས། ཆོས་པའི་གཟུགསཀྱིས་ཆོས་མིན་བྱེད་སྲིད་པའི། ནམ་ཡང་མཐོ་དམན་མེད་པར་ཞིབ་དཔྱོད་མཛོད། བོད་སྤྱི་བའི་དོན་ལ་ཕན་པའི་མི་སྤྲང་པོ་ཡིན་ཡང་སྤྱི་ནོར་རེད། རྒྱུན་དུ་བཟང་ངན་དང་དགེ་སྐྱོན་ངོས་ཟིན་པ་བྱོས།
རྫ་ཚེས། དམིགས་རྒྱུའོ་འདྲེ་དམིགས། བརྡུང་རྒྱུའོ་རྔ་བརྡུང་། ཧཧཧཧཧཧཧཧཧཧཧཧ
སྤྲུལ་སྐུ་དབང་ཆེན་ལགས། གད་མོ་ཤོར་མ་སྔ་རོགས།
ཆོས་འབྱུང་གཟིགས། ཡང་ན་ཤེས་མཁན་དག་ལ་འདྲི་དང་།
དཀར་པོ་རྣམ་གསུམ་དང་དམར་པོ་རྣམ་གཉིས་བརྩི་ན། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚནབཅས་དཀར་པོ་རྣམ་གསུམ་དང་། ཆོས་རྗེ་ས་སྐྱ་པཎྜིཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ་གཉིས་ནི་དམར་པོ་རྣམ་གཉིས། ཡང་དམར་པོ་རྣམ་གསུམ་བགྲངས་ན། གཉིས་པོའི་སྟེང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་བསྣན་དགོས་པ་ཞིག་ཡོད་པའང་མཁྱེན་པར་འགྱུར་རོ།།
ས་སྐྱའི་ཆོས་བརྒྱུད་ལ་བརྩི་བཀུར་ཡོད།
གདུང་བརྒྱུད་ལ་བཏང་སྙོམས་ཡིན།
ས་པཎ་མཁས་པའི་དབང་པོ་ཡིན།
བཀའ་བརྒྱུད་པ་ལ་མཐོང་ཆུང་བྱས།
གོ་ཤག་སྟག་གསུམ་དུས་ཕྱིས་མཁས།
རི་བོ་དགེ་ལྡན་པ་ལ་་སྡང་།
གོང་མ་རྣམ་ལྔའི་རྗེས་སུ་ནི།
སྙན་གྲགས་ཆེ་བའི་བླ་མ་དཀོན།
ས་སྐྱ་གོང་མར་དད་པ་ཡོད།
གདུང་སྲས་གཉིས་ལ་དད་པ་མེད།
བཅས་སེམས་ནས་གང་དྲན་ཐོལ་བྱུང་དུ་བྲིས།
རྫ་ཚེས་དཔྱད་རྩོམ་ཡག་པོ་བྲིས་འདུག་་་་་་བཀའ་དྲིན་ཆེའོ།
གདུང་རྒྱུད་ལ་དད་པ་ཡང་མེད་དད་ལོག་ཡང་མི་བྱེད། འོན་ཀྱང་ང་ཚོའི་ཤེས་དགོས་བ་ནི་ནང་ཁུལ་མཐུན་འབྲིལ་ནི་ཧ་ཅང་གལ་ཆེན་རེད།
པདྨ་འཕྲིན་ལས་སོགས་ཀྱིས་གསུང་པ་བདེན་པ་རེད། ད་ལྟའི་ཆར་གནམ་འོག་ན་བོད་གངས་ཅན་པའི་སྡུག་ཞིག་མེད་ཀི དུས་སྐབས་འདི་འདྲ་ཞིག་ལ་སྒེར་དོན་ཁོག་བཅུག་གིས་མངའ་ཐང་རྒྱ་བསྐྱེད་དང་། ཆེན་པོས་ཆུང་ཟ་བྱས་ཏེ། ནང་ཁུལ་ལ་གཏོར་བཤིག་བཏང་ནས་མཐུན་ལམ་ལ་གནོད་སྐྱོན་བཟོ་མཁན་དེ་ཚོར་དད་པ་བཙུར་ན་ཡང་མི་ཡོང་གི
ད་དུང་སྤྱིར་སངས་རྒྱས་ཀྱི་བསྟན་པའི་དབང་དུ་བཏང་ན། རིགས་མི་གཙོ། རུས་མི་གཙོ་གསུང་ཡོད་པ་རེད་མ་གཏོགས། རུས་རྒྱུད་དང་ཁྱིམ་རྒྱུད་དབང་བཙན་པར་བྱས་ཏེ། འཇིག་རྟེན་ཁྱིམ་པ་ཕྱི་ནང་གཉིས་རུལ་དེ་ཚོ་སྐྱབས་ཡུལ་དགེ་འདུན་པའི་མཆོད་གནས་སུ་བཀུར་དགོས་པ་འདི་ལུགས་མཐུན་ཞིག་གགཅོདཏན་ནས་མ་རེད།
དེང་སྐབས་མང་པོ་ཞིག་གིས། སྤྲུལ་སྐུ་ཚོར་ཚིག་ངན་ཡིད་ལ་དྲན་ཚད་སྨྲ་བཞིན་ཡོད་མོད། ངས་བལྟས་ན་སྤྲུལ་དེ་ཚོ་ལས་ཁྱིམ་རྒྱུད་ཀྱི་ནོར་མ་དེ་ཚོ་ལྡབ་འགྱུར་གྱིས་བཙོག་གི སྤྲུལ་སྐུ་དེ་ཚོ་གཞན་སེམས་ཤེས་པར་ཡིད་ཆེད་བྱེད་པ་འི་གང་ཟག་གཞན་པ་རེས་ཆོས་ལུགས་ཀྱི་འགྲོ་སྟངས་གཞིར་བཞག་ཐོག་ཐག་་བྱས་པ་ཞིག་རེད། ཁྱིམ་རྒྱུད་ཀྱི་ནོར་མ་དེ་ཚོས་དེ་འདྲའི་བརྒྱུད་རིམ་གཅིག་ཀྱང་བརྒྱུད་མི་དགོས་པར་གཞང་སྒོ་ནས་མར་ལྷུང་བ་ཙམ་གྱིས་འགྲིག་གི་ཡོད་རེད། གལ་ཏེ་རྒྱལ་བསྟན་དག་ཐེར་བྱེདདགོས་ན། བོད་མིའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ན། ཐོག་མར་འདི་དག་རྩ་རྫོགས་བྱེད་དགོས་པ་ཞིག་རེད།
ས་སྐྱ་གདུང་རྒྱུད་ནི་བོད་བཙན་པོས་གདུང་རྒྱུད་ཡིན་པ་ནི་ཡོངས་གྲགས་རེད་་ཡིན་དེ་སང་བོད་ལ་རང་བཙན་མེད་པའི་རྐྱེན་གྱིས་ས་སྐྱ་ལ་རང་དབང་ཡོད་མ་རེད་་ཡིན་ཀྱང་མ་འོང་་བོད་ལ་རང་བཙན་ཐོབ་པ་ཡིན་ན་་་བོད་ཀྱིས་རྒྱལ་པོ་འམ་བཙན་པོ་ནི་ས་སྐྱ་ཡིན་པ་སྨོས་མི་དགོས་པ་རེད་། དེ་སང་དུས་འདི་བོད་བཙན་པོས་གདུང་རྒྱུད་ཟེར་བ་གོ་ཐོས་འདུག་དགོད་མོ་སྐུག་ནས་ཤོར་གི་འདུག།་ས་སྐྱ་གདུང་རྒྱུད་མ་ཏོག་གདུང་རྒྱུད་ལ་ངོས་ལེན་མེད་།
ངོ་མ་སྣང་བ་སྐྱིད་ཐག་ཆོད་ནི་རེད་ས་སྐྱ་མ་གཏོག་མེད་ནི་ཟེར། གལ་ཏེ་ས་སྐྱ་བ་ལ་སྦྱར་དགོས་ན་་ཡང་ཁོང་གི་སཁས་མིནལེན་གྱི་ཧཧཧཧཧཧཧཧས་སྐྱ་ལས་རང་གལ་ཆེ་བས་ཕྱིར། བློ་བཟང་ལགས་ཧཧཧཧཧཧ
རིགས་ཞེན་དཀར་པོ་ལགས། མ་འོངས་པའི་བོད་ཅེས་པའི་དེབ་དེ་རྩོམ་པ་པོ་གཉན་ཆེན་ལྷ་རྩོམ་སྒྲིག་པ་བློ་གྲོས་ཟེར་བ་ཁོང་ཡིན་པ་ཡོད།
ཆོད་ཁ་དང་ཆོས་ལུགས་ལ་ཕྱོགས་རིས་ཅན་ཞིག་གིས་གང་འདྲ་བྱས་ནས་བོད་ཀྱིས་རྒྱལ་པོ་འཛིན་རྒྱུ་རེད།
ཇོ་ནང་བ་ལ་ཆོས་རྒྱུད་ཀྱིས་ཐོབ་ཐང་སྤྲད་མ་བཅུག་པ་ནི་ཕྱོགས་རིས་དང་རང་འདོད་མིན་ན་ཅི་རེད།
བོད་མིའི་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། ས་སྐྱ་བའི་འདིའི་ནང་དོན་གོ་ཡོད་རྒྱུ་རེད་བསམ། རང་གིས་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག།
བོད་བཙན་པོའི་གདུང་རྒྱུད་དེ་ཆབ་སྲིད་འབྲེལ་ཆེ་བ་དང་། ས་སྐྱའི་གདུང་རྒྱུད་འདི་ཆོས་འབྲེལ་ཆེ་བ་ཡིན་གཉིས་འཇོག་དགོས་པ་ལས། དེ་གཉིས་བསྲེས་ན་གཉིས་ཀ་ཉམས་པའི་རྒྱུ་རུ་འགྲོ་མི་སྲིད་པ་མིན་ནོ། །
ས་སྐྱའི་གདུང་རྒྱུད་འདི་ཆོས་འབྲེལ་ཆེ་བ་ཡིན་གཉིས་འཇོག་དགོས་པ་ལས།
འདི།
ས་སྐྱའི་གདུང་རྒྱུད་འདི་ཆོས་༼དང་༽འབྲེལ་ཆེ་བ་ཡིན་༼དེ་༽གཉིས་༼སོ་སོར་༽འཇོག་དགོས་པ་ལས།
སྤྲུལ་སྐུ་བསྟན་དོན་དུ་བྱོན་པ་ཡིན་ན།།
བསྟན་པ་ལ་མཛད་རྗེས་བཞག་དགོས།།
གདུང་སྲས་རྣམ་གཉིས་ལ་གུས་ཞབས་ཡོད། འོན་ཀྱང་བཙན་པོའི་གདུང་རྒྱུད་ཡིན་མིན་གྱི་ཆ་ནས་བཤད་ན་བོད་མཐའ་མཚམས་ཀྱི་རྨ་ཆུ་ཤར་ལྷོ་རྒྱུད་ཀྱི་བིས་མདོ་དང་རྡོ་སྦིས། རྐང་ཚ། རྐ་རང་སོགས་རེབ་གོང་མར་ནང་ཕྱོགས་ཀྱི་སྒོ་ཕྱུགས་གསོ་སྐྱོང་བ་དེ་ཚོ་ཡང་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་པ་ནི། མཁས་པའི་དབང་པོ་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེས་མཛད་པའི་རྟོགས་བརྗོད་དངུལ་གྱི་མེ་ཏོག་ལས། གཞན་སྡེ་ཟིལ་གནོན་སེང་གེའི་དཔའ་རྩལ་ཅན།།རིགས་གཟུགས་ལང་ཚོ་བསྙེམས་པའི་འགྲོ་འདི་དག།ཆོས་རྒྱལ་མེས་དབོན་དུས་སུ་སོ་སྲུང་དུ།།མངགས་པའི་བྷོ་ཊ་རང་གི་འཁྲུལ་མེད་རྒྱུད།།ཅེས་གསུངས་སོ། །ཕྱིས་སུ་ས་སྐྱའི་གདུང་རྒྱུད་ལས་མཆེད་པའི་རོང་ཆེན་མདོ་སྡེ་འབུམ་གྱི་སྲས་འབྲིང་པོ་གསུམ་ལས་མདོ་སྨད་ཀྱི་ཕྱོགས་འདིར་དབང་ཐང་འཕེལ་ཚུལ་རེབ་གོང་གདན་རབས་ན་གསལ།
མེ་ཏོག་དཀར་པོ་ལགས། བོད་པ་ཚང་མ་བོད་ལ་དགའ་ན་ང་དེ་ལ་ཅིའི་ཕྱིར་མི་དགའ། འོན་ཀྱང་རང་ཉིད་གང་ལ་དགའ་ས་དེ་བསྟོད་དྲག་གང་ལ་མི་དགའ་ས་དེ་སྨད་དྲག་ན་ང་མི་དགའ་ས་དེ་ཡིན།
གལ་སྲིད་རྒྱལ་བ་རིན་པོ་ཆེ་གིས་ཆོས་སྲིད་ཁ་ཁ་བྱས་མེད་ན་བླ་ཆེན་དེ་ཚོའི་གོ་སའི་ཆེད་དུ་ཡང་བསྐྱུར་བོད་ཁམས་ཡོང་སུ་ཁྲག་གིས་འཁོར་ལོ་གཉིས་པ་ཞིག་བསྐོར་དུ་འཇུག་ངེས། ད་ལྟའི་བྱེད་སྟངས་དང་འགྲོ་སྟངས་ལ་བལྟས་ན་ཤེས་ཐུབ། རྒྱལ་བ་རིན་པོ་ཆེ་མེད་གི་ཉི་མ་ཞིག་ལ་བོད་དོན་འདི་གང་འདྲ་ཞིག་ལ་འགྱུར་འགྲོ་ས་རེད། བླ་མ་དང་དཔོན་རྒྱུད་གདོང་རྒྱུད་སོགས་ནི་དོན་དངོས་སུ་སྲིད་དབང་སྒེར་གཅོད་རང་ལུགས་པ་ཡིན་པ་ལས་བྱམས་སེམས་ཅན་དང་དྲངས་བདེན་ཅན་སྦྱིན་རླབས་ཅན་ཞིག་མ་རེད། ད་དྲ་གྲོགས་ཚོ་བླ་མ་དང་ཆོས་ལུགས་སོགས་ཕན་ཐོགས་མེད་པའི་བྱ་བ་དེ་ཚོ་ཞོག་ཅིག། ད་ལྟའི་བོད་ཕྱི་ནང་གིས་གནས་ཚུལ་དང་མ་འོངས་བའི་ཁ་ཕྱོགས་གླེངས། མ་རྟོགས་དྲན་པ་བྱོས་ང་ཚོ་རྒྱ་གར་ལ་ལོ་ལྔ་བཅུ་ལས་འདུག་ཆོག་གི་མེད་ལ། སྔར་ལོ་འཁོར་ལྔ་བཅུའི་རིང་ལ་ཆོས་རྐྱང་རྐྱང་སྒྲུབ་པ་དང་ཕྱོགས་རིེས་ཐེན་ཁྱེར་བྱས་ནས་གྲུབ་འབྲས་ཅི་ཞིག་བླང་ཡོད། ད་དགོས་པ་ཤོད་མི་དགོས་པ་དེ་ཚོ་ཞོག་ཞིག། ཆུ་ཚོད་དམ་འཛིན་ཡིན་ད།
འཇིགས་མེད་འོད་ལྡན་གྱི་སྐད་ཆར་མོས་མཐུན་ཡོད།
གཟུགས་པོའི་ས་བོན་ཙམ་ཞིག་རྒྱུན་རིང་ཐུང་ལ་གཙིགས་ཆེ་ཆུང་འཛིན་ན་ང་ཡང་རྩ་ཆེན་ཡིན་ཏེ་ཐོག་མ་མེད་པ་འདིར་བསླེབས་པ་རེད། བོད་པ་འདི་ཚོ་ཆི་རེད། གོ་རྟོགས་རྩ་བ་ནས་སད་རྒྱུ་མེད་པ་ཕྱི་ལོག་ཉི་མ་ཤར་ན་མིག་ལ་སྦར་མོ་འགེབས།།
ཆོས་ཕྱོགས་ནས་བཤད་ན་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་རིགས་མི་གཙོ་རུས་མི་གཙོ་བར་བསླབས་པ་དང་སློབ་གཉེར་གཙོ་བར་གསུངས་ཡོད་ཅིང་།སློབ་དཔོན་དབྱིག་གཉེན་གྱིས་ཀྱང་།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།དེ་འཛིན་བྱེད་པ་སྨྲ་བྱེད་པ།།བཤད་དང་སྒྲུབ་པ་ཁོ་ནའོ།།ཞེས་གསུངས་ཡོད་པ་རེད་མ་གཏོགས།རྒྱལ་པོ་དང་དཔོན་པོ།སྐུ་དྲག་གི་བརྒྱུད་པ་གང་ཡིན་ནང་ཕན་ཚུན་གཉེན་འབྲེལ་ཙམ་བཟུང་སྟེ་མཐོན་པོའི་ཁྲི་ལ་འགྱིང་ནས་བསྡད་ཙམ་གྱིས་བསྟན་པ་འཛིན་སྐྱོང་ལ་མི་ཕན་པ་ཙམ་མ་ཟད།རྒྱ་དམར་གྱིས་དུས་རྒྱུན་༧གོང་ས་མཆོག་ལ་བྲན་གཡོག་བདག་པོ་དང་བཀས་བཀོད་རྒྱུན་འཛིན་སླར་གསོ་བྱེད་མཁན་སོགས་བརྗོད་བསྡད་པའང་།དོན་དངོས་སུ་བཙན་བྱོལ་ནང་བྱས་རྗེས་མེད་ཀྱང་ཆོས་སྲིད་གང་ཐད་མི་བརྒྱུད་དེད་དེ་དབང་ཆ་ཅན་མང་པོ་ཅིག་བྱུང་བཞིན་པ་དེས་འདྲོགས་འགོ་བསླངས་ཀི་ཡོད་པ་རེད།
ལྷག་པར་བཙན་བྱོལ་ནང་ཁྱིམ་ཚང་ཁག་ཅིག་གི་ཕ་རིང་བུ་རྒྱུད་ཡོངས་སུ་རྫོགས་པ་བླ་སྤྲུལ་རྐྱང་རྐྱང་དང་སྦྱིན་བདག་འབྱོར་ལྡན་ཚོའང་སྤྲུལ་སྐུ་བཟོས་ཏེ་སྡོམ་པ་མེད་བཞིན་དུ་གྲ་ཆས་ཚུན་ཆད་སྤྲས་བཅུག་གི་ཡོད་པ་སོགས།
སངས་རྒྱས་བསྟན་པ་ཟེར་བ་རྩེད་ཆས་ཁོ་ན་ཅིག་ལ་བླ་ཆེན་མི་ཆེན་ཚོས་བེད་སྤྱོད་གཏོང་གི་ཡོད་སྟབས།༧གོང་ས་མཆོག་ལ་ངོ་ལོག་དང་རྒྱ་དམར་ལ་རོགས་པ་དེ་ལས་ལྷག་པ་ཅིག་མི་དགོས་པ་རེད།
ད་རྒྱ་དམར་དང་གྲྭ་དམར་འདི་ཚོས་འདུག་གི་ཟིག་མི་གྱོག་ཀ
་་་་དམར་གྱིས།
རྒྱ་དམར་གྱིས་རྒྱ་གཞུང་ལ་ཕན།
དར་དམར་གྱིས་རྒྱ་རིགས་ལ་ཕན།
གྲྭ་དམར་གྱིས་དད་ལྡན་ཕན།
ཁྲག་དམར་གྱིས་རང་བློས་བཏང་།
སྙིང་དམར་གྱིས་གོས་དམར་རེ།
མིག་དམར་གྱིས་མེ་ལ་ཅེར།
མེ་དམར་གྱིས་རང་ལུས་བསྲེགས།
ས་སྐྱ་ཆོས་ལུགས་འདི་ནི་དེ་སང་རྙོག་དྲ་དང་རང་འདོད་མེད་པའི་བོད་ཀྱིས་ཆོས་ལུགས་ཡང་དག་པ་ཞིང་རེད་།
དཔེ་ན་དགེ་ལུགས་བཀའ་རྒྱུད་རྙིང་མ་སོགས་ལ་རྙོག་དྲ་ཧ་ཅང་ཡོད་པའི་དུས་འདི་ས་སྐྱ་པའི་བླ་སློབ་རྣམས་ཕར་ཚུར་དམ་ཚིག་མཐུན་པ
དང་གངས་ཅན་བོད་ལ་བཀའ་དྲིན་སྐྱོང་བ་སོགས་གང་གིས་ཐད་ནས་ཧ་ཅང་ཡག་པོ་འདུག
ས་སྐྱ་གདུང་རྒྱུད་འདི་བོད་བཙན་པོ་གདུང་རྒྱུད་ཆགས་ན་བོད་ལ་རྙོག་དྲ་འདི་འདྲ་ཡོང་དོན་མེད་པ་དང་་མྱུར་དུ་རང་དབང་ཐོབ་པ་གངས་ཅན་བོད་ལ་སྤྱིད་པའི་ཉི་མ་ཤར་བ་ཐེ་མཚོམས་མེད་།
མ་འོང་པའི་ས་སྐྱ་ཁྲི་འཛིན་ནི་ཕུན་ཚོགས་ཕོ་བྲང་གི་སྲས་ཀྱི་འཛིན་ན་བཟང་། དེ་ནི སྔོན་ཀྱི་ལུགས་སྲོལ་རེད་། ཡོན་ཏན་མེད་ན་གདུང་རྒྱུད་ཡིན་པས་ཆོག།
ངས་བལྟས་ན། བོད་ཀྱི་ནང་ཆོས་གྲུབ་མཐའ་ཁག་གི་ནང་ནས། ས་སྐྱ་དེ་ཐུན་མིན་གྱི་ཁྱད་ཆོས་ཟབ་མོ་ཡོད་པའི་གྲུབ་མཐའ་ཞིག་རེད། གཅིག། གྲུབ་མཐའ་དེས་སྲིད་སྐྱོང་མྱོང་ལ་ཆོས་ཀྱང་སྐྱོང་མྱོང་། གཉིས། གྲུབ་མཐའ་དེས་འདུལ་བ་འཛིན་པའི་སྡེ་ཕུན་སུམ་ཚོགས་པ་ཡོད་ལ། གོས་དཀར་ལྕང་ལོ་ཅན་གྱི་དགེ་འདུན་ཡང་ཉམས་མེད་ཞུགས་ཡོད། གསུམ། གྲུབ་མཐའ་དེ་ལ་གཏིང་ཟབ་པའི་ཚན་ཉིད་རིག་པ་དང་མདོ་ཕྱོགས་ཀྱི་གཞུང་ལུགས་ཕུན་སུམ་ཚོགས་པ་ཡོད་ལ། རྒྱ་ཆེ་བ་དང་ཟབ་པའི་སྔགས་ཕྱོགས་ཀྱི་གཞུང་ལུགས་རྒྱས་པར་མཆིས། བཞི་པ། གྲུབ་མཐའ་དེར་རྒྱ་གར་གྱི་པན་ཆེན་གྱི་ཐད་ཀའི་བྱིན་རླབས་ཡོད་ལ། བོད་ཀྱི་མཁས་པ་མང་པོའི་རྣམ་དཔྱོད་ཀྱང་ཕྱོགས་གཅིག་ཏུ་སྤུངས་ཡོད།
ལྷག་དོན་དུ། སྐྱ་བོའི་མི་ཚོགས་ཁྲོད་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བའི་གོ་ལ་འདིར། ས་སྐྱ་གོང་མ་ལྟ་བུའི་གོས་དཀར་ལྕང་ལོ་ཅན་གྱི་སྲོལ་རྒྱུན་ཟབ་མོ་ཞིག་དར་ཐུབ་ན། ཕུགས་ལ་ནང་ཆོས་རྒྱ་ཆེར་སྤེལ་བར་ཕན་པ་ཆེ། སྤྱིར་རི་བོ་དགེ་ལྡན་པ་དེ་འདུལ་བ་འཛིན་པར་ཆེས་ཕུལ་བྱུང་ཞིག་ཡིན་རུང་། གོས་དཀར་ལྕང་ལོའི་དགེ་འདུན་པ་མེད། རྙིང་མ་དང་བཀའ་བརྒྱུད་པར་སྐྱ་སེར་འདྲེས་པ་མང་བ་ལ། ཚེ་སྟོད་འདུལ་འཛིན་ཚེ་སྨད་སྐྱ་བོ་ཡིན་པའི་བླ་མའི་འགྲོ་སྟངས་འདིས་མི་མང་པོ་འཐོམ་པར་འགྱུར།
དེར་བརྟེན། ས་སྐྱ་ལྟ་བུའི་གོས་དཀར་ལྕང་ལོའི་སྲོལ་ལེགས་པོ་ཞིག་དར་ཐུབ་ན། སྐྱ་བོའི་སྤྱི་ཚོགས་ལས་གྲུབ་པའི་མི་སྡེ་འདིར་ཕན་པ་ཆེ་བར་སྣང་།
གཟུར་གནས་ལ་
ཚེ་སྟོད་འདུལ་འཛིན་ཚེ་སྨད་སྐྱ་བོ་ཡིན་པས་འཐོམ་རྙིང་མའི་གུ་རུ། བཀའ་བརྒྱུད་ཀྱི་ན་རོ་བ།
ས་སྐྱའི་བིར་ཝ་བ་སོགས་ཚང་མ་་་་།
ཨ་ལ་རྩེད་མོ་ཡིན། མཆན་གོ་རྒྱུ་ཡོད་པ་ཞིག་བྲིས་འདུག་ལགས།
དེར་བརྟེན། ས་སྐྱ་ལྟ་བུའི་གོས་དཀར་ལྕང་ལོའི་སྲོལ་ལེགས་པོ་ཞིག་དར་ཐུབ་ན། སྐྱ་བོའི་སྤྱི་ཚོགས་ལས་གྲུབ་པའི་མི་སྡེ་འདིར་ཕན་པ་ཆེ་བར་སྣང་། ཟེར།
ས་སྐྱ་པས་ཇོ་ནང་ལ་སྡིག་བཤགས་དགོས་ས་རེད། ད་ཡིན་དཀར་པོ་ལས་དམར་པོ་མེད་པ་ཆགས་ཚར།
ཁ་བཤད་ཚིག་དེ་ཁོག་པར་གནས་དཀའ་ན།།
གནས་དཀའ་བྱ་བ་རླུང་བུས་གང་སྐྱོད་ཡིན།།
གང་སྐྱོད་ངེས་མེད་སླུ་བའི་གཡམ་རྒྱུག་དེ།།
གཡམ་རྒྱུག་བྱིས་པའི་བློ་འདྲ་ཡིད་བསྟུན་མེད།།
དངོས་དེ་འདྲ་བྱེད་ན་ཡག་པོ་མ་རེད་།
དགེ་ལུགས་པ་ཚང་ལའང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལོས་ཡོད། བླ་བྲང་དགོན་པའི་ཉེ་འཁྲིས་སུ་ཡོད།
རྗེ་དགེ་འདུན་གྲུབ་པས། བླ་མ་ཕལ་ཆེར་ཕྱུག་པོའི་བུ་ལ་འཁྲུངས།།མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེས།།ཞེས་གསུངས་པ་ལྟར་འུ་ཚང་གི་རླུང་རྟ་ནི། བླ་མ་མེད་པའི་གོང་རོལ་ན།།སངས་རྒྱས་བྱ་བའི་མིང་ཡང་མེད།།
མེ་དཀར་གྱི་ཡོངས་འཛིན་གསར་པ་བློ་བཟང་ཡེ་ཤེས་ལགས་གནང་འདོད་ཡོད་འདྲ། ཧཧཧ།
པར་དེའི་ནང་གི་ཁོང་རྣམ་གཉིས་བཟའ་ཚང་ཡིན་པ་འདྲ་ ག་གི་བུ་རས། ག་གི་བུ་མོ་རས། མིག་ཡག་པོ་མེ་ཙང་ངོ་ཆོད་ཀྱི་མིན་འདུག
ཁྱོད་ཚོའི་ལུགས་ལ་བུ་དང་བུ་མོ་ལ་ཁྱད་པ་ཡོད་དམ། ཧ་ཧ་ཧ་། སྐྱག་ཁུང་དང་གཅིན་ཁུངཧ་ཧ་ཧ་ཧ
༧དཔལ་ལྡན་ས་སྐྱ་བའི་ཁྲི་འཛིན་དེ་སྒྲོལ་མ་ཕོ་བྲང་དང་། ཕུན་ཚོགས་ཕོ་བྲང་གཉིས་རེས་མོས་སུ་ལོ་ཚད་གཏན་ཁེལ་གྱི་ཕེབས་སྲོལ་ལྟར་ན་ད་ལྟའི་ཁྲི་འཛིན་སྒྲོལ་མ་ཕོ་བྲང་མཆོག་ཁྲི་ཟུར་གནང་རན་སྐད་ཀྱི་གཏམ་འཆལ་ཞིག་གོ་རྒྱུ་འདུག་པས། དེའི་སྐོར་ལ་རྫ་ཚེ་ནས་གནས་ལུགས་ཡོད་པའི་འགྲེལ་བཤད་ཅིག་གནང་སྐྱོང་ཡོང་བ་ཞུ།
དོན་དག་ཡོད་པའི་མཆན་ཞིག་མ་མཐོང་མོད། མ་ཟིན་དེ་ཡག་པོ་མཐོང་། རྙིང་ཞིང་རུལ་བའི་ཟིན་པ་ཚོའི་ཁྲོད་རྫ་ཚེ་འདི་པ་ཅུང་གསལ་དག་འདྲ་ཞིག་མཐོང་། དེ་མིན་ཁ་བརྡའི་ནང་གི་ཟིན་མཆན་པ་དེ་ཚོ་ད་གང་དྲག
བོད་ཀྱི་བུ་མོ་མཛེས་མ་ཚང་མ་ས་སྐྱ་ཚང་གི་བགོ་སྐལ་རེད་འདུག ས་སྐྱ་ཚང་ལ་ཁེ་ཕན་ཆེན་པོ་འདུག
གོང་དུ་ཨ་ཕྱི་ཟེར་བ་དེས་གོང་འོག་མང་པོར་ས་སྐྱ་པས་ཇོ་ནང་གི་ཐོབ་ཐང་ལ་བཀག་འགོག་གནང་ཡོད་ཚོད་ཀྱི་དཀྲོགས་གཏམ་ཞིག་སྤེལ་འདུག ཁྱེད་ཀྱིས་གནས་ལུགས་མ་མཁྱེན་ནས་བཤད་བཞིན་ཡོད་ན་ཐུགས་ཁག་མེད། ཅི་སྟེ་ཁྱེད་རང་གིས་མི་རེ་གཉིས་ཀྱི་ངོ་གདོང་ལ་ལྟས་ནས་སྐད་ཆ་དེ་མུར་བཤད་ན་དགེ་མཚན་དང་ལས་འབྲས་ལ་ཁུངས་སྐྱེལ་ཇི་ལྟ་འགྲོ་མིན་ཐུགས་བསམ་བཞེས་དགོས། ས་སྐྱ་གོང་མས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་གནང་རོགས་ཟེར་ནས་ཇོ་ནང་ཚང་ལ་ཁོང་གིས་འཁྲུལ་མེད་ཀྱི་ཕྱག་རྟགས་བསྩལ་ཡོད། ཁྱེད་མིག་གཉིས་ཡོད་ན་བོད་ཀྱི་དུས་བབ་དྲྭ་ཚིགས་དང་ཁོང་ཚང་ལ་ཐད་ཀར་འབྲེལ་གཏུགས་བྱོས་དང་ཤེས་ཡོང་། ས་སྐྱའི་ཕྱོགས་ནས་ཇོ་ནང་ས་སྐྱ་ཡིན་པ་ནམ་ཡང་སྒྲུབ་མེད་ལ་སྒྲུབ་འདོད་དེ་བས་ཀྱང་མེད། ཡིན་ནའང་ཇོ་ནང་རང་ཉིད་ཀྱི་བླ་མ་དམ་པ་རྣམས་ཀྱིས་རང་ཉིད་ས་སྐྱ་ཡིན་པ་ཞལ་དྲོན་མོ་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་ཡོད་པ་ལོ་རྒྱུས་ཀྱི་ཡིག་ཆ་དེ་དག་ལ་གསལ་གསལ་ཐིང་ཐིང་རེད། བར་ལམ་ཞིག་ནས་ཇོ་ནང་མཚན་ཐོག་ནས་ས་སྐྱ་པར་རྒོལ་གཏམ་སྤེལ་མཁན་དང་ས་སྐྱའི་མཚན་ཐོག་ནས་ཇོ་ནང་ལ་བཀག་རྒྱ་གནང་མཁན་བྱུང་ཡོད། ཡིན་ནའང་མི་དེ་དག་ནི་ཆོས་བརྒྱུད་དེ་གཉིས་ལ་ཁ་ཞེ་དཀར་བའི་མི་སྣ་མིན་པ་མ་ཟད་དཀྲོགས་གཏམ་གཉིས་ཀྱི་དབར་ན་སྐབས་འཚོལ་གྱི་ལས་དོན་གཉེར་ནས་ཁེ་ཕན་ཆུང་རྩགས་རེ་རེག་ཐབས་བྱས་ཡོད། དོན་ངོ་མའི་ཐོག་ནས་ས་ཇོ་གཉིས་པོ་དམ་ཚིག་ལྷད་མེད་དང་རྡོག་རྩ་གཅིག་སྒྲིལ་ཡིན། མ་ཟད་ཁོང་གཉིས་བླ་སློབ་ཀྱི་འབྲེལ་བ་དང་དམ་ཚིག་གཙང་མ་ཡོད་མཁན་ཞེས་རེད། དེས་ན་ཁྱེད་ཚོས་དགོས་དབང་གིས་ཇི་ཙམ་་དཀྲུགས་ཀྱང་ཁྱེད་ཚོར་དགོས་ངེས་ཀྱི་ཁེ་ཕན་ཞིག་རེག་དཀའ།
མེ་ཏོག་དཀར་པེའི་འབྲུག་པའི་ཁུང་བུ་དེའི་ནང་ལ་ཡང་སྐྱར་འབུད་རྒྱུ་བྱུང་ན་ཨ་ཨ་ངོ་མ་
ང་འབྲུག་པ་ཡིན་པས་ཞེ་བློ་བདེ། །
རང་བཙན་ཡོད་པས་སྐྱིད་པ་ལ། །
མི་དབང་མངའ་བདག་བག་རེ་བྲོ། །
བློན་འབངས་མི་སེར་དགའ་གླུ་ལེན། །
ཕུ་ན་གངས་རི་དཀར་པོ་བརྗིད། །
མདའ་ན་གཙང་པོ་གྱ་མ་གྱུ། །
བར་ན་མནའ་དེང་རིག་གནས་དར། །
བཀྲ་ཤིས་དཔལ་ལྡན་དཔལ་ལྡན་འབྲུག །
གུ་རུས་བྱིན་རླབས་གུ་རུར་དད། །
གུ་རུའི་དམ་ཚིག་ལ་གནས་པས། །
ངེད་ཅན་ཡུལ་འདི་བཀྲ་རེ་ཤེས། །
Tama ཁྱོད་ལ་ལོང་ཡོད་ན། །
ཕེབས་ཤོག་སྦས་ཡུལ་འདིར་ཕེབས་ཤོག །
ཡུལ་ལྗོངས་བཀོད་པ་ཕུན་སུམ་ཚོགས། །
བྱིན་ཅན་གནས་ཀྱི གཟི་ཁ་འབར། །
སྨན་ཆུང་བུ་མོའི་ལང་ཚོ་རྒྱས། །
ཕྱི་ནང་ཕུན་ཚོགས་ཡུལ་འདིར་ཕེབས། །
ཧཧཧེཧེཧེེཧ་་མེ་དཀར་ལགས། ག་རེད་བསམ་གི། སྐྱིད་ཀི་ཡ། གསར་མའི་ཆོས་འདི་ཚང་མ་རྫུན་མ་རེད་རྒྱ་གར་ནས་སངས་རྒྱས་གཤེགས་ནས་ལོ་1500 ཡས་མས་སོང་ཟིན་པའི་འོག་ཏུ་་རྡོ་རྗེ་འཆང་དང་། མཁའ་འགྲོ་མའི་དྲུང་ནས་ཁྱེར་ཡོང་བ་རེད་ཟེར་གི ད་གང་ཤེས།
མེ་ཏོག་དཀར་པོ་ལགས།
དྲྭ་གྲོགས་མེ་ཏོག་དཀར་པོའི་འདི། །
སྦས་ཡུལ་འབྲུག་མོའི་བུ་ཡིན་ཟེར། །
རང་བཙན་ཡོད་པའི་རྒྱལ་ཁབ་དང་། །
གུ་རུས་བྱིན་རླབས་གནས་ཡིན་ཟེར། །
རང་བློས་ཁུངས་འཚོལ་གྱིས།
རྙིང་མ་ཡིན་ཚད་ཚད་ལྡན་དང་། །
གསར་མ་ཡིན་ཚད་ཁུངས་མེད་ཅེས། །
ཁུངས་མེད་འཆལ་གཏམ་མ་ཉན་པར། །
མགོན་པོས་རང་བློས་ཁུངས་འཚོལ་གྱིས། །
བུ་མེད་དག་ལ་རང་དབང་མེད་པ་བོད་ལས་སྡིག །
དེང་རབས་འཕྲུལ་ཆས་མ་དར་བོད་ལས་བཙོག །
ཕྱི་མི་ནང་ལ་མི་འཇུག་རྒྱ་ལས་སྡིག །
འབྲུག་པའི་ཡུལ་ལ་རང་དབང་གང་ན་ཡོད། །
ཡང་སྨྲས་པ།
རྙིང་མའི་༸དིལ་གོ་མཁྱེན་བརྩེ་ཁོང་། །
ང་ཡི་བརྩ་བའི་༸བླ་མ་ཡིན། །
ས་སྐྱའི་༸གོང་མ་རིན་པོ་ཆེ། །
ང་ཡི་རྩ་བའི་༸བླ་མ་ཡིན། །
དུང་སྲས་རྒན་གཞོན་རྣམ་པ་གཉིས། །
ང་ཡི་རྡོ་རྗེའི་སྤུན་གྲོགས་ཡིན། །
རྙིང་མར་དད་ནས་གསར་མ་སྦྱོངས། །
གསར་མར་སྦྱངས་ནས་རྙིང་མར་དད། །
སྐྱེས་བུ་དེ་འདྲའི་ཡོན་ཏན་ནི། །
རིས་མེད་ཕུན་གསུམ་ཚོགས་པར་འགྱུར། །
བརྩ་བའི་འདི་རྩ་བའི་དང་། ཕུན་གསུམ་ཚོགས་་་་ཕུན་སུམ་ཚོགས་་ལ་་་བཅོས་ནས་ཀློག་རོགས།
སྡིག་ཟེར་བ་སྡིག་པ་མིག་བཙུམ་མ་རེད་ནི། ཧཧཧཧཧ