Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་དེབ་ངོ་སྤྲོད་དང་བོད་མི་ཞིག་གི་ལྷག་བསམ།

Posted on 2011-01-292011-01-29 By འཚོ་བྱེད་བུ 14 Comments on དཔེ་དེབ་ངོ་སྤྲོད་དང་བོད་མི་ཞིག་གི་ལྷག་བསམ།

 

བོད་ཀྱི་རྒྱལ་རབས་ཕྱོགས་བསྡུས།

ཕྱོགས་སྒྲིག་བྱེད་མཁན།  སྐུ་ནོར་སྐལ་བཟང་རྒྱ་མཚོ།

དཀར་ཆག

༡། བོད་དང་བོད་ཀྱི་རིག་གཞུང་ངོ་སྤྲོད།

༢། ཕྱི་ལོ་མ་བྱུང་གོང་ལོ་ ༡༢༧ ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་བར་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས།

༣། བོད་རང་བཙན་གཙང་མ་ཡིན་པའི་རང་བཙན་ཁུངས་སྐྱེལ།

༤། དབུ་མའི་ལམ།

dsc09451

ཕྱོགས་སྒྲིག་བྱེད་མཁན་སྐོར་ངོ་སྤྲོད་མདོར་བསྡུས།

ངའི་མིང་ལ་སྐལ་བཟང་རྒྱ་མཚོ་ཟེར། ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་དུ་སླེབས་ཤིང་སློབ་གྲྭར་འགྲིམས། བོད་གཞུང་གི་གཞུང་ཞབས་ཁོངས་ཞབས་འདེགས་ལོ་ངོ་ ༡༩ རིང་ཞུས། ཕྱི་ལོ་ ༡༩༩༦ ལོར་ཨ་རིར་ནང་མི་ཟླ་སྒྲིལ་གྱིས་ཡོང་སྟེ་ལོ་གཉིས་རྗེས་ཝི་སི་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་དུ་གནས་སྤོར་བྱས་ཤིང་། ད་ལྟ་མལ་ཌི་སིན་ས་གནས་སློབ་གྲྭའི་འཛིན་སྐྱོང་ལས་ཁུངས་ཁོངས་གཏོགས་ལས་ཀ་བྱེད་བཞིན་ཡོད་པ་དང་རེས་གཟའ་སྤེན་པའི་བོད་ཕྲུག་སློབ་གྲྭའི་དགེ་རྒན་བྱེད་མུས་ཡིན།

དེབ་ཕྱོགས་སྒྲིག་བྱེད་དགོས་པའི་དམིགས་ཡུལ།

ང་རང་གིས་ལས་ཀ་བྱེད་སའི་སློབ་གྲྭར་རྒྱ་ནག་གི་རྒྱལ་རབས་སློབ་ཁྲིད་བྱེད་ཀྱི་འདུག ཐེངས་ཤིག་བོད་པའི་སློབ་ཕྲུག་གཅིག་ལ་རོགས་རམ་བྱེད་ཞོར་ང་ཡང་འཛིན་གྲྭ་དེར་ཕྱིན་པ་ཡིན། རྒྱ་ནག་ལོ་རྒྱུས་དགེ་རྒན་དེས་དུས་རབས་ ༡༩ པའི་སྐབས་བོད་ཀྱི་དབུ་ཁྲིད་དེ་རྩེད་མོ་རྩེད་སྤྱད་(puppet) ནང་བཞིན་ག་པར་བསྐྱལ་བསྐྱལ་བྱུང་བ་རེད་ཅེས་བཤད་བྱུང་། དེའི་ཐོག་ང་རང་གི་བསམ་བློ་ནང་དུས་རབས་ ༡༩ པའི་ནང་བོད་ཀྱི་དབུ་ཁྲིད་རྒྱལ་དབང་སྐུ་ཕྲེང་ ༡༣ པ་རེད། ཁོང་ནི་བོད་ལ་མཛད་རྗེས་ཆེན་པོ་རེད་བསམས་བྱུང་།

འཛིན་གྲྭ་གྲོལ་རྗེས་བོད་པའི་སློབ་ཕྲུག་བུ་མོ་དེས་རྒན་ལགས་ཀྱིས་ལོ་རྒྱུས་ནོར་བ་ལབ་སོང་། དེ་ལ་རྒན་ལགས་ཁྱེད་རང་གིས་གང་ཡང་ལབ་མ་སོང་ཞེས་བརྗོད་བྱུང་། ཡང་ཐེངས་གཅིག་ང་སློབ་གྲྭ་གཞན་ཞིག་ཏུ་འགྲོ་བའི་སྐབས་ཕྱི་མི་སློབ་ཕྲུག་བཞི་ཡིས་བོད་པའི་ལོ་རྒྱུས་སྐོར་སྐད་ཆ་བཤད་བཞིན་འདུག ཁོ་ཚོས་པར་ཞིག་སྟོན་བཞིན་སྔོན་མ་བོད་པ་ཚོས་བོད་རང་བཙན་དགོས་ཞེས་སྐད་བརྒྱབ་པ་རེད། དེར་བརྟེན་རྒྱ་མིས་བོད་པ་རྣམས་སྤུད་པ་རེད་ཅེས་བཤད་ཀྱིན་འདུག ངས་ཁོ་ཚོར་དེ་འདྲ་མ་རེད། བོད་སྔོན་མ་ནས་རང་བཙན་རེད། རང་བཙན་ཡིན་ཙང་བོད་པ་ཚོས་རྒྱ་མི་ཚོ་བོད་ནས་ཕར་རྒྱུགས་ཞེས་བཤད་པར་བརྟེན་རྒྱ་མིས་བོད་པར་དྲག་གནོན་བྱསཔ་རེད་ཅེས་གསལ་བཤད་བྱས་པ་ཡིན། ཡང་སྐབས་ཤིག་ལ། ང་ཚོའི་སློབ་གྲྭའི་ནང་རྒྱ་མིའི་ཕྲུ་གུ་མང་པོ་ཡོད། ཁོ་ཚོའི་དབྱིན་ཇི་སྐྱོ་བོ་ཡོད་ཙངརྒྱ་མིའི་ཕྲུ་གུ་གཅིག་ལ་དབྱིན་ཇིའི་སྟེང་རོགས་པ་བྱེད་སྐབས། ཕྲུ་གུ་དེས་ཁྱེད་རང་གང་ནས་ཡིན་པ་དྲིས་བྱུང་། ངས་དེར་ང་བོད་ནས་ཡིན་ཞེས་ལབ་པ་ཡིན། ཕྲུ་གུ་དེས་ལམ་སེང་ཚུར་བོད་ནི་རྒྱ་ནག་གི་ཆ་ཤས་རེད། བོད་པ་ཚོས་མིའི་པགས་པ་བཤུས། མི་ཁྲག་འཐུང་གི་ཡོད་པ་རེད་ཅེས་ལན་བརྒྱབ་བྱུང་།

དེ་ལྟར་ཕྱི་མི་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་དངོས་མ་ཤེས་ཀྱི་མེད་པའི་རྣམ་པ་ཞིག་མཐོང་བྱུང་། དེའི་ཐོག་ངེས་པར་དུ་ཅི་ཞིག་བྱེད་དགོས་འདུག་སྙམ་ནས་དབྱིན་ཡིག་ནང་ལོ་རྒྱུས་ཀྱི་སྐོར་ཟིན་བྲིས་འདེབས་མགོ་བརྩམས་ཏེ་རིམ་བཞིན་དེབ་ཆུང་འདི་གྲུབ་པ་རེད། ལོ་རྒྱུས་ཀྱི་དེབ་འདི་གཙོ་བོ་བོད་གཞུང་དྲ་རྒྱ་དང་སྐུ་ངོ་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས། སྐུ་ངོ་གྲགས་པ་བསྟན་དར་ལགས་ཀྱིས་བརྩམས་པའི་ལོ་རྒྱུས་དེབ་རྣམས་རྨང་གཞིར་བཞག་ཅིང་དྲ་རྒྱ་ནང་ནས་བོད་སྐོར་གྱི་འདྲ་པར་བསྡུ་རུབ་བྱས་ཏེ་ཕྱོགས་སྒྲིག་བྱས་པ་ཡིན། མ་ཕྱི་གྲུབ་རྗེས་ཁམས་ལུང་རིན་པོ་ཆེ་ཡི་ལྕམ་ལོ་རེ་ལགས་ཀྱིས་ཞུ་དག་གནང་བ་རེད།

dsc09452

དེང་སང་ཕྱི་ནང་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་གསལ་བོ་ཞིག་ཤེས་ཀྱི་མེད་པར་བརྟེན། དབྱིན་ཡིག་ནང་གོ་བདེ་ཞིང་མདོར་བསྡུས་ཅན་ཀློག་སྤྲོ་ལ་རྒྱས་པོ་མིན་པའི་དེབ་ཞིག་དགོས་གལ་ཆེན་པོར་མཐོང་བ་དང་། སྤྱིར་ང་རང་ཡིན་ན་གཞུང་ཞབས་བྱས་པ་ཡིན་ལ་དབུ་མའི་ལམ་ལ་མོས་མཐུན་ཡོད། ཡིན་ནའང་བོད་རང་བཙན་ཡིན་པ་ཕྱི་མི་ལ་བཤད་དགོས་པ་གལ་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན། ཕྱི་མི་ཁག་ཅིག་གིས་བོད་དེ་ས་ཆ་ཆུང་ཆུང་ག་གང་མེད་པ་ཞིག་ཏུ་བསམ་གྱི་ཡོད་པ་རེད། དེར་ང་ཚོའི་ངོས་ནས་བོད་དེ་ལོ་རྒྱུས་དང་རིག་གཞུང་། ཡུལ་ལྗོངས་མཛེས་པོ་ཡོད་པ་ངོ་སྤྲོད་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་བསམས་སོང་།

ངོ་སྤྲོད་བྱེད་པར་ང་ཚོའི་ངོས་ནས་གོ་ཐོས་ཙམ་ཁོ་ན་ལ་གཞི་བཅོལ་ནས་མིན་པར་ལོ་རྒྱུས་ཀྱི་ཁུངས་གཏུགས་ཏེ་དངོས་ཡོད་གནས་ཚུལ་རྣམས་འདྲ་རིས་ཡོད་པའི་སྒོ་ནས་སྟོན་ཐུབ་ན་ཤུགས་ཆེན་པོ་ཡོད་པ་རེད་ལ་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག

དེབ་ཕྱོགས་སྒྲིག་བྱས་པའི་འགྲོ་གྲོན་ཐད།

དེབ་འདིའི་ནང་གི་པར་རྣམས་ཚོན་མདོག་ཐོག་ཨ་རིའི་ནང་དཔར་སྐྲུན་བྱས་པ་ཡིན། ཐོག་མའི་ཆར་དེབ་གྲངས་ ༤༠ པར་བརྒྱབ་པ་ཡིན། དེར་དཔར་གླ་ཨ་སྒོར་ ༡༥༠༠ ཕྱིན་སོང་། སློབ་གྲྭའི་ངོས་ནས་རོགས་རམ་ཨ་སྒོར་ ༣༠༠ གནང་སོང་། ལྷག་འཕྲོས་ང་རང་སྒེར་ནས་བཏང་པ་ཡིན། སྒེར་གྱི་དུས་ཚོད་ཀྱང་ཧ་ཅང་མང་པོ་བཏང་པ་ཡིན། དེའི་མ་ཚད་ང་རང་ཀམ་པུ་ཊར་ལ་ཡག་པོ་མེད་པས་སྨོན་ལམ་སོགས་མི་མང་པོ་ཞིག་ལ་རོགས་པ་བྱེད་རོགས་ལབ་དགོས་ཐུག་སོང་། དེབ་རྣམས་མལ་ཌི་སིན་དུ་ཡོད་པའི་གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག རྒྱ་ནག་རྒྱལ་རབས་སློབ་མཁན་དགེ་རྒན། དོན་གཉེར་ཅན། བཀའ་དྲུང་ཡིག་ཚང་དང་ཨ་རིའི་སྐུ་ཚབ་དོན་གཅོད་བཅས་ལ་འགྲེམས་འབུལ་ཞུས་པ་ཡིན།

སྤྱིར་དེབ་འདི་དབྱིན་ཡིག་ནང་ཡིན་མོད། རེས་གཟའ་སྤེན་པའི་བོད་ཕྲུག་སློབ་གྲྭར་བོད་ཡིག་ནང་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བྱེད་ཆེད། ངས་དེབ་འདི་དབྱིན་ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ་ཚར་གྲབས་ཡོད།

ངོ་སྤྲོད་བཅར་འདྲི་བྱེད་མཁན་འཚོ་སྐྱིད།

བཅར་འདྲི།

Post navigation

Previous Post: ཨི་ཨུ་ཨེ་ཨོ།
Next Post: ཤངས་སྟོན་ཚངས་ཐིག

Comments (14) on “དཔེ་དེབ་ངོ་སྤྲོད་དང་བོད་མི་ཞིག་གི་ལྷག་བསམ།”

  1. ཚོགས་ཆེན་ says:
    2011-01-29 at 5:17 pm

    རྒན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེབ་འདི་གང་མྱུར་བོད་ཡིག་ཐོག་འགྲེམས་སྤེལ་གནང་ཐུབ་ན་ཡག་པོ་འདུག

  2. དྲུང་མུ། says:
    2011-01-29 at 6:36 pm

    སྐུ་ཞབས་སྐལ་བཟང་རྒྱ་མཚོ་ལགས། ཁྱེད་ཀྱིས་བྲིས་གནང་བའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་དེབ་གསར་དུ་ཐོན་པར་བཀྲ་ཤིས་བདེ་ལེགས། དེབ་ཀྱི་ལག་ཏུ་སོན་པའི་རེ་བ་ཡོད། སྤྱིར་དེབ་གྲངས་ ༤༠ ཙམ་ཨ་རིའི་ནང་དུ་དཔར་བ་དེར་འགྲོ་སོང་ཆེ་ཙམ་ཕྱིན་འདུག ལྷག་པར་དུ་དེབ་ཞིག་གི་གྲངས་ཚད་ ༤༠ ཟེར་བ་ཆེས་ཉུང་སོང་བ་རེད། གལ་སྲིད་དེབ་དེ་རྒྱ་གར་ནས་དཔར་བསྐྲུན་བྱས་ན། གོང་གི་འགྲོ་སོང་ཨ་སྒོར་དེ་ཧིན་སྒོར་༦༠༠༠༠ མ་ཟིན་ཙམ་ཡིན་པས་དེབ་སྤུས་ལེགས་དེབ་རྟགས་དང་བཅས་པ་བརྒྱ་ཕྲག་རེ་གཉིས་ཤིག་དཔེ་བསྐྲུན་བྱེད་ཐུབ་རྒྱུ་རེད། རྫ་ཆུ་བ་དྲུང་མས།

  3. དྲུང་མུ། says:
    2011-01-29 at 6:37 pm

    དེབ་དེ་ལག་ཏུ་་་་
    དྲུང་མུས།

  4. ཨ་ཁུ་སྟོན་པ། says:
    2011-01-29 at 10:37 pm

    སྐལ་བཟང་རྒྱ་མཚོ་ལགས། བཀྲིས་བདེ་ལེགས་དང་ཁྱེད་ཀྱི་དེབ་དེ་ལྟར་བྲིས་པ་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཞུ་རྒྱུ་ལ་དེབ་དེ་ནང་ལ་བོད་དེ་རང་བཙན་གཙང་མ་ཞིག་ཡིན་པ་དང་རྒྱ་ནག་གོང་མ་ནས་རྒྱ་བོད་གཉིས་ཐ་དད་ཞིག་ཡིན་པ་ངེས་པར་དུ་བསྒྲུབ་རྒྱུ་ཡོད་ན་བསྒྲུབས་ནས་རྒྱ་ཆེར་མི་མང་ཡོངས་ལ་འགྲེམ་སྤེལ་ཞིག་གནང་ཐུབ་པ་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་ཞིག་རེད་འདུག། གང་ལ་ཞུས་ན་ད་ལམ་ཉེ་ཆར་ཟམ་གདོང་རིན་པོ་ཆེ་ནས་བོད་དེ་རང་བཙན་ཞིག་ཡིན་པ་ང་ལ་ནི་ཤོས་རྒྱུ་འམ་བསྒྲུབ་རྒྱུ་གང་ཡང་མེད། ཁྱེད་རང་ཚོ་ལ་བོད་དེ་རང་བཙན་ཡིན་པ་ཤོས་རྒྱུ་ཡོད་ན་ཡིག་ཆ་སོགས་མཁོ་སྒྲུབ་བྱ་རྒྱུའི་ཆེད་བོད་གཞུང་ནས་རོགས་རམ་སོགས་གང་དགོས་བྱེད་ཆོག་ཅེས་གསུང་ཡོད། དེར་བརྟེན་བོད་མི་མང་པོ་ཞིག་སེམས་ཚབ་དང་དོགས་གཞི་ཅན་བཟོས་ནས་བཞག་ཡོད། ང་རང་བོད་པ་ཚོས་ཟམ་གདོང་རིན་པོ་ཆེས་གསུངས་པ་དེ་ལ་དྲི་བ་དྲི་ལེན་སོགས་བྱེད་ཐུབ་མཁན་སུ་ཡང་མེད། ཁྱེད་རང་གི་དེབ་དེའི་ནང་བོད་དེ་རང་བཙན་གཙང་མ་ཞིག་ཡིན་སྒྲུབ་ཡོད་ན་མི་མང་ཡོངས་ལ་འགྲེམ་སྤེལ་གནང་དགོས། བོད་རྒྱལ་ལོ། །ཐུགས་རྗེ་ཆེ།།

  5. རྨ་ཆུའི་སྐལ་བཟང། says:
    2011-01-29 at 11:31 pm

    རྒན་ལགས་ཧ་ཅང་ཡག་པོ་རེད་ཐུགས་རྗེ་ཆེ།
    ཁོང་གི་དེབ་དེ་ག་འདྲ་བྱས་ན་རེག་གི་ཡོད་ན་ང་ལ་ངེས་ཏུ་བར་གཅིག་དགོས་གལ་ཆེ།
    རྒྱུ་མཚན་ང་འདུག་སའི་བོད་ཕྲུག་རྣམས་ནས་བོད་ཡིག་མི་ཤེས་པས་ངའི་ཁོ་ཚོ་ལ་བོད་ཡིག་དང་
    བོད་སྐད་སློབ་ཞོར་དང་མཉམ་དུ་ལོ་རྒྱུས་དེ་ལབ་ན་ཡག་བོ་ཡོང་བ་འདུག།
    དེའི་ཕྱིར་འབྲེལ་ལམ་ག་འདྲ་བྱས་ན་ཁྱེད་ཀྱི་དེབ་དེ་ཐོབ་ཐུབ་གིས་རེད་རྒན་ལགས།།

  6. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2011-01-30 at 2:17 am

    ང་ལ་དངུལ་ཏོག་ཙམ་ཡོད་པ་དེ་xxxx་བཅོམ་ཚར་སོང་མ་གཏོགས་ཁྱོད་ལ་རོགས་པ་ཞིག་དགོས་ས་རེད། བསམ་བློ་དེ་ལ་དཔེ་ཡག་པོ་གཏོང་བཞག །

  7. ལ་རྒྱའི་བདག་པོ། says:
    2011-01-30 at 2:44 am

    མཁྱེན་ཡངས་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་གྱི་དཔེ་དེབ་ཅིག་བྲིས་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།ལྷག་པར་བོད་ཕྲུག་རྣམས་ལ་བོད་ཡིག་ཐོག་ནས་སློབ་འཁྲིད་གནང་བ་བཞིན་དེ་ནི་བྱ་བ་རླབས་ཆེན་ཞིག་རེད།་ང་ཚོ་བོད་མི་ཚོར་སྐྱོན་ཆེ་ཤོས་ཤིག་སོ་སོའི་ལོ་རྒྱུས་ཀྱི་ཤེས་ཚད་མེད་པ་རེད།ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་སོ་སོའི་རྒྱལ་ཁབ་དེ་རང་བཙན་ཇི་ལྟར་ཡིན་པའི་ཚུལ་དེ་ངེས་པར་དུ་ཤེས་པ་ཙམ་མ་ཟད།ཁུངས་སྐྱེལ་བྱེད་ཐུབ་མཁན་ཞིག་དགོས་ཀྱི་འདུག
    ཇི་སྐད་དུ་སྔོན་གྱི་ཡིག་ཚང་ཁག་ལས།་མེས་པོའི་ཡིག་ཚང་མ་ཤེས་ན་མཇུག་མ་མེད་པའི་ཁྱི་རྒན་འདྲ་གསུངས་པ་བཞིན་རེད།
    དེ་རིང་ལོ་ཤས་སྔོན་གྱི་གནས་ཚུལ་ཞིག་དྲན་སོང་།ལོ་ཤས་སྔོན་དུ་ལྷ་སར་གནས་སྡོད་བྱེད་མཁན་རྒྱ་མོ་རྩོམ་སྒྲིག་པ་ཞིག་བཞུགས་སྒར་རྡ་སར་སླེབས་སོང་།ཁོ་མོས་རྡ་ས་དང་དེའི་ཉེ་འཁོར་གྱི་ཚོགས་སྡེ་ཁག་ལ་ལྟ་བསྐོར་བྱེད་ཞོར་ལ་བོད་ཀྱི་སྐོར་བགྲོ་གླེང་བྱེད་ཀྱི་འདུག
    དེ་དུས་ངས་གོ་བར་ཁོ་མོས་གཞོན་ནུ་ལྷན་ཚོགས་ཕྱིན་ནས་སྐབས་དེའི་ཚོགས་གཙོ་དང་འབྲེལ་ཡོད་ལས་བྱེད་རྣམས་དང་ཐུག་འཕྲད་ཀྱི་བོད་ཀྱི་ལོ་རྒྱུས་ཐོག་གི་བདག་དབང་སྐོར་རྩོད་གླེང་བྱེད་དུས།བོད་ཀྱི་གཞོན་ལྷན་གྱིས་ཁོ་མོར་རང་བཙན་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་མེད་ཚུལ་བརྗོད་ཀྱི་འདུག
    དེ་དུས་ཁོ་མོས་གཞོན་ལྷན་གྱི་བོད་ཀྱི་ལོ་རྒྱུས་ཀྱི་ཤེས་ཚད་རྟོགས་རྗེས་ཆུ་མོའི་འདེང་ཚོད་ལོན་ནས་ཉ་ལ་སྦར་རྫིང་ཞེས་པ་ལྟར་ཁོ་མོས་བརྗོད་གསལ།ཁྱེད་ཚོས་བོད་ཀྱི་སྐོར་བཤད་དབང་མེད།ཁྱོད་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་དེབ་བྲིས་མྱོང་ངམ།ལོ་རྒྱུས་ལ་ཞིབ་འཇུག་བྱེད་མྱོང་ངམ།སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ཤོད་རྒྱུ་མེད་དམ།ང་ལྟ་བུར་མཚོན་ན་ད་བར་ལོ་ལྔ་བཅུའི་ནང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་ལོ་རྒྱུས་ཀྱི་དེབ་ལྔ་བཏོན་མྱོང་ཞེས་སོགས་བརྗོད་ནས་གཞོན་ལྷན་གྱི་འབྲེལ་ཡོད་ལས་བྱེད་རྣམས་དང་ཚོགས་གཙོ་ཁ་སྐྱེངས་པོ་བྱུང་བའི་གནས་ཚུལ་ཞིག་འདུག
    མ་འོངས་པར་དབྱིན་ཇི་དང་རྒྱ་རིགས་ཀྱིས་བོད་ཀྱི་ལོ་རྒྱུས་བོད་པར་ཚུར་བཤད་འཁྲིད་བྱ་རྒྱུའི་དུས་ངན་ཞིག་སླེབས་པའི་ཉེན་ཁའི་སྔོན་བརྡ་ད་ལྟ་ནས་བཏང་ཚར་འདུག
    དེ་ན་ང་ཚོས་སོ་སོའི་བུ་ཕྲུག་ལ་བོད་ཀྱི་ལོ་རྒྱུས་སྤྱི་དང་ལྷག་པར་སོ་སོའི་འབྱུང་ཁུངས་ཀྱི་ཡུལ་ལུང་ངོ་སྤྲོད་ཡག་པོ་བྱེད་རྒྱུ་གལ་ཆེན་པོར་མཐོང་ངོ།
    ད་ལྟ་ལས་བྲེལ་གྱི་ཞུ་དག་བྱེད་འཁོམ་མ་བྱུང་བའི་དག་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ།

  8. ཨ་རིག་དགེ་མཐོང་། says:
    2011-01-30 at 4:10 am

    ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་མཚན་ཐོག་ནས་འདི་ལྟར། ༼ང་ལ་དངུལ་ཏོག་ཙམ་ཡོད་པ་དེ་རྒྱ་གར་ཇག་པས་བཅོམ་ཚར་སོང་མ་གཏོགས་ཁྱོད་ལ་རོགས་པ་ཞིག་དགོས་ས་རེད། བསམ་བློ་དེ་ལ་དཔེ་ཡག་པོ་གཏོང་བཞག །༽་ཅེས་བྲིས་འདུག དངོས་གནས་ཁོང་ཚང་དྲ་ཐོག་ཏུ་ཕེབས་ནས་མཆན་འདེབས་ཀྱི་ཡོད་ན། གལ་སྲིད་མེད་པའི་དབང་དུ་བཏང་ན་ཡག་པོ་མི་འདུག་དཱ། ད་དུང་ཁ་སང་གི་གནས་ཚུལ་དང་འབྲེལ་བའི་སྐོར་གླེང་བ་དེ་བས་ཀྱང་ཡག་པོ་མི་འདུག ཁོང་ཚང་ཡིན་ན་ང་ཚོ་ལ་དྲ་གྲོགས་བསམ་གྱི་མི་ཁྱབ་པ་ཞིག་འདུག་པས་དྲ་ཞུགས་བླ་སྤྲུལ་དང་གྲྭ་བཙུན་ཚོ་ལ་ཁ་གཏོང་བ་ལ་ཡང་ཕན་སྲིད། ལྷག་བསམ་རྣམ་དག་གིས་དྲི་བ་ཞིག་ཡིན།

  9. ཨ་རིག་དགེ་མཐོང་། says:
    2011-01-30 at 4:13 am

    གཅིག་ཐེངས་ན་ཡིན་ས་རེད། ཕྲིན་ལས་འདི་འབྲི་མཁན་སྤྱི་ཚོགས་ནང་དུ་ཉུང་ཉུང་རེད། འོན་ཀྱང་ན་ནིང་ཁོ་བོས་རྩོམ་སྒྲིག་བྱེད་ཁུལ་བྱས་པའི་དེབ་ནང་གི་ཁོང་གི་ཕྱག་རྩོམ་གྱི་དབུར་ཕྲིན་ལས་རྡོ་རྗེ་འདི་བྲིས་ཡོད་ཁུ།

  10. ལྷག་བསམ། says:
    2011-01-30 at 4:18 am

    དྲ་གྲོགས་ཚང་མ་ལྐུགས་རྟགས་མ་སྟོན་རོགས། ཨོ་རྒྱན་འཕྲིན་ལས་རྡོ་རྗེེ་ཞེས་པ་འདི་ཀརྨ་པའི་མིང་གཡར་བའི་མི་ཞིག་གིས་བྱས་པ་རེད། ཁོང་བླ་ཆེན་འདི་འདྲ་གནང་བའི་ཐུགས་ཁོམ་མེད་དོ།།

  11. ཀརྡོ་རབ་འབྱམས་པ་ says:
    2011-01-30 at 4:30 am

    ཁ་བརྡས། ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་མཚན་སྨུག་མིང་ལ། བེད་སྤྱད་ནས་ཡོངས་ན། དགག་བྱ་མེད་ན། རྒྱལ་བ་རིན་པོའམ། ཏྰ་ལའི་བླ་མ། ཞེས་རང་མིང་བཟོས་ན་ཡང་། བཟོད་བསྒོམས་བྱས་འདོད་ཐབས་ཡོད་དམ།

  12. ཀརྡོ་རབ་འབྱམས་པ་ says:
    2011-01-30 at 4:48 am

    སྨུག་སྨྱུག་ལ་་་

  13. མེ་ཏོག་དཀར་པོ། says:
    2011-01-30 at 5:49 am

    ཕྱོགས་སྒྲིག་བྱེད་མཁན། སྐུ་ནོར་སྐལ་བཟང་རྒྱ་མཚོ་ལེགས་སོའི་བསྔགས་བརྗོད་ཡོད། ཨ་ཁུས་བཤད་པ་བཞིན་རེད། ཕྱིས་ཁྱེད་རྣམས་དེབ་འདྲ་དཔར་རྒྱུ་ཡོད་ན་རྒྱ་གར་དུ་དཔར་རོགས། གོང་ཁེ་པོ་རེད།

  14. ལ་རྒྱའི་བདག་པོ། says:
    2011-01-31 at 11:12 pm

    དྲ་གྲོགས་ཨ་རིགས་དགེ་མཐོང་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་དང་ཡི་རངས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme