བོད་ཀྱི་དབུས་གཙང་ས་ཁུལ་ལ། ཁྲོམ་དུས་ཅེས་ལོ་རེར་བོད་ཀྱི་ཞིང་པ་དང་། འབྲོག་པ་དང་། དེ་བཞིན་སྒྱུ་རྩལ་བ་ལ་སོགས་ཀྱིས་རང་རང་གི་ཡུལ་གྲུ་སོ་སོའི་དམིགས་བསལ་ཐོན་རྫས་བསྣམས་ནས་ལོ་རེའི་ཁྲོམ་དུས་ཀྱི་འདུ་འཛོམས་ལ་ཞུགས་སྲོལ་ཡོད།
ད་རེས་ང་ཚོས་ཁྱེད་རྣམ་པ་ཀུན་ཕན་གྱི་ཁྲོམ་དུས་ལ་གདན་འདྲེན་ཞུ་བཞིན་ཡོད། ཐེངས་འདིའི་ཁྲོམ་དུས་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནང་ལ་བྲིས་པའི་བོད་ཀྱི་ནང་ཆོས་དང་། ཧི་མ་ལ་ཡའི་སྒྱུ་རྩལ། རྩོ མ་རིག ཞིབ་འཇུག་རྩོ མ་ཡིག དུས་དེབ་སྣ་ཚོགས། དེ་བཞིན་སྒྲ་བརྙན་གྱི་གླུ་གར་སྡེར་མ་སྣ་ཚོགས། ད་དུང་བོད་དབྱིན་ཚིག་མཛོད་བཅས་རིན་གོང་ཕྱེད་བཅག་ཐོག་ཚོང་འགྲེམས་ཞུ་རྒྱུ་ཡིན་པ་མ་ཟད། ད་དུང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་བོད་ཡིག་གི་ཡིག་གཟུགས་བྲིས་མ་ཆེ་ཆུང་སྣ་ཚོགས་བཙོང་རྒྱུ་ཡོད། སྐུ་ཉིད་ནས་ངེས་པར་དུ་ཚོང་དུས་འདི་ལ་ཕེབས་རྒྱུ་མ་བརྗེད་པ་གནང་རོགས།
ང་ཚོས་དངུལ་སྨར་དང་། དངུལ་འཛིན། དེ་བཞིན་སྔ་འདོན་དངུལ་བྱང་ཕལ་ཆེ་བ་ལེན་གྱི་ཡོད། ཚོང་གི་ཡོང་བབ་རྣམས་ནི་ངེད་ཚོའི་བོད་མཐོ་སྒང་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི་དེ་དག་གི་སྟེང་ལ་གཏོང་བར་བྱེད་དོ།
དུས་ཚོད།
སྤྱི་ལོ་༢༠༡༣ཟླ་བ་༩ཚེས་༢༡
རེས་གཟའ་སྤེན་པ།
ཆུ་ཚོད། ༡-༤
132 Perry Street, Suite 2B New York, New York 10014
212-367-7380
events@trace.org
ཡིག་རྙིང་རྣམས་སུ་ཚོང་འདུས་ཞེས་བྲིས་ཡོད། དཔེར་ན་གཙང་གི་ཚོང་འདུས་འགུར་མོ་ལྟ་བུ།
འདུལ་བའི་བསྟན་བཅོས་དག་ན་ཡུར་མོ་ཚོང་འདུག་བྲིས་ཡོད། གཙང་དང་སྟོད་ཕྱོགས་གང་ཡིན་མ་ཤེས་ཀྱང་ཁྲོམ་ར་ཆེས་ཤོས་དང་གྲགས་ཅན་ཅིག་ཡིན་པ་འདྲ།
ཚོང་འདུས་
བཅོས་
འདུལ་དཔེ་དག་ན། ཚོང་འདུས་ཁ་འཁོར་ཉོས་ཤ་ནི། སྔོ་ངད་འདྲ་བས་བཟའ་བར་གནང་། གསུངས་པ་ཡང་ཡོད་རེད། །
འདུལ་བའི་གཞུང་རྣམས་སུ་འདི་ལྟར།
ཞང་པོ་དག་ཁྱེད་ཅག་ཤིང་ཁུར་དག་ཚོང་འདུས་
སུ་མ་ཁྱེར་བར་ཁོ་བོའི་སྡུམ་པར་ཞོག་ཤིག་དང་། ཁོ་བོས་ཁྱེད་ཅག་ལ་རིན་བསྡོམས་ཏེ་སྦྱིན་ནོ། ཞེས་དང།
།མི་ཞིག་སྣུམ་ཁུར་ཞིག་ཁྱེར་
ནས། །ཚོང་འདུས་ནང་ནས་འགྲོ་བ་ལས། །བདག་གིས་དེ་ལས་མཐུས་ཕྲོགས་ཏེ། །ཁྱེར་ནས་དེ་ནས་
སོང་བ་དང་། །དེ་ནས་བདག་གིས་བརྒྱུགས་པ་དང་། །ཕྱི་བཞིན་དུ་ནི་སྙེགས་མ་བྱུང་།