ཤེས་རབ་ཀྱི་རྩལ་ལ་དུང་བའི་ཁྱེད་ཅག་ལ་དེབ་ཆུང་འདིས་མགྲོན་བསུ་བྱེད།
དཔྱོད་ཤེས་ཀྱི་ལམ་ལ་མོས་པའི་ཁྱེད་ཅག་ལ་དཔྱད་ཞིབ་འདིས་དགའ་བདེ་སྦྱིན།
ཁྱེད་ཅག་གིས་རིག་གཞུང་དང་ཤེས་རབ་ལ་བཅངས་པའི་དུང་སེམས་བསྣམས་ནས།
ཤེས་རབ་དང་དཔྱད་ཞིབ་ཀྱི་རྩལ་ལས་འཁྲུངས་པའི་དེབ་ཆུང་འདི་ཉོ་བར་ཕེབས་ཤོག
སེར་ཤུལ་རིན་ཆེན་དོན་གྲུབ་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་༼ཤེས་རབ་བླ་འབོད༽་ཅེས་པ་གསར་དུ་པར་བསྐྲུན་བྱས་ཡོད། འདི་ནི་རྩོམ་པ་པོའི་རྩོམ་ཡིག་དེབ་ཕྲེང་གཉིས་པ་དེ་ཡིན་པ་དང་དེབ་ཕྲེང་དང་པོ་ཉིས་སྟོང་བརྒྱད་ལོར་འགྲེམས་སྤེལ་བྱས་ཡོད། དཔེ་དེབ་འདིར་ནང་ཆོས་དང་། སྤྱི་ཚོགས་ཀྱི་ཁ་ཕྱོགས། ཆབ་སྲིད་དང་རིག་གཞུང་འཛིན་སྤེལ་སོགས་ཀྱི་བརྗོད་གཞིའི་ཐོག་ཤེས་རབ་ཀྱི་རྩལ་དང་། དུས་བསྟུན་ཀྱི་བསམ་བློའི་རང་བཞིན་ལ་ཁ་ཕྱོགས་ནས་བྲིས་པའི་དཔྱད་རྩོམ་སུམ་ཅུ་ལྷག་ཕྱོགས་བསྡེབས་བྱས་ཡོད། རྩོམ་ཡིག་འདི་དག་གི་ཁྲོད་དུ་སྤྱི་ཚོགས་ཁྲོད་གདེང་འཇོག་དང་བྱ་དགའ་ཐོབ་པའི་རྩོམ་ཡིག་མི་ཉུང་བ་ཞིག་ཡོད་ལ་འགན་འཁྲི་དང་བསམ་བློའི་འདུ་ཤེས་ཀྱི་ཆ་ནས་བཙན་བྱོལ་གྱི་རྣམ་པ་གསར་བའི་རྩོམ་ཡིག་གི་ཕྱོགས་སུ་བགྲང་འོས། དཔེ་དེབ་འདིར་ཤོས་ངོས་ཉིས་བརྒྱ་དང་ཡིག་འབྲུ་༡༩༣༥༨ཡོད། དེབ་འདི་ཐུགས་མཁོ་མཆིས་རིགས་ཀྱིས་འོག་གི་ཁ་བྱང་ཐོག་འབྲེལ་བ་གནང་འཐུས། རྩོམ་དེབ་འདི་༢༠༡༡ལོའི་ཟླ་༡༡པའི་ཚེས་༡༥་ཉིན་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན།
སྤྱི་ཚོགས་ལ་ཕྱོགས་པའི་བསམ་བློ། མི་རིགས་ལ་སེམས་པའི་འདུ་ཤེས། ལེགས་བཅོས་ལ་འབོད་པའི་དུང་སྒྲ། བོད་རྒྱལ་ལོ།། བོད་ཀྱི་རྩོམ་རིགས་རྒྱལ་ལོ།།
འབྲེལ་གཏུགས་བྱ་ཡུལ།
གློག་འཕྲིན་ཁ་བྱང་། rinchendondup@yahoo.com
ཁ་པར་ཨང་གྲངས། 0091-9980654163
སེར་ཤུལ་རིན་ཆེན་དོན་གྲུབ་ལགས་ཀྱིས་སྤྱི་ཚོགས་དགོས་མཁོར་གཞིགས་པའི་དཔྱད་རྩོམ་སྤེལ་བར་སྙིང་ཐག་པ་དགའ་བསུ་ཞུ་རྒྱུ་དང༌། སྐུ་ཉིད་ཀྱི་རེ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
དཔེ་དེབ་གསར་དུ་ཐོན་པར་དགའ་བསུ་ཞུ། འོན་ཀྱང་གཤམས་ཀྱི་ཚིག་རྐང་གཉིས་པ་འདིའི་ཀློག་པ་པོ་ཡོངས་ལ་མཐོང་ཆུང་བྱས་ཡོད་པའི་ཟོལ་ཞིག་འདུག་པས། དེབ་ཉོ་མཁན་མང་པོ་ཡོད་ཀྱི་མ་རེད། རྐང་བཙུགས་ནས་བྲིས་པ་མིན་ན་བཟོ་བཅོས་བརྒྱབ་ན་ཡག་པོ་མེད་འགྲོ་བསམ་གིས།
“ཤེས་རབ་ཀྱི་རྩལ་ལ་དུང་བའི་ཁྱེད་ཅག་ལ་དེབ་ཆུང་འདིས་མགྲོན་བསུ་བྱེད།
དཔྱོད་ཤེས་ཀྱི་ལམ་ལ་མ་མོས་པའི་ཁྱེད་ཅག་ལ་དཔྱད་ཞིབ་འདིས་དགའ་བདེ་སྦྱིན།
ཁྱེད་ཅག་གིས་རིག་གཞུང་དང་ཤེས་རབ་ལ་བཅངས་པའི་དུང་སེམས་བསྣམས་ནས།
ཤེས་རབ་དང་དཔྱད་ཞིབ་ཀྱི་རྩལ་ལས་འཁྲུངས་པའི་དེབ་ཆུང་འདི་ཉོ་བར་ཕེབས་ཤོག”
ཁ་བརྡའི་འགན་འཛིན་མཆོག་གི་གསན་སྙན་དེར།
གུས་པ་ཁ་བརྡའི་དྲྭ་བར་གསར་ཞུགས་ཡིན་པས་ ཁྱེད་ཀྱིས་འཇུག་ཆོག་པའི་འཆང་ཆེན་ཡོད་པ་གནང་བ་ཞུ།།
གངས་ཕྲུག་ནས།། །།
དྲ་གྲོགས་རྣམ་པ་ཕེབས་པར་དགའ་བསུ་ཞུ། (དཔྱོད་ཤེས་ཀྱི་ལམ་ལ་མོས་པའི་ཁྱེད་ཅག་ལ་དཔྱད་ཞིབ་འདིས་དགའ་བདེ་སྦྱིན།) རྩོམ་སྒྲིག་པ་ལགས་ཀྱིས་གོང་གི་ཚིག་རྐང་གཉིས་པ་འདི་ལྟར་བཅོས་རོགས།
སེར་ཤུལ་རིན་ཆེན་དོན་གྲུབ་ལགས་འཚམས་འདྲི་དང་རྗེས་སུ་ཡི་རངས་ཞུ།
འདིར་རིན་དོན་གྱི་དེབ་ཆུང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།
གཞན། མཆན་འདེབས་མཁན་ཡོངས་ཀྱིས་ཡིག་ནོར་ལ་ཧ་ཅང་གཟབ་འདུག་པས་བཀའ་དྲིན་ཆེ་ཞུ།
མཆན་ཨང་གཉིས་པའི་ནང་”གཤམས་ཀྱི་”ཞེས་བྲིས་འདུག་པ་ལྷག་ནོར་ཡིན། “གཤམ་གྱི་”ཞེས་འབྲི་རོགས། མཆན་ཨང་གསུམ་པའི་ནང་”འཆང་ཆེན་” བྲིས་འདུག་པ་”ཆོག་མཆན་”ཡིན་པར་སྙམ། “གནང་བ་ཞུ།།” ཞེས་ཉིས་ཤད་བྲིས་པ་དང་། གངས་ཕྲུག་ནས”།། །།”བཞི་ཤད་བྲིས་འདུག་པ་ནོར། ཆིག་ཤད་ཀྱིས་ཆོག ལེགས་བཤད་ལྗོན་དབང་ལ་གཟིགས་པར་འཚལ། མཆན་ཨང་བཞི་བར་”བཅོས་རོགས་”ཞེས་པ་ནོར། བཅོ་རོགས་”ཟེར་དགོས།
རྟེན་འབྲེལ་ཞུ། བུ་རྒོད་པོ།
བཀྲ་ཤིས་བདེ་ལེགས་དང་རྗེས་སུ་ཡི་རངས་ཞུ།
ཕྲན་ཡོང་ནས་བལྟས་ཡིན། འབའ་སྲས་ལགས་ཀྱིས་ཐག་བཅད་ཟིན་པས་ང་ལ་དཀའ་ངལ་མི་འདུག ངས་འགན་མ་འཁུར་བ་མིན།