དེང་སང་བཙན་བྱོལ་གྱི་སྤྱི་ཚོགས་ཁྲོད་ཚོགས་སྡེ་དང་འབྱོར་ལྡན་གང་སར་སྐྱབས་བཅོལ་གྱིས་དཔེ་དེབ་གསར་པ་མང་བོ་ཞིག་འཐོན་བཞིན་ཡོད་པ་ཚང་མས་ཧ་གོ་གསལ་ལྟར་ཡིན།
འོན་ཀྱང་དཔེ་དེབ་འདོན་པ་པོ་དེ་དག་གི་ནང་ནས་མང་པོ་ཞིག་གི་རེ་བ་ལ་དཔེ་དེབ་དེ་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་དང་། མི་མང་པོ་ཞིག་གིས་ལྟ་ཀློག་བྱས་ནས་རང་ཉིད་ཀྱི་ཤེས་ཚད་རྟོགས་ཐབས་བྱེད་བཞིན་ཡོད་པ་སྤྱི་འགྲོས་ལྟར་ཡིན་ནའང་། ཁ་ཤས་ཞིག་གིས་བློ་ཁ་ཧ་ཅང་མཐོ་དྲག་ནས་རེ་བ་སྟོང་པ་ཞིག་རྒྱག་གི་ཡོད། ཁོང་ཚོ་རྒྱག་རྒྱུའི་རེ་བ་དེ་ནི་ཁྱད་མཚར་པོ་ཞིག་ཡོད་ཀྱང་། གཅིག་བྱས་ན་ཐབས་ཤེས་བཟང་པོ་དང་རྙོག་ཁྱོན་ནས་མེད་པ་ཞིག་ཏུ་ཡང་འགྱུར་སྲིད་པ་ཞིག དོན་གྱི་ཁོང་ཚོའི་རེ་བ་ནི་དཔེ་དེབ་སྟོན་པ་ལས་མིང་གྲགས་ཆེན་པོ་ཐོབ་རྒྱུུ་དང་རྙོག་སྒྲ་མང་པོ་མི་ཡོང་བ་དེ་རེད།
དེའི་བྱས་ལུགས་ནི། གལ་ཏེ་དཔེ་དེབ་ཅིག་བཏོན་པ་ཡིན་ན་དང་པོ་གཡོ་རྒྱུ་ག་ཚོད་ཡོད་པ་རྩེས་ནས་སྦྱིན་བདག་ཆེན་པོ་ཞིག་གམ་མང་པོ་ཞིག་ཐོབ་པར་བྱས་ནས་རིན་གོང་མཐོ་པོ་གནས་མདོག་ཁ་པོའི་འདྲ་པར་དང་ཚོན་ཁྲ་ཅན་གྱི་དཔེ་དེབ་བཏོན་ཐབས་བྱས་ཀྱི་ཡོད། དཔེ་དེབ་བཏོན་མཚམས་མིང་གྲགས་ཡོད་པའི་མི་ཞིག་ལ་སྒོ་འབྱེད་བྱ་རོགས་ཞུས། དེ་ནས་དཔེ་དེབ་ཀྱི་རིན་གོང་ཤིན་ཏུ་མཐོ་པོ་བྱས་ནས་མི་དམངས་ཚོས་ཉོ་མི་ཐུབ་པ་བཟོ་ཡི་ཡོད།
དྲང་པོ་བཤད་ན་དཔེ་དེབ་ཆ་ཚང་སྦྱིན་བདག་བྱུང་བ་ཡིན་སྟབས་རིན་གོང་མཐོ་པོ་བྱེད་དགོས་དོན་གཞན་མེད་པ་གསལ་པོ་རེད། དེ་འདྲ་སོང་ཙང་ངས་ཁོང་ཚོའི་བྱས་སྟངས་དེ་ལ་རེ་བ་སྟོང་རྒྱག་ལབ་ཀྱི་ཡོད། དེའི་རྒྱུ་མཚན་ནི། དཔེ་དེབ་མི་མང་གིས་མ་མཐོང་དུས་མིང་གྲགས་ཡོང་རྒྱུའི་རེ་བ་དེ་སྟོང་པ་རེད་ལ། རྙོག་དྲ་མེད་པའི་ཁར་ལེགས་ཉེས་དང་ཕན་གནོད་གང་ཡང་ཡོང་ངེས་མིན་པས་སྦྱིན་བདག་གི་དངུལ་སྟོང་པ་བཟོ་མཁན་རེད།
བྱེད་ལུགས་དེ་ཚོ་ནི་རྩོམ་པ་པོ་ཞིག་གི་ཞབས་འདྲེན་ཡིན་ལ། བོད་མི་ཞིག་གི་རང་མདོག་ཡང་ཡིན། གྲོགས་པོ་ཚོས་ཀྱང་དཔེ་དེབ་དེ་དག་གི་མིང་ཡང་དྲན་བཞིན་ཡོད་རྒྱུ་རེད།
བྱ་རྒོད་རྒྱལ་པོས།
སྤྱིར་བཏང་བསམ་ཚུལ་ཙམ་དྲ་ཐོག་ཏུ་འགོད་རྒྱུ་ལས་སླ་བོ་ཡིན་ཀྱང་། དྲ་ཐོག་ལ་བསམ་ཚུལ་སྤེལ་དུས་ང་ཚོས་འགན་བླངས་ནས་སྤེལ་རྒྱུ་གལ་ཆེ་བར་མཐོང་། ང་ཚོས་ངེས་པར་དུས་གནས་ཚུལ་དེའི་བྱུང་སྟངས་དང་། མི་སྣ། དུས་ཚོད། དགོས་པ་སོགས་གནས་ཚུལ་གསལ་བོ་དང་ཞིབ་ཕྲ་འགོད་རྒྱུ་གཙིགས་སུ་འཛིན་དགོས་པར་བསམ། དེ་ལས་གཞན་གསལ་ཁ་མེད་པའི་བསམ་ཚུལ་སྤེལ་བ་འདི་ཚོ་ཕལ་ཆེ་བ་དཀྲོག་གཏམ་གྱི་གྲས་ཀྱི་ཚུད་ཀྱི་ཡོད་པ་འདྲ། གནས་ཚུལ་འདི་འདྲ་མང་པོ་ཞིག་སྤེལ་བ་ན་གསར་སྐྱེས་རྩོམ་པ་པོ་མ་ཉེས་ཁག་གཡོག་བྱས་པ་ཞིག་ཏུ་འགྲོ་མི་སྲིད་པ་ཡང་མ་རེད། གོང་གི་བསམ་ཚུལ་དེའི་ནང་མི་སྣ་དང་དུས་ཚོད་སོགས་གསལ་ཁ་མེད་པར་ག་གེ་མོ་དང་ཆེ་གེ་མོ། ད་དུང་རྩོམ་ཡིག་སྤེལ་མཁན་ཁོང་ཉིད་ཀྱི་མིང་ཡང་སྨྱུག་མིང་ངམ་མིང་རྫུན་ཡིན་པ་སོགས་ཕྱོགས་མང་པོ་ཞིག་བལྟས་པ་ཡིན་ན་གཞི་འཛིན་ས་ཡོད་ཞིག་མ་རེད། དེ་བས་དྲ་ལམ་ལ་ཡོད་པའི་གྲོགས་པོ་ཚོར་བསམ་ཚུལ་བརྗེ་རེས་བྱེད་དུས་ཁ་གསལ་ཙམ་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རེད། ལུང་རྟོགས་ཀྱིས་བཤད་པར་དབེན་ལུགས་འདུག བྱ་རྒོད་རྒྱལ་པོས་བྲིས་པ་འདི་རྩོམ་ཡིག་ཅིག་ཡིན་མིན་གང་ལྟར་ཀྱང་གནས་ཚུལ་ཁ་གསལ་མེད་པར། གབ་ཚིག་དང་མཚུངས། ད་དུང་(གྲོགས་པོ་ཚོས་ཀྱང་དཔེ་དེབ་དེ་དག་གི་མིང་ཡང་དྲན་བཞིན་ཡོད་རྒྱུ་རེད།)ཅེས་དྲ་གྲོགས་ཚོར་གསལ་འདེབས་དང་སྐུལ་མ་འདྲ་ཞིག་བྱས་འདུག དེའི་ཤུགས་བསྟན་ན་ཅི་ཞིག་ཡོད་པ་རེད། གལ་སྲིད་དེ་ལྟ་བུའི་མི་ཞིག་ཡོད་ན་ཁོ་རང་ཉིད་ཀྱིས་ཅི་ཡང་བརྗོད་མ་དགོས་པར་དྲ་གྲོགས་ཚོའི་ཁ་ནང་དུ་བཞག་སྟེ་གཅིག་རྗེས་གཉིས་མཐུད་ཀྱིས་མི་དེ་ལྷང་ལ་ཕུད་རྒྱུ་དང་། ཁ་འདྲ་མིན་གཏོང་རྒྱུ་དེ་ཁོའི་རེ་བ་དང་དམིགས་ཡུལ་མ་ཡིན་ནམ། དེ་མིན་འདི་འདྲའི་གླེང་གཞི་ཙམ་བྲིས་ནས་བསྐྱུར་དགོས་དོན་མི་འདུག་ག མི་དེ་འདྲ་ཞིག་ཡོད་པ་དང་ཕྱི་ལ་བཏོན་ཏེ་ཁ་འདྲ་མིན་གཏོང་དགོས་ན། ཐོག་མར་ཁྱེད་ཀྱིས་དེ་ལྟར་བྱ་དགོས་ཏེ། ང་ཚོར་མི་འདི་སུ་ཡིན་གསལ་ཆ་མེད་པས་ཕྱིར། བྱ་རྒོད་ལགས་ཀྱི་གབ་ཚིག་ལ་ངས་ནི་ལན་ཐེབས་མ་སོང་།
ཀུན་སློང་དང་དམིགས་ཡུལ་གང་ལྟར་འཛིན་ནའང་འདྲ། རྩོམ་ཡིག་གི་དཔེ་དེབ་ཞིག་སྟོན་ཐུབ་ནས་བཟུང་། སྟོན་མཁན་གྱི་མི་དེ་ལ། སྙིང་སྟོབ་དང་འཇོན་ཐང་ཅན་དུ་ངོས་འཛིན་ཞུས་ཆོག དོན་མེད་ཀྱི་ཁྱི་རྒན་ཀུ་ཅོ་འདོན་པ་འདི་རྣམས་ནི། སོ་སོར་དེབ་སྟོན་པའི་ཆ་རྐྱེན་མེད་མ་རེག་ནས་གཞན་ལ་ཕྲག་དོག་གིས་སྨྲས་པ་ཡིན་པ་གདོན་མི་ཟ། དེང་སང་རང་རེའི་སྤྱི་ཚོགས་རྣམས་ཀྱི་ནང་དུ། བླ་གཟུགས་དང་གྲྭ་གཟུགས་རྣམས། བོད་དོན་གྱི་ཐོག་ཏུ་ཡིན་ནའང་རེད། འཛུགས་སྐྲུན་གྱི་སྒོ་ནས་ཡིན་ནའང་རེད། འབྱོར་ཕྱུག་དང་ཡོན་ཏན་གྱི་སྒོ་ནས་ཡིན་ནའང་རེད། མི་སྐྱ་རྣམས་ཀྱིས་བསྡུར་ནུས་ཀྱི་མེད་པ་མངོན་གསལ་ཡིན་པ་འདི་མ་བཟོད་ནས། སོ་སོས་བླ་གྲྭ་སེར་གཟུགས་རྣམས་ཀྱིས་རྗེས་སྣེ་མ་ཟིན་པས། དེ་དག་ལ་ཕྲག་དོག་དུག་ཆུས་མྱོས་ནས། བོད་སྤྱི་དང་བྱེ་བྲག་ལ་ཕན་འབྲས་བཟང་ཕྱོགས་རྣམས་མ་མཐོང་ནས། ཡོད་པའི་གནས་དེ་མ་མཐོང་། མེད་པའི་དོན་ཞིག་མཐོང་ནས། རྩོམ་ཡིག་སྣ་ཚོགས་སྤེལ་བཞིན་འདུག་པ་འདི་དང་དང་གཅིག་མཚུངས་རེད།
སྤྱིར་བཏང་དཔེ་དེབ་གསར་སྟོན་གནང་མཁན་ཚང་མ་ལ་དགའ་བསུ་ཡོད། འོན་ཀྱང་དཔེ་དེབ་དང་རྩོམ་ཡིག་རེ་ཟུང་གིས་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་གནས་བབ་ལ་ཕན་པའི་ཚབ་ཏུ་གནོད་པ་དེ་འདྲ་ཡང་མཐོང་རྒྱུ་ཡོད། གསར་རྩོམ་པ་ཚང་མའི་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་བོད་ཀྱི་རྩོམ་འབྲིའི་ཤེས་བྱ་ལ་མྱོང་བ་གང་འཚམས་དགོས་པས། ཡིད་འཇོག་དགོས་གལ་མཐོང༌།
མི་སུ་ཡིན་ཡང་རང་གིས་དཔེ་དེབ་ཞིག་བྲིས་སྐབས་སུ་ཀློག་པ་པོ་ག་གེ་མོ་ཞིག་སེམས་དང་བཟུང་ནས་འབྲི་ཐབས་བྱེད་པ་སྙམ། གནས་དོན་འདིའི་་ཐད་ཉོ་མཁན་མང་ཉུང་གྱི་སྐད་ཆ་མ་རེད། ཀློག་པ་པོ་དོན་དང་ལྡན་པ་ཞིག་དགོས་རྒྱུ་དེ་གལ་ཆེ་རེད་དྲན། དེབ་རིན་གོང་ཆེ་པོའི་འདུག་ཟེར་ནས་སྡུག་སྐད་ཤོར་རྒྱུ་ཡོད་མ་རེད། རིན་གོང་ཆི་པོ་སྦྱིན་དགོས་པའི་གནད་དོན་ནི་བོད་འདི་ལ་རིན་གོང་དང་བསྡུར་ཆོག་པའི་སྡུག་དཀཌྷའ་ལས་ཀྱི་དྲོ་མ་དེ་ཡོད་རེད་བསམ། སྤྱིར་བཏང་ནས་དེབ་དགོས་མཁན་ཞིག་ཡིན་ཕྱི་ཆད་སྒོར་མོ་མེེད་རུང་ཌྷའབད་ཌྷའབངས་ཀྱིས་དེབ་རག་ཐབས་བྱེད་རྒྱུ་ཡིན་པ་ནི་བརྗོད་མི་དགོས། དེབ་ཀློག་འདོད་མེད་ན་རིན་གོང་མི་དགོས་པའི་ཐོག་་སྦྱིན་ཡང་ཕན་ཐོག་མེད། སྐུ་རེ་ཡིན།
བོད་པ་ཚོས། མགོ་བོ་བསྒུར་ནས་སོང་ན་གླེན་པ་ཟེར། མགོ་བོ་བཀྱག་ནས་སོང་ན་ཁྲམ་པ་ཟེར། གཉིས་ཀྱི་གང་ཡང་མི་བྱེད་མཁན་དེ་དག་ནི་ཡ་རབས་ལ་བརྩི། འདི་ནི་ཡར་རྒྱས་ཤིག་ཡིན་ནམ་ཅི། གནམ་སྔོན་པོའི་འོག་གི་མི་རིགས་འདི། ཡ་རེ་ང་། སེམས་རེ་སྡུག སྐྱོན་ལས་དགེ་མཚན་ཞིག་རིག་རྒྱུ་མེད་པ་འདི་གང་ཡིན་ནམ་ཅི།
པར་འདི་དག་བོད་བརྒྱུད་ནང་བསྟན་རིག་གཞུང་བཅས་ལ་རྒོལ་བ་བྱེད་མཁན་གྱི་དེབ་རེད། ། དེབ་གྲངས་བརྒྱ་རྩ་ཡོད་པ་ལས་ཆ་ཤས་ཙམ་བཀོད་པ་ཡིན། ཁོང་ཚོས་ནང་ཆོས་གཅེས་འཛིན་ལ་ཁ་གཡར་དེ་བོད་བརྒྱུད་ཆོས་ལུགས་རིག་གཞུང་དང་བཅས་པ་རྩ་མེད་བྱེད་པའི་འཆར་གཞི་ཡོད་ཚོད་འདུག་གཙོ་འཛིན་ལ་ཤོ་ཕིང་ཏྲི་ཟེར་བས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཆོས་ལུགས་སོགས་ལ་རྒོལ་བའི་ཚོགས་པ་ཐེ་ཝན སིདྒ་པུར། མ་ལ་ཤི་ཡ་བཅས་ལ་ཚོགས་པ་བཙུགས་འདུག ལན་དོར་ཞི་དང་། ཚུལ་ཁྲིམས་བློ་གྲོས། བསོ་དར་རྒྱས་སོགས་ཀྱིས་བྲིས་འདུག། དྲྭ་བ་འདི་ནས་ཚོགས་པ་དེའི་དེབ་རྣམས་མཐོང་ཐུབ།
http://www.a0202.idv.tw
http://books.enlighten.org.tw
གྲོགས་པོ་ཚོས་ཞེ་དྲག་གསུངས་འདུག འོན་ཀྱང་ངའི་བསམ་ཚུལ་དེ་དྲན་མཁན་མ་བྱུང་བ་འདྲ། སོང་ཙང་ངས་མི་རེ་རེ་ལ་བསམ་བློ་གཏོང་སྟངས་དང་མཐོང་སྟངས་རེ་རེ་ཡོད། བྱས་ན་ངས་ཁ་གསལ་བྱས་ཏེ་བརྗོད་ཀྱི་ཡིན། འོ་རེད། ངས་མི་དང་དེབ་ཀྱི་མིང་མ་སྟོན་པ་ནི་དཀྲུགས་ཤིང་རྒྱག་མཁན་ཞིག་དང་མི་འདྲ་བའི་ལངས་ཕྱོགས་ཡིན། འོན་ད་དུང་དཀྲུགས་ཤིང་ཟེར་དུས་ཁྱེད་ཚོས་འོག་གི་འདིར་བསམ་བློ་ཐོངས་དང་།
༡ ཁ་སྔོན་ལོ་རྒྱུས་ཀྱི་དེབ་གཅིག་བཏོན་བྱུང་།
དེབ་དེར་སྦྱིན་བདག་གང་ལེགས་བྱུང་བ་དང་། ཁ་བ་དཀར་པོས་རེ་མདུན་བཞིན་ཁོང་ཚོའི་མིང་ཐོགས་ནས་འདོན་སྤེལ་བྱས། དེབ་ཀྱི་བརྗོད་བྱ་ལས་དེབ་ཧ་ཅང་གི་སྤུད་དག་པོ་བཟོས་ཡོད་པས་མ་ཚད། མི་ཆེན་ཚོ་ལ་ཕུལ་གང་ཐུབ་ཀྱི་བྱེད་ཀྱི་ཡོད་ཀྱང་། སྤྱི་ཚོགས་ནང་བཙོང་དུས་རིན་ཐང་ཆེན་པོ་ཡིན། ཡིན་ནའང་དེ་ཙམ་མ་རེད།
༢ ད་ལྟ་ལོ་རྒྱུས་ཀྱི་དེབ་ཞིག་འདོན་འདུག
དེབ་དེར་ཤོག་ངོས་ལྔ་བཅུ་དྲུག་ཅུ་ལས་ཡོད་བཟོ་མི་འདུག་ཀྱང་། རིན་གོང་སྒོར་༣༠༠ཟེར་གྱི་འདུག་ཅེས་ངོས་ཀྱིས་གྲོགས་པོ་ཚོས་ལབ་སོང་། གལ་ཏེ་མ་དངུལ་འདང་ངེས་མེད་ན་དེབ་བཏོན་མདོག་ཁ་པོ་མ་རེད། གལ་ཏེ་དེབ་རེར་སྒོར་༣༠༠བྱས་ནས་འགྲོ་སོང་ལོངས་ཐབས་མེད། འགྲོ་འགྲོན་འདང་ངེས་བཏང་ནས་དེབ་བཏོན་ཟིན་པའི་ཚེ་སྒོར་༣༠༠བྱས་དགོས་དོན་གང་ཡིན།
སྔ་མོ་ཡིན་ན། བརྗོད་བྱ་རྗོད་བྱེད་ཡག་པོ་བྲིས་མ་གཏོགས་མིས་འཕྱ་དམོད་དང་མཐོང་ཆུང་བྱ་ཡི་རེད། ད་དུང་གོང་ཕྱེད་ཆག་སོགས་གཏོང་ཐབས་བྱེད་དགོས་ལབ་ཡོང་། ད་ཆ་དཔེ་རྫིག་པོ་བཟོས། གོང་ཆེན་པོ་བྱོས་མ་གཏོགས་མི་ཚོས་མཐོང་ཆུང་བྱེད་ཡོང་ང་ལབ་ཀྱི་ཡོད་རེད།
མི་ཤེས་ཡ། འོ་ན་བྱ་རྒོད་ལྟར་ན་དེབ་ཡོངས་རྫོགས་པར་སྐྲུན་བྱེད་ཚར་དུས་དོལ་རྒྱལ་ཀྱི་དེབ་དེ་ཚོ་ནང་བཞིན་རིན་མེད་ལ་སྦྱིན་དགོས་ནི་ཨེ་རེད། རིག་གཞུང་རྒྱུན་འཛིན་པ་ཞིག་ཡིན་ན་དེབ་བཏོན་པ་སོགས་ཀྱི་ཡོངས་སྒོ་ལ་བརྟེན་ནས་ཐེངས་རྗེས་མའི་དམིགས་ཡུལ་གྱི་མ་དངུལ་འཚོལ་མི་ཆོག་ནི་ཨེ་རེད། གལ་ཏེ་སྒེར་གྱི་འགྲོ་སོང་གི་ཐོག་ལ་འགྲོ་གི་ཡོད་སྲིད་ན་ཡང་། ཤེས་ཡོན་པ་ཞིག་གིས་ཤེས་ཡོན་ལ་བརྟེན་ནས་ཁ་ལག་ཟ་རྒྱུ་དེ་ཐོབ་ཐང་མིན་ནི་ཨེ་རེད།
གལ་ཏེ་དེབ་ཉོ་མཁན་མང་པོ་ཡོད་ན་ཁྱོད་ཀྱི་བཤད་པར་ལྟར་ལོས་བདེན་ཡང་། སྤྱིར་བཏང་ནས་དེབ་ཉོ་མཁན་ཤིན་ཏུ་ཉུང་ཉུང་ཡིན་པ་གསལ་པོ་རེད་དུས། ད་དུང་དེབ་ཆུང་ཆུང་ཞིག་ལ་སྒོར་༣༠༠ཙམ་བྱས་ཡང་དེའི་དམིགས་ཡུལ་གསལ་པོ་རེད་པ།
དེ་འདྲ་ཡིན་ན། ཕྱིས་སུ་དེབ་བཏོན་སྐབས་གོང་མཐོ་པོ་དེ་འདྲ་མ་བྱས་མ་གཏོགས་ རེ་བ་སྟོང་རྒྱག་རེད་ད།
བྱ་རྒོད་རྒྱལ་པོ་ཟེར་མཁན་འདི་ཁུག་སྟོང་ཡིན་པས་མ་ཟད། མགོ་སྟོང་ཞིག་ཀྱང་རེད། དེབ་དེའི་མིང་ལ་ཅི་རེད། རྩོམ་པ་པོ་སུ་རེད། དེའི་སྦྱིན་བདག་སུ་རེད།
དེབ་དེ་ཚོ་གོང་ཆེ་དྲག་ནས་བདག་གིས་ཉོ་མ་ཐུབ་པས་མིང་ཡང་རེ་ཞིག་བློ་ལ་ཉར་མེད།
མཁས་རྣམས་དགེས་པའི་སྡེབ་སྦྱོར་ཡང་མ་ཤེས།།
རང་ལ་དགོས་པའི་རྡབ་ཚོང་ཡང་མ་ཕོག།
ཤེས་འཇོན་ལྡན་ལ་མི་བཟོད་པའི་ཟུང་ངུ་།།
སྙིང་ནས་མཆེད་པ་ཤེས་མེད་ཀྱི་ངང་ཚུལ།།
དམ་པར་དམོད་པའི་སྡེབ་སྦྱོར་མ་ཤེས་ཀྱང་།
ཀུན་ལ་ཕན་པའི་དྲང་གཏམ་སྨྲ་བ་ཤེས།
རིན་གོང་ཆེ་ནས་མི་བཟོད་བསམ་འཆར་ཕུལ།
སྙིང་ནས་ཉོ་སྙིང་འདོད་ན་ཉོ་རོགས་བྱོས།
རང་ལ་འཁོ་བའི་ལེགས་བཤད་ཕྲ་མོ་ཡང་།།
ཡོད་དགུའི་ནོར་གྱིས་བསླུ་བ་ང་ཡིས་གཤིས།།
མཁས་པའི་བྱ་བར་མི་བཟོད་ཟུང་ངུ་འབར།།
རང་སྡུག་ཚད་མེད་མྱོང་བ་ཁྱོད་ཀྱིས་གཤིས།།
སྐྱོན་ཡོན་གང་ཡིན་ང་རང་གཉིས་ཀས་ཤེས།།
སོ་སོར་འབྱེད་ལ་ང་བཟང་ཁྱོད་ལོད་འདི།།
འཇིག་རྟེན་མི་ཡིས་རང་གཤིས་སོང་པས་ན།།
ང་ཡི་གཏམ་ལ་གད་མོ་མ་ཤོར་ཅིག།