འཇིགས་མེད་བློ་གྲོས།
སེང་གེ་དཀར་མོའི་སྡེར་མོ་འཁུམ་བྱེད་པའི། །
་བཟོད་དགུ་གསུམ་འགྲིམ་པའི་གྲང་བའི་ངར། །
གཞོམ་བྱེད་གཏུམ་མོ་མེ་ཡི་རྣལ་འབྱོར་གྱི། །
རས་དཀར་འཆང་བའི་བརྒྱུད་པ་གང་དེར་འདུད། །
འགོས་ལོ་གཞོན་ནུ་དཔལ་གྱིས། དཔལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ་འདི་ནི་ཚིག་གི་བརྒྱུད་པ་མ་ཡིན་གྱི་དོན་གྱི་བརྒྱུད་པ་ཡིན་ལ། ཞེས་གསུངས་པ་ལྟར། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པར་ཕྱི་ལུང་དང་རིགས་པའི་སྤྲོས་བཅས་ཀྱི་ཐབས་ཚུལ་ལ་བརྟེན་ནས་རྗེས་དཔག་གཉིས་སྣང་ཅན་གྱི་བློ་ཡིས་ཆོས་རྣམས་ཀྱི་གཉུག་མའི་དེ་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་ལམ་སྲོལ་ཅིག་དང། ནང་སྒོམ་པ་ལས་བྱུང་བའི་སོར་རྟོགས་ཀྱི་ཡེ་ཤེས་ཀྱིས་མཚན་འཛིན་གྱི་སྤྲོས་པ་ནང་རོལ་ནས་བཅད་དེ་རང་བྱུང་གདོད་མའི་ཆོས་ཉིད་མངོན་དུ་བྱེད་པའི་ཤིང་རྟའི་ལམ་སྲོལ་གཉིས་ལས། དཔལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ་ཐ་སྙད་ཚིག་གི་སྤྲོས་ཆོས་ལ་མ་བརྟེན་ནས་གཞི་མེད་སྒྲོ་འདོགས་ཀྱི་རྟོག་པ་ནང་རོལ་ནས་བཅད་དེ་སྙིང་པོའི་དེ་ཉིད་ལ་དམར་འཇུ་བྱེད་པའི་རིང་ལུགས་དེ་ནི་ཕྱི་མ་དེ་ཀའོ། །
ཁོ་བོ་སྙིང་པོ་དོན་གྱི་བརྒྱུད་པའི་རིང་ལུགས་འདི་ཉིད་ཀྱི་བསྟན་ཞབས་སུ་སྐྱེས་ཤིང་གཞོན་ནུའི་དུས་ནས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་གསལ་བྱེད་དཔལ་དབྱར་རྔ་པ་ཆེན་པོ་བཅུ་གཉིས་པའི་མདུན་ནས་སྤྱི་གཙུག་གི་སྐྲའི་ལོ་མ་བཅད་དེ་རབ་བྱུང་གི་རྟགས་ཆ་ལུགས་ལེན་པའི་གོ་སྐབས་ཐོབ་པར་གྱུར་པ་དེ་ལྟ་ནའང། ཐོས་པ་ལྷུར་ལེན་གྱི་འདུན་པ་ཤུགས་དྲག་བཟློག་ཏུ་མེད་པ་ཅིག་གིས་བྱ་སྤུ་རླུང་གིས་བདས་པ་ལྟར་འཁྱེར་ཏེ། ༸སྐྱབས་མགོན་རྒྱལ་བའི་དབང་པོའི་ཕོ་བྲང་གི་ཉེ་འདབས་སུ་ཆགས་པའི་རིགས་ལམ་སློབ་གཉེར་ཁང་དུ་བསླེབས་པར་གྱུར་ཏོ། །
སློབ་གཉེར་ཁང་དེར་བགྲང་བྱ་བཅུ་གསུམ་ཙམ་གྱི་རིང་གཞོན་དུས་ཀྱི་སྒོ་གསུམ་ལང་འཚོའི་ནུས་ཤུགས་ཡོངས་རྫོགས་ཐོས་བསམ་སློབ་གཉེར་གྱི་བྱ་བའི་ཕྱོགས་སུ་ཟད་ནས་རྫོགས་ཤིང་། དྲིན་ཅན་བཤེས་གཉེན་བཅུ་ཕྲག་ལ་ཉེ་བའི་དྲུང་ནས་གཞུང་བཀའ་པོད་ལྔའི་ཟབ་དོན་ལ་ཕྱོགས་རེ་བ་དང་རགས་པ་རེའི་ཐོས་བསམ་ལ་བརྩོན་ཁུལ་བགྱིས་ཏེ་སྦྲང་བུའི་གཤོག་ཟུང་གི་སྲབ་མཐུག་ལྟ་བུའི་གོ་མྱོང་གི་བག་ཆགས་ཕྲན་བུ་རེ་ཡང་བཞག་ཁུལ་བྱས།
འདི་ལོ་རིས་མེད་སློབ་དཔོན་གྱི་སློབ་ཚན་གྲས་དཔལ་མཉམ་མེད་བཀའ་བརྒྱུད་པའི་གཞུང་ལུགས་ལ་ཐོས་བསམ་གྱི་བག་ཆགས་འཇོག་ཕྱིར་ངེད་ཅག་འཛིན་གྲྭ་གཅིག་པའི་སློབ་གཉེར་བ་རྣམས་དྭགས་བརྒྱུད་བསྟན་པའི་གསལ་བྱེད་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་ཉིན་བྱེད་དབང་པོའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་ཆེད་གཅར་ཞུས། བཤད་གྲྭའི་མཁན་ལས་འདུས་མང་ཡོངས་ཀྱིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བདག་རྐྱེན་ཕུན་སུམ་ཚོགས་པ་སྦྱོར་མུས་ལ་རྗེས་དྲན་ཡི་རང་བཅོས་མིན་ཞུ་བཞིན་ཡོད།
བཤད་གྲྭ་འདི་སྦིར་བོད་གཞིས་ནས་སྤྱི་ལེ་དྲུག་ཙམ་གྱི་སར་ཆགས་ཡོད་པ་དང་། ཁོ་ར་ཁོར་ཡུག་ཏུ་རང་བྱུང་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བ་ལས་ཁ་ཐག་ཉེ་སར་འཇིག་རྟེན་པའི་དུད་ཁྱིམ་སོགས་མཐོང་ཡུལ་དུ་མེད་སྟབས་དགོན་པ་མཚན་ཉིད་པ་ཅིག་ཡིན་པའི་སྣང་བ་སྟེར།
རྡ་ས་རིགས་སློབ་ལྟ་བུར་མཚོན་ན་གྲྭ་ཤག་གི་སྒོ་ཁ་བརྒལ་ཙམ་ནས་རྒྱལ་སྤྱིའི་མི་སྣ་རྒྱུ་འགྲུལ་བྱེད་པའི་ལམ་ཁར་བསླེབས་ཤིང་། གྲྭ་ཤག་དང་འཛིན་ཁང་། ཚོགས་ཁང་གསུམ་དུ་མ་བསྡད་ཕྱིན་གང་དུ་སོང་ཡང་ཚོང་པ་དང་ཡུལ་སྐོར་བ། སྲིད་དོན་པ་དང་ཆོས་ལུགས་པ་སོགས་རྣམ་པ་སྣ་ཚོགས་ཀྱི་མི་དང་འཇིག་རྟེན་བྱ་དངོས་ཟང་ཟིང་གི་འདུ་འཛིས་ཁེངས་ནས་ཡོད། གྲྭ་ཤག་སོགས་སུ་གནས་པའི་སྐབས་ཀྱང་སྒོ་དང་སྒེའུ་ཁུང་གི་ཁུང་བུ་ཡོད་ཚད་ནས་ཕྱི་རོལ་གྱི་འུར་ཟིང་ཡོངས་རྫོགས་གསལ་པོར་གོ་བའི་གནས་སྐབས་ཡོད་སྟབས། ནང་སེམས་ཀྱི་རྒྱུ་བ་སྤང་ལ་སྦེ་ཕུར་བཏབས་པ་ལྟར་གཞུང་ལུགས་ཀྱི་དོན་ཐོག་ཏུ་སྡོད་པའི་གོ་སྐབས་ཤིག་ལས་དང་པོ་བའི་རིགས་ལ་ཡོང་ཐུབ་པ་ཤིན་ཏུ་དཀའ་བ་ཡིན། སྔོན་དུས་ཤིག་མཁས་དབང་ཟམ་གདོང་རིན་པོ་ཆེས་རིགས་སློབ་ཀྱི་རིས་མེད་སློབ་དཔོན་སློབ་ཐོན་གྱི་མཛད་སྒོ་ཞིག་གི་སྐབས་ཟིང་ཆ་ཆེ་བའི་ས་གནས་དེ་འདྲ་ཞིག་ནས་ལོ་ངོ་བཅུ་ཕྲག་བརྒལ་བ་རབ་བྱུང་གི་རྟེན་ལ་གནས་ཏེ་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱས་ནས་རིས་མེད་སློབ་དཔོན་ཐོན་ཐུབ་པ་བྱུང་བ་ནི་དངོས་གནས་ཡ་མཚན་དངོས་བྱུང་རང་རེད། ཅེས་གསུངས་པ་དོན་ལ་གནས།
འདུ་འཛི་ཆེ་བའི་ཁོར་ཡུག་དེ་ནས་དབེན་པའི་ནགས་ཁྲོད་དུ་ཆགས་པའི་བཤད་སྒྲུབ་ཀྱི་བསྟི་གནས་འདི་འདྲ་ཞིག་ཏུ་འབྱོར་ཏེ་ལྷིང་འཇགས་རང་བྱུང་ཁོར་ཡུག་གི་མཛེས་པས་སྒོ་ལྔའི་དབང་པོར་དགའ་སྟོན་གྱི་དཔལ་བསྐྱེད་པར་བྱས་ཤིང་། སྤྲོས་བྲལ་དང་ཕྱག་ཆེན། གསལ་སྟོང་ཟུང་འཇུག་སོགས་སུ་བསྙད་པའི་བརྡ་དང་བརྡ་དོན་ཟབ་མོའི་བདུད་རྩིས་སྙིང་ལ་སིམ་པའི་བདེ་བ་དཔག་མེད་སྟེར་བའི་གོ་སྐབས་འདི་ལྟ་བུ་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་མཆོག་གིས་དབུས་དཔལ་སྤུངས་གདན་སའི་མཁན་ལས་འདུས་མང་ཡོངས་ཀྱི་བླ་མེད་ཐུགས་འཁུར་དང་། རིགས་ལམ་སློབ་གཉེར་ཁང་གི་དཀྱེལ་ཡངས་གཟིགས་རྒྱང་ལས་བྱུང་བ་ལགས་ན་ངེད་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་འཛིན་གྲྭ་རྒན་པའི་སློབ་གཉེར་བ་ཡོངས་ནས་འདུས་སྡེ་གཉིས་ཆར་གྱི་བཀའ་དྲིན་དྲན་བཞིན་ཡི་རང་མངོན་བསྟོད་ཞུ་བཞིན་ཡོད།
དུས་ཐུང་ཟླ་བ་གསུམ་གྱི་རིང་དཔལ་མཉམ་མེད་བཀའ་བརྒྱུད་པའི་ལྟ་དགོངས་སྤྱོད་པའི་ལམ་སྲོལ་བཟང་པོ་ཡོངས་སུ་རྫོགས་པར་དཔྱིས་ཕྱིན་པའི་རྟོགས་པ་རྙེད་སྐབས་ཅི་ལ་སྲིད་ཀྱང་། བསྟན་པའི་གཞི་སྒྲོམ་རགས་རིམ་ཙམ་ལ་ཡིད་དཔྱོད་ཀྱི་གོ་བ་རྙེད་པའི་སྐལ་བཟང་ཞིག་བྱུང་ཡང་ཐར་པ་དམ་པའི་ས་བོན་གྲུང་པོར་བཅོས་མིན་ཡིད་ཆེས་ཀྱིས་སྡོམ་བརྩོན་མང་ཐོས་ཀྱི་དབང་པོ་མཁན་རིན་པོ་ཆེ་རྣམ་པའི་དྲུང་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་སྟོན་པའི་གཞུང་ལུགས་ཐར་པ་རིན་པོ་ཆེའི་རྒྱན་དང་། འབྲུག་ཆེན་སྐུ་ཕྲེང་བཞི་པ་ཀུན་མཁྱེན་པུཎྜ་རི་ཀས་མཛད་པའི་དབུ་མའི་གཞུང་ལུགས་གསུམ་གསལ་བར་བྱེད་པ་ངེས་དོན་གྲུབ་པའི་ཤིང་རྟ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་རྗེ་མི་བསྐྱོད་རྡོ་རྗེའི་ཞབས་ཀྱིས་མཛད་པའི་མཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་བཅས་ལ་ཉན་བསམ་གྱི་བྱ་བར་ཞུགས་སོ། །
དཔེ་ཁྲིད་ལ་ཞུགས་པའི་ཞོར་དུ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་ཆོས་གྲྭར་ལུང་རིགས་སྨྲ་བའི་སློབ་གཉེར་བ་རྣམ་པའི་མཉམ་ཐུན་མིན་ཟབ་དོན་ལྟ་བའི་བཞེད་མཚམས་སོགས་ཀྱི་ཐད་རྩོད་པའི་བརྡར་ཤ་གཅོད་པའི་བྱ་བར་ཞུགས་ཤིང་། སྔོན་དུས་ཐོས་འཛིན་གྱི་བུ་གར་མ་ཆུད་པའི་སྙིང་པོའི་དོན་ཟབ་སྟོན་པའི་ཆོས་ཀྱི་རྙེད་པ་ལེགས་པར་ཐོབ་པའི་མུར། ཁོང་ཅག་གི་ལུང་རིགས་རྣམ་པར་དཔྱོད་པའི་རྩོད་པའི་ཤུགས་དང་། རྟོགས་དཀའ་གཞུང་ལུགས་ཀྱི་སྙིང་པོ་ཕྱིར་ཕྱུངས་ལ་ངལ་མེད་རྟག་འགྲུས་ཀྱིས་དཔྱོད་པར་ཞུགས་པའི་དགའ་སྤོབས་ལ་ཤིན་ཏུ་ཡི་རང་ཞིང་མངོན་བསྟོད་གུས་བཀུར་བཅོས་མིན་ཞུས།
སྤྱིར་རྒྱལ་བ་བཀའ་བརྒྱུད་པའི་ཕྱག་སྲོལ་ནི་གོང་དུ་སྨྲོས་ཟིན་ལྟར་རྒྱ་ཆེའི་གཞུང་ལུགས་རབ་འབྱམས་ལ་ཐོས་རྩོད་ཀྱི་སྤྲོས་པ་བཅད་དེ་ལམ་ཅིག་ཅར་བ་མི་རྟོག་ཁྱད་ཅན་སྐྱོང་བའི་གདམས་པར་བསྟེན་ནས་རང་མྱོང་བརྗོད་དུ་མེད་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས་ཏེ་གདོད་མའི་རྒྱལ་སར་འཇུག་པ་ཉིད་ལམ་གྱི་སྲོག་དུ་འཛིན་པ་ཡིན་ཏེ། ཀུན་མཁྱེན་པུཎྜ་རི་ཀས། ཟས་གཙང་སྲས་ཀྱི་དག་བྱེད་རྫིང་བཟང་པོ། །ཚིག་གི་ཆང་ལ་སྲེད་པའི་གཉིས་འཐུང་གིས། །འདམ་དུ་བརྫིར་ཉེ་གྲུབ་རིགས་ངང་མོའི་སྡེ། །སྐྲག་པའི་དབུགས་འབྱིན་ལ་འོངས་ལྕགས་ཀྱུ་དང་། །ཞེས་སོགས་གསུངས། འོན་ཀྱང་ད་དུས་བློས་མི་འཆུན་པའི་སྣོད་བཅུད་ཀྱི་འགྱུར་བའི་རྐྱེན་ལས་གང་ཟག་སྒོས་བཙན་ལས་བསྟན་པ་སྤྱི་བཙན་དབང་བཙན་པར་བྱས་ཏེ་དཔལ་ན་ལེནྡྲ་ཡི་མཁས་པའི་ཚུལ་ལུགས་ལ་ཞུགས་ཏེ་གཞུང་ལུགས་རབ་འབྱམས་ལ་བློ་གྲོས་ཀྱི་སྣང་བར་རྒྱས་པར་བྱེད་པ་ནི་བསྔགས་བྱ་ཀུན་གྱིས་བསྔགས་པར་བྱ་བའི་གནད་ཅིག་པུར་གྱུར།
དེ་ཡང་སྔོན་དུས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་དང་མཁན་ཆེན་བཀྲ་ཤིས་འོད་ཟེར། ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ་སོགས་ཀྱི་ལྷག་བློའི་བཞེད་དགོངས་ལས། གངས་ལྗོངས་གཙུག་ལག་སྨྲ་བའི་དབང་པོ་མཁན་ཆེན་གཞན་དགའ་ཆོས་ཀྱི་སྣང་བ་དཔལ་སྤུངས་སུ་གདན་འདྲེན་གྱིས་བཤད་གྲྭ་གསར་བཞེངས་ཀྱི་མཁན་ཁྲི་དང་པོར་ཕེབས་ཏེ་གཞུང་ལུགས་རྒྱ་ཆེར་འཆད་འཁྲིད་ཀྱི་བསྟན་པའི་སྒྲོན་མེ་གསར་དུ་སྦར་བའི་ཉེར་ལེན་བྱིན་རླབས་ཀྱི་ཤུགས་དང་། བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་ཉིན་བྱེད་དབང་པོའི་ཞབས་ཀྱི་ཐུགས་བསྐྱེད་ལྷག་བློའི་བྱིན་མཐུ། གདན་ས་འདི་པའི་མཁན་ལས་འདུས་མང་ཡོངས་ཀྱི་བསྟན་པའི་ཞབས་འདེགས་ལ་བརྩོན་པའི་བླ་མེད་སེམས་བསྐྱེད་སོགས་ཀྱི་རྟེན་འབྲེལ་ལས་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་ཕྱི་ནང་ཆོས་ཀྱི་སྒྲིག་ལམ་དང་ཐོས་རྩོད་སློབ་གཉེར་ལ་བརྩོན་པའི་ཧུར་བསྐྱེད་སོགས་རྨད་བྱུང་ཆོས་ཀྱི་བྱ་བ་བཟང་པོར་དཔལ་མཉམ་མེད་བཀའ་བརྒྱུད་པའི་ཆོས་བརྒྱུད་གཞན་གྱིས་ཀྱང་སྤྱན་ལྟོས་ཀྱི་ཡུལ་དུ་བཟུང་སྟེ། རང་རང་གི་ལུགས་ལ་སྔར་ཡོད་ཀྱི་བཤད་གྲྭའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། དགག་པ་ཆུང་ཞིང་དགོས་པ་དོན་ལྡན་དང་བཅས་ན་སྔར་མེད་ཀྱི་བཤད་པའི་གྲྭ་ཚོགས་སྐྱོང་བ་སོགས་ཤཱཀྱའི་བསྟན་པ་རྒྱུན་ཇེ་རིང་དུ་བསྲིངས་པའི་རྣམ་དཀར་གྱི་བགྱི་བར་གཅིག་ཏུ་གཞོལ་དགོས་པའི་སྨོན་པ་དང་གསོལ་འདེབས་བསྟན་ལ་ཐུགས་འཁུར་ཆེ་ཞིང་འབྱོར་པའི་རྔམས་མཐོ་བའི་བླ་ཆེན་དང་མི་ཆེན་རྣམ་པར་ཞུ་བ་ལགས།
གོང་དུ་སྨྲོས་པ་ལྟར་དུས་ཐུང་ཟླ་བ་གསུམ་གྱི་རིང་ལྟ་དགོངས་སྤྱོད་པའི་གནད་རྒྱ་མཚོའི་ཀློང་ལྟར་གཏིང་ཟབ་ཅིང་མཚོ་འགྲམ་གྱི་གད་པ་ལྟར་རྔམས་མཐོ་བར་གནས་པའི་ཆོས་བརྒྱུད་ཅིག་གི་ནང་རྒྱུས་ཡོངས་སུ་ལོན་པ་ཞིག་ཆོས་ཀྱི་སྤྱན་སྟོང་མངའ་བ་རྣམས་ཀྱིས་ཀྱང་མི་འགྲུབ་མོད། འོན་ཀྱང་བཤད་གྲྭ་དང་སློབ་གཉེར་ཁང་ཇི་འདྲ་ཞིག་ཡིན་ཡང་རང་ཁུངས་ཀྱི་སློབ་གཉེར་བ་རྣམ་པ་ཕྱོགས་ཕན་ཚུན་དུ་གཏོང་ལེན་གྱིས་རྒྱ་ཆེའི་གཞུང་ལུགས་ལ་ཐོས་པའི་བགོ་ཤ་འགྱེད་པའི་གོ་སྐབས་ཤིག་བྱུང་པ་ཡིན་ན་ཆོས་སྡེ་ཕན་ཚུན་གྱི་མཐུན་ལམ་དང་། སློབ་གཉེར་བ་སྒེར་སོ་སོའི་ཉམས་མྱོང་གོང་འཕེལ་སོགས་བསྟན་པ་སྤྱི་དོན་དང་གང་ཟག་སྒེར་དོན་ཏེ་དོན་གཉིས་འབད་མེད་དུ་འགྲུབ་པའི་གོ་སྐབས་ཤིག་ལམ་སྲོལ་འདིའི་ནང་བག་ཉལ་གྱི་ཚུལ་དུ་འདུག་པས། དཀྱེལ་ཡངས་ཀྱི་དགོངས་པ་མངའ་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་ཕྱོགས་འདིར་དགོངས་བཞེད་ཡུན་ཙམ་གནང་རྒྱུའི་གསོལ་བ་འདེབས།
རྩོམ་ཡིག་འདིའི་ཁ་བྱང་ལ་གྲྭ་སྐོར་ལ་བསྐྱོད་པ་ཞེས་བཀོད་པ་གཟིགས་དུས་མང་དག་ཅིག་གིས་སྔོན་གྱི་བྱུང་བའི་ནང་གི་མཁས་གྲུབ་དམ་པ་ཚོས་རིས་མེད་ཀྱི་ཆོས་སྡེ་ཆེན་པོ་དག་ཏུ་བསྐྱོད་དེ་གྲྭ་སྐོར་དམ་བཅའ་མཛད་སྲོལ་ཡོད་པ་ལྟ་བུ་ཞིག་ལ་དགོངས་སྲིད་ཀྱང་། ངེད་ཅག་གི་སློབ་གཉེར་ལ་བསྐྱོད་ལུགས་འདི་ནི་དེ་དག་གི་སྟོང་གི་ཆར་ཡང་མི་ཕོད་པ་རང་མྱོང་གིས་ཤེས་ནས་ཡོད་པ་དེ་ལྟ་ནའང་། དེ་དག་གི་ཕྱོགས་མཐུན་ཙམ་ལ་བསམས་ཏེ་མིང་དེ་ལྟར་བཏགས་པར་འགལ་བ་མེད་སྙམ་ལགས།
གོང་དུ་སྨྲོས་པའི་ནང་དོན་ཁག་ལ་མི་ཤེས་པའི་ཆ་དང་ཤེས་བཞིན་མ་ཡིན་པའི་བརྫུན་གྱི་ཆ། འུད་སྒྲོག་གི་ཆ་ལ་སོགས་པ་སྲིད་ན་ཆོས་སྤྱན་མངའ་བ་དག་གིས་ལེགས་བཤད་ཀྱི་དཔལ་སྦྱིན་ཏེ་དག་ཐེར་མཛད་པར་ཞུ་ཞུ།
གཏམ་དང་སྒོར་མོའི་དོན་དུ་སྒོ་གསུམ་གྱི། །
ལང་འཚོའི་ནུས་པ་རྫོགས་པ་འགར་བསམ་ན། །
གཙུག་ལག་གཞུང་བརྒྱ་ཉན་པའི་ངལ་བ་ཡིས། །
ཚེ་ཕྱེད་ཟད་ལ་ཞེ་བློ་མི་བདེ་མེད། །
སྔ་འགྱུར་བཀའ་བརྒྱུད་ས་སྐྱ་དགེ་ལྡན་སོགས། །
ཐ་སྙད་ཚིག་གིས་ཐ་དད་བྱས་པ་ཡི། །
ཤཱཀྱའི་རྒྱལ་པོའི་ལུགས་འཛིན་འདི་དག་ལ། །
དད་པའི་བསམ་པ་འདི་ལ་རིང་ཐུང་མེད། །
འོན་ཏེ་སྤྲོས་བྲལ་གནམ་ལྕགས་འབར་བའི་མེ། །
ཡོད་མཐའི་སྟོང་པ་མཐར་ཐུག་བཞེད་པའི་མགོར། །
ལུང་རིགས་གློག་དམར་འཁྱུག་པས་གཡུག་པའི་ཚེ། །
ཀླད་ཆེན་སྲུང་ཕྱིར་གབ་ས་གང་དུ་བྱ། །
དེ་ལྟར་ལྟ་བའི་རི་བོ་རྔམས་མཐོ་བ། །
རྩེ་མོ་ཐ་དད་གཟིངས་པ་མང་མོད་ཀྱང་། །
བྱང་གྲོལ་ཉི་ཟླའི་མཛེས་པ་འདེགས་པ་ལ། །
མི་མཐུན་མེད་ཕྱིར་ཀུན་ལ་གུས་པས་བསྟེན། །
བསླུ་མེད་སྟོན་པ་མཆོག་དེའི་བསྟན་པ་ལ། །
ཉན་བསམ་ལས་བཟང་ཅུང་ཟད་བསྒྲུབས་པ་ཡི། །
རྣམ་དཀར་དེས་ཀྱང་སྐྱེ་བ་ཐམས་ཅད་དུ། །
རྒྱལ་བསྟན་འདེགས་པའི་དཔལ་དུ་འགྱུར་བར་ཤོག །
འཇིགས་མེད་བློ་གྲོས་ཀྱིས། བོད་རྒྱལ་ལོ། ༢༡༣༩ བོད་ཟླ་ ༦ ཚེས་ ༡༦། སྤྱི་ལོ་ ༢༠༡༢ ཟླ་བ་ ༨ ཚེས་ ༣ ཉིན་དཔལ་སྤུངས་ཤེས་རབ་གླིང་གི་གདན་ས་ནས་བྲིས།
ཆོས་ལུགས་རིས་མེད་ལ་དད་པ་དག་སྣང་དང་ཐོས་བརྩོན་སློབ་གཉེར་ལ་ཕེབས་པར་ཡི་རང་ཞུ། མཁན་པོ་ཀུན་དགའ་དབང་ཕྱུག་གིས་ཕྱག་འདེབས་མཛད་པའི་སྦིར་རྫོང་གསར་བཤད་གྲྭ་ལ་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད། མཚན་ཉིད་སློབ་གྲྭའི་སློབ་མ་ཚོས་ཀུན་མཁྱེན་གཽ་རམས་པའི་ཡིག་ཆ་ཁག་ལ་ལྟ་ཀློག་དང་སྦྱང་བརྩོན་བྱེད་པར་བསྔགས་བརྗོད་ཞུ་འོས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པར་སྨོན།
རིགས་མེད་ཀྱིས་སྐད་ཆ་མ་བཤད་རོགས་ དང་པོ་སོ་སོ་བཀའ་རྒྱུད་ནང་ཁུལ་སྙོག་དྲ་དེ་མེད་པ་བྱེད་ནས་སོ་སོ་མཐུན་སྒྲིགས་
ཡག་པོ་བྱེད་ནས་འགྲིག་འདུག། སུ་ཏུས་རང་གིས་རྩ་བའི་བླ་མའི་གདན་ས་རུམ་གཏེགས་
དགོན་པ་དེ་གཏོར་གྲ་བ་རྣམས་ཕྱིར་བུད་གཏང་གསར་འབྱོར་གྲ་བ་རྣམས་རྒྱ་མིས་སོ་ཉུག་གི་ཉེས་ཁག་སྐས་ནས་བརྩོན་ལ་ཅུག་
པ་སོགས་རང་གིས་ངོས་སུ་དངོས་མཐོང་བ་ཡིན་། དུས་ནམས་ཡང་བརྗེད་མི་ཐུབ། རྒྱ་མིས་རིག་གནས་གསར་རྗེད་ཟེར་བ་དེ་གོ་ཉོང་ལ་མཐོང་མ་ཉོང་། སུ་ཏུས་རུམ་་གཏེགས་དགོན་པ་རིགས་གནས་་གསར་རྗེས་དེ་་མཐོང་ཐོས་གཉིས་ཀ་ཡོད་ལ་ཉམས་ཉོང་ཀྱང་ཡོད་། རང་གིས་ཉོན་མོང་འགྲ་བོ་མ་ཐུན་ན་། ཕྱི་རོ་དགྲ་བོ་ཐུབ་དུས་མེད་། ག་སྲིད་གནས་ཚུལ་འདི་རིགས་དེ་དངོས་ཧ་གོ་མཁན་ཡོད་་ཡག་པོ་རེད་? ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ
མཁས་པའི་བྱ་རྣམ་གསུམ་རྒྱལ་གྱུར་ཅིག
བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ནས་བསྟན་པ་ཐམས་ཅད་འཛིན་པའི་གཙུག་རྒྱན་དུ་འགྱུར་བར་སྨོན།
བསྔགས་བརྗོད་དང་ཡི་རང་བླ་མེད་ཞུ།
བློ་བཟང་སྦྱིན་པ།
རིགས་སློབ།
རིས་མེད་ཟེར་བའི་ཐ་སྙད་འདི་ཤིན་དུ་བརྡར་ཤ་མ་བཅད་པ་དང་། རིགས་པ་དང་ཚད་མས་མ་དཔྱད་པའི་ཐ་སྙད་ཤིག་རེད། ཐ་སྙད་འདི་ལ་ཕྱི་ནང་དང་དྲང་དོན་ངེས་དོན། དེ་བཞིན་མངོན་དོན་དང་སྦས་དོན་གཉིས་ཀྱི་ཆ་མི་མཚུངས་པའི་འགའ་འདུ་ཤིན་དུ་མང་། དཔེར་ན། རིས་མེད་ཟེར་ན་བོད་ཀྱི་ནང་ཆོས་གཅིག་པུའི་ཆོས་ལུགས་གྲུབ་མཐའ་ཕན་ཚུན་ལ་ཕྱོགས་རིས་མེད་པར་ཉམས་ལེན་བྱེད་པར་གོ་འམ། ཡང་ན། རང་གི་དམིགས་ཡུལ་ག་གེ་མོ་ཞིག་གི་ཆེད་དུ་གྲུབ་མཐའ་གཅིག་ལས་མང་བ་ལ་སློབ་པ་དེ་ལ་གོ་འམ། ཡང་ན། གྲུབ་མཐའ་རིགས་མི་འདྲ་བ་དེ་དག་གི་ནང་ནས། ཆེས་དགའ་བའི་གྲུབ་མཐའ་གཉིས་གསུམ་ལ་སློབ་པ་དེ་ལ་གོ་འམ། ཡང་ན་གྲུབ་མཐའི་ཚོགས་གང་རུང་གཅིག་ལ་ཁས་ལེན་བྱེད་པར་གོའམ།
དཔེར་ན། རྫོང་གསར་མཁྱེན་བརྩེ་སྐུ་གོང་མ་དེ་རིས་མེད་གཅིག་ལ་འདོད་མཁན་མང་། ཡིན་ནའང་། ཁོང་གཙོ་བོ་སྔ་འགྱུར་རྙིང་མའི་སྙིང་ཐིག་ཉམས་ལེན་པ་ཞིག་རེད། དེའི་ནང་ནས་ཀློང་ཆེན་སྙིང་ཏིག་གཙོ་བོར་བཞེད་པའི་སྔ་འགྱུར་སྙིང་མའི་བསྟན་པའི་གསལ་བྱེད་ཅིག་རེད། འདི་ལ་རིས་མེད་ཅེས་པའི་ཐ་སྙད་ཀྱི་འཇུག་པ་གང་ལ་འདུག། རྫོང་གསར་མཁྱེན་བརྩེ་དགེ་ལྡན་ཕྱོགས་ཀྱི་ཕྱག་དཔེ་གཟིགས་མྱོང་མེད་པ་ལྟ་བུ་རེད།
དཔེར་ན། རྒྱལ་བ་རིན་པོ་ཆེ་སྐུ་འཕྲེང་ལྔ་པ་རིས་མེད་རེད་ཟེར། ཁོང་ས་དགེ་རྙིང་གསུམ་ལས་མ་འདས་པའི་ཆོས་ལུགས་གྲུབ་མཐའ་གཞན་ལ་གསན་རྒྱ་མིན་འདུག
དེར་བརྟེན་རིས་མེད་ཟེར་བ་འདི་ཆབ་སྲིད་ཀྱི་ཐ་སྙད་ཅིག་ལ་འདོད་ན་འཚམ་པ་འདུག། དེ་ཆབ་སྲིད་ཅེས་སྐྱོན་ཅན་ལ་གོ་མི་དགོས་པར། དཀར་ཕྱོགས་ཀྱི་ཆབ་སྲིད་ཀྱི་འདུན་པ་སྟེ། ཕན་ཚུན་མཐུན་སྒྲིལ་ལ་དམིགས་པའི་ཚིག་གཅིག་ལ་གོ་ཙམ་བྱས་ན་སྐྱོན་མེད་ཀྱི། དེ་མིན་འདི་བདེན་པ་ཨ་ཐད་ལ་བཟུང་ནས་ཆོལ་ལུགས་ནང་འཁུར་ཡོང་ན། བོད་ཀྱི་ཆོས་བརྒྱུད་ཚང་མར་གནོད་པ་ཤིན་དུ་ཆེ་བ་ལགས།
འདི་ཚང་མ་བརྫུན་མ་རེད་ག་སྲིད་རིགས་མེད་ཡིན་ན་སོ་སོ་བཀའ་རྒྱུད་ནང་ལ་དབྱེ་བ་གང་བྱེད་ནས་ཡོང་བ་རེད་?
དང་པོ་བཀའ་རྒྱུད་ནང་ཁུལ་རིགས་མེད་བྱེད་ནས་རྗེས་སུ་གཞན་ལ་རིགས་མེད་ཟེར་ན་ཡག་པོ་རེད་། ཧ་ཧ་ཧ་རིགས་མེད་
སྙིང་རྗེ་བ་ལ་རིགས་མེད་
རིས་མེད་རུས་མེད་མདོ་མེད་གསུམ། །
དོན་གཅིག་མིང་གི་རྣམ་གྲངས་རེད། །
ཆོས་རྒྱུད་ཐམས་ཅད་འགལ་མེད་དུ་རྟོགས་པ་འམ་དེ་རྟར་བལྟ་བས་ན་རིས་མེད་ཅིས་ཟེར་བ་ཡིན། དེས་ཚུལ་ནི་སྤྱོད་ཕྱོགས་ལ་མི་མཐུན་པ་མེད་ཅིང་ལྟ་བའི་ཆ་ཕྲ་མོ་ལ་མི་མཐུན་པ་ཅུང་ཟད་ཡོད་པས་རང་རང་གི་ཐུན་མོང་མ་ཡིན་ལྟ་བ་ལ་ཉམས་ལེན་གཙོ་བོ་བྱེད་དགོས་མོད། འོན་ཅིང་གཞན་རྣམས་ཀྱི་གསུངས་བ་ལྟར་ཉམས་སུ་ལེན་ན་ཡང་རྫོགས་པའི་སངས་རྒྱས་འཐོབ་བྱེད་ཀྱི་ཐབས་མ་ནོར་བར་འཛིན་ནས་དེ་དག་ཐམས་ཅད་ཀྱི་འཐོབ་བྱས་མྱང་དགོས་གཅིག་ཡིན་ལ་དེ་འཐོབ་བྱེད་ཀྱི་ལམ་ཉམས་ལེན་ལ་ཞུགས་པ་ཐམས་ཅད་ལ་ཕན་ཚུན་གྲོགས་ཀྱི་འདུ་ཤེས་བསྐྱེད་པ་རྣམས་ལ་རིས་མེད་ཅེས་ཟེར་བ་ཡིན་གྱི། སྔོན་གྱི་ཆོས་སྲིད་ཟུང་འབྲེལ་གྱིས་ལོ་རྒྱསསྐྱུག་ལོག་པ་ལྟ་བུ་རྣམས་ལ་ནི་རིས་མེད་ཅེས་ཟེར་ཐབས་མེད།
འོ་ཡ། ད་ཡིན་ན་ཤེས་རབ་གླིང་གི་གདན་སའི་ཨིན་ཆུང་ཚོ་རྐུབ་ལ་བདག་པོ་ཡག་པོ་བརྒྱག་རན་པ་རེད། བླར་རྒན་འདི་མཛེས་མས་བྲང་ལ་བསྙེས་ན་ཡང་མི་འཇོན་ཁོ་ཐག་ཡིན་ཡང་ཨིན་ཆུང་རྐུབ་ལ་ཤོར་བསྡད་པ་འདྲ་ཞིག་རེད། ད་དུང་ལྷིང་འཇགས་རང་བྱུང་ཁོར་་ཡུག་གི་མཛེས་པས་སྒོ་ལྔའི་དབང་པོར་དགའ་སྟོན་གྱི་དཔལ་བསྐྱེད་པར་བྱས་པ་ཡིན་ན་ཅིག། བླར་རྒན་སྐྱིད་ཐག་ཆོད་ཤག། ཧ་ཧ་ཧ་ཧ།
གསེར་འབྲུག་ངོ་མ་ཁ་མཚར་པོ་འདུག། སྔོན་མ་དགེ་ལྡན་པའི་རྡོ་རྗེའི་མཁྲེགས་ནག་མ་དེའི་དབང་ཞིག་ཞུས་ཡོད་ས་རེད། ད་རེས་བཀའ་བརྒྱུད་པ་མྱང་སོང་། དགེ་ལྡན་པའི་ལུང་ རིགས་གནམ་ལྕགས་ཀྱི་ཆར་པ་བབ་པ་ཟེད་རྒྱུ་ཉིན་མོའི་ལས། རྡོ་རྗེ་མཁྲེགས་ནག་མའི་ཤོབ་ཤོབ་ཟེད་རྒྱུ་མཚན་མོའི་ལས། ད་ཤེས་རབ་གླིང་གི་གྲྭ་པ་དེ་ཚོ་ཁ་རྐུབ་གཉིས་ཀ་ཏག་ཏག་བཟོ་ས་རེད། དགེ་ལྡན་པ་ཚོ་ངོ་མ་ངར་གྱི། གདན་ས་གཞན་གྱི་བཤད་སྒྲར་ཕར་ཕྱིན་ནས་རང་དོན་གྲུབ་པ་ལོ་རྒྱུས་ནང་འདི་ལྟར་བྱུང་མྱོང་མེད་པ་ལྟ་བུ། ཧཧ། དཔལ་དགེ་ལྡན་པ་དེ་ཚོ་ངོ་མ་འཇིགས་ཀྱི། ད་ཁྱོད་སྒུག་ཨ། ས་སྐྱར་ཕྱིན་ནས་དེ་ལས་ངོ་མཚར་བ་ཡོང་སྲིད།
དགེ་བཤེས་ཤེར་རྒྱམ་གྱིས། རྒྱལ་བའི་བཀའ་ལས་ཡི་གེ་འབྲུ་གཅིག་ཀྱང་།།ལུས་པ་མེད་པར་ཐར་བའི་ཐབས་སུ་དགོངས།།ཞེས་སངས་རྒྱས་ཀྱི་བསྟན་པ་ལ་བཟང་ངན་དང་མཆོག་དམན་གྱི་འདུ་ཤེས་མེད་པར་སྤུན་བརྒྱད་ལམ་བརྒྱད་ནས་ཁྱིམ་གཅིག་ཏུ་འགྲོ་བ་ལྟ་བུའི་བུ་མཐར་ཐུག་འཐོབ་བྱ་ངེས་ལེགས་ཐར་བ་ཡིན། འདིའི་ཡིག་འབྲུ་ཟེར་བར་བལྟས་ན་བསྟན་པ་ལ་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད་པས་སྔ་མ་དེ་ཡིན། བྱས་མི་རྟག་གཉིས་འགལ་མེད་དུ་རྟོགས་ཚུལ་དང་འདིའི་འགལ་མེད་དུ་རྟོགས་ཚུལ་མི་འདྲ། སྔ་མ་ནི་འགལ་བ་མ་ཡིན་པའི་ངོ་བོ་གཅིག་ཏུ་རྟོགས་ཚུལ་ཡིན། ཕྱི་མ་ནི་རྒྱལ་བའི་བཀའ་ལས་ཡིག་འབྲུ་སྣ་གཅིག་ཡན་ཆད་ཐར་བའི་ཐབས་སུ་ཁྱེར་ཐུབ་པའི་གདམས་ངག་ཏུ་གོ་བ་ལ་ཟེར། འཁོར་ལོ་ཐོག་མཐའ་གཉིས་ཆོས་ཅན། འགལ་བ་མ་ཡིན་པར་ཐལ། སངས་རྒྱས་ཀྱི་བསྟན་པ་ཡིན་པའི་ཕྱིར་ཟེར་བ་ལྟ་བུ་ལ་གོ་མི་རུང་།
རིས་མེད་ཅེས་པའི་ཚིག་སྙན་གྱི་མགོ་སྐོར་འོག་ཚུད་པའི་དོན་བརྒྱུད་བཀའ་བརྒྱུད་པའི་གྲྭ་བཙན་གཉོམ་ཆུང་ཞིག་གི་ལོ་བཅུ་གསུམ་ལྷག་རིང་འབད་རྩོན་དེ་བསོད་གྲགས་ཀྱི་ཡིག་ཆ་འབའ་ཞིག་ལས་རྙིང་ཇོ་ས་གསུམ་གྱི་གཞུང་ལུགས་ཕར་ཞོག་ཐ་ན་བཀའ་བརྒྱུད་པའི་ལྟ་སྤྱོད་རྒྱུས་ལོན་ཙམ་བྱེད་སའི་བར་གསེང་གཅིག་ཀྱང་མ་རྙེད་པ་འདི་སྙིང་རྗེ།། དེང་སང་ཁ་གཅིག་རིས་མེད་རུས་མེད་ལ་འགྲོ་བཞིན་འདུག
བཀའ་བརྒྱུད་དང་ས་སྐྱ་རྙིང་མ་བ་རྣམས་ཀྱིས་གྲྭ་ཆུང་ཨིན་ཆུང་རྣམས་ཀྱི་རྐུབ་ཁུང་བརྡོལ་བ་དང་། དགེ་ལུགས་པ་རྣམས་ཀྱིས་བརླ་དབར་ལ་བརྫངས་པ་གཉིས། དོན་ལ་སྟོན་པའི་བཀའ་དང་འགལ་བ་དང་། འཁྲིག་སྦྱོར་གྱི་ལས་ལས་མ་འདས།
སུ་ཏུ་རིན་པོ་ཆེའི་སོ་སོར་བཀའ་རྒྱུད་ནང་ཁུལ་ལ་རིགས་མེད་བྱེད་ཐུབ་ཀྱི་མི་འདུག་
གཞན་ལ་རིགས་མེད་ཟེར་བ་ཁ་མཁས་པ་མ་གསུང་རོགས། དང་པོ་སོ་སོ་ཀརྨ་བཀའ་རྒྱུད་དེ་
སྙོག་དྲ་མེད་པ་གཙང་མ་བྱེད། བཀའ་རྒྱུད་སྙོག་དྲ་གཙོ་བོ་བྱེད་མཁན་ནི་ཤེས་རབ་གླིང་རེད་
ས་འདི་ནས་རིགས་མེད་ཞིག་གང་ནས་ཡོང་པ་ཡིན་ནམས་མཁའ་ནས་བབ་ཡིན་པ་འདྲ་
འཇིགས་མེད་བློ་གྲོས་ནི་ངའི་གྲོགས་པོ་རྙིང་པ་དང་། རྩི་བཀུར་ཞུ་ཡུལ་གྱི་ཤེས་ཡོན་པ། གཉོམ་ཆུང་ཚུལ་མཐུན་གྱི་གྲྭ་བཙུན་ཞིག་བཅས་ཡིན།
མ་མཇལ་བའི་དུས་ཡུན་རིང་བདེ་མོ།
མཚན་ཉིད་སློབ་གྲྭའི་སློབ་ཐོན་པ་སྔ་མ་དག་ཀྱང་རྫོང་སར་དུ་ཕེབས་ནས་ཟབ་སྦྱོང་གནང་སྐབས་ང་ཕར་ཡོད་པ་རེད།
དེང་སྐབས་ཁྱེད་རྣམ་པ་དེ་ལྟར་ཤེས་རབ་གླིང་དུ་ཕེབས་པ་ཐོས་པར་ཧ་ཅང་དགའ་པོ་བྱུང་།
དྲ་མཆན་གྱི་དྲ་འབུ་དག་ལ་ཡིད་གཏོན་ཅི་ཡང་མེད་པས་ཁོང་ཚོ་ལ་རེ་དོགས་གང་ཡང་མི་དགོས།
དེ་མིན་བཀྲ་ཤིས་ལ་ཞུ་རྒྱུ་ཞིག་ནི།
རིས་མེད་ནི་ཧ་ཅང་ཡག་པོ་ཞིག་རེད།
ཁྱད་པར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་རིས་མེད་ཀྱི་ཚད་གཞི་དེ་ཧ་ཅང་མཐོན་པོ་རེད།
རེས་མེད་ཟེར་བ་དེ་ཡང་ཚད་གཞི་ཞིག་གི་སྟེང་ནས་འཇོག་ལོས་དགོས།
རེས་མེད་ནི་གྲུབ་མཐའ་ཕྱོགས་རེས་མེད་པར་ཐོས་བསམ་སྒོམ་གསུམ་བྱེད་པ་ཞིག་རེད་ཟེར་ན་ལོས་ཆོག
ཡིད་མ་ཆེས་ན་གདམ་ངག་མཛོད་ཀྱི་དཀར་ཆག་ལ་གཅིག་གཟིགས་རོགས།
ཤེས་བྱ་མཛོད་ཀྱི་ས་བཅད་ལ་གཅིག་ལྟ་རོགས།
རྡ་སའི་མཚན་ཉིད་སློབ་གྲྭ་རིས་མེད་རེད། །
བསོད་གྲགས་དཔེ་ཆ་སློབ་ཚན་ཨ་མ་རེད། །
བར་ཆད་ལམ་སེལ་འདོན་པས་རིས་མེད་རེད། །
ཀོ་ལེའི་ནག་མོ་དེ་དང་མ་ཕྲད་ན། །
ད་ཚོད་རྫོགས་སྤྲུལ་རིས་མེད་ཡིན་ཚོད་ཡོད། །
དགེ་ལུགས་ལྟ་བ་སྲོག་ཏུ་ཞུགས་པ་ཕལ། །
ཁ་ནས་རིས་མེད་གཏམ་བཤད་གྲུ་ཆར་འབེབས། །
ཁོག་ནས་ཅི་དྲན་སུ་ཡིས་བཤད་པར་ནུས། །
སྔོན་དུས་ཆིག་སྒྲིལ་ཚོགས་པའི་མིང་ཐོག་ནས། །
ཆོས་ལུགས་གཅིག་ཏུ་བསྡུས་ལ་ཤ་ཐང་འབད། །
ལམ་འགྲོ་མ་རྒྱུགས་སུས་ཀྱང་ཁས་མ་བླངས། །
ད་ལྟ་རིས་མེད་ཅེས་འདི་ཆོས་བརྒྱུད་ཀུན། །
གཅིག་འོག་བསྡུ་བའི་ལག་ཆ་གཙོ་བོར་གྱུར། །
༧གོང་ས་མཆོག་གིས་མེ་ཏོག་བཏབ་ནའང་། །
མི་ཚེ་རྩོད་ལ་གོམས་པའི་སྡེ་ཞིག་གིས། །
མེ་ཏོག་དུག་ལ་བསྒྱུར་བའི་ཐབས་ལ་འབད། །
ཨེ་མ་སྟོན་མཆོག་ཐུབ་པའི་དབང་པོ་དེས། །
ཐེག་པ་གསུམ་དང་བརྒྱད་ཁྲི་བཞི་སྟོང་གི །
དམ་ཆོས་སྟོན་པའི་གནད་དེ་འགྲོ་རྣམས་ཀྱི། །
ཁམས་དང་མོས་པ་དབང་པོ་མི་གཅིག་པས། །
གང་ལ་གང་འདུལ་དམ་ཆོས་སྟོན་མིན་ནམ། །
ད་ནི་རིས་མེད་མི་དགོས་རང་ལུགས་སྐྱོངས། །
ད་ནི་མདོ་མེད་མི་དགོས་རང་ལུགས་སྲུངས། །
ད་ནི་རུས་མེད་མི་དགོས་རང་ལུགས་སྤེལ། །
ད་ནི་ཀླད་མེད་མི་དགོས་རང་ལུགས་འཛིན། །
དེ་ལྟར་བྱེད་ན་དོན་གྱི་རིས་མེད་རེད།
དྲྭ་གྲོགས་མིག་བརྒྱད་པ་ལགས་སུ་འཚམ་འདྲི་ཞུ།
ཁྱེད་ཀྱི་དགོངས་ཚུལ་ལྟར་རྗེས་ལོ་ངེད་ཚོ་རིས་མེད་སློབ་དཔོན་ལོ་རིམ་མཐའ་མའི་སྐབས་དཔལ་སྔར་སྲོལ་ལྟར་དཔལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཞབས་གཅར་གྱིས་ཀུན་མཁྱེན་གོ་བོ་རབས་འབྱམས་པ་སོགས་ཀྱི་གསུང་བཟང་ལ་ཐོས་པ་བྱེད་འཆར་ལགས།
དགེ་བཤེས་ཤེར་རྒྱམ་མཆོག་གི་ལུང་འདྲེན་ལ་ཐུགས་རྗེ་ཆེ་ཞུ།
གྲོགས་མཁན་པོ་ཚེ་རིང་བཀྲ་ཤིས་མཆོག་ཕེབས་པར་གུས་བསུ་ཞུ།
ཁྱེད་ཉིད་ཐའེ་ཝན་ཕྱོགས་སུ་བསྟན་པ་དར་སྤེལ་གྱི་བགྱི་བ་སྒྲུབ་བཞིན་དགྱེས་བཞུགས་ཡོད་པར་སྙིང་ནས་ཡི་རང་ཞུ། མཛད་འཕྲིན་ཡར་ཟླ་ལྟར་རྒྱས་པར་སྨོན།
རིས་མེད་རུས་པ་ཕ་ལམ་ལས་ཀྱང་སྲ།།
རིས་མེད་བསམ་པ་ཟླ་བའི་དཔལ་ལས་དཀར།།
རིས་མེད་ཐོས་པ་ནམ་མཁའི་མཐའ་ལས་ཡངས།།
རུས་པ་ཡོད་ན་རིས་མེད་སྒྲུབ་པ་མཛོད།།
རིས་སུ་མ་ཆད་ཕྱི་ནང་ཆོས་ཀུན་ལ།།
ཞུགས་ཀུན་ཕན་ཚུན་མཉེས་གཤིན་འདུ་ཤེས་ཀྱིས།།
དག་སྣང་ནོར་བུའི་འོད་དང་མི་འབྲལ་བར།།
གཅིག་ཏུ་འགྲོ་ཕན་བྱ་བ་ལྷུར་ལེན་ཤོག། ༸གོང་ས་བཅུ་བཞི་པས་སྨོན་པའོ།།
མཁྱེན་བརྩེ་རིན་པོ་ཆེའི་ཆོས་འབྱུང་ཞིག་ཡོད་པ་མཇལ་མྱོང་། དེའི་ནང་དུ་ཆོས་བརྒྱུད་ཚང་མར་བསྔགས་པ་རེ་
གནང་འདུག འཇམ་མགོན་ཀོང་སྤྲུལ་གྱི་གདམས་ངག་མཛོད་ལ་ཡང་མཇལ་མྱོང་ཞིང་། དེའི་ནང་དུ་རྙིང་མའི་
མན་ངག་ལྟ་ཕྲེང་དང་དེའི་འགྲེལ་བ་ཁོང་ཉིད་ཀྱིས་མཛད་པ་ཞིག་དང་། དེ་མིན་སློབ་དཔོན་རིན་པོ་ཆེའི་གསུང་
གཞན་ཞིག་འདུག་སྟེ་མཚན་བྱང་ད་ལྟ་བརྗོད་ངས་ཀྱི་རྐུན་པོས་བསླུས་ཟིན། ས་སྐྱའི་ལམ་འབྲས་རྡོ་རྗེའི་ཚིག་
རྐང་དང་དེའི་འགྲེལ་བ་སོགས་མང་བོ་འདུག་པ་ཡང་མཇལ། དགེ་ལུགས་པའི་རྗེའི་ལམ་གཙོ་རྣམ་གསུམ་དང་།
ལམ་རིམ་བསྡུས་དོན། ལམ་རིམ་གསེར་ཞུན་དང་བདེ་ལམ་སོགས་འདུག འདིའི་བཀའ་བརྒྱུད་གདམས་ངག་
མཛོད་ཅེས་བཏགས་ཀྱང་། དོན་ལ་བོད་བརྒྱུད་ནང་རིས་མེད་ཀྱི་གདམས་ངག་གི་སྙིང་བོ་ཕྱོགས་བསྒྲིགས་གནང་
བ་ཞིག་རེད་འདུག་སྙམ་པ་ཤར། ཁོང་གི་བྱ་མཛོད་་དུ་རྗེའི་ལྟ་བ་ལ་ཟུར་ཟ་གནང་བ་ཡང་འགའ་རེ་གནང་།
རིན་ཆེན་གཏེར་མཛོད་ཀྱི་མཇུག་ཏུ་བོན་གཏེར་འགའ་རེ་བསྣན་པས་རྙོག་དྲའི་སྒམ་ཆུང་གི་ཁ་ཡང་ཕྱེ་བར་
གྲགས། མདོ་དོན་བཤད་ན་སྔར་ནས་རིས་མེད་གནང་མཁན་ས་དགེ་བཀའ་རྙིང་སོ་སོ་ནས་མང་དུ་བྱོན་ཡོད་
ཀྱང་། ༧གོང་ས་བཅུ་བཞི་ཆེན་པོ་མཆོག་ནང་བཞིན་སུ་གཅིག་ཀྱང་བྱུང་མེད་དོ་ཞེས་པ་འདི་ནི་ཕྲན་བདག་གི་
བསྒྲུབ་བྱ་དེ་ཡིན་ནོ། །
རྫ་བཀྲིས་ཚེ་རིང་གི་རིས་མེད་འགྲེལ་བ་འདི་དོན་ཡོད་པ་ལྟ་བུ་འདུག། ཐུགས་རྗེ་ཆེ། དེ་བཞིན་འཇིགས་མེད་བློ་གྲོས་མཆོག་ལ་འཚམས་འདྲི་དང་བསམ་དོན་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ།
གོང་གི་བདག་གི་མཆན་ལ་དག་ནོར་དང་ཆད་སྐྱོན་ཤོར་འདུག་པར་དགོངས་དག་ཞུ།
ད་དུང་བདག་གིས་རེ་སྐུལ་ཞུ་ཡག་ཅིག་ལ་གོང་དུ་མཆན་ཁ་ཤས་གང་བྱུང་གིས་དགེ་འདུན་པ་ལ་བཙོག་གང་
བྱུང་བྲིས་འདུག་པ་དེ་ལྟ་བུ་མ་འབྲི་རོགས་གྱིས་ཞུ་རྒྱུ་ཡིན།
༸རྒྱལ་བའི་ཞལ་གསུང་རིས་མེད་ཚད་མ་དང་།།
གཞན་གྱི་རིས་མེད་ལོག་པའི་བཤད་པ་རུ།།
ཁ་ཕོ་སྒྲོག་པའི་སྐྱེ་བོ་སུ་ཡང་རུང་།།
རྟོན་པ་བཞི་ལ་གོ་རིམ་ལོག་པ་ལགས།།
ཤེར་ཕྱིན་བསོད་གྲགས་གཞུང་ལུགས་གཙོ་བོར་བྱས།།
དབུ་མ་འཇམ་མགོན་བླ་མའི་ལུགས་བཞིན་བྱས།།
མངོན་པ་ནམ་མཁའ་གྲགས་ཀྱི་གཞུང་ལ་སྦྱངས།།
འདུལ་བ་ཀུན་མཁྱེན་མཚོ་སྣ་གཙོ་བོར་བྱས།
དེ་ལྟ་ན་ཡང་རིས་མེད་མཁས་པའི་གཞུང་།།
རས་སུ་བོར་བའི་རྣམ་ཐར་བདག་ལ་མེད།།
མཁས་རྣམས་མཁས་པའི་ས་ནས་ལེགས་བཤད་སྒྲོག།
དག་སྣང་བསམ་པ་ཅན་ལ་གང་ཡང་འཐད།།
ཅི་མཛད་ལོག་པར་མཐོང་བའི་ལེགས་སྐར་དེ།།
སྟོན་པའི་འོད་ཟེར་བདུད་ཀྱི་ཞགས་པར་མཐོང་།།
རིན་བྲལ་ལེགས་བཤད་སྦྱིན་པའི་ཞལ་པོ་ཆེར།།
ཤེས་རིག་ནོར་གྱི་མཆོད་པ་སྟོབས་སུ་འབུལ།།
ཕྱོགས་ཞེན་ལྟས་ངན་གཏོང་བའི་འབྱུང་བྱའི་ཁར།།
བདུད་རྩི་ལྡུག་པའི་རྩོལ་བ་བདག་མི་བསྟེན།།
རིས་མེད་ཀྱི་ལྡོག་ཕྱོགས་ཕྱོགས་རིས་ཅན་ཨེ་རེད། དེ་ཡིན་ན། རྙིང་མའི་ཀློང་ཆེན། རོང་ཟོམ། ཟུར། གནུབས། ཆོས་དཔལ་བཟང་པོ་སོགས། བཀའ་བརྒྱུད་པའི་མར་པ། མི་ལ། དྭགས་པོ། རང་བྱུང་རྡོ་རྗེ། ས་སྐྱ་པའི་ཀུན་སྙིང་། བསོད་ནམས་རྩེ་མོ། ཤཀ་མཆོག གོ་རམས་པ། དགེ་ལུགས་པའི་ཙོང་ཁ་པ། དར་མ་རིན་ཆེན། དགེ་འདུན་གྲུབ། བསོད་ནམས་གྲགས་པ། སེ་ར་རྗེ་བཙུན་སོགས་ཕྱོགས་རིས་ཅན་ཨེ་རེད། གང་ལགས་ཞེ་ན་དེང་དུས་རིས་མེད་དུ་གྲགས་པ་ཚོས་རིས་མེད་ཀྱི་མཚན་གཞི་ལ་གོང་བཀོད་བླ་མ་རྣམས་གཏན་ནས་མ་བཀོད་པའི་ཕྱིར་རོ།། ངའི་ངོར་ལ་འདི་དག་ཚང་མ་རིས་མེད་རེད། འདི་ཆོས་ལུགས་ཀྱི་སྐད་ཆ་ཡིན་ད།
མེ་ཀར་ལ་ཞུ་རྒྱུ་ཞིག་ལ། ངས་སྐྱ་བཀའི་ཕྱོགས་རིས་མཁན་ཁ་ཤས་དང་འབྲེལ་བ་ཡོད་པ་ཁོ་ཚོས་ཀྱང་ཁྱེད་ཀྱིས་
བཤད་པ་དེ་ལྟ་བུ་བཤད་ཀྱིན་འདུག ཁོ་ཚོས་ང་ལ་བཤད་པ་ལྟར་ན། ཝ་རཱ་ཎ་སིར་ཆོས་ལུགས་བཞིིའི་ཚོགས་
འདུ་ཚོགས་སྐབས་དགེ་ལུགས་པའི་མཁན་པོ་མགོ་སེར་ཟེར་བ་ཞིག་གིས་ཆོས་ལུགས་ཚང་མ་ཆོས་ལུགས་བཟོ་
དགོས་ཟེར་བ་རེད། ས་སྐྱའི་མཁན་པོ་ཨ་པན་གྱིས་དེ་ལ་དགག་པ་བརྒྱབས་ཀྱང་། དགེ་ལུགས་པ་གཞན་ཚོ་ཁ་
བཙུམ་ནས་བསྡད་དགོས་བྱུང་བ་རེད། དེ་ནས་༧རྒྱལ་བ་རིན་པོ་ཆེས་མཁན་པོ་ཨ་པན་ལ་མཁན་པོ་ཕྱི་རྫིག་ནང་
རྫིག་བཏགས་པ་རེད་ཅེས་སོགས་འཆལ་གཏམ་མང་བོ་ལབ་བྱུང་། ཕྲན་གྱིས་དེར་ཡིད་ཆེས་མ་བྱུང་ཡང་སྐད་ཆ་
དེ་ཧ་ཅང་རྫབ་ཆེན་ཞིག་ཡིན་པས། ས་བཀའི་མཁན་པོ་ཚད་ལྡན་དྲང་བོ་ཁ་ཤས་ལ་དེའི་སྐོར་སྐད་ཆ་དྲིས་པ་
ཡིན་ལ། ཁོང་ཚོ་ལ་དེའི་སྐོར་ཟུར་ཡང་གསུང་ཡ་མི་འདུག དེ་ནས་ངས་བརྩད་གཅོད་བྱས་པས། ཤེས་ཚོར་བྱུང་བར་ཝ་ཎ་མཐོ་སློབ་ཀྱི་དགེ་རྒནདགེ་བཤེས་མགོ་སེར་ཟེར་བ་ཞིག་པ་ཁོས། ཝ་ཎ་མཐོ་སློབ་ཏུ་གོ་རམས་པའི་ཡིག་
ཆ་ཁྲིད་ན་བོད་ཕྲུག་ཚོར་ཕྱོགས་རིས་ཀྱི་བག་ཆགས་འཇོག་ཉེན་ཡོད་པས། དེའི་ཚབ་ཏུ་ས་སྐྱའི་མཁས་པ་གཞན་གྱི་ཡིག་ཆ་བཞག་འོས་ཚུལ་གྱི་བསམ་འཆར་བཏོན་པར། ས་སྐྱའི་མཁན་པོ་ཞིག་གིས་གོ་རམས་པའི་ཡིག་ཆ་
སློབ་ཚན་དུ་འཇོག་དགོས་པའི་རྒྱུ་མཚན་གསུངས་སྐད་འདུག་པ་དེ་རེད་འདུག ས་བཀའི་ཕྱོགས་རིས་ཅན་རེ་ཟུང་དགེ་ལྡན་པ་ལ་མ་དགའ་བའི་སྐད་ཆ་གང་བྱུང་དུ་མ་གསུངས་རོགས་གནང་། དགེ་ལྡན་རིས་མེད་ལབ་ནས་
ཁྱེད་ཚོ་སྤྲེལ་ལད་འཁྲབ་དགོས་ཡག་གི་ཐབས་སྐྱོ་བོ་དེ་རང་ཆགས་ཡོད་རེད་དཱ། ཧ་གོ་སོང་ངས།
ཆོས་ལུགས་ཚང་མ་ཆོས་ལུགས་གཅིག་བཟོ་དགོས་ཅེས་པའི་གཅིག་ཆད་འདུག་
མེ་ཏོག་དཀར་པོ་ལགས་ཀྱིས་དྲངས་པའི་སྐྱེས་ཆེན་དམ་པ་དེ་དག་ཕལ་ཆེར་ཞིག་ལ་རིས་མེད་ཀྱི་སྐྱེས་ཆེན་དུ་ངོས་འཛིན་བྱེད་སྲོལ་མེད་པ་བདེན་དུ་ཆུག གཅིག་ནས་སོ་ཟུར་གནུབས་གསུམ་ལྟ་བུའི་དུས་རིས་མེད་ཀྱི་སྐད་ཆ་འདི་མགོ་འབུས་རྒྱུར་སེམས། རིས་མེད་ཀྱི་ཕྱག་སྲོལ་འདི་ལམ་སྲོལ་མང་དག་ཅིག་དར་རྗེས་ནས་ཡོང་བ་ཡིན་པ་གསལ་པོ་རེད།
རིས་མེད་བཀག་ཙམ་རིས་གཅད་དུ་མི་སེམས། སྤྱིར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་གསུང་རབ་མ་ལུས་གདམས་ངག་དུ་འཆར་ནས་རྒྱལ་བའི་དགོངས་པ་བདེ་བླག་དུ་རྙེད་པ་ཅིག་དོན་དམ་རིས་མེད་དུ་འགྲོ་བ་ཡིན། འོན་ཀྱང་ཐོས་པ་རིས་མེད་ཟེར་དུས་རིས་མེད་ཀྱི་བླ་མ་མང་དུ་བསྟེན་ནས་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་རྒྱ་ཆེར་མཛད་མཁན་དག་ལ་གོ་བ་ལས་རང་རང་གི་ས་ནས་རིས་མེད་ཀྱི་གཞུང་ལ་བལྟ་ཀློག་བྱས་པ་ཙམ་རིས་མེད་དུ་གྲགས་སྲོལ་མེད་པ་སྙམ། དེ་བཞིན་བསམ་པ་རིས་མེད་དང་སྒོམ་པ་རིས་མེད་ཀྱང་ཤེས་སུ་ནུས། དཔེར་ན་རྙིང་རྒྱུད་དང་གསར་རྒྱུད་ཀྱི་གཞུང་གཉིས་ཆར་ཆོས་བདག་སོ་སོའི་བླ་མ་དམ་པའི་དྲུང་ནས་གསན་ཏེ་ཉམས་ལེན་གྱི་ཚེ་གཅིག་གྲོགས་གཅིག་ཏུ་སོང་བའི་ཚུལ་གྱིས་སྒྲུབ་པ་མཛད་པ་ཅིག་བྱུང་ན་གསར་རྙིང་རིས་མེད་དུ་འགྲོ།
དཔེར་ན་གསང་བདེ་འཇིགས་གསུམ་ལྟ་བུར་མཚོན་ན་སོ་སོ་སོ་སོའི་ས་ནས་སྒེར་ཆོས་ཀྱི་ཚུལ་དུ་ཉམས་སུ་བླངས་ཀྱང་ཆོག་ལ། ཡང་གང་ཟག་མྱོང་ཅན་འགའ་ལྟར་འཇིགས་བྱེད་སྔོན་འགྲོ། གསང་འདུས་དངོས་གཞི། བདེ་མཆོག་བོག་འདོན་གྱི་ཚུལ་དུ་སྟེ་གསུམ་ཀ་རྒྱུད་གཅིག་པ་ཞིག་གིས་རིས་སུ་མ་གཅད་ནས་ཉམས་སུ་ལེན་ཚུལ་ཡོད་པ་ལྟར་ལགས།
དེས་ན་གོང་དུ་ཁྱེད་ཀྱིས་དྲངས་པའི་བླ་མ་དེ་དག་ལས་མང་དག་ཅིག་གིས་ཆོས་བརྒྱུད་གཞན་དང་གཞན་གྱི་བླ་མ་རིས་མེད་དུ་བསྟེན་ནས་ཐོས་པ་རིས་མེད་དུ་མཛད་པའི་ལོ་རྒྱུས་མེད་ཕྱིར་འཇིག་རྟེན་གྲགས་སྡེ་དབང་བཙན་དུ་བྱས་ཏེ་རིས་མེད་དུ་མ་བགྲངས་པར་ཡང་སྲིད། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ལྟ་བུར་མཚོན་ན་བོད་གངས་ཅན་ན་རིས་མེད་ཀྱི་ཆོས་དང་གང་ཟག་བསྟེན་ནས་རིས་མེད་ཀྱི་བསྟན་པར་མཛད་རྗེས་བཞག་པ་ཁྱེད་ཀྱིས་ཤེས། སྒྲུབ་ཐབས་ཀུན་བཏུས་དང་རིན་ཆེན་གཏེར་མཛོད་གཅིག་པུ་རྟགས་སུ་བཀོད་ནས་རིས་མེད་དུ་བསྒྲུབ་ཀྱང་བསྒྲུབ་རུང་དུ་གནས་པ་དེ་ལྟར་ལགས།
མེ་དཀར་ལགས། ཁྱེད་ཀྱིས་དྲངས་པའི་སྐྱེས་ཆེན་དམ་པ་གསེར་གྱི་ས་འཛིན་གྲལ་ལ་བསྟར་བའི་ལྟ་བུ་དེ་དག་ལས་གོ་ཤཱཀ་གཉིས་དང་བསོད་བཙུན་གཉིས་ཏེ་བཞི་ལ་ཕྱོགས་རིས་ཅན་ཞིག་ཡིན་པར་མི་འདོད་ཀྱང་། ཆོས་བརྒྱུད་སོ་སོའི་རང་ལུགས་གཙོ་བཟུང་གནང་མཁན་ཞིག་ཡིན་པར་འདོད་ལ། གཞན་དེ་དག་ནི་རིས་མེད་ཡིན་པར་འདོད་དེ། ཁོང་རྣམ་པས་ཆོས་བརྒྱུད་བྱེ་བྲག་པ་ཞིག་དགོངས་པ་གང་ཡིན་ལ་གཙོ་བོར་མ་བཟུང་བར་རྒྱལ་
བསྟན་སྤྱི་ལ་གསན་བསམ་སྒོམ་གསུམ་གྱིས་ཕྱག་བཞེས་གནང་མཁན་ཡིན་པའི་ཕྱིར། ད་ཁྱེད་ལ་གསུང་རྒྱུ་ཅང་ཨེ་ཡོད་ན། རིགས་ལམ་གྱི་མཆོད་སྤྲུལ་འབུལ་བར་འདོད་དོ། །
འདྲེ་ནག་མགོ་དགུ་མཆོག་གིས་གནས་ཚུལ་ཆ་ཚང་བ་ཞིག་རྟོག་ཐུབ་མིན་འདུག་ལ། དཔྱད་པ་རྩ་བ་ནས་གནང་མིན་འདུག། གཞན་གྱི་ལབ་རྡོལ་དང་ཟེར་སྒྲོས་ཟེར་བའི་རླུང་གི་རྗེས་སུ་ཕྱིན་པ་ལྟ་བུ་རེད། རྒྱུ་མཚན་མིན་འདུག
བོད་ཀྱི་ཆོས་བརྒྱུད་གྲུབ་མཐ༐འ་མི་འདྲ་བ་རྣམས་འཛོམས་ནས་ཚོགས་ཆེན་ཐེངས་མང་པོ་ཚོགས་པ་དང་། ཐེངས་དང་པོ་འདི་རྒྱ་གར་རྡ་སར་༡༩༦༠ནང་ལ་ཚོགས་པ་དང་དེ་ལ་ཆོས་བརྒྱུད་ཚང་མའི་བླ་ཆེན་སྤྲུལ་སྐུ་མང་ཆེ་བ་ཡོད། དཔེར་ན། བཀའ་བརྒྱུད་པའི་སྐུ་ཚབ་ལ་རྒྱལ་དབང་ཀརྨ་པ་མཆོག་དང་ཀ་ལུ་རིན་པོ་ཆེ། དེ་བཞིན་ས་སྐྱའི་སྐུ་ཚབ་ལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་བཅོ་བརྒྱད་ཁྲི་རིན་པོ་ཆེ། དེ་བཞིན་རྙིང་མའི་ཕྱོགས་ནས་མདིལ་རྒུ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། བདུད་འཇོམས་རིན་པོ་ཆེ། དེ་བཞིན་དགེ་ལྡན་པའི་ཕྱོགས་ནས་གཙོ་བོ་ཡོངས་འཛིན་གླིང་རིན་པོ་ཆེ་དང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ། དེ་བཞིན་བླ་མ་གཞན་རྣམས་ཀྱང་འདུག
སྐབས་དེ་དུས། གྲོས་ཆོད་གཙོ་བོ་གཅིག་ནི། ཆོས་བརྒྱུད་ཚང་མ་འདྲ་མཉམ་ཡིན་པ་དང་། བོད་ཀྱི་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནང་ཆོས་བརྒྱུད་མི་ཚང་བ་མེད་པར་སློབ་གཉེར་བྱེད་པའི་གོ་སྐབས་སྤྲོད་རྒྱའི་གན་ཆོད་བཞག་པ་བཞིན། ཕྱིས་སུ་ཝ་ར་ན་སི་བཙུགས་སྐབས། ཆོས་བརྒྱུད་ཚང་མའི་གཞུང་ལ་སློབ་གཉེར་གོ་སྐབས་སྤྲོད་རྒྱུར་རྩོད་རྙོག་གཅིག་ཀྱང་མ་བྱུང་བར་ཐག་གཅོད་བྱས་པ་དེ་འདྲ་རེད། རྒན་མགོ་སེར་ཝ་ར་ན་སིར་ཁོང་སྒེར་གྱི་དགོན་པ་ཞིག་ཡོད་པ་དེའི་དགོན་བདག་ཙམ་ལས༎། དེ་མིན་ཁོང་དགེ་ལུགས་པའི་སྐུ་ཚབ་སོགས་ཀྱི་ལས་འཁུར་རྩ་བ་ནས་བཞེས་མྱོང་མེད་པ་མ་ཟད། རྒན་དེ་གཞུང་དྲང་ཞིང་། བོད་སྤྱི་པའི་ལས་ལ་སེམས་ཤུགས་ཆེ་བ་མ་ཟད༎། ལྷག་དོན་ཆོས་བརྒྱུད་ཚང་མའི་ཐོག་ལ་དག་སྣང་ཡོད་མཁན་ཞིག་རེད།
ཝ་ར་ན་སིར་ཆོས་བརྒྱུད་སོ་སོའི་ནང་ལ་སློབ་གཉེར་གྱི་དཔེ་ཆ་གང་རྐང་འཛིན་བྱེད་དགོས་མིན་དེ་ཆོས་བརྒྱུད་དེའི་དགེ་རྒན་རྣམ་པ་དང་དེ་བཞིན་སློབ་སྤྱི་རྣམ་པ་ལས། ཆོས་བརྒྱུད་གཞན་པ་ཚོས་འདི་ཁྲིད་དེ་མ་ཁྲིད་ཟེར་བའི་ཐོབ་ཐང་མེད། བྱས་ཙང་གོང་གི་སྐད་ཆ་དེ་ཚོ་དཀྲོག་གཏམ་ཁོ་ན་ལས་ཁུངས་སྐྱེལ་ཐུབ་པའི་སྐད་ཆ་མ་རེད། དཔེར་ན། ས་སྐྱའི་གཞུང་གང་ལ་རྐང་འཛིན་བྱ་དགོས་མིན་དེ་ས་སྐྱའི་སློབ་གཉེར་ཁང་གི་འགན་འཛིན་རྣམ་པ་ལས། དེ་ལ་ཆོས་ལུགས་གཞན་གྱི་སློབ་གཉེར་བ་ཚོས་བྱུས་གཏོགས་རྩ་བ་ནས་མེད། རྙོག་འདྲ་དེ་ཡོང་མ་ཤེས་པ་ལྟ་བུ་རེད། ལྷག་དོན་རྒན་མགོ་སེར་སློབ་གྲྭ་དང་འབྲེལ་བ་མེད།
ས་སྐྱའི་མཁན་པོ་ཨ་པེ་དང་རྒྱལ་བ་རིན་པོ་ཆེའི་སྐད་ཆ་འདི་ས་དགེའི་ཆོས་བརྒྱུད་སྐོར་ལ་མ་རེད། རྙོག་འདྲ་འདི། རྒྱལ་བ་རིན་པོ་ཆེ་ས་སྐྱའི་ཆོས་སྐོར་ཞུ་བར་བླ་མ་འཚོལ་བའི་སྐབས་ལ། ཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱིས། རྒྱལ་བ་རིན་པོ་ཆེ་ལ་ས་སྐྱའི་གཞུང་གསན་ན། ངེས་པར་དུ་མཁན་པོ་ཀུན་དགའ་དབང་ཕྱུག་གི་དྲུང་ནས་གསན་ན་ལེགས་ཚུལ་དང་། མཁན་པོ་ཨ་པེ་ཕྱི་རྒྱལ་ལ་སྐད་གྲགས་ཆེ་རུང་། ས་སྐྱའི་ནང་ཁུལ་བཤད་སྒྲ་ཁག་ལ་མཁན་པོ་ཀུན་དགའ་དབང་ཕྱུག་རྫིག་རྫིག་རེད་ཅེས་ཞུས་ནས། རྗེས་མ་རྒྱལ་བ་རིན་པོ་ཆེས་མཁན་པོ་ཀུན་དགའ་དབང་ཕྱུག་གི་དྲུང་ནས་གཙོ་བོ་ཚད་མ་རིག་གཏེར་དང་། དེ་ནས་རྒྱལ་དབང་ཁོང་གིས་རེ་བ་དང་ཕྱག་དངུལ་འབུལ་ནས་ཚད་མའི་གཞུང་ཆེན་ལ་འགྲེལ་ཆེན་ཞིག་ཡོང་བའི་རེ་སྐུལ་ཞུས་པ་རེད།
གནས་ཚུལ་འདི་དག་ལ་མཁྱེན་མཁན་རྣམ་པས་རྟག་པ་གནོངས་རོགས།
འདི་ལ་ངས་གསལ་བཤད་ཅིག་བྱེད།
དང་པོ་མི་ཞིག་གིས་འཇིགས་བློ་གྲོས་སྙིང་རྗེ་དགེ་ལུགས་པའི་བཞུང་ལ་མི་ལོ་བཅུ་ལ་སྦྱངས་ཡང་ས་རྙིང་ལྟ་ཅི་རང་ལུགས་བཀའ་བརྒྱུད་པ་ལ་ཡང་སློབ་སྦྱོང་བྱེད་མ་ཐུབ་པ་རེད་ཟེར།
འདི་ལ་ངེས་པར་དབྱེ་འབྱེད་བྱེད་གོས།
གང་ཟག་སྒེར་ངོས་ནས་རང་ཉིད་བཀའ་བརྒྱུད་པ་ཞིག་གིས་དགེ་ལུགས་པའི་གཞུང་གི་ཐོག་ནས་གོ་བ་ལེགས་པོ་ཞིག་སྐྱེས་ཟིན་ནས་རང་ལུགས་ཀྱི་ཡིག་ཆ་སོགས་ལས་སླ་པོས་མཇུག་ཐུབ།
རྩ་བ་རྨང་གཞི་གཅིག་པ་རེད།
ང་ཨ་རིག་སྒར་ན་ཡོད་སྐབས་མཁན་རིན་པོ་ཆེའི་སློབ་མ་རི་བོ་ཆེའི་ཕྱོགས་ནས་ཕེབས་པ་ངག་དབང་རྣམ་རྒྱལ་ཞུ་བའི་ཆོས་པ་ཧ་ཅང་ཡག་པོ་ཞིག་ཡོད།
ཁོང་གི་དགོན་པ་ཁམས་པ་དགོན་ཡིན་ནམ་སྙམ། ཉིན་ཞིག་དགོན་པའི་ལས་སྣེ་ཡོང་ནས་ངེས་པར་དུ་ཕར་ལོག་དགོས། ང་ཚོ་བཀའ་བརྒྱུད་ཀྱི་དགོན་པ་རེད། དེ་ལ་སློབ་གཉེར་ལྟ་དགོས་ཟེར་སོང་། སྐབས་དེར་ཁོང་ལ་འགྲོ་འདོད་མེད་པས་ཁོང་ཚོ་མཉམ་དུ་མཁན་རིན་པོ་ཆེའི་མདུན་དུ་གཅར། མཁན་རིན་པོ་ཆེས་ཁོང་གིས་འདི་ནས་རྨང་གཞིའི་གཞུང་ལུགས་ཀྱི་གོ་བ་ཡག་པོ་ཞིག་ཆགས་ན་དེ་ནས་གྲུབ་ན་མཐའ་རང་ལུགས་སྒྱུར་དགོས་པ་གང་ཡང་ཡོད་ནི་མ་རེད། རང་བཞིན་གྱིས་ལས་སླ་པོས་རང་ལུགས་ཀྱི་ཡིག་ཆ་སོགས་ལ་སློབ་ཐུབ་ཀྱི་རེད་གསུངས་སོང་། རྗེས་ནས་ཁོང་ཚོས་ཀྱང་ཉན་སོང་།
དེས་ན་གང་ཟག་སྒེར་ལ་ནི་ཁྱད་པར་ཞེ་དྲགས་ཡོང་གི་མ་རེད།
འོན་ཀྱང་། སྔར་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་སློབ་གཉེར་བྱེད་མཁན་གྱི་རྙིང་མ་མང་པོ་ཞིག་ནང་བཞིན་རང་ལུགས་ཀྱི་གྲུབ་མཐའ་དང་ལུགས་སྲོལ་ལ་གཞན་ལུགས་ཀྱིས་བསྒྱུར་བཀོད་བྱས་ན་དཀའ་རྙོག་གི་གཞི་རེད།
དེ་འདྲ་བྱས་ན་ང་ལ་ཡང་འཐད་པ་མེད།
གཞན་ཞིག་ནི་མཚན་ཉིད་གྲྭ་ཚང་རིས་མེད་ཡིན་མིན་དེ་རེད། ཉེ་ཆར་ཐའེ་ཝན་དུ་ཡང་རིས་མེད་ཀྱི་མིང་ཐོག་ནས་བཤད་གྲྭ ་ཞིག་a༸སྐུ་མདུན་སོགས་ཀྱིས་རྒྱབ་གཉེར་ཡོད་པའི་ཐོག་ནས་རྒྱག་གིན་ཡོད་རེད། ཡིན་ན་ཡང་། སློབ་ཚན་ཕལ་ཆེར་བརྒྱ་ཆ ་དགུ་བཅུ་བློ་གསལ་གླིང་རེད་ཟེར་ནས་མང་པོ་ཞིག་གིས་སྐད་ཤོར་གྱིན་འདུག
ང་དེའི་གཙོ་སྐྱོང་གནང་མཁན་གྱི་དགེ་བཤེས་ཤིག་དང་གྲོགས་པོའི་འབྲེལ་བ་ཡག་པོ་ཡོད།༸སྐུ་མདུན་གྱིས་རིས་མེད་ཀྱི་སློབ་ཚན་དགོས་པའི་བཀའ་གནང་བསྩལ་པ་ཁང་དངོས་ཀྱིས་གསུངས་མྱོང་བས་གནས་ཚུལ་དེ་ལེགས་ཕྱོགས་སུ་ཕྱག་ལེན་དུ་བསྟར་ཐུབ་པའི་ཡིད་ཆེས་ཡོད།
མཚན་ཉིད་གྲྭ་ཚང་དེ་ཡང་ཤེར་ཕྱིན་དང་དབུ་མ་གཉིས་ཀྱི་རྩ་བའི་སློབ་ཚན་དགེ་ལུགས་པ་ཡིན་པ་དེར་ཅུང་ཟད་བསམ་ཚུལ་ཡོད་མྱོང་། མ་གཞི་འདུལ་བ་མཚོ་དང་མངོན་པ་འཆིམས་ལ་སློབ་པ་འདི་ཆོས་བརྒྱུད་བཞིའི་ཐུན་མོང་རེད།
འདིའི་ཐོག་ནས་རིས་མེད་ཀྱི་ཚད་གཞི་འཇོག་ཐུབ་དཀའ་བ་རེད།
གྲུབ་མཐའི་བར་གྱི་མི་མཐུན་སའི་ས་མཚམས་དེ་དབུ་མ་དང་ཤེར་ཕྱིན་གཉིས་ཁོ་ན་རེད།
འདིའི་ཐད་རིས་མེད་ཀྱི་མཚན་ཐོག་ནས་ཡོད་པའི་མཚན་ཉིད་ཀྱི་བཤད་གྲྭ་ཞིག་ཡིན་པའི་ཆ་ནས་མིག་སྔ་ལས་ཀྱང་ཚད་གཞི་ལེགས་པའི་མཚན་དོན་མཚུངས་པའི་རིས་མེད་ཀྱི་སློབ་ཚན་རེ་གོ་སྒྲིག་ཡོང་ན་ཅི་མ་རུང་།
གཞན་རིས་མེད་སྨོན་ལམ་འདོན་པ་ཙམ་དང་རིས་མེད་ཆོས་བརྒྱུད་ཀྱི་སློབ་མ་ཡོད་པ་ཙམ་གྱིས་སྐབས་འདིའི་རིས་མེད་མཚོན་མི་ཐུབ།
མ་གཞི་རིས་མེད་ཀྱི་དགེ་བཤེས་དང་དགེ་བཤེས་མ་ཟེར་ན་ཡང་། དགེ་བཤེས་ཟེར་བའི་མིང་འདི་ཁོ་ནས་དགེ་ལུགས་པའི་ཐོན་དངོས་ཤིག་རང་བཞིན་གྱིས་ཆགས་ཚར་བ་འདྲ་ཞིག་མང་པོ་ཞིག་གིས་བསམ་སྲིད་པ་རེད། དྲང་མོར་བཤད་ན་ང་ཡང་དེ་ཡིན།
ཐ་སྙད་འདི་ཙམ་གཏན་འབེབ་བྱ་རྒྱུར་ཡང་ཕྱོགས་ཡོང་ཀྱི་འགྲོ་སྟངས་དང་བསམ་ཚུལ་ལ་དགོངས་པ་མ་བཞེས་ན་རིས་མེད་ནི་ཧ་ཅང་ཁག་པོ་རེད། དཔེར་ན། སླབ་འཕངས་ཀྱི་མིང་ལ་མཁན་པོ་ལབ་ན་དགེ་ལུགས་ལས་གཞན་པའི་ཆོས་བརྒྱུད་ཀྱིས་ངོས་ལེན་བྱ་ངེས་ཀྱང་དགེ་ལུགས་པར་མ་ངེས། དེ་བས་སློབ་དཔོན་དང་རབ་འབྱམས་པ་ཡང་ན་དེ་ལས་ཀྱང་གསར་བའམ་སྔར་ཡོད་སོགས་འོས་འཚམས་ཀྱི་ཐ་སྙད་ཅིག་ཡོད་ལོས་དགོས།
ང་བསྟན་པ་ཡོངས་རྫོགས་ལ་སྙིང་ནས་གུས་ཞབས་དང་དག་སྣང་ཡོད་པར་མ་ཟད། གང་ཐུབ་ཀྱིས་སློབ་སྦྱོང་ཡང་བྱ་ཁུལ་ཡིན་ན་ཡང་། རིས་མེད་ལ་རིས་མེད་ཀྱི་ཚད་གཞི་ཞིག་དགོས་པ་འདི་ངས་སླར་ཡང་མནན་བརྗོད་བྱ་སྲིད།
འོན་ཀྱང་ལྟོས་འཇོག་གི་ཆ་མཚན་ཉིད་གྲྭ་ཚང་གི་ཕྱག་ལས་གནང་སྟངས་འདི་ཙམ་ཡང་ང་ཚོའི་རིས་མེད་ཀྱི་ལོ་རྒྱུས་ཐོག་གི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་དེར་ངོས་ལེན་ཞུ་རྒྱུ་ཡིན་པ་དེར་ཐེ་ཚོམ་མེད་ན་ཡང་།
རྩ་བའི་སློབ་ཚན་སོགས་ལ་ད་དུང་ངེས་པར་མ་འདངས་ས་ཡོད་ངེས་རེད་ཅེས་བསམ་གྱིན་ཡོད།
ངའི་རེ་བ་ལ་༸ཡིད་བཞིན་ནོར་བུ་དངོས་སུ་ཞལ་བཞུགས་པའི་སྐབས་འདིར་ཁོང་གིས་ཀྱང་ཐུགས་རེ་གནང་བའི་བཞུགས་སྒར་གྱི་མཚན་ཉིད་གྲྭ་ཚང་འདི་དངོས་སུ་རིས་མེད་ཀྱི་སློབ་ཚན་ཆ་མཉམ་དོ་མཉམ་ཡོད་པའི་རིས་མེད་ཀྱི་སློབ་དཔོན་མཚན་ཉིད་པ་ཞིག་སྐྱེད་སྲིང་ཐུབ་པའི་རེ་བ་ཡོད།
འཇིགས་མེད་མཚན་ཅན་དགོངས་སུ་གསོལ། །
རིས་མེད་བཀག་ཙམ་རིས་གཅད་དུ། །
མི་སེམས་གསུངས་པ་ཤིན་ཏུ་མད། །
དེ་བཞིན་གཞན་གཞུང་མ་སྦྱངས་ཀྱང་། །
ཤེར་ཕྱིན་བསོད་གྲགས་གཞུང་ལུགས་དང་།།
དབུ་མ་འཇམ་མགོན་བླ་མའི་ལུགས།།
མངོན་པ་ནམ་མཁའ་གྲགས་པའི་གཞུང་། །
འདུལ་བ་ཀུན་མཁྱེན་མཚོ་སྣ་བའི། །
གཞུང་ལ་སྦྱངས་ཞེས་གསུངས་པས་དད། །
དེ་བཞིན་ཁྱེད་ཀྱི་གོང་མཆན་ལས། །
ཁྱེད་ཉིད་དགེ་ལུགས་བཟང་པོ་ཞིག །
ཡིན་པར་སྣང་བས་བདག་དགའ་འོ། །
བཀྲིས་ལགས་གསལ་བཤད་གནང་བར་ཐུགས་རྗེ་བླ་མེད་ཆེ་ཞུ་ཡ་ཡིན། ཕྲན་གྱིས་ད་ལྟར་ཞུས་དོན་ནི། གོང་དུ་
མེ་ཏོག་དཀར་པོ་ནས། སྔོན་དུས་ཆིག་སྒྲིལ་ཚོགས་པའི་མིང་ཐོག་ནས། །ཆོས་ལུགས་གཅིག་ཏུ་བསྡུས་ལ་ཤ་ཐང་
འབད། །ཅེས་ལབ་འདུག་པ་དེ་ནི་བདག་གིས་ཐེངས་མང་རྣ་བ་ཚ་མྱོང་བའི་གཏམ་འཆལ་དེ་དང་འབྲེལ་བ་ཞིག་
འདུག་སྙམ་ནས་ཞུས་པ་ཡིན་ལ། ཕྲན་གྱིས་ཀྱང་གཏམ་འཆལ་འདི་དག་ལ་ཡིད་ཆེས་གཏན་ནས་མེད་མོད། གཏམ་འཆལ་འདི་དག་དེ་མུར་ལུས་ན་མ་འོངས་པར་ཡག་པོ་རྩ་ནས་མེད་སྟབས། གསལ་བཤད་ཡོང་རེ་ཁོ་ནས་
ཞུས་པ་ཡིན། ད་དུང་ཞལ་ཁ་གསལ་པོ་འདྲ་གསུང་རྒྱུ་སུ་ལ་ཡོད་ན་ཡང་གསུང་རོགས་ཞུ་རྒྱུ་ཡིན།
མཚན་ཉིད་གྲྭ་ཚང་དགེ་ལུགས་བཟོ་གྲྭ་རེད། །
རྙིང་མའི་རྫོགས་ཆེན་སྤྲུལ་སྐུ་དགེ་ལུགས་བཟོས། །
ཀུན་བཟང་བླ་མའི་ཞལ་ལུང་རྒན་རྒོན་གྱིས། །
དཔེ་བལྟས་ཙམ་ལས་ཕན་ཐོགས་མེད་དོ་ཟེར། །
པདྨ་བཀོད་པ་རྙིང་མའི་སྤྲུལ་སྐུ་ཞིག །
རིས་མེད་མཚན་སློབ་གྲྭའི་བཀའ་དྲིན་ལས། །
དགེ་ལུགས་བསྒྱུར་ནས་ད་ནི་གུ་རུ་ལ། །
དད་པ་ལོག་སྟེ་ངན་སྨྲས་མང་བྱས་པས། །
ཡུལ་མིས་པད་བཀོད་ཡོངས་མི་ཆོག་པ་བཟོས། །
བཀའ་བརྒྱུད་སྟག་ལུང་ཞབས་དྲུང་སྤྲུལ་པའི་སྐུ། །
ཕལ་ཆེར་ཕལ་ཆེར་དགེ་ལུགས་དགེ་ལུགས་རེད། །
གསོན་ཅིག་འདིར་འདུས་ཁ་བརྡའི་མགྲོན་པོ་ལགས། །
དགེ་ལུགས་བསྒྱུར་ཞེས་བརྗོད་དུས་དགེ་ལུགས་ཆོས། །
ངན་ཞེས་བརྗོད་པ་གཏན་ནས་མིན་ལགས་ཀྱང་། །
རྙིང་མ་རྙིང་ཆོས་བྱེད་ན་ལེགས་ལེགས་ལེགས། །
བཀའ་བརྒྱུད་བཀའ་བརྒྱུད་བྱེད་ན་མི་ལ་དགའ། །
ས་སྐྱ་ས་ཆོས་བྱེད་ན་ས་པཎ་དགྱེས། །
དགེ་ལུགས་དགེ་ཆོས་བྱེད་ན་དགེ་བ་ཡིན། །
བྲོག་ཁོག་རྒྱག་ལ་ཁྱད་པར་མེད་པའི་རྒྱུས། །
ཐུག་པ་མོག་མོག་ཞོ་དང་སི་པན་རྣམས། །
ཕོར་པ་གཅིག་ཏུ་དཀྲུག་ནས་ཟ་དགོས་སམ། །
་རིགས་ལམ་སློབ་གྲྭ་རིས་མེད་སྒྲོགས་མོད་ཀྱང་། །
གཞུང་གིས་སྤེལ་བའི་བཙན་བྱོལ་སྤྱི་ཚོགས་ཀྱི། །
དགོན་སྡེ་པར་དང་ལོ་རྒྱུས་སྡེ་ཚན་ལས། །
མཚན་ཉིད་སློབ་གྲྭ་དགེ་ལུགས་གྲས་ལ་འདུག །
འདྲེས། ངས་སྐྱ་བཀའི་༼ཕྱོགས་རིས་མཁན་༽ཁ་ཤས་དང་འབྲེལ་བ་ཡོད་པ་ཁོ་ཚོས་ཀྱང་། ཞེས་དང་། ༼གཏམ་འཆལ་༽འདི་དག་དེ་མུར་ལུས་ན་མ་འོངས་པར་ཡག་པོ་རྩ་ནས་མེད་སྟབས། ཞེས་ཕྱོགས་རིས་མཁན་དང་། གཏམ་འཆལ་ཞེས་བཤད་པ་འདི་དཔྱད་གཞི་ཡིན་པས་དཔྱད་སར་ཕངས་པ་མི་ལེགས་སོ། །
རྫ་ཚེས། ང་བསྟན་པ་ཡོངས་རྫོགས་ལ་སྙིང་ནས་གུས་ཞབས་དང་དག་སྣང་ཡོད་པར་མ་ཟད། གང་ཐུབ་ཀྱིས་སློབ་སྦྱོང་ཡང་བྱ་ཁུལ་ཡིན་ན་ཡང་། ཞེས་པ་འདི་རིས་མེད་འབྲིང་གི་ཚད་ལ་ངོས་འཛིན་གྱིས་དགའ་བསུ་ཞུ།།
དཔལ་ཆོས་ཀྱི་གྲགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་།།ཞེས་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་འགྱུར་པ།།ཞེས་གནམ་ལ་ཉི་ཟླ་ས་ལ་དབུ་ཚད་གཉིས་ཉེས་པའི་རྩ་བ་ངོས་འཛིན་མཐིལ་ཕྱིན་པ་གནང་ནས་བདག་མེད་པ་དངོས་པོའི་གནས་ལུགས་སུ་གཏན་ལ་ཕབ་པའི་སྐུ་དྲིན་གཞལ་དུ་མེད། དེས་ན་རིས་མེད་ཅེས་ཕྱོགས་རིས་མེད་པ་ཕྱོགས་ལྷུང་བྲལ་ཏེ་གཟུ་བོར་གནས་ཤིང་རིགས་པས་བདེན་དོན་འཚོལ་མཁན་ལ་གོ་ཐུབ། དབང་ཤུགས་དང་ངའི་བླ་མ། ངའི་ཆོས་ལུགས། ང་ཚོའི་ཡིག་ཆ་ཡིན་ན་བདེན་དགོས་པ་དང་། ཁོའི་ཡིན་ན་རྫུན་དགོས་པའི་སྒང་ལ་མ་བཞག་པར། དྲི་མེད་རིགས་པ་ལས་ཐོན་པའི་གནས་ལུགས་སྟེང་འཁྱེར་དགོས།
དེ་བཞིན་རྗེ་བཙུན་བྱམས་པས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།།ཞེས་ཆོས་རྣམས་མ་ལྟོས་པར་འཇོག་ས་མེད་པ་དང། སོ་སོས་སྒྲུབ་ལ་ནན་ཏན་མ་བྱེད་ན་གནམ་འབབ་ས་བརྡོལ་མིན་པས། དགེ་སྡིག་བླང་དོར་གྱི་བདེན་བཞིའི་རྣམ་གཞག་དང་། དེ་ཡང་གཞི་རྩའི་བདེན་པ་གཉིས་ལ་མཐར་གྱིས་གཏུགས་ནས་དངོས་ཡོད་མཐུན་པའི་ལམ་ཞིག་སྒོམ་ནས་སངས་རྒྱས་སོགས་དཀོན་མཆོག་འཇོག་ཚུལ་དང་། དེ་དག་བོད་ཀྱི་ཆོས་བརྒྱུད་ཚོས་གཞི་རྩར་མཐུན་ནས་ཡོད་ན་རིས་མེད་ཀྱི་གོ་སྐབས་ཡོད་པ་ལྟ་ཅི། ལྟ་སྤྱོད་མི་མཐུན་ཆོས་ལུགས་གཞན་དང་ཡང་མཐུན་འབྲེལ་ཡོང་རྒྱུའི་ལམ་ཡང་ཡོད། རང་ལུགས་གཏད་སོ་ཡོད་པའི་ཐོག་ནས་ཕྱོགས་ཡོངས་ཀྱི་གཞུང་ལུགས་རབ་འབྱམས་ལ་གོ་རྟོགས་ཡོད་ན་རབ་དང་། དེ་མིན་ཕྱོགས་རིས་མ་ཕྱེ་བར་གུས་བརྩིས་དག་སྣང་དང་། རྗེས་སུ་ཡི་རང་ཞུ་ཐུབ་ན་རིས་མེད་ངེས་པར་འོང་ཞིང་། མཐུན་སྒྲིལ་ནི་ངེས་པར་མཁོ་གནད་ཅན་དང་། གང་ལའང་དོ་གལ་ཆེ།
མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ན་སྐུ་མདུན་གྱི་སློབ་ཞིག་ཏུ་ཚོགས་འདུ་དེ་འཚོགས་ནས་བདུད་འཇོམ་རིན་པོ་ཆེ་ཕར་ཕེབས་རྗེས་མང་པོ་ཞིག་གིས་ད་རེས་ཀྱི་ཚོགས་འདུ་དེ་ཆོས་ལུགས་ཚང་མ་གཅིག་པ་བཟོ་ཡང་གི་འཆར་གཞི་རེད་ཟེར། རེད་པས་ཞེས་འདྲི་མཁན་བྱུང་ཞེས་རྗེས་ནས་སྐུ་མདུན་ལ་བཀའ་མོལ་ཞུས་པ་ཞིག་དངོས་སུ་གསུངས་ཡོད།
དེའི་ནང་ལ་ལྟས་ན་བདུད་འཇོམ་ཡང་ཕྱི་ལོགས་ཀྱི་གཏམ་འཆལ་དང་ནང་གི་ཚོགས་འདུའི་བརྗོད་བྱ་གཉིས་རྦད་དེ་ལོག་ཀ་ཡིན་པས་ཧང་སང་སང་གནང་འདུག
དེ་ལྟར་ན་མང་པོ་ཞིག་དཀྲོགས་གཏམ་ཡིན་ངེས་རེད།
འོན་ཀྱང་། རྡ་ས་ནས་གྲོས་ཚོགས་བསྡུ་དགོས་ལབ་དུས་གདན་ས་གསུམ་དང་བརྒྱུད་སྟོད་སྨད་ཀྱི་སྐུ་ཚབ་ཅིག་ཅིག་གི་བསམ་ཚུལ་དེ་ཡིན་ཤག་བྱེད་ཀྱིན་འདུགཅེས་༸སྐུ་མདུན་གྱིས་གསུངས་འདུག མདོར་ན་གྲངས་མོ་བཤད་ན་ཕྱོགས་ལྷུང་དང་འཐེན་འཁྱེར་འཁྲེག་འཛིན་དང་ཐལ་སྐྱོད་སོགས་ཀྱི་འགལ་འདུའི་དུས་རབས་ཀྱི་ཁུག་པར་དེར་མགོ་རིས་མེད་ནས་མཇུག་ལྷ་སྲུང་བསྟེན་གསོལ་གྱི་བར་ལ་༸སྐུ་མདུན་གྱིས་ཧ་ཅང་དཀའ་ལས་ཆེན་པོ་ཚོར་ཡོད་པ་དང་། མི་ཞིག་ཡིན་པར་ཆ་བཞག་སྟེ། ཞེ་ས་མ་ཞུས་པར་ཐ་ཐུགས་བྱས་ན་སྡུག་དཀའ་ལས་ཞེ་དྲགས་སྐྱོན་ཡོད་པ་འདི་ང་ཚོས་ངེས་པར་དུ་བརྗེད་མི་ཉན།
ཁྱད་པར་དུ་ས་རྙིང་བཀའ་གསུམ་གྱིས་བརྗེད་མི་ཉན།
ཡང་། ངོས་གཞན་ཞིག་ནས་ལྟས་ན་དེ་དུས་རིས་མེད་ཀྱི་མཉམ་འབྲེལ་ཞིག་བྱས་ན་དོན་གྱིས་དགེ་ལུགས་པ་ལ་དགེ་བཤེས་སྟག་སེང་འདྲ་བ་ཤ་སྟག་ཡོད་ཅིང་། སློབ་གཉེར་སོགས་ཀྱི་ཐད་ཁོང་ཚོས་རང་བཞིན་གྱི་ཆ་ཤས་ཆེན་པོ་ལེན་ངེས་ཡིན་པ་དང་། མཚན་ཉིད་གྲྭ ་ཚང་གི་སློབ་ཚན་བཞིན་སློབ་ཚན་དག་ཀྱང་དེ་དེ་བཞིན་དུ་འགྱུར་རྒྱུ་ཡིན་པར་བསྔགས་སྐྲག་སྐྱེས་པར་ཡང་རྒྱུ་མཚན་ཡོད་ས་རེད།
འོན་ཀྱང་དང་པོ་ནས་ཚང་མ་དགེ་ལུགས་པར་སྒྱུར་དགོས་ཞེས་ལབ་པ་རེད་ཟེར་བ་ནི་ཐལ་ཆེ་བའི་དཀྲོགས་གཏམ་ཞིག་ཡིན་ངེས་རེད་བསམ་གྱིན་ཡོད་དོ། ཝར་ནའི་སློབ་ཚན་སོགས་ནི་ཆོས་བརྒྱད་སོ་སོས་ཆ་ཤས་ལེན་མཁན་མེད་པར་ད་ལོ་ཡིན་ན་ཡང་བཀའ་བརྒྱུད་པར་འཛུལ་མཁན་ཧ་ཅང་ཉུང་གི་ཟེར་བ་ལྟ་བུ་རེད་མ་གཏོགས་འཛིན་སྐྱོང་གི་ཆ་ནས་དགེ་ལུགས་པས་སྒེར་གཅོད་བྱེད་ཀྱིན་ཡོད་པའི་ལྟ་ཚུལ་དེ་མ་དྲང་པ་རེད། མ་གཞི་སོ་སོས་ཆ་ཤས་མི་ལེན་པར་དེ་ནས་ཅིག་བྱས་མ་སོང་མུག་བྱས་མ་སོང་ཟེར་ནས་ཐད་ཀ་ནས་ལབ་རྒྱུ་དེ་ས་རྙིང་བཀའ་གསུམ་གྱི་གཤིས་ཀ་འདྲ་ཞིག་རེད་ད་རེད།
བྲེལ་བའི་བར་གསེངས་ནས་ཐད་ཀར་བཏགས་ཙང་ཡིག་ནོར་དང་ཆད་སྐྱོན་མང་པོ་འདུག་ དགོངས་དག
རྫ་ཚེ་ལགས། ཕྲན་གྱིས་ཁྱེད་ཀྱི་་གསུང་གི་གོ་དོན་ཡག་པོ་རྟོགས་མ་སོང་། ཡང་སྙིང་ཚོགས་འདུ་དེ་འདྲ་ཞིག་
ཚོགས་པ་བདེན་པ་རེད་པས། ཕྲན་ལ་ཁོ་ཚོས་ཟེར་སྟངས་ལྟར་ན་དེའི་ཕུག་ལ་སྐུ་མདུན་ཡོད་རེད་མདོག་མདོག་
བྱས་ཀྱིན་འདུག ཕྲན་ནི་དེར་ཡིད་ཆེས་གཏན་ནས་བྱེད་ཐུབ་མི་འདུག ད་ཐེངས་འདིར་སྐད་ཆ་བསླེབས་ཚར་
བ་རེད། དེ་ལྟར་ཡིན་མིན་གསལ་པོ་གསུང་དགོས་པ་རེད། དེ་ནས་མེ་དཀར་ལགས། ཝ་མི་བརྒྱལ་ཀ་མེད་འདྲེ་
ཡིས་འགྲམ་ལྕག་ཟེར་བ་ལྟར། ཕྲན་གྱིས་དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་ནི་ཁྱེད་ཀྱི་ཚིགས་བཅད་སྔོན་དུས་སོགས་ཀྱི་ཚིག་དེ་ལ་བརྟེན་ཞུས་པ་ཡིན། ཁྱོད་ལ་འདི་སྐོར་དངོས་གནས་དཔང་རྟགས་འདི་དང་འདི་བྱ་བ་ཡོད་
དམ། ཡོད་ན་སྟོན་དགོས་ལ། དེ་མིན་ཆོས་བརྒྱུད་དབྱེན་དཀྲུག་གི་ལས་ངན་ཚབས་ཆེན་འདི་འདྲ་གསོག་ཕོད་པ་
ནང་ཆོས་ལ་ཡིད་ཆེས་མེད་པའི་རྟགས་ཡང་དག་པ་སྟེ། ཆོས་བརྒྱུད་གང་འདྲ་ཞིག་གི་སྐྱེས་བུ་དམ་པ་སུ་ཞིག་གིས་ཀྱང་འདི་ལྟ་བུ་ཞལ་ནས་ཟུར་ཙམ་ཡང་ཐོན་པ་བདག་གིས་མ་ཐོས་སོ། །
རིས་མེད་གནང་བས་ཆོས་བརྒྱུད་ཀུན་ལ་དག་སྣང་བསླེབ། །
རང་ལུགས་སྐྱོང་བས་ཐུན་མིན་གྲུབ་མཐའི་འཛིན་མཚམས་ཤེས། །
མདོར་ན་རིས་མེད་གནང་དང་རང་ལུགས་སྐྱོང་བ་ཀུན། །
ཐམས་ཅད་བསྟན་དོན་ཡིན་པས་ཁོ་བོ་དད་པ་འཕེལ། །
མེ་ཏོག་དཀར་པོ་ཟེར་བ་རྫུན་མ་རེད། །དོན་ལ་མེ་ཏོག་ཧ་ལོ་ནག་པོ་རེད། །
གང་བཤད་མཐའ་དག་དུག་གི་ཚེར་མ་རེད། །གང་གིས་སྤྱོད་དེར་འཆི་ལྟས་ཡོང་ངེས་རེད། །
ཞྭ་དམར་ཚང་གིས་ཚང་གིས་མངགས་པའི་ཕོ་ཉ་རེད། །རྒྱ་དམར་ཚང་གིས་བཏང་བའི་རྒྱུག་ཁྱི་རེད། །
ཆོས་བརྒྱུད་འཁྲུགས་ན་སེམས་པ་དགའ་མཁན་རེད། །བོད་ཁམས་འཁྲུགས་ན་སྣང་བ་སྤྲོ་མཁན་རེད། །
དབུ་ཞྭ་དམར་པོས་གསོས་པའི་བུ་ཚབ་རེད། །རྒྱ་མི་དམར་པོའི་གླ་ཕོག་ཟ་མཁན་རེད། །
འདྲེ་ནག་ཚང་གི་བཀའ་སྐྱོན་དུག་ཧ་ལོ། །
ང་ཡི་ངོར་ལ་མེ་ཏོག་དཀར་པོ་གྱུར། །
ཆོས་ལུགས་མཐུན་པོ་དགོས་པ་ངས་ཀྱང་སྡོད། །
ཁ་ཆེ་ཧིན་དུ་ཨིི་ཤུ་ཆམ་པོ་དགོས། །
ཁ་ཆེ་ཧིན་དུ་ཨི་ཤུ་རིས་མེད་དགོས། །
མཐུན་པོའི་དོན་དག་རྩམ་པ་རྫིས་པ་ལྟར། །
ཡིན་ན་རིས་མེད་མ་ལགས་རུས་མེད་ལགས། །
མེ་དཀར་ལགས། ངས་ཆོས་བརྒྱུད་རིས་མེད་ཟེར་བ་བོད་བརྒྱུད་ནང་བསྟན་རིས་མེད་ལ་སྦྱངས་ཤིང་། དེ་དག་ནས་གསུངས་པའི་གནད་ཁོང་དུ་ཆུད་དེ་དད་པ་དང་དག་སྣང་ཕྱོགས་མེད་དུ་འཕེལ་བ་ལ་གོ་བ་ཡིན་ལ།
དེ་རྩམ་པ་བརྫིས་པ་ལྟ་བུ་ལ་འདོད་ན། དང་པོར་འཇམ་མགོན་ཀོང་སྤྲུལ་ལ་སྐྱོན་དེ་བབ་པར་འགྱུར་ཏེ། ཕྲན་
གྱིས་གོང་ནས་ཞུས་ཟིན་པ་ལྟར། མཚན་བྱང་ལ་བཀའ་བརྒྱུད་གདམས་ངག་མཛོད་ཅེས་གསུང་བཞིན་དུ། ས་
དགེ་རྙིང་གསུམ་གྱི་ཆོས་ཚན་དེ་སྙེད་ཅིག་དེའི་ནང་དུ་བསྡུས་འདུག་པའི་ཕྱིར་དང་། ཡང་ཁོང་གིས་རིན་ཆེན་
གཏེར་མཛོད་དུ་བོན་གཏེར་དུ་མ་ཞིག་བཅུག་འདུག་པའི་ཕྱིར། ཡང་ཁོང་གིས་ས་དགེ་རྙིང་གསུམ་གྱི་བླ་མ་མང་
བོ་བསྟེན་པར་བཤད་འདུག་པས། ད་ཁོང་ལ་དང་པོར་ཆོས་བརྒྱུད་རྩམ་པ་རྫི་མཁན་གྱི་མཚན་གྱི་ཅོད་པན་
ཕུལ་ལ། དེ་ནས་རྗེ་སྒམ་པོ་བས་བཀའ་ཕྱག་ཆུ་བོ་གཉིས་བསྲེས་མཛད་པས་ཁོང་ལ་ཆོས་བརྒྱུད་རྩམ་པ་རྫི་མཁན་
གྱི་མཚན་སྙན་དབུལ་བར་བྱ་དགོས་པ་སྟེ། ད་དུང་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་ཀྱང་མཚན་སྙན་དེ་མི་བཞེས་ཀ་
མེད་རེད་འདུག་གོ། །ཧ་ཧ་ཧ་ཧ་་་་་་་་།
རིགས་ལམ་སློབ་གྲྭའི་རིས་མེད་སློབ་ཚན་རྣམས།།
ས་དགེ་བཀའ་རྙིང་མཁས་དང་ལེགས་བགྲོས་ཏེ།།
༸རྒྱལ་བའི་དབང་པོར་སྤྱན་ཞུ་ལེགས་བསྟར་ནས།།
ཚད་ཐུབ་ལམ་གྱི་ཕྱག་རྒྱས་བཏབས་པ་ལགས།།
གངས་ཅན་དེ་ན་རིས་མེད་གཞུང་ལུགས་ལ།།
ཉན་སེམས་སྒོམ་པའི་མཁས་གྲུབ་མང་བྱོན་མོད།།
རིས་མེད་སྦྱོང་གཞི་གཏན་འབེབ་ཉམས་ལེན་གྲྭ།།
རིགས་ལམ་སློབ་གྲྭ་དང་པོ་ཡིན་པར་གསལ།།
དེ་ལྟ་ནའང་ཆད་དང་འཁྲུལ་པའི་ཆ།།
ལྷན་ཅིག་འབྱུང་བ་འཇིག་རྟེན་བྱ་བའི་གཤིས།།
ཡིན་ཕྱིར་སྐྱོན་ཆ་བགྲང་བའི་ཨུ་ཚུགས་ཙམ།།
རེ་ཞིག་ལྷོད་ལ་ལེགས་པའི་ལམ་ཕྱོགས་སྟོན།།
མི་ཚེའི་རྒྱུན་ཐག་སྤྲེའུའི་མཇུག་མ་འདྲ།།
གཙུག་ལག་གཞུང་ལུགས་རི་བོའི་རྔམས་ལས་མཐོ།།
དེས་ན་ལུགས་གཅིག་དཔྱིས་ཕྱིན་ལེགས་བསླབ་སྟེ།།
གཞན་ལུགས་ཕྱོགས་རེར་སློབ་པའང་རིས་མེད་ཡིན།།
རིག་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་དང་།།
གསལ་སྟོང་ཟུང་འཇུག་བདེ་སྟོང་ཡེ་ཤེས་རྣམས།།
འགལ་མེད་སྟན་ཐོག་གཅིག་ལ་ཉམས་ལེན་པ།།
རིས་མེད་རབ་ཀྱི་རྣམ་པར་ཐར་པའོ།།
ཀློང་རོང་ཞབས་དང་མར་མི་དྭགས་པོའི་གཞུང་།།
ས་པཎ་གོ་རམས་རྗེ་བཙུན་ཙོང་ཁ་སོགས།།
རིས་མེད་མཁས་གྲུབ་གཞུང་ཀུན་ཐོས་པར་བྱེད།།
རིས་མེད་འབྲིང་གི་རྣམ་པར་ཐར་པའོ།།
གངས་ཅན་རྒྱལ་བསྟན་འདེགས་པའི་ཤིང་རྟ་བརྒྱད།།
ཤཱཀྱའི་སྲས་ཀྱི་ལམ་སྲོལ་གཙང་མ་རུ།།
ཕྱོགས་ཞེན་བསམ་པ་སྤངས་ཏེ་དད་སྣང་སྦྱོང་།།
རིས་མེད་མཐའ་མའི་རྣམ་པར་ཐར་པའོ།།
མདོ་དང་རྒྱུད་སྡེ་རྒྱ་མཚོའི་དམ་ཆོས་ཀུན།།
ལེགས་པར་སྒོམ་ཞིང་གཞན་ལ་འདོམས་པ་དང་།།
ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཡིས།།
འཁོར་བ་མ་སྟོང་བར་དུ་བརྩོན་གྱུར་ཅིག།
འདྲེ་ནག་མགོ་དགུ་མ་སོང་ས་ཆ་མེད། །སྟོད་ཀྱི་ས་སྐྱ་དགོན་པར་ས་ཆོས་ཞུས། །
མགོ་བོ་དགུ་ལ་མིག་ནི་བཅོ་བརྒྱད་ཡོད། །ཚར་ངོར་རྫོང་གསུམ་ཆོས་ལ་རྒྱུས་མངའ་ལོན། །
བར་གྱི་ཚུར་སྨིན་རྡོ་གསུམ་དགོན་པར་ཕྱིན། །བཀའ་རྙིང་ཆོས་ལ་རྒྱུས་མངའ་ཏོག་ཙམ་ཡོད། །
སྨད་ཀྱི་དགེ་ལུགས་དགོན་པར་མཇལ་དུ་སོང་། །དགེ་ལུགས་ཆོས་ལ་རྒྱུས་མངའ་ལོན་པར་བྱས། །
ས་དགེ་བཀའ་རྙིང་ཇོ་ནང་ལ་སོགས་པའི། །སྐྱེས་ཆེན་དམ་པ་དུ་མའི་ཞབས་ལ་གཏུགས། །
མ་འགྲོ་དགུ་འགྲོ་འདྲེ་ནག་མགོ་དགུ་པ། །
མ་ཞུས་དགུ་ཞུས་འདྲེ་ནག་མགོ་དགུ་པ། །
མ་མཐོང་དགུ་མཐོང་འདྲེ་ནག་མགོ་དགུ་པ། །
མ་བྱེད་དགུ་བྱེད་འདྲེ་ནག་མགོ་དགུ་པ། །རྩེད་མོ་ཡིན་ད
རིས་མེད་སློབ་གྲྭ་འགྲིམས་པའི་ལག་རྗེས་ལ། །
རིས་མེད་སློབ་ཚན་སློབ་པའི་ལག་རྗེས་ལ། །
རིས་མེད་རིས་མེད་ཟེར་བའི་ལག་རྗེས་ལ། །
དགེ་ལུགས་ང་ཡིན་ཟེར་མཁན་མང་དུ་ཐོན། །
རིགས་མེད་རིགས་མེད་ཟེར་བ་འདི་ཚང་མ་མགོ་སྐོར་གཏང་བའི་ཐབས་ཡིན
རིགས་མེད་ཟེར་ན་གུ་རུ་རིན་པོ་ཆེ་ལ་རྟེན་དགོས་པ་དང་
བོད་གཞུང་སློབ་གྲའི་སྔར་དགུང་ཞབས་འདེབས་དེབ་
རིགས་མེད་བྱེད་དགོས་པ་དང་བོད་གཞུང་སློབ་གྲའི་སློབ་དེབ་ནང་
ས་རྙིང་བཀའ་གསུམ་གྱིས་ཆོས་རྒྱུད་ཡང་དགོས་པ་དགེ་ལུགས་པ་ཅིག་པོ་མིན་
པ་དང་དབུས་བོད་མི་སྒྲིགས་འཛུག་ནང་ལས་བྱེད་ལ་ས་རྙིང་བཀའ་གསུམ་ཡང་
གཙུག་དགོས་པ་རེད་། དེ་ཚང་མ་འགྲིགས་ན་བོད་གཞུང་དེ་རིགས་མེད་ལ་ངོས་འཛིན་
ཡོད། ཏ་ཡིས་སུ་རུས་རིགས་མེད་དེ་ཁ་སྟོང་ལག་སྟོང་གིས་རིགས་མེད་རེད་ལ་ཡིད་ཆེས་ཀྱང་མེད་།
བོད་ཀྱི་བོན་བསྟན་སློབ་སྦྱོང་གནང་རྒྱུའི་སྐོར་ལ་སྐད་ཆ་མི་ཤོད་པ་འདི་ལ་བསམ་ན། ཁྱེད་ཚོའི་དེང་སང་གི་རིས་མེད་ཟེར་བ་འདི་ནི་་་་རེས་མེད་གསར་པ་་་་ཞིག་ཡིན་ས་རེད། སྔོན་གྱི་་་་རིས་མེད་རྙིང་པ་་་དེ་ཚོའི་ནང་དུ་བོན་པོ་བཞག་ཡོད་བསམ་སོང་། ད་ཡང་དུས་རབས་ཉེར་གཅིག་པའི་ཅིག་ཅིག་མག་མག་དེ་ཡིན་འགྲོ། ཕལ་ཆེར་ཁྱེད་ཚོ་དགེ་སློང་སེར་རིལ་ཨ་ན་མ་ན་ཞིག་བྱེད་འདོད་པ་མིན་འགྲོ། །
རིས་མེད་ཟེར་བ་རང་ལ་ལུགས་གང་ཡང་མེད་པ་དང་ཡང་རང་གི་ལུགས་ཤོར་པ་རུས་པ་མེད་མཁན་དེ་འདྲ་ཞིག་ལ་ཅི་ལ་གོ དེ་ནི་བསམ་མེད་བྱིས་པའི་ཀླད་པ་ཅན་དག་གི་གཤིས་ཤིག་རེད། གོ་ན་རྒྱལ་བའི་བཀའ་ན་གཅིག་ཀྱང་འདོར་དུ་མེད་པར་རང་ལུགས་ལ་ཧྲིལ་གྱིས་གོ་འོང་བ་ཇོ་བོ་བཀའ་གདམས་པ་ལྟ་བུ་ཞིག་ལོས་ཡིན། མ་གོ་ན་ལྟ་དངོས་གནས་རིས་མེད་ཟེར་བ་ཉ་ཉུང་བསྲེས་པ་ལྟ་བུའི་ཉག་ཉོག་ཅིག་ཏུ་གོ་བ་རེད། སྤྱིར་སློབ་སྦྱོང་གི་འགྲོ་སྟངས་ལྟར་དང་པོ་ལུགས་གཅིག་གཞི་རྩར་བཟུང་སྟེ་རྨང་གཞི་ཡག་པོ་ཞིག་ཆགས་སོང་ན་དེ་ནས་ལྟ་གྲུབ་གཞན་སྦྱང་རྒྱུ་སླ་བོ་རེད། གང་ཡིན་ཞེ་ན། བཞེད་མཚམས་ཕྲན་བུ་མི་འདྲ་བ་མ་གཏོགས་སྤྱིའི་སྒྲོམ་གཞི་ཚང་མ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མཉམ་མེད་ཤཀྱཱའི་རྒྱལ་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ལྟ་སྒོམ་སྤྱོད་གསུམ་འཁྲུལ་བ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །
དེ་མིན་དང་པོ་ནས་ཐོབ་ཐང་དང་རིས་མེད་ཚད་ལྡན་ལྟ་རྒྱ་མཐོང་རྒྱ་ཆེ་སྐད་དུ་བསྙད་ནས་ཕར་མིན་འདི་མིན་ཉ་ཉུང་མཉམ་བསྲེས་བྱས་མང་པོ་ཞིག་བྱས་བྱས་ཏེ་མཐར་ཐུག་ན་དགག་བྱ་དང་དགོས་པ་དམིགས་བསལ་ཅང་མེད་པ་ཕུད་སློབ་སྦྱོང་ལ་འཇུག་པ་བདེ་བོ་ཁྱོན་ནས་མེད་པའི་གཞི་རྩའི་གནས་ལུགས་འདི་ཙམ་ཤེས་པར་གྱིས་ཞེས་སྙན་སྐུལ་ལོ།
དེས་ན་འཇམ་དབྱངས་མཁྱེན་བརྩེ་གོང་མས་མཚོན་སྐྱེས་ཆེན་དམ་པ་མང་པོ་ཞིག་རིས་མེད་མིན་པའི་སྒྲུབ་བྱེད་དུ་ཆོས་བརྒྱུད་སོ་སོའི་བཤད་གྲྭ་མ་འགྲིམས་པ་རྟགས་སུ་བཀོད་པ་ནི་བརྡོལ་གཏམ་ཡིན་ཏེ། འོ་ན་ཁྱེད་ལ་༸གོང་ས་མཆོག་ཀྱང་རིས་མེད་མ་ཡིན་པར་ཐལ། རྟགས་དེའི་ཕྱིར་རོ། ། དེས་ན་དང་པོར་སོ་སོས་ལུགས་གང་ཞིག་ལ་གཙོ་བོར་སྦྱངས་པ་གནང་ཡང་དེ་ནས་ལྟ་གྲུབ་གཞན་མཁྱེན་རྒྱུ་ལས་སླ་བོ་རེད། མ་ཟད་ཉམས་མྱོང་ཅན་གྱི་རྣལ་འབྱོར་པ་ཞིག་ཡིན་ན་ནི་མྱོང་ཐོག་ནས་གནད་གཅིག་ཏུ་མཐོང་ཡོང་གི་ཡོད་པ་པན་ཆེན་བློ་བཟང་ཆོས་རྒྱན་ལྟ་བུ་རེད། དཔེར་ན་རང་རེའི་བོད་སྐད་ཡིག་སྙན་སུམ་དག་གསུམ་ཡག་པོ་ཞིག་སྦྱངས་ཏེ་ལོབས་པ་ཡིན་ན་དེ་ནས་ཤེས་བྱའི་གནས་གང་ཞིག་ལ་སྦྱངས་ཀྱང་བདེ་བླག་ཏུ་རྟོགས་ཐུབ་པ་ལྟར་རེད། ༸གོང་ས་མཆོག་ཀྱང་རིས་མེད་མིང་དོན་མཚུངས་པ་མ་ཡིན་པར་ཁོང་གིས་རིས་མེད་གནང་ན་དགེ་མཚན་ཅི་བས་ཆེ་བ་ཡོད་སྐོར་གསུངས་པ་ནི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་དོན་འབའ་ཞིག་མིན་པར་དགོས་མེད་ཆབ་སྲིད་འབའ་ཞིག་ཏུ་བརྩི་བཞིན་ཡོད་ན་ནི་དེར་ཟད། དེ་མིན་བློ་རྣལ་དུ་བཞག་སྟེ་བདེན་གཏམ་དྲང་པོར་སྨྲས་ན་བཟང་ངོ་། །
གཞན་དུ་ན་ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་ཐུགས་མུག་པའི་གསུང་བྱོན་པ་དང་། ཡང་རབ་ཏུ་བྱུང་བ་རྣམས་ལྟ་བ་ལ་རྩོད་ཁྱིམ་པ་རྣམས་གཙོ་ཆེར་ཚོར་བ་ལ་རྩོད་ཅེས་པའི་སློབ་དཔོན་དབྱིག་གཉེན་ཐུགས་རྗེ་ཅན་ཐུགས་མུག་པའི་གསུང་དུ་མ་ཡོད་པ་རྣམས་ཀྱི་ངང་ཚུལ་རྗེན་ཅར་དུ་ལྷང་ལ་བུད་པ་ཙམ་དུ་ཟད་དོ།
དེ་མིན་གྱི་འཆལ་གཏམ་མང་པོ་ཚོགས་པར་དབྱུང་དུ་མི་རུང་བ་མང་པོ་ཞིག་བྲིས་ཡོད་པ་དག་ལ་ཡ་ལན་བྱེད་རན་ཅང་མི་གདའ་འོ། །
རིས་མེད་རིས་མེད་ཟེར་བ། །རུས་མེད་མདོ་མེད་ཆད་ཡིན། །རུས་པ་ཅན་ཞིག་མིན་ན། །རིས་མེད་ཡོང་ཚོད་མི་འདུག །དགེ་ལུགས་དགེ་ལྡན་ཟེར་བ། །ཞྭ་སེར་གྱོན་ཙམ་ཆད་ཡིན། །པོ་ཏི་བཅོ་བརྒྱད་ཤེས་ན། །དགེ་ལུགས་ཟེར་བ་དེ་རེད། །སྔ་འགྱུར་རྙིང་མ་ཟེར་བ། །ཞྭ་དམར་གྱོན་ཙམ་ཆད་ཡིན། །ཀློང་ཆེན་མཛོད་བདུན་ཤེས་ན། །དོན་གྱིས་རྙིང་མ་དེ་ཡིན། །བཀའ་བརྒྱུད་དཀར་བརྒྱུད་ཟེར་བ། །རས་དཀར་གྱོན་ཙམ་ཆད་ཡིན། །ན་རོའི་ཆོས་དྲུག་ཤེས་ན། །དོན་བརྒྱུད་བཀའ་བརྒྱུད་དེ་ཡིན། །ས་སྐྱ་ས་སྐྱ་ཟེར་བ། །གསེར་ཞྭ་གྱོན་ཙམ་ཆད་ཡིན། །བཅུ་ཕྲག་རིག་གནས་མཁས་ན། །དོན་གྱིས་ས་སྐྱ་དེ་ཡིན། །རིས་མེད་རིས་མེད་ཟེར་བ། །ཉ་ཉོག་ཅན་ཞིག་ཆད་ཡིན། །འདི་ཚོ་ཚང་མ་ཤེས་ན། །དོན་གྱིས་རིས་མེད་དེ་ཡིན། །
སྐབས་འདིར་བོད་བརྒྱུད་ནང་བསྟན་པའི་རིས་ཅན་དང༌། རིས་མེད་གང་མང་ཞིག་དྲ་རྒྱ་འདིའི་སྟེང་ཕེབས་ཡོད་པར་བརྟེན། སྤྱིར་ནང་པ་ཡོངས་ཀྱི་ལྟ་སྒོམ་སྤྱོད་གསུམ་ནི།
ལྟ་བ། རྟེན་ཅིང་འབྲེལ་འབྱུང༌།
སྒོམ་པ། བདེན་བཞི་མི་རྟག་བཅུ་དྲུག
སྤྱོད་པ། འཚེ་བ་མེད་པ།
ཞེས་བརྗོད་སྲོལ་ཡོད་པ་བཞིན་དུ། བོད་བརྒྱུད་ཆོས་ལུགས་ཆེན་པོ་བཞི་ལའང་དེ་མཚུངས་ཐུན་མོང་མ་ཡིན་རེ་རེ་ཡོད་པར་ངེས་ན། དྲ་གྲོགས་རྣམས་ནས་རང་རང་གི་ཆོས་ལུགས་དེའི་ལྟ་སྒོམ་སྤྱོད་གསུམ་གྱི་གྲངས་ཙམ་རེ་འདིར་འགོད་རོགས་ཞུ་རྒྱུ་ཡིན།
རིས་མེད་ལྟོ་གོས་འཚོལ་བའི་ཐབས་ལམ་ཞིག །
རིས་མེད་ཆོས་ལུགས་གཅིག་སྡུད་ལག་ཆ་ཞིག །
རིས་མེད་མི་སེམས་འགུག་བྱེད་ལྕགས་ཀྱུ་ཞིག །
རིས་མེད་ཁྲོམ་རའི་ཚོང་རྫས་བྲིན་ཤོས་ཤིག །
ཡོངས་རྫོགས་རྒྱལ་བའི་བསྟན་ལ་སྦྱངས་པའི་མཐུས།།
ཀུན་ལ་བློ་གྲོས་ཡངས་པའི་རིགས་སློབ་པ།།
ཁྱོད་ལ་ཡིད་རངས་དགའ་བའི་བསྟོད་པའི་ཕྲེང་།།
མ་བཅོས་སེམས་ཀྱི་ཁུངས་བུར་རྟག་ཏུ་ཞུགས།།
རིས་སུ་མ་ཕྱེས་ཐུབ་བསྟན་མ་ལུས་པ།།
རིས་མེད་འགྲོ་བའི་བསོད་ནམས་དཔྱིད་ཀྱི་དཔལ།།
རིས་མེད་པ་སངས་སེམས་ཀྱི་ངལ་གསོའི་ཆེད།།
རིས་སུ་མ་ཕྱེས་འབད་པས་འབུངས་ཅིག་ཀྱེ།།
ད་ལན་འདིར་རྐྱེན་ཞིག་གིས་རིས་མེད་ཐོག་བགྲོ་གླེང་ཅུང་ཙམ་རེ་དང་། ཡང་ཆགས་སྡང་དང་འཆལ་གཏམ་བཤད་མཁན་ཡང་མི་ཉུང་པ་ཞིག་ཡོང་བ་ཆོས་ཉིད་རེད། མཁྱེན་ཡངས་འཇིགས་མེད་བློ་གྲོས་ལགས་དང་། རྫ་ཚེ་རིང་ལགས་རྣམ་གཉིས་གཙོས་མང་དུ་ཐོས་ཤིང་། རིས་མེད་ལ་ཐུགས་སྣང་ལྡན་པའི་དྲ་གྲོགས་རྣམ་པ་ལ་ཆེད་ཞུ། རིས་མེད་བསྟན་པའི་གསལ་བྱེད་ཆེན་པོ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་གསུང་འབུམ་ནང་མེད་པ། ལམ་ཡིག་རྒྱས་པ་ཞིག་ཡོད་སྐད་འདུག་པས་ཁྱེད་རྣམ་པའི་མཇལ་མྱོང་ཡོད་ཚོད་ལ། ཡོད་ན་ཕྱག་དཔེ་དེ་གང་དུ་བཞུགས་གསུང་རོགས།
ཞི་འཚོ་པད་སོགས་བཀའ་དྲིན་སྙིང་ནས་དད། །
ས་པཎ་ཡབ་སྲས་ལམ་འབྲས་ངོ་མཚར་སྐྱེས། །
མར་མི་དྭགས་སོགས་ཉམས་ལེན་སྣེ་ཟིན་ནས། །
འཇམ་དབྱངས་དངོས་སློབ་ཙོང་ཁའི་རྗེས་འསྦྲངས་ན། །
རིས་མེད་མཚན་ཉིད་ཚང་བའི་རྣམ་ཐར་ལགས། །
རིས་མེད་སྤྲེལ་ལད་འཁྲབ་པ་ག་ལ་ཡིན། །
རིས་མེད་ཆབ་སྲིད་འཁྲབ་པ་ག་ལ་ཡིན། །
ཆོས་དང་འཇིག་རྟེན་མཐུན་ས་ཡོད། །
ཡ་རབས་བཟང་སྤྱོད་མཐུན་ས་ཡིན། །
ཆོས་ལུགས་མཐའ་དག་མཐུན་ས་ཡོད། །
བྱམས་བརྩེའི་བསླབ་བྱ་གཅིག་མཚུངས་ཡོད། །
བན་བོན་གཉིས་ལ་མཐུན་ས་ཡོད། །
ལྟ་སྤྱོད་ཕལ་ཆེར་གཅིག་མཚུངས་ཡོད། །
བོད་་བརྒྱུད་ནང་བསྟན་མཐུན་ས་ཡོད། །
སྟོན་པ་གཅིག་གི་རྗེས་འཇུག་ཡིན། །
ཉམས་ལེན་ཐེག་ཆེན་ཆོས་ཚུལ་ཡིན། །
མདོ་སྔགས་ཟུང་འབྲེལ་གཅིག་མཚུངས་ཡིན། །
ལྟ་བ་ཐལ་འགྱུར་གཅིག་མཚུངས་ཡིན། །
ཁ་ཅིག་ཞེན་ལྟས་བསླུས་པ་ཡིས། །
ཐ་སྙད་ཚིག་ལ་ཨ་འཐས་བཟུང་། །
སྤྲོས་བྲལ་ཟེར་བཞིན་སྤྲོས་པ་མང་། །
བརྗོད་མེད་ཟེར་བཞིན་བརྗོད་པ་མང་། །
བདེན་མེད་ཟེར་བཞིན་བདེན་པར་འཛིན། །
ལྟ་མེད་ཟེར་བཞིན་ལྟ་མཁན་མང་། །
རང་ལྟ་ཟབ་པོར་སུས་ཀྱང་འགྲེལ། །
བསམ་མེད་བརྗོད་མེད་ཀུན་ལ་ཡོད། །
མུ་སྟེགས་བདག་ནི་བརྗོད་མེད་ཟེར། །
ཡི་ཤུས་དཀོན་མཆོག་བརྗོད་མེད་ཟེར། །
ཁ་ཆེས་ཨ་ལ་བརྗོད་མེད་ཟེར། །
ཐེག་ཆེན་པ་ལ་བརྗོད་མེད་མང་། །
སངས་རྒྱས་གསང་བ་བརྗོད་མེད་རེད། །
སྟོང་ཉིད་དོན་དམ་བརྗོད་མེད་རེད། །
བདེ་ཆེན་ཡེ་ཤེས་བརྗོད་མེད་རེད། །
བསམ་མེད་བརྗོད་མེད་རང་བློ་ལ། །
འདི་ཞེས་འཆར་རྒྱུ་མེད་པ་དང་། །
བློ་ངོར་མ་ཤོང་ཐ་སྙད་རེད། །
རང་ལ་འཆར་རྒྱུ་མེད་པ་ལ། །
རྩོད་པའི་རྩ་བར་གྱུར་པ་མཚར། །
འཆར་རྒྱུ་མེད་པར་འཆར་རྒྱུར་བྱས། །
བརྗོད་རྒྱུ་མེད་པར་བརྗོད་རྒྱུར་བྱས། །
ནངཔས་བྱི་ལའི་ངང་ཚུལ་བཟུང་། །
ཡི་ཤུས་གཡོན་མའི་ངང་ཚུལ་བཟུང་། །
ཁ་ཆེས་སྟག་གི་ངང་ཚུལ་བཟུང་། །
རང་རང་ཆོས་ལུགས་སྤེལ་ཐབས་བྱས། །
འདོད་རྔམ་བདུད་ཀྱིས་མདུན་ནས་འཁྲིད། །
བདག་འཛིན་འགོང་བོས་རྒྱབ་ནས་དེད། །
ཆགས་སྡང་འཁོར་ལོ་སྐོར་བ་ལ། །
བསྟན་པའི་ཞབས་འདེགས་མིང་དུ་བཏགས། །
ཨ་ཅང་སྐུ་རྩེད་ཞུས་པ་ཡིན། །
མཐུན་ལམ་གཞི་རྩར་བཟུང་གྱུར་ན། །
འཇིག་རྟེན་ཞི་བདེའི་རྩ་བ་ཡིན། །
སྟོན་པ་ཀུན་ཀྱི་དགོངས་ཀློང་ཡིན། །
རྗེས་འཇུག་ཀུན་ཀྱི་བསམ་དོན་ཡིན། །
རྫ་ཚེས། མ་གཞི་སོ་སོས་ཆ་ཤས་མི་ལེན་པར་དེ་ནས་ཅིག་བྱས་མ་སོང་མུག་བྱས་མ་སོང་ཟེར་ནས་ཐད་ཀ་ནས་ལབ་རྒྱུ་དེ་ས་རྙིང་བཀའ་གསུམ་གྱི་གཤིས་ཀ་འདྲ་ཞིག་རེད་ད་རེད། ཞེས་དང་། འཇིགས་མེད་པས། དེས་ན་ལུགས་གཅིག་དཔྱིས་ཕྱིན་ལེགས་བསླབ་སྟེ།།
གཞན་ལུགས་ཕྱོགས་རེར་སློབ་པའང་རིས་མེད་ཡིན།། ཞེས་པ་ནི་དེ་དེ་བཞིན་ནོ་ཞེས་བརྗོད་དོ།།
ཡ་ཡ། ད་རྩོད་པ་ཆོས་ལ་ཞི་བར་བྱེད་པའི་མཇུག་བསྡུའི་གཏམ་འདི་ལྟར་ཏེ། སྟོན་པ་གཅིག་ལ་ཐར་པ་གཅིག། སྤྱོད་པ་གཅིག་ཏེ་བྱང་ཆུབ་སེམས་པའི་སྤྱོད་པ། ལྟ་བ་གཅིག་ཏེ་རྟེན་འབྱུང་གི་ལྟ་བ། དམིགས་འབེན་གཅིག་ཏེ་ཐམས་ཅད་མཁྱེན་པའི་ས། འཇུག་སྟངས་སྣ་ཚོག་མདོ་སྔགས་ལ་སོགས་པ། སྟོང་པ་ཉིད་ཀྱི་ཕ་རོལ་འཇུག་པ་ལ། གྲུ་ཆེན་སྣ་ཚོགས་ཡོད་ལྟར་མཚུངས།
དེས་ནས་གང་ཅན་གྲུབ་མཐའ་དེ་དག་ཀྱང་། ཐམས་ཅད་ཐར་པའི་ཡུལ་ལ་འཇུག། འོན་ཏེ་གྲུབ་སྟངས་མི་འདྲ་བ། ཤིང་གི་གྲུ་དང་། འཕྲུལ་གྱི་གྲུ། སྙུག་མའི་གྲུ་དང་ལྕགས་ཀྱི་གྲུ། ཐམས་ཅད་ཆུ་བོ་གྲོལ་བའི་ཕྱིར། དེ་ལྟར་འདུ་ཤེས་འཇོག་ཐུབ་ན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་། གྲུབ་མཐའ་ཕན་ཚུན་གུས་ཞབས་བསླེབས།
རིས་མེད་དེ་ཡང་གྲུབ་མཐའ་ཞིག། རང་གི་ཐུན་མིན་ལྟ་བ་ཡོད་པའི་ཕྱིར། དེ་བ་དག་སྣང་སྦྱོང་བ་ཆོས་ཀྱི་ཚུལ། སྔོན་མ་ཀློང་ཆེན་པ་ཡང་གསར་མའི་གྲྭ་སྐོར་ལ་ཕེབས་པ་དང་། ཙོང་ཁ་པ་ཡང་ས་སྐྱའི་བླ་མ་བསྟེན་པ་དང་། ཀ་བརྒྱུད་པས་ཀྱང་སྔ་འགྱུར་ཞབས་ལ་གཏུགས་པ་སོགས། གྲུབ་མཐའ་ཕན་ཚུན་མཐུན་ཕྱོགས་ཀུན་ནས་ཡོད།
དོར་ན། རྒྱལ་བའི་བཀའ་གཅིག་ཀྱང་། སྐྱོན་གྱི་གཉེན་པོར་གོ་བ་དང་། ཡོན་ཏན་ལེན་པའི་ཐབས་ཤེས་ཏེ། དེ་ལྟར་གོ་ན་ཐམས་ཅད་བཟང་། ཀུན་ཀྱང་ཆོས་ཀྱི་ཚུལ་ལ་འགྲོ། འཇིགས་མེད་བློ་གྲོས་རྣམ་དཔྱོད་ཆེ། རྫ་བ་བཀྲ་ཤིས་གནད་འགག་མཁས། དེ་མིན་མཁས་པ་གཞན་རྣམས་ཀྱང་། ནང་པའི་ཆོས་ལ་མཁས་ཆེ་བས། ཐམས་ཅད་ཁོག་ཡང་གཟུ་བོར་གནས་པའི་ཚུལ། ཅི་ནས་མཐོང་བས་གྲུབ་མཐའི་ངན་ལས་སྤོངས་ཅེས་དབྱིན་ཇིའི་སྐད་དུ་སྒུ་ཊི་ནས་ཊི་ཟེར་བ་དང་། རྒྱ་གར་འཕགས་པའི་སྐད་དུ་ཨ་ཅ་ཧེ་ཟེར་བ་ལ། རྒྱ་ནག་པོའི་སྐད་ལ་ཝན་ཨན་ཟེར་ནས་བཀྲ་ཤིས་པའི་གཏམ་རྫོགས་པར་བྱའོ།
ཝེ་རི་སྒུ་ཊི། ཧེན་ཧའོ། ཋིག་ཁེ།
བོད་ཀྱི་ནང་པའི་ཆོས་བརྒྱུད་བཞི། །
ཡོངས་རྫོགས་ཐུབ་བསྟན་ཡིན་གྱུར་ན། །
རིས་མེད་ཟུར་དུ་དགོས་དོན་ཅི། །
ཡང་ན་ས་དགེ་བཀའ་རྙིང་བཞི། །
རིས་མེད་མ་རེད་ཟེར་འདོད་དམ། །
ང་ལ་དོགས་པ་འདི་འདྲ་ཡོད། །
དེང་དུས་རིས་མེད་ཟེར་མཁན་ནི། །
མང་ཤོས་དགེ་ལུགས་ནང་ལ་ཡོད། །
དེ་ལས་རྡ་སའི་ཁྲོད་ན་ཡོད། །
ད་དུང་དགེ་ལུགས་ཉུང་སའི་ཕྱོགས། །
ཧི་མ་ལ་ཡའི་ཕྱོགས་ལ་ཡོད། །
དགེ་ལུགས་གདན་ས་སེར་འབྲས་དགར། །
རིས་མེད་ཞེས་པ་གོ་མ་མྱོང་། །
རྒྱུ་མཚན་དགེ་ལུགས་ཁོ་ན་ལས། །
གཞན་པ་མེད་པས་ཡིན་ནམ་སྙམ། །
ས་རྙིང་བཀའ་ཡི་ལྷ་འབངས་དག །
གང་ན་ཡོད་གྱུར་ས་དེ་གར། །
གལ་ཏེ་དགེ་ལུགས་ཡོད་གྱུར་ན། །
དེ་ནི་རིས་མེད་སྒྲོགས་མཁན་ངེས། །
དེས་ན་གོང་དུ་མེ་ཏོག་ངས། །
རིས་མེད་ལྟོ་གོས་འཚོལ་ཐབས་དང་། །
ཆོས་ལུགས་གཅིག་བསྡུད་ལག་ཆ་དང་། །
མི་སེམས་དགུག་པའི་ལྕགས་ཀྱུ་ཞེས། །
བརྗ྄ོད་པའི་གནད་དེ་དེ་འདྲ་ཡིན། །
འདི་ཡི་དོན་ནི་འདི་མིན་ཏེ། །
མཐུན་ལམ་མི་དགོས་ཟེར་བ་མིན། །
ཆོས་བརྒྱུད་ཡག་རྩོག་ཟེར་བ་མིན། །
ཕན་ཚུན་རྩོད་དགོས་ཟེར་བ་མིན། །
དད་གུས་མི་དགོས་ཟེར་བ་མིན། །
ས་དགེ་བཀའ་རྙིང་བཞི་པོ་དེ། །
རང་རང་ས་ནས་རང་རང་མཆོག །
གཞན་ལ་མགྲམ་ཆུ་ལྡང་དགོས་མེད། །
ཁྱོད་རང་རང་ས་སྐྱ་ཡིན་གྱུར་ན། །
དང་པོ་ས་སྐྱའི་གཞུང་ལ་སྦྱངས། །
རང་སྐྱ་འཕེར་བ་སྦྱངས་པའི་རྗེས། །
རབ་ན་བཀའ་དགེ་རྙིང་གཞུང་སྦྱངས། །
སྦྱངས་ན་ངེས་ཤེས་རྙེད་པར་གྱིས། །
ལྟ་གྲུབ་གནད་གསང་ཤེས་པར་གྱིས། །
ཆོས་ཀུན་སྦྲང་རྩི་བུ་རམ་ལྟར། །
རོ་གཅིག་ཡིན་པར་ཤེས་པར་གྱིས། །
འཇམ་དབྱངས་མཁྱེན་བརྩེ་དབང་པོ་བཞིན།
འདི་ནི་རིས་མེད་མཆོག་དེ་ཡིན། །
འབྲིང་ན་རང་ལུགས་སྦྱངས་པའི་རྗེས། །
གཞན་གཞུང་ལྟ་ལ་དད་གུས་གྱིས། །
རྫ་པ་ཚེ་རིང་བཀྲ་ཤིས་བཞིན། །
རིས་མེད་འབྲིང་གི་རྣམ་ཐར་ཡིན། །
ཐ་མ་རང་གཞུང་ལེགས་པར་བསླབ། །
གཞན་ལ་དད་པ་མེད་ཀྱང་རུང་། །
གུས་ཞབས་བྱོས་ལ་ངན་སྨྲས་སྤོངས། །
དཔེར་ན་མི་ལ་རས་པ་བཞིན། །
འདི་ནི་རིས་མེད་མཐའ་མ་སྟེ། །
གང་ཡང་རུང་བའི་རྣམ་ཐར་སྐྱོངས། །
འདི་དག་བཀའ་དགེ་རྙིང་ལའང་སྦྱོར། །
དེ་མིན་ལྟ་གྲུབ་གཞན་ཁུར་བཞིན། །
བཀའ་བརྒྱུད་པ་རུ་ཁས་ཆེ་བ། །
ཀྱེ་མ་རིས་མེད་ཡ་རེ་ང་། །
མི་ལ་སྤྱན་ཆབ་ཉིལ་ཡོང་ངོ་། །
༼༼ ཧཧ
ཏྰ་ཡི་སི་ཏུས་ཀར་བརྒྱུད་དུམ་བུར་གཏོར། །
ཞྭ་དམར་དགྲ་རུ་བཟུང་བའི་མགོ་རེག་དེས། །
དམ་གཙང་ཞོ་བཞིན་གནས་པར་ཁྲག་བཞིན་དཀྲུགས། །
རིས་མེད་སྔོན་བྱུང་མེད་པའི་ཤེས་འཆལ་གླིང་། །
ཉམས་ཆུང་རྡོག་རིལ་སྒྲུབ་པའི་ཀར་རྫེད་དེར། །
མཆོད་འོས་བསླུ་ཞིང་འགྲོ་ལ་གཡོ་སྒྱུ་སྤྱོད། །
དཀོན་མཆོག་དཀོར་འཕྲོག་ཀ་ལི་གྲྭ་རྟའི་གྲོང་། །
རིས་མེད་རུས་མེད་ཤིག་གི་གླིང་ཁ་མཐོང་།
ནག་ཚོང་བདུད་ཀྱི་ཕོ་ཉ་རྒྱུ་བའི་གྲོང་། །
གོས་བཟང་གྱོན་རུང་ནང་རུལ་མགོ་རེག་གིས། །
གཡོ་སྒྱུ་ཁྲམ་གསུམ་དར་བའི་ཤེས་འཆལ་ལ། །
རིས་མེད་རིགས་མེད་རུས་མེད་ཡོངས་སུ་གྲགས། །