ཚེ་བརྟན་ཆུང་བ། རང་ལོ་༡༤ འཛིན་རིམ་༡༠ (དཔེ་སྟོན་སློབ་གྲྭ)
དེ་རིང་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་ཡིན་ཙང་གུས་མོ་ངས་བཀླགས་པའི་དཔེ་དེབ་འདིའི་མྱོང་ཚོར་ཞིག་དེ་རིང་གི་ཉིན་མོ་འདི་གུས་བརྩིའི་ཆེད་དུ་མདོར་བསྡུས་ཤིག་ཞུ་འདོད་བྱུང།
གུས་མོ་ངས་བཀླགས་པའི་དཔེ་དེབ་ནི་རི་རྩེའི་སྤྲིན་དཀར་ཟེར། རི་རྩེའི་སྤྲིན་དཀར་གྱི་རྩོམ་པ་པོ་ནི་ཚེ་རིང་དབྱངས་སྐྱིད་ལགས་རེད། ཚེ་རིང་དབྱངས་སྐྱིད་ནི་སྤྱི་ལོ་༡༩༨༢ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཐོན་ནས། ད་ལྟ་ལྷ་སའི་སློབ་འབྲིང་ཞིག་གི་ནང་དུ་དགེ་རྒན་ཞིག་བྱེད་བཞིན་འདུག ཁོང་གིས(བོད་ཀྱི་རྩོམ་རིག་སྒྱུ་རྩལ་)དང་(སྦྲང་ཆར་)སོགས་ཀྱི་དུས་དེབ་སྟེང་དུ་སྒྲུང་གཏམ་གང་མང་སྤེལ་ཡོད། དེ་དག་ལས(བྲག་སྟེང་གི་རྩྭ་ཆུང་)ནི་ཀློག་པ་པོའི་ཁྲོད་དུ་ཚོར་སྣང་ཡག་པོ་ཞིག་བཞག་ཡོད་པར་བརྟེན་ཚང་མས་བརྩམས་སྒྲུང་དྲག་གྲས་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཁོང་གི་(རི་རྩེའི་སྤྲིན་དཀར་)དང་(སོ་ནམ་ཤོར་བའི་ལྗང་བུ)སོགས་ལ་གངས་རྒྱན་བུམ་པའི་བྱ་དགའ་སོགས་ཐེངས་མང་ཐོབ་མྱོང་ཡོད་པ་རེད། བྲག་སྟེང་གི་རྩ་ཆུང་ཞེས་པའི་བརྗོད་དོན་ནི་སྤྱི་ཚོགས་ཤིག་གི་ནང་གི་གནས་སྟངས་གང་འདྲ་ཞིག་ཡོད་མེད་དེ་མི་སྣ་གཙོ་བོ་ཞིག་འབུད་དུ་བཏོན་ཏེ་སྤྱི་ཚོགས་ཀྱི་གནས་སྟངས་འབྲེལ་བརྗོད་བྱས་ཡོད། སྤྱི་ཚོགས་ཤིག་གི་ནང་གི་བོད་མི་རྣམས་ཀྱིི་གནས་སྟངས་དེ་མི་སྣ་ཞིག་ལ་སྦྱར་ཏེ་སྤྱི་ཚོགས་ཀྱི་གནས་ལུགས་ཤིག་སྒྲུང་གཏམ་འདིའི་ནང་དུ་བཤད་ཡོད་པ་རེད། སྒྲུང་འདིའི་ནང་གི་མི་སྣ་བུ་མོ་པད་དབྱངས་ཞེས་པའི་ལོ་ན་བཅོ་བརྒྱད་སོན་པའི་བུ་མོ་ཞིག་གྲོང་ཁྱེར་དུ་སྡོད་མ་ཐུབ་པར་གྲོང་གསེབ་ཏུ་འགྲོ་དགོས་པའི་ལོ་རྒྱུས་ཤིག་རེད་འདུག
མོ་རང་སློབ་གྲྭའི་་སྐབས་སློབ་སྦྱོང་ལ་དོ་སྣང་དང་ཧུར་བརྩོན་མ་བྱས་པའི་རྐྱེན་སློབ་ཆེན་གྱི་ཡིག་རྒྱུགས་མ་ལོན་པ་དང་གྲོང་ཁྱེར་དུ་ལས་ཀ་མི་རེག་པའི་རྐྱེན་གྱིས་གྲོང་གསེབ་ཏུ་ལས་ཀ་མི་བྱེད་ཀ་མེད་ཆགས་པའི་སྐོར་རེད། མོས་གྲོང་གསེབ་ཏུ་ལས་ཀ་བྱེད་སྐབས་གྲོང་ཁྱེར་ལྟར་ལས་ཀ་མཁོ་བའི་དངོས་པོ་དག་དུས་ཐོག་ཏུ་མ་རེག་ཙང་མོས་སྔོན་བྱས་ཀྱི་ལས་ཀ་དེ་དག་ལ་འགྱོད་པ་ཚད་མེད་སྐྱེས་ནས་མིག་མཆུ་ཤོར་བ་རེད། གང་ཡིན་ཟེར་ན། གལ་སྲིད་མོ་རང་གིས་སློབ་སྦྱོང་ལ་དོ་སྣང་དང་ཧུར་བརྩོན་བྱས་ཡོད་ན་། མོ་རང་ད་ཆ་རང་ཉིད་ཀྱི་ཕ་མ་དང་མཉམ་དུ་ཟས་ཞིམ་པོ་ཞིག་ཟས་ནས་བསྡད་ཡོད་རྒྱུ་རེད་སྙམ། ཡང་ན་མོས་སྒྲུང་དེབ་སྙན་མོ་ཞིག་ཀློག་བསྡད་ཡོད་སྲིད་ཟེར་ནས་འགྱོད་པ་སྐྱེས་པ་རེད། དེ་ལྟར་འགྱོད་པ་སྐྱེས་ན་འདས་པའི་མི་ཚེ་དེ་དག་གི་དུས་ཚོད་རྣམས་ཡང་བསྐྱར་ཡོང་རྒྱུ་མེད་པ་ཤེས་ནས་མོ་རང་གི་ཡོང་རྒྱུ་ལྷག་བསྡད་ཡོད་པའི་མོ་རང་ཉིད་ཀྱི་མ་འོངས་པ་ལ་བསམ་གཞིག་བྱེད་དགོས་པའི་བསླབ་བྱ་གནང་ཡོད་པ་རེད།
༡༽ མོ་རང་གི་ཤེས་ཡོན་གང་ཙམ་ཡོད་པ་དེ་གཞན་ལ་བསླབ་པ་ནི་གཞན་དེ་མོ་རང་དང་འདྲ་བ་ཞིག་མི་ཆགས་པ་དང་མོ་རང་ལས་ཡག་པོར་ཆགས་རྒྱུའི་བསམ་བློ་ཡོད་པས་རེད།
༢༽ རྩོམ་འདི་ལས་བསླབ་བྱ་གཅིག་ནི་ང་ཚོ་སློབ་ཕྲུག་ཚོ་ལ་ཆུང་བྱིས་པའི་དུས་ནས་བཟུང་སྟེ་སློབ་སྦྱོང་ཡག་པོ་བྱ་དགོས་པ་དང་སློབ་སྦྱོང་ཡག་པོ་སྦྱངས་ནས་སོ་སོའི་ནང་མི་དང་མི་རིགས། རྒྱལ་ཁབ་སོགས་ཀྱི་ཆེད་དུ་ལས་ཀ་བྱེད་ཐུབ་མཁན་ཞིག་བཟོ་དགོས་བ་བསྟན་གྱི་ཡོད་པ་རེད།
བུ་མོ་ཆུང་ཆུང་ཞིག་གིས་འདི་འདྲ་ཡག་པོ་བྲིས་འདུག་པས།་་་བལྟས་ནས་ཡོང་ན་དཔེ་སྟོན་སློབ་གྲྭ་ལ་དངོས་གནས་རེ་བ་ཞིག་འདུག་གདའ་་་་་་་་བུ་མོ་ཆུང་ཆུང་ལགས་་་མུ་མཐུད་ནས་དཀའ་ལས་རྒྱོབས་དང་ཕྲན་ཆུང་ང་ནི་ཁྱོད་ཀྱི་རྩོམ་ཡིག་ཀློག་མཁན་དུ་བགྲངས་ཀྱང་ཆོག
སློབ་སྦྱོང་ཡག་པོ་བྱས་ནས།
ཉིན་རེར་ཡར་ཐོན་ཡོང་དགོས།