རིན་པོ་ཆེ་མཆོག་ནས་གོང་ས་མཆོག་གི་དབྱིན་ཡིག་ཐོག་ཡོད་པའི་དེབ། “The Universe in a Single Atom” “Ancient Wisdom , Modern World: Ethics for a New Millennium” “Beyond Religion” རྣམས་བོད་ཡིག་ཐོག་མེད་པ་ལྟར་གསུངས་འདུག ཕལ་ཆེར་ཐུགས་སྣང་མ་བྱུང་བ་ཡིན་འགྲོ རང་དབང་ལོ་ཙ་བ་སྐུ་ཞབས་བསྟན་འཛིན་རིག་བཟང་མཆོག་ནས་སྐུ་ངལ་མང་བསྐྱོན་ཏེ་དེ་དག་བོད་ཡིག་ཐོག་བསྒྱུར་ནས་གང་སར་ཁྱབ་ཚར་བ་རེད། གསན་མཁན་རྣམ་པ་ཚོས་དེ་ཐུགས་ལ་འཇོག་དགོས།
མགོན་པོ་རྒྱལ་མི་སྒེར་ནས་འདི་ལྟར་ལས་འཆར་སྤེལ་བ་ནི་བསྔགས་བརྗོད་དགོས་པ་ཞིག་རེད། མགོན་པོ་རྒྱལ་གྱིས་ཏཱ་ལའི་བླ་མའི་དགེ་རྩར་དམིགས་པ་དང་། རིན་པོ་ཆེས་ཏཱ་ལའི་བླ་མའི་དགེ་རྩའི་སྒོ་འབྱེད་གནང་བ་ཡིན་གྱི་རེད། འདི་ཚོ་ཚང་མ་རྒྱུན་གཏན་རེད། ཡིན་ནའང་དེ་སྔ་ཏཱ་ལའི་བླ་མའི་དགེ་རྩ་ནས་འགྲོ་སོང་བཏང་ནས་གསོ་སྐྱོང་བྱས་པའི་མི་དེ་ཚོས་ད་ཆ་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་དུ་གྱུར་ཡོད་པས། དེ་སྔ་ཁོ་ལས་ཡག་པ་མེད་རབས་དང་མོ་ལས་སྡུག་པ་མེད་ཚུལ་དཀར་འདེད་ནག་འདེད་བྱེད་མཁན་ཚོས་ཀྱང་འགན་འཁྱེར་དགོས་པ་རེད།
་་་་་་་་ ཡིན་ནའང་དེ་སྔ་ཏཱ་ལའི་བླ་མའི་དགེ་རྩ་ནས་འགྲོ་སོང་བཏང་ནས་གསོ་སྐྱོང་བྱས་པའི་མི་དེ་ཚོས་ད་ཆ་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་དུ་གྱུར་ཡོད་པས། ་་་་་་་་་
མགོན་པོ་རྒྱལ་ལགས་ལ། དགའ་བསུ་དང་། རྗེས་སུ་ཡི་རང་ཞུའོ།།
ལས་དོན་དེ་ལ་བསྔགས་བརྗོད་ཡོད། དེ་མིན་མང་པོ་མི་ཤེས་ཡ་ཨ་རོགས།
རྒྱལ་གཅེས་དཔའ་བོ་ཞིག་རེད། ངོ་མ་ཡག་མོ་བྲིས་གདའ། ལེགས་སོ་ལེགས་སོ་རིགས་ཀྱི་བུ། བསྔགས་བརྗོད་མེ་ཏོག་ལན་བརྒྱར་གཏོར། བསྟོད་ཚིགས་སྙན་མོ་དབྱངས་སུ་འབུལ་ལོ། བྱ་བ་ཀུན་ལམ་འགྲོ་ཡོད་བའི་སྨོན་འདུན་ཞུའོ།
གལ་སྲིད་ཁྱེད་རང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཕྱིན་པ་ཡིན་ན། ཧིན་དིའི་སྐད་དང་ཡི་གེ་མ་ཐོས་མ་མཐོང་བ་ཡོད་ག་ལ་སྲིད། གནམ་ཐང་ནས་ཕྱི་ལོགས་ལ་ཐོན་མ་ཐག་གླ་གཏོང་ཁ་ལོ་བ་དག་སྒུག་བཞིན་ཡོད་ལ། ཁྱེད་ཀྱིས་ཧིན་དིའི་སྐད་ཤེས་ཚེ་ཁྱེད་ཀྱི་གླ་གཏོང་བ་དེས་ཁྱེད་ལ་ཁ་བརྡ་ལྷོད་ལྷོད་ཅིག་བྱས་ཡོང་། གལ་སྲིད་ཁྱེད་རང་ནིའུ་ཡོག་ཏུ་ཕྱིན་པ་ཡིན་ན་ཁྱེད་རང་གིས་ཨིན་ཇིའི་སྐད་ཤེས་དགོས་ལ། ཨིན་ཇིའི་སྐད་ནི་ཁྱེད་རང་ཕར་བགྲོད་ཚུར་འོང་བྱེད་པའི་ལམ་སྟོན་པ་དེ་ཡིན། ད་དུང་ཨ་རིའི་གཞུང་གིས་མི་སེར་གཞིས་སྤོའི་ཁྲིམས་གཞི་བསྐྱར་བཅོས་སྐོར་གླེང་སྐབས་ཀྱང་ཆ་རྐྱེན་གཅིག་ནི་ཨིན་ཇིའི་སྐད་ཡིག་ཡིན། ལོན་ཌོན་ལ་ཕྱིན་པ་ཡིན་ནའང་ཨིན་ཇིའི་སྐད་ཡིག་དེ་སྒྲ་གདངས་མི་འདྲ་བ་ཡོད་པ་ཙམ་ལས་རང་རང་གི་སྐད་དེ་མ་ཤེས་ན་ག་ལ་འོང་། བལ་ཡུལ་རྒྱལ་ས་ཀ་ཐི་མཎ་ཌུ་ལ་ཕྱིན་ན་བལ་སྐད་ཅུང་ཙམ་ཤེས་དགོས་པ་དེའང་དེ་ལྟར་ཡིན། འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་ས་ལ་འགྲོ་ན་ཁྱེད་ཀྱིས་བོད་སྐད་ཤེས་མི་དགོས། དེ་ནི་ལྷ་ས་ན་བོད་སྐད་དེ་ཡོད་པ་ཙམ་ལས་གཞུང་འབྲེལ་གྱི་སྐད་ཡིག་མིན་སྟབས་མ་ཤེས་ཀྱང་རུང་བ་ཡིན། འོན་ཀྱང་ཁྱེད་ཀྱིས་རྒྱ་སྐད་མ་ཤེས་ན་ཕལ་ཆེར་འགྲོ་འདུག་གི་སྐབས་སུ་དཀའ་ངལ་མང་དག་ཅིག་འཕྲད་ངེས་རེད། ཐ་ན་གླ་གཏོང་བ་ཞིག་དང་གླ་ཆའི་མང་ཉུང་སྐོར་སྐད་ཆ་བཤད་སྐབས་ལག་བརྡ་བྱེད་རྒྱུ་དང་རྒྱ་སྐད་ཨེ་ཤེས་ལ་ལྟ་དགོས་རྒྱུ་རང་རེད། གནས་ཚུལ་འདི་སྐད་ཙམ་ཞིག་མ་རེད། རིག་གནས་ལའང་དེ་ལྟར་ཆགས་བཞིན་ཡོད། ལོ་སུམ་ཅུའི་གོང་ལ་བོད་མི་ཞིག་གིས་བྱ་ཤ་ཟས་པ་ཡིན་ན་མ་རུང་བར་ངོས་འཛིན་སྲོལ་ཡོད། ད་ཆ་བྱ་ཤ་ཕར་བཞག་བྱ་ཡི་སྡེར་མོ་དང་ཕག་གི་རྣ་བ་ནི་ཟས་མཆོག་གི་ཡིན་པའི་རིག་གནས་དེ་བོད་མིའི་ཁྱིམ་ཚང་ལ་སླེབས་ཡོད། ཤེས་རིག་གི་ཐོག་ནས་བལྟས་པ་ཡིན་ནའང་དེ་ལྟར་ཡིན། རིག་གནས་བཅུ་སོགས་སློབ་གཉེར་ལ་བརྩོན་སྐབས་དེང་རབས་ཀྱི་རིག་གནས་རྣམས་སེམས་ཀྱིས་མ་འཆུན་པར་མོ་སྟོན་ཕག་མགོ་འཁྲབ་བཞིན་ཡོད། དེང་རབས་རིག་གནས་ལ་ཞུགས་སྐབས་སྲོལ་རྒྱུན་སེམས་ཀྱིས་མ་འཆུན་པར་བོད་མི་ཡེ་ཤུ་བ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད། འདི་ལྟ་འདི་ལྟར་གཞིགས་ཚེ་ང་ཚོ་ནི་བྱེའུ་ཐང་སྟོང་དུ་བོར་བ་ཞིག་དང་འདྲ་བོ་སེམས།
་་་་་་་་་ ་ནི་ལྷ་ས་ན་བོད་སྐད་དེ་ཡོད་པ་ཙམ་ལས་གཞུང་འབྲེལ་གྱི་སྐད་ཡིག་མིན་སྟབས་མ་ཤེས་ཀྱང་རུང་བ་ཡིན། འོན་ཀྱང་ཁྱེད་ཀྱིས་རྒྱ་སྐད་མ་ཤེས་ན་ཕལ་ཆེར་འགྲོ་འདུག་གི་སྐབས་སུ་དཀའ་ངལ་མང་དག་ཅིག་འཕྲད་ངེས་རེད། ་་་་་་་་་་་
སྐལ་བཟང་ལགས་ཀྱིཟ་ཡག་པོ་གསུངས་འདུག བོད་ནང་བོད་སྐད་ཤེས་པ་ཙམ་གྱིས་རང་མགོ་མི་ཐོན་པའི་གནས་ཚུལ་དེ་དག་ལ་བསམ་ཞིབ་ཅིག་གནང་ན་དངོས་གནས་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་མངོན་གསལ་རེད། བོད་པའི་གཞོན་ནུ་མང་པོ་ཞིག་གི་མིང་སོགས་མང་པོ་ཞིག་རྒྱ་སྐད་ནང་ཤེས་ཀྱི་མིན་འདུག བློ་ཚབས་བྱེད་དགོས་ཡ་ཡི་གནས་སྟངས་རེད། དེའི་ཐོག་དགོངས་པ་བཞེས་མཁན་༸གོང་ས་མཆོག་གཙོས་བོད་མི་མི་ཉུང་བ་ཞིག་མ་གཏོགས་མིན་འདུག གཞན་འགོ་ནས་མཇུག་བར་ཚང་མས་དངུལ་གོ་ས་མིང་ལ་རྩོད་པ་མ་གཏོགས་སྤྱི་སེམས་ལྡན་པ་རྒྱ་མཚོའི་ནོར་བུ་འདྲ། བལྟས་ན་མི་སྒྱུ་ཆུ་འཛིན་ལ་ཆུ་སྣང་བ་ལྟར་མང་པོ་གནང་ཡང་དོན་དངོས་ཐོག་སྟོང་པ་རེད། དམིགས་བསལ་མ་འོངས་སོན་རྩ་བོད་ཀྱི་གཞོན་ནུ་ཚོས་གཟབ་གཟབ་གནང་དགོས་འདུག གང་ཞུ་དོན་སྙིང་པོ་ནི་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པ་སྒེར་དོན་ཁོག་བཅངས་མེད་ཐོག་གནང་རོགས་རེ་སྐུལ་ཞུ་རྒྱུ་དེ་ཡིན།
ནོར་བཅོས
བོད་པའི་གཞོན་ནུ་མང་པོ་ཞིག་གིས་མིང་སོགས་མང་དག་ཅིག་རྒྱ་སྐད་ནང་མ་གཏོགས་ཤེས་ཀྱི་མིན་འདུག
རིན་པོ་ཆེ་མཆོག་ནས་གོང་ས་མཆོག་གི་དབྱིན་ཡིག་ཐོག་ཡོད་པའི་དེབ། “The Universe in a Single Atom” “Ancient Wisdom , Modern World: Ethics for a New Millennium” “Beyond Religion” རྣམས་བོད་ཡིག་ཐོག་མེད་པ་ལྟར་གསུངས་འདུག ཕལ་ཆེར་ཐུགས་སྣང་མ་བྱུང་བ་ཡིན་འགྲོ རང་དབང་ལོ་ཙ་བ་སྐུ་ཞབས་བསྟན་འཛིན་རིག་བཟང་མཆོག་ནས་སྐུ་ངལ་མང་བསྐྱོན་ཏེ་དེ་དག་བོད་ཡིག་ཐོག་བསྒྱུར་ནས་གང་སར་ཁྱབ་ཚར་བ་རེད། གསན་མཁན་རྣམ་པ་ཚོས་དེ་ཐུགས་ལ་འཇོག་དགོས།
དཔེ་དེབ་མང་ཉུང་ཉོ་སྟོང་ཉི་བརྒྱ་ལྷག་ཙམ་ཡོད་པ་ལས། ཆིག་སྟོང་ལྷག་ཙམ་མ་གཏོགས་བསྡུ་རུབ་མ་ཐུབ་པ་འདིས་ཅི་མཚོན་ནམ། ད་ནས་འགའ་ཤས་ཀྱིས་དངུལ་དང་། འགའ་ཤས་དེབ་ཉོས་ནས་ཞལ་འདེབས་བརྒྱབ་རན་པར་མི་མཚོན་ནམ། ལགས།། །།