ད་རེས་ཀྱི་གྲོས་ཚོགས་ཚུགས་དུས་དང་བསྟུན་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་བདེན་པ་དང་གནས་ལུགས་ཀྱི་ཕ་བོང་མང་པོ་ཞིག་གངས་སྐྱིད་དུ་འཁུར་ནས་སླེབས་སོང་། བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོའི་མདུན་ལ་སྤུངས་སོང་། གྲོས་ཚོགས་ཀྱི་མདུན་ལ་སྤུངས་སོང་། གནས་ལུགས་ཀྱི་ཕ་བོང་བརྩེགས་པའི་རི་བོ་དེས་གྲོས་ཚོགས་ནང་གི་ཧམ་བཤད་རིང་ལུགས་པ་ཚོ་འགུལ་མེད་དུ་མནན་སོང་།
གནས་ལུགས་དང་རྒྱུ་མཚན་གྱི་གཏན་ཚིགས་རེ་རེས། བསྟན་པ་མགོ་ནས་བཤིག་མཁན་བློ་བཟང་སེང་གེ་ཡིན་པར་གཟེར་འདེབས་བྱས་སོང་ལ། ཕྱོགས་ཞེན་ཙམ་ལས་གང་ཡང་མི་བསམ་མཁན་མ་ཡིན་པར། རྣམ་དཔྱོད་དང་ལྷག་བསམ་གཉིས་ལྡན་ཡིན་པའི་སྤྱི་འཐུས་ཚོས་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོ་འུར་ཟིང་དང་ཧམ་བཤད་ཀྱི་མཁའ་དབྱིངས་ནས་སར་བབས་ཏེ། གནས་ལུགས་དང་རྒྱུ་མཚན་གྱི་མདུན་ནས་འགྲེངས་ཐུབ་དགོས་པ་དང་། སྤོབས་པ་ཆེར་བསྐྱེད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་ཐུབ་དགོས་སྐོར་ནན་བརྗོད་བྱས་སོང་། བློ་བཟང་སེང་གེར་མཚོན་ན། ད་རེས་ཀྱི་གྲོས་ཚོགས་ཀྱིས་བློ་སེང་རང་ཉིད་སྒྲུབ་སྟངས་མ་ཤེས་པར་གཡོལ་བཞིན་ཡོད་པའི་དོན་དག་འདི་ལ་གཡོལ་ས་གབ་ས་མེད་པ་བཟོས་པ་ཞིག་ཆགས་ཡོད།
མཚམས་འདིར། ང་ཚོས་གོང་ས་མཆོག་གིས་ ༢༠༠༨ ལོ་སྟེ་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་དང་རྒྱལ་སྤྱིར་གསལ་འདོན་གནངས་པའི་བཀའ་སློབ་དང་གསུང་འཕྲིན་ལ་ཕྱིར་རྟོག་ཅིག་བྱས་ན། གོང་ས་མཆོག་གིས་བཀའ་གསལ་ཕེབས་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་ལས་དོན་ཆེ་ཆུང་ཚང་མ་ཕྱི་གསལ་ནང་གསལ་བྱེད་པའི་གཞུང་ཞིག་ཡིན། རྒྱ་ནག་གཞུང་གཙོས་པའི་གཞུང་སྒེར་རྩད་ཞིབ་པ་སུ་དང་གང་ཞིག་གིས་ཡིག་སྣོད་རེ་རེ་བསྔོག་ནའང་དགའ་བསུ་དང་གྲ་སྒྲིག་ཡིན་གསུངས་ཡོད། དེ་ནས་དེ་རིང་བར་དུ་ལོ་བཅུ་སོང་ཡོད།
ད་ཆ་སྤྱི་ཚོགས་དུམ་བུ་གཉིས་ཆགས་ཀྱིན་ཡོད། འདི་ནི་གནད་དོན་ཆུང་ཆུང་ཞིག་མ་རེད། ཉེ་ཆར་གོང་ས་མཆོག་གཙོས་པའི་བླ་ཆེན་ཁག་ཅིག་གིས་ཐུགས་འཚབ་དང་འདུམ་སྒྲིག་དགོས་པའི་བཀའ་སློབ་དེ་འདྲ་ཡང་ཕེབས་ཡོད། ཡིན་ནའང་། བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོས་བདེ་སྡུག་གནས་སྟངས་དང་བདེན་རྫུན་གནས་སྟངས་ཞུ་མཁན་མང་ཚོགས་ཀྱི་སྐུ་ཚབ་དང་ཐུག་འཕྲད་བྱེད་པར་ཞེད་སྣང་བྱེད་ཀྱིན་ཡོད། གང་ལ་ཟེར་ན། གསར་འགོད་པ་མཉམ་འཁྲིད་བྱ་མི་ཆོག པར་ཆས་དང་བརྙན་ལེན་འཕྲུལ་ཆས་མཉམ་འཁྱེར་བྱ་མི་ཆོག སྐད་ཆ་སྒྲ་འཇུག་བྱས་མི་ཆོག་པ་བཅས་ཐུག་འཕྲད་ཀྱི་ཆ་རྐྱེན་དུ་བགྲངས་ཡོད། དེ་ནི་མང་ཚོགས་ཀྱི་རེ་འདུན་ཉན་པ་དང་དེར་གཟིགས་སྟངས་ཙམ་ཡང་ཕྱི་གསལ་ནང་གསལ་གྱི་སྤོབས་པ་མེད་པའི་རང་མདོག་བསྟན་པ་ཞིག་ཆགས་ཡོད།
ནམ་རྒྱུན་པར་ཆས་ཀྱི་འཆར་མིག་གམ་བརྙན་མིག་ནང་འཛུལ་ལ་ཁད་པ་བྱེད་པར་ཧ་ཅང་སྤྲོ་སྣང་དང་དོ་སྣང་ཡོད་པའི་བློ་བཟང་སེང་གེ་དེ་ད་རེས་པར་མིག་ཏུ་འཛུལ་མི་ཕོད་པ་ཅི་ཡིན་ནམ། ལར་ནས། བདེན་རྫུན་དཔོན་དང་བསྡུར་ན། ཤི་རེས་གཡོག་ལ་འབབ་ཟེར་བ་གཏམ་ལ་གྲགས་པ་རེད་དེ། ད་ནི། དེ་ལས་ལྡོག་སྟེ། བདེན་ཡོད་འགྲོ་སའི་ལམ་ལ་འབུད། བདེན་མེད་གཅུར་སའི་ལམ་ལ་འབུད་ལབ་ན། བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོའི་དཔའ་ཞུམ་འགྲོ་བ་ཅིས་ལན་པ་རེད། བདེན་པ་མར་ཡིན་ཡང་མི་ཞུ། རྫུན་པ་ལྕགས་ཡིན་ཡང་མཐིལ་བརྡོལ་ཟེར་བ་རེད། ད་རེས་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོས་ཕྱི་གསལ་ནང་གསལ་གྱི་བདེན་པ་ཞིག་བདར་མ་ཐུབ་པ་ནི་ཧ་ཅང་ཕངས་སེམས་ཆེ་བའི་བྱེད་སྟངས་ཤིག་རེད།
ཡང་ཕྱོགས་གཞན་ལ་ཞིག་ནས་བལྟས་ན། མང་ཚོགས་ཀྱི་ཕྱོགས་ནས་དམའ་མཐར་ཡང་བརྙན་ལེན་པ་མི་གཅིག་མཉམ་འཁྲིད་ཆོག་པའི་ཆ་རྐྱེན་ནམ་རེ་བ་བཏོན་ཡོད་ནའང་། དེ་ཡང་ངོས་བཞེས་གནང་མ་ཐུབ་པ་ཆགས་ཡོད། བརྙན་ལེན་པ་མི་གཅིག་མཉམ་འཁྲིད་བྱ་ཆོག་པའི་རེ་འདུན་འདི་ནི་མང་ཚོགས་ཀྱི་ངོས་ནས་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོར་ཡིད་ཆེས་ཨེན་ཙམ་ཡང་བྱེད་ཐུབ་ཀྱི་མེད་པའི་རྟགས་མཚན་ཞིག་ཀྱང་རེད། གང་ལྟར་གནང་སྟངས་བྱེད་སྟངས་འདི་གཉིས་ཀའི་གང་ཡིན་ནའང་། ཧ་ཅང་ཉེན་ཁ་ཅན་ཞིག་ཆགས་ཡོད།
ད་རེས་ཀྱི་གནང་སྟངས་འདིས། ནམ་ཞིག་སྲིད་སྐྱོང་དང་ཁོའི་ལས་རོགས་ཚོ་མང་ཚོགས་ཀྱི་མདུན་ལ་ཕྱི་གསལ་ནང་གསལ་གྱིས་ཐོན་མ་ཐུབ་པ་དེ་སྲིད་དུ། མང་ཚོགས་ཀྱིས་སྲིད་སྐྱོང་དང་བཀའ་ཤག་ལ་ཡིད་ཆེས་བརླག་བཞིན་པའི་གནས་སྟངས་ཉེན་ཚབས་ཇེ་ཆེར་འགྲོ་བ་ཞིག་བཟོས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོ། སྤྱི་འཐུས་ཚོ་བཅས་ནས་བཞུགས་མོལ་ཚོགས་འདུ་སོགས་ཚོགས་ནས་བསམ་གཞིགས་དང་ཐག་གཅོད་ཀྱི་མཐའ་མའི་ཐག་གཅོད་ནི་གསར་འགོད་པ་མཉམ་འཁྲིད་དང་པར་ཆས་དང་བརྙན་ལེན་འཕྲུལ་ཆས་མཉམ་འཁྱེར་མི་ཆོག་པའི་ཆ་རྐྱེན་འོག་གི་ཐུག་འཕྲད་ཅིག་ཡིན་ནམ། བདེན་པའི་ལས་འགུལ་བ་ཚོའི་ངོས་ནས། མ་འོངས་པར་གནས་ཚུལ་ཅི་ཡོང་གི་འགན་ཆ་ཚང་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོས་འགན་ཁུར་དགོས་པ་ཕྱི་གསལ་ནང་གསལ་བཟོས་ནས་ལས་འགུལ་མཚམས་བཞག་སོང་། འདི་ཡངབསམ་གཞིགས་རིང་པོ་བྱེད་དགོས་པའི་གནད་འགག་ཅིག་རེད།
ད་རེས་ཀྱི་གྲོས་ཚོགས་ནང་ནས་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོའི་གནང་སྟངས་རིགས་གཅིག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མཐུན་སྒྲིལ་ནུས་པ་འཐོར་ཞིག་འགྲོ་བཞིན་པའི་གནས་སྟངས་ལ་ལྟ་སྟངས་གཅིག་པ་མ་ཆགས་ནས་ཕན་ཚུན་འཛིང་རེས་རྒོལ་རེས་མང་པོ་ཞིག་བྱས་ཡོད་ནའང་། མཐའ་མ་དེར། སྤྱི་ཚོགས་ནང་གི་ད་ལྟའི་རྙོག་གླེང་དང་ངོ་རྒོལ་ནི་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོས་བཟོས་པ་ཡིན་པས། དེ་བཞིན་གྱི་འགན་ཁུར་དགོས་པ་རེད་ཅེས་ནན་བརྗོད་དང་། དེའི་སྒྲུབ་བྱེད་དུ་བཅའ་ཁྲིམས་སོགས་ལུང་འདྲེན་བྱས་ཏེ་སྤྱི་འཐུས་ལྷན་ཚོགས་མང་ཚོགས་ཀྱི་སྐུ་ཚབ་ཡིན་པའི་ངོ་བོ་བརྟན་སྲུང་བྱས་སོང་། གནང་སྟངས་དེ་ནི་དོན་ལ་གྲོས་ཚོགས་ནི་མང་ཚོགས་ཀྱི་ཕྱོགས་སུ་ལངས་ཡོད་པའི་རྣམ་འགྱུར་ཞིག་ཆགས་ཡོད། ཡིན་ནའང་། ཐག་གཅོད་དང་ལངས་ཕྱོགས། ཡང་ན་ས་མཚམས་གསལ་པོ་ཞིག་ཕྱེས་ཟིན་པའི་རྗེས་ལའང་ཤེས་ཡོན་གནས་ཚད་ཧ་ཅང་དམའ་བའི་སྤྱི་འཐུས་ཁག་ཅིག་གིས་ད་ལྟ་རང་ཉིད་གང་གི་ཕྱོགས་ན་ཡོད་པ་་ཧ་གོ་ཡི་མེད་པ་དེ་འདྲ་ཡང་ཡོད་པ་འདྲ། དེ་བཞིན་སྤྱི་ཚོགས་ནང་གི་ཡི་གེ་བ་འགའ་རེས་ཀྱང་་དེའི་དོན་མ་རྟོགས་ནས། ད་རེས་སྤྱི་འཐུས་ཁག་ཅིག་མང་ཚོགས་ཀྱི་མདུན་དུ་བཅར་བ་དེ་གང་མིན་ཚད་རེད་ཅེས་ཕྱོགས་ཞེན་ཁོ་ན་གཙིགས་སུ་བྱས་ནས་ལོག་འགྲེལ་གྱི་ཡི་གེ་སྤེལ་མཁན་ཚོས་ཀྱང་མི་མཐུན་རྟ་གཡོག་མགོ་སྦྲེལ་གྱི་གནང་སྟངས་རིགས་ལ་འཛེམ་པ་བསྟེན་ནས་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་ཐབས་ལ་འབད་པའི་རེ་འདུན་ཞུ།
དྲང་པོ་བྱས་མ་སོང་ཟེར་ནས་རྟག་པར་འུར་བསྡད་སོང་ཡང་། དྲང་པོ་མ་བྱས་པའི་བདེན་དཔང་ཚིག་གཅིག་བཤད་ཡ་མེད་པ་གྲོས་ཚོགས་ར་བའི་ནང་ནས་གསལ་པོ་ཆགས་སོང་། དང་པོ་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་རེད། དེའང་བདེན་དཔང་ཡིག་ཆ་དང་བཅས་པ་སྟོན་སོང་བས་ལོག་བཤད་པ་དག་གི་སྐད་ཆ་ཚང་མ་རྫུན་རྐུབ་རྡོལ་སོང་། ས་ཡིག་མང་པོའི་སྙན་ཞུ་ཟེར་བ་དེ་རེད། དེའང་མི་གཞུང་ཞིག་ལས་ས་ཡིག་མེད་པ་གསལ་པོ་ཆགས་སོང་བས་མིང་མང་པོ་བསྡུ་རུག་མི་གཅིག་གིས་ལོ་ཐུབ། གཉིས་པ་དོན་གཅོད་འཕོ་འགྱུར་སྐོར་ལ་རེད། དེའང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འཕོ་འགྱུར་གཏོང་བ་གསལ་པོ་ཆགས་སོང་བས། ད་ངོ་ལོག་པོ་ཚོ་ལ་སྐད་ཆ་གཞི་འཛིན་ས་གང་ཡང་མི་འདུག བཀའ་ཤག་ལ་ཐུག་འཕྲད་དེའང་པར་ལེན་འཕྲུལ་ཆས་མེད་པའི་སྒོ་ནས་ཐུག་འཕྲད་མི་ཚང་མ་ལ་གོ་སྐབས་གནང་སོང་ཡང་། ཁོ་ཚོ་ལ་བདེན་དཔང་དགོས་ཀྱི་ཡོད་ལབ་སོང་། ༼བཀའ་དྲུང་གིས་འགོ་ཁྲིད་དང་དམངས་བར་ལ་ཞུ་གཏུག་བྱེད་སྟངས་ཡོད་པས། གཟབ་གཟབ་གནང་དགོས་སྐོར་གསུངས་སོང་བས་ལོས་བདེན་བསམ་སོང་། ༽བདེན་དཔང་མི་དེ་དག་ཚང་མས་གཅིག་གི་གཅིག་ལ་བཟོ་ལོས་ཆོག ཁོང་ཚོས་དང་ལེན་མི་བྱེད་པ་དེར། ཁོང་ཚོས་དམིགས་ཡུལ་ངན་པ་བཟུང་ཡོད། བདེ་སྲུང་གི་བཤད་པ་ལྟར་བདེ་འཇགས་འགན་ཁུར་མི་ཐུབ་པ་དང་། གཉིས་པ་མི་ཞིག་གིས་སྲིད་སྐྱོང་གཙོས་པའི་བཀའ་ཤག་ལ་ལག་འཆང་ནས་དེ་བརྙན་བཟོས་ནས་སྤྱི་ཚོགས་ནང་ལ་བཀྲམ་ཡ་གི་དམིགས་ཡུལ་དང་། ཡང་ན་མི་ཞིག་དྲན་མེད་དུ་རྒྱལ་ཁུལ་བྱས་ནས་དེ་བརྙན་བཟོས་ཏེ་སྤྱི་ཚོགས་ནང་ལ་བཀའ་ཤག་མིང་ཤད་ནག་པོ་བཟོ་ཐབས་དེ་ལས་ཁོང་ཚོ་ལ་བདེན་པ་བརྡར་བའི་ཚིག་གཅིག་བཤད་ཡ་མེད་པར། གྲོས་ཚོགས་ནང་ནས་གསལ་པོ་ཆགས་སོང་། ཉིན་བཅུའི་རིང་ལ་དེའི་སྐོར་ལ་གླེང་སོང་ཡང་། གཞི་འཛིན་ས་གང་ཡང་མེད་པ་དེས་ཧ་གོ་ཐུབ་པ་རེད།
བློ་སེང་དང་མི་མང་བར་ན་གསང་བའི་ལས་ཀ་གང་ཡང་ཡོད་པ་མ་རེད། གསར་འགོད་པ་འཁྲིད་་མི་ཆོག་པའི་རྒྱུ་མཚན་གང་རེད་❓❓
གཡོ་རྒྱུ་ཁྲམ་གསུམ་གྱིས་སྦག་པའི་་བློ་སེང་གི་རྫུན་རྐུབ་བརྡོལ་བར་དོགས་ནས་རེད་གཞན་གང་ཡང་ཡོད་པ་མེད།
ཇི་སྐད་དུ། བོད་ས་སྐྱ་ལེགས་བཤད་དུ།
་
རིགས་པས་རྙེད་པའི་ཟས་ནོར་བླང་།
མི་འོས་གཞན་ལ་རློམ་སེམས་སྤང་།
ཤིང་ཏོག་ཤིང་རྩེ་ལས་བླང་གི
དེ་ལས་ཐལ་ན་ས་ལ་ལྷུང་།། ༡༡ །། རབ་བྱེད་༨་པ།
་
བསྟན་འཛིན་ཆོས་གྲགས་དང་། རྨྱི་གཉིས་ཀྱི་རྗོད་བྱེད་མིང་ཚིག་དག་པར་བྲིས་་པ་དག་ལ་གཟེངས་བསྟོད་དགོས།
འོན་ཀྱང་། མིང་ཚིག་འགའ་ཞིག་ལ་རྟོག་དཔྱོད་དགོས་པར་མཐོང་།
“དགའ་བསུ་དང་གྲ་སྒྲིག་ཡིན་གསུངས་ཡོད།”
སྔོན་ལོ་ངོ་བཅུ་གྲངས་སྔོན་དུ། བདག་གིས་གྲལ་སྒྲིག་ཅེས་བྲིས་ཀྱང་། དེ་ལ་དྷ་ས་ནས། གྲལ་སྒྲིག་མ་དག་པས། གྲ་སྒྲིག་ཅེས་དགོས་ཟེར།
གོ་རིམ་ལ་གྲལ་ཟེར་བས། གོ་སྒྲིག ཅེས་ཀྱང་འབྲི་བར་མཐོང་། སི་ཏུ་པཎ་ཆེན་གྱིས་ཀྱང་། གྲལ་སྒྲིག གྲལ་བསྒྲིགས། བྲིས། ལ་དྭགས་ལྷག་པར་གཤམ་པྱོགས་སྔར་དབེན་པར་གནས་པས། བོད་ཀྱི་་མིང་ཚིག་རྣམས་དག་པར་འབོད།
་
“འགོ་ཁྲིད་དང་དམངས་བར་”
འདིར་ དམངས། ཞེས་པ་དམན་པར་ངོས་འཛིན་མཛད་ནས། དམངས་རིགས་དམན། ཞེས་དང་། སྔོན་གྱི་བོད་ཀྱི་མཁས་པ་རྣམས་ཀྱིས། བཀའ་བསྟན་དག་ཏུ། རྒྱ་གར་དུ། བྲམ་ཟེ། རྒྱལ་རིགས རྫིའུ་རིགས། དམངས་རིགས། ཞེས་རིགས་དམན་ལ་དམངས་འབོད། ཟ་མ་ཏོག་ཏུ། དམངས་རིགས་དམན།་ཞེས་དང་། སྤྱོད་འཇུག་ ལེའུ་༦་པ། ཚིགས་བཅད་༡༣༣་ན།
དེ་བས་དམངས་ཀྱིས་རྒྲལ་གཏུམ་བཞིན། ཞེས་པ་ན། དམངས་ཞེས་པའི་སྐད་དོད། གཡོག་པོར་མཆིས་སོ།
དེས་ན། ད་སྔོན་འཇུག་མེད་པ། མངས། ཞེས་དགོས་སོ།
བློ་བཟང་སངས་རྒྱས་ལ་སེམས་པ་གཏིང་ནས་ལོག་སོང་།
ཁོ་ནི་མི་ཅོལ་ཆུང་ཞིག་རེད།
1959ལོའི་ཟླ་གསུམ་པའི་ནང་། བོད་ཀྱི་རྒྱལ་ས་ལྷ་སར་སྡོད་མཁན་རྒྱ་ནག་དམག་དཔོན་ཚོས། གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་གདན་འདྲེན་ཞུ་རྩིས་ཞུས་པའི་སྐོར་དེ་དྲན་བཅུག་སོང་། ལོ་རྒྱུས་དེབ་ཁག་གི་ནང་ལ་སྐབས་དེའི་གནས་ཚུལ་བཀོད་པའི་ནང་།
་་་་་་་རྒྱལ་བ་རིན་པོ་ཆེའི་ལྷན་བོད་པའི་དམག་མི་གཅིག་ཀྱང་ཡོང་དགོས་མེད། གལ་སྲིད་མེད་ཐབས་མེད་ན་གོ་ལག་གང་ཡང་འཁྱེར་མེད་པའི་སྐུ་སྲུང་བ་གཅིག་གཉིས་ཤིག་མཉམ་དུ་བསྐྱོད་ན་འགྲིག དེ་མིན་ཆིབས་བསྒྱུར་དེ་གསང་རྒྱ་དམ་པོའི་ཐོག་ནས་བྱེད་དགོས་་་་་་་ཞེས་གསལ་བ་དེ་དྲན་བཅུག་བྱུང་།
ཁྱི་སེང་གིས་བོད་མི་སྒྲིག་འཛུགས་ཀྱི་ཆེ་མཐོང་ཆུ་ལ་གཡུག་སོང་་
་་་་་་་་་་ ད་རེས་བློ་བཟང་སེང་གེ་དང་ཁོའི་ལས་རོགས་ཚོས་ཕྱི་གསལ་ནང་གསལ་གྱི་བདེན་པ་ཞིག་བདར་མ་ཐུབ་པ་ནི་ཧ་ཅང་ཕངས་སེམས་ཆེ་བའི་བྱེད་སྟངས་ཤིག་རེད། ་་་་་་་་་
ཕྱོགས་གཅིག་ནས་བསམ་ན་ད་ཐེངས་ཀྱི་ཞི་བའི་ལས་འགུལ་འདི་ལ་ནུས་ཆེན་པོ་ཐོན་ཡོད་པ་འདྲ་་་ལུས་འགུལ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་སྤྱི་ཚོགས་ནང་གང་མཚམས་ཤིག་གསལ་བོ་བཟོ་སོང་།
ད་རེས་གསལ་བོ་ག་རེ་བྱུང་སོང་ལབ་ན། བློ་སེང་དང་ཀརྨ་གཡུ་ཐོགས་གཉིས་ཀྱིས་བཤད་མི་ནུས་པའི་ནག་ཉེས་ཤིག་སྤེན་ཚེ་ལ་ཡོད་མདོག་མདོག་བྱས་པ་དེ། བསམ་བཟོས་ནས་བཀའ་ཤག་གིས་སྤེན་ཚེ་ནག་པོ་བཟོས་པ་ཡིན་པ་དེ་གསལ་པོ་ཆགས་སོང་། གང་ཡིན་ཞེ་ན། སྤྱི་མཐུས་གཅིག་གིས་བློ་སེང་ལ་གསང་བ་ཆེན་པོ་ཞིག་མདོག་བྱས་པ་དེ་ད་ལྟ་གསལ་བོ་བྱས་ནས་རལ་བའི་དུས་ལ་བབ་འདུག་ཅེས་བཤད་ཀྱང་། བློ་སེང་གིས་གཡོལ་ཐབས་རྐྱང་རྐྱང་བྱས་ནས་བསྡད་པ་ལས་གསང་བ་རལ་རྒྱུ་གང་ཡང་མི་འདུག དྲང་བདེན་དང་གཟུར་པོར་གནས་མཁན་ཞིག་ཡིན་ན་བློ་སེང་གི་གཡོ་སྒྱུ་གསལ་བོར་མཐོང་ཡོད་ངེས།
གྲོས་ཚོགས་འཇུག་བསྒྲིལ། ངོ་རྒོལ་མཚམས་བཞག ད་ཐེངས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བའི་མིང་འཁྱེར་ཏེ་སྒེར་དོན་སྒྲུབ་མཁན་ཁག་ལ་བསྡོམ་ཚིག་ཞིག་བཀོད་ཡོད།
འཕྲིན་སྐལ་གྱིས་འཇུག་སྡོམས་གཏམ་བཤད་ནང་། ང་ཚོས་ལས་དོན་ཡག་པོ་འགྲུབ་སོང་ཟེར་ཏེ་བསྟོད་བསྔགས་དང་སྦྲགས་སྤོབ་པའི་ཐོག་ནས་བཤད་སོང་། འཕྲིན་ལས་སྐལ་བཟང་སྒེར་ངོས་ནས་གཏམ་བཟང་རེད་ལ། ད་ཐེངས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་འུར་འུར་ཟིང་ཟིང་དུ་བཏང་བ་དེས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ཁེ་བཟང་ཆེན་པོ་ཞིག་རག་ཡོད་པ་ནི་གོར་མ་ཆགས།
ཚོགས་ཟུར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་རྣལ་མ་བྱེད་མཁན་གྱི་ངོས་ནས་བཤད་ན་ཀླད་ཀོར། Zero མ་གཏོགས་གང་ཡང་འགྲུབ་མེད། མི་རྒྱུས་ཤོར། དུས་ཚོད་རྫོགས། རྒྱུ་ནོར་ཟད་སྟེ་ལག་སྟོང་དུ་ལོག་རྒྱུ་མ་གཏོགས་དོན་དག་སྣེ་གཅིག་འགྲུབ་ཡོད་པ་ཞིག་མ་ཚོར།
འཕྲིན་ལས་སྐལ་བཟང་གིས་ཁ་མཁས་ཚིག་སྙན་གྱི་ཇུས་ངན་ནང་དུ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཡོངས་རྫོགས་མགོ་སྐོར་བཏང་ཡོད། ངོ་རྒོལ་དུ་ཞུགས་མཁན་མང་པོས་ཚོགས་ཟུར་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་ཡིན་བསམ་པའི་ཚོར་བ་དང་ཀུན་སློང་ཐོག་ནས་ཕལ་ཆེ་བ་དེ་མཉམ་ཞུགས་གནང་ཞིང་མདོ་སྨད་སྤྱི་འཐུས་རྣམ་པས་གྲོས་ཚོགས་ཀྱི་ལས་རིམ་སྣང་མེད་བཏང་སྟེ། ཁ་ན་ན་དང་། མིག་པ་འགག་འགག་བར་ཚོགས་ཟུར་སྤེན་པ་ཚེ་རིང་དཀར་འདོན་ཡོང་ཐབས་ལ་དམིགས་སྟེ་ཆ་ཤས་བླང་། རྒྱབ་རྩར་ལང་སྟེ་གྲོས་ཚོགས་ར་བའི་ནང་གདོང་དཔག་ཡོངས་སུ་དབྲལ། ཕོ་རྒྱུས་རླུང་ལ་སྐུར་མཐར། མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ཀྱིས་བལ་ཡུལ་མི་མང་ལྔ་སྟོང་གི་བསམ་ཚུལ་ཡིན་མདོག་གི་འགྲེལ་ལོག་རྒྱབ། ཡིག་ཆ་རྫུན་བཟོ་བྱས་པའི་རྫུན་རྐུབ་རྡོལ། བལ་ཡུལ་ཚེ་རིང་རྒས་གསོ་ཁང་གི་ཆོ་གན་ལས་བྱེད་འཕར་འགྱངས་ཀྱི་ཁྲིམས་འཆར་ཟག ལས་གནས་ཤོར། སྤྱི་འཐུས་ཁུག་རྟ་བོད་དུ་ཕྱིན་ཏེ་༢༠༡༤ ལོར་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགྲོན་འབོད་གནང་སའི་མི་སྣ་དང་། རྒྱ་ནག་གི་གསང་ཉུལ་ཡིན་པའི་དོགས་པ་སྐྱེ་དགོས་པའི་བློས་བཏང་ཆེན་པོ་དེ་འདྲ་གནང་།
གྲོས་ཚོགས་ར་བའི་ཕྱི་རོལ་དུ་འཕྲིན་ལས་སྐལ་བཟང་གིས་ཚོགས་ཟུར་མཆོག་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། རྐྱེན་ཞིག་འཕྲད་པ་རེད་མ་གཏོགས་ཟེར་ཏེ་ཚོགས་ཟུར་ལ་རང་དབང་བདེན་པའི་ཞིབ་འཇུག་ཚོགས་ཆུང་འཛུགས་ཐབས་ཀྱི་དགོས་འདོན་མ་སྟོན་པའི་ཁར། འགྲུབ་རྒྱུ་མེད་པ་དང་། འཇུ་ས་འཆང་ས་གང་ཡང་མེད་པའི་གནད་དོན་མང་པོ་ཞིག་བགྲངས་ཏེ་དུས་ཚོད་བསྐྱལ་ཐབས་བྱས། དཔེར་ན། སྲིད་དབང་སྒེར་གཅོད་བྱས་སོང་ཟེར་བ་དང་། གདན་ཐོབ་ལ་འགྱུར་བ་བཏང་སོང་། ལས་བྱེད་གསུམ་བགྲེས་ཡོལ་བཏང་སོང་། སྲིད་སྐྱོང་ནས་ President མིང་བསྒྱུར་བྱས་སོང་། དོལ་རྒྱལ་རྒྱ་ཡན་དུ་བཏང་སོང་། དབུ་མ་དང་རང་བཙན། ཆོལ་ཁ་འཐེན་ཁྱེར་སོགས་གང་ས་གང་ནས་འཇུས་ཏེ་དམིགས་ཡུལ་འདི་ཡིན་ཟེར་བ་མེད་པར་ཁྱི་སྨྱོན་པས་སོ་བཏབ་པ་ནང་བཞིན་བྱས། འཕྲིན་སྐལ་གྱིས་ད་བར་གཞི་མེད་དཀྲོག་གཏམ་བྱས་ཚད་གྲོས་ཚོགས་འཐུས་མི་དང་ནང་སྲིད་བཀའ་བློན་བཅས་ནས་ཐེར་འདོན་བྱས་སྟབས། ཁོ་པས་མི་སྒེར་ནག་པོ་བཟོ་ཚུལ་གྱི་སྐད་ངན་ལུང་པ་གང་ཤོར་ཏེ་སྐྱག་རྫུན་བཤད་རིང་བཤད་ཚད་དང་། དག་སེལ་བྱེད་རིང་བྱེད་ཚད་བྱས། ད་ཐེངས་གྲོས་ཚོགས་འདིའི་ཐོག་ནས་ཁོ་པའི་སྣེ་འཁྲིད་པའི་ངོ་རྒོལ་བའི་ནང་རྒྱ་ནག་གི་ལག་པ་འཆང་ཡོད་པའི་དོགས་པ་གྲོས་ཚོགས་འཐུས་མི་ཕལ་ཆེ་བས་ངོ་འཛིན་གཅིག་གྱུར་རེད།
སྐད་གྲགས་ཆེ་བའི་མཚན་རྟགས་བདུན་སྟོང་ཟེར་བའི་རྫུན་རྐུབ་རྡོལ་ཏེ་མིང་གཞུང་དྲུག་སྟོང་ལ་འགྱུར། ཁ་སྣ་བར་ཁུངས་མི་འཁྱོལ་བའི་སྐྱག་རྫུན་ཤ་དག་བཤད།
འཕྲིན་ལས་སྐལ་བཟང་གི་དམིགས་ཡུལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དུམ་བུར་ཁ་བྲལ་གཏོང་རྒྱུ་མ་གཏོགས་ཆིག་སྒྲིལ་དང་རྩ་དོན། དྲང་བདེན་ཟེར་བ་དེ་ཁོའི་ངན་ཇུས་དང་གཡོ་རྒྱུ་ཉག་གཅིག་རེད། ཕྱི་ཚུལ་ནས་ཞིབ་འཇུག་ཚོགས་ཆུང་བཙུག་དགོས་ཟེར་ཏེ་སྐད་ཅོར་རྒྱག་གི་ཡོད། ནང་ལྟར་ན་དགོས་འདོན་དོན་ཚན་བཅུའི་ནང་བཀའ་ཤག་གི་ལག་པ་འཆང་སའི་གནད་དོན་ལྡོག་ལྡོག་སྟོན་རྒྱུ་མེད་པར་བྱས་ཡོད། དེ་ནི་མི་མངོན་པའི་གཡོ་ཇུས་ངོ་མ་དེ་རེད། ཁོ་པས་འཛུགས་མོ་གར་བཙུག་ཤར་ལ་བརྩི་མཁན་རྩ་དོན་གླིང་གི་གཟའ་རོ་ཐུམ་རོ་དེ་ཚོས་གནད་དོན་དེའི་གོ་རྟོགས་སད་རྒྱུའི་ཚབ་ཏུ་ད་དུང་གཙུག་ཏུ་བཀུར་གྱི་ཡོད། མདོ་སྨད་ཆོལ་ཁ་གཙོས་པའི་ཚོགས་ཟུར་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་མགོ་སྐོར་ཆེན་པོ་ཞིག་བཏང་། མི་ཁ་དང་ཕམ་ཁ་ཡོངས་རྫོགས་མདོ་སྨད་ཆོལ་ཁའི་མགོ་རུ་ལྷུང་།
དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་རྒྱབ་སྐྱོར་བྱས་མེད་པའི་མནའ་བཞག མི་འགྱུར་རྡོ་རྗེས་བཀའ་ཤག་གི་ཐག་གཅོད་དེ་མ་འགྲིག་པ་མིན་ཚུལ་དང་། སྒྲོལ་མ་ཚེ་རིང་གྱིས་བཀའ་ཤག་ལ་མི་འདོད་པའི་རྣམ་འགྱུར་འོག་ནས་བྱ་སྤུ་གནོན་གྱི་འགྲེལ་བཤད་གནང་རོགས་ཞུ་བ་ཙམ་ལས་དབུས་གཙང་གིས་ཡང་དག་པའི་རྒྱབ་སྐྱོར་གནང་མེད།
ངས་དེ་སྔོན་ཁྲ་དང་འུག་པ་ནེ་ལེ་གསུམ་ལ་དཔེ་བཞག་སྟེ་ཚོད་དཔག་འདི་འདྲ་ཞིག་རྒྱག་མྱོང་། ཏག་ཏག་གནད་ལ་འཁེལ་ཡོད་པ་འདྲ་བོ་འདུག
༄༅། དཔའ་བློ་ཁོག་ཡོད་ན་དགྲ་ལ་རྒོལ། དཔའ་ཤེས་ཡོན་ལྡན་ན་རང་བཙན་རྩོད།
ཁུངས་ར་འཕྲོད་ཡོད་ན་ཁྲིམས་ལ་གཏུགས། བློ་དཔང་རྟགས་ཡོད་ན་ཁྲིམས་ལ་སྦྱོར།
ཁྲིམས་གླ་རྣམས་ངོ་རྒོལ་བ་ནས་བསྡུས།
ཤེས་ཡོན་ཏན་མེད་པའི་འགོ་འཁྲིད་དང། དོན་གང་ཡང་མ་རྟོགས་རྗེས་བྲང་གཉིས།
གནས་རྡ་རམ་ས་ལ་ཞབས་འདྲེན་བཞག། ཁྱེད་བླུན་རྣམས་འགྲིགས་ཡོད་མ་བསམ་ཨང།
ཁྱེད་རྒྱབ་ལ་སུ་ལངས་ཤེས་ཡོང་ངོ། མིའི་མི་ཚེ་ཡང་ན་ཐུང་ཐུང་རེད།
ཡང་མིན་ན་མི་ཚེ་རིང་པོ་རེད། རིམ་རིམ་པས་སྟད་མོ་བལྟ་གི་ཡིན།
ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཁྲིམས་མཐུན་གྱི་ཐོག་ནས་གནང་སྦྱིན་བཟོ་ཐབས་ཀྱི་ལམ་ཁ་ཡོད་་བཞིན་དུ་རྩིས་ཁྲ་བཟོ་སྟངས་ཡུལ་ཁྲིམས་ལ་འགལ་བ་བཟོས་པའི་དགོས་པའི་དམིགས་ཡུལ་གང་ཡིན་ནམ། ནང་ཚགས་བྱེད་མི་དགོས་ས་ནང་ཚགས་བཟོས། ཁྲིམས་འགལ་བཟོ་མི་དགོས་ས་ལ་ཁྲིམས་བཟོས་པའི་དགོས་པ་གང་ཡིན་ནམ། དངུལ་དེ་ཁྲིམས་མཐུན་གྱི་གནང་སྦྱིན་བྱས་ཏེ་རྩིས་གསུབ་གཏོང་བའི་ལམ་ཁ་ཡོད་བཞིན་དུ་ལྐོག་ལྐོག་སིལ་སིལ་མང་པོ་བཟོ་་དགོས་དོན་མི་འདུག་ག།
མྱི་ལགས་ཀྱིས་བློ་སེང་ནང་བཞིན་སྤྱི་ཚོགས་ནས་རང་ཉིད་ལ་མཐོང་མེད་པ་བཟོ་ཡི་འདུག
༄༅། འུར་འབོད་བརྒྱབ་ནས་སླེབས་སོང། དྲང་བདེན་ཡིན་ཞེས་འབྱོར་སོང།
དྲང་བདེན་བགྲང་རྒྱུ་མི་འདུག་ ར་འཕྲོད་བསྟེན་རྒྱུ་མི་འདུག།
ལོག་དང་མི་ལོག་ལོང་སོང། སྟོང་པ་སྟོང་རྐྱང་ལོག་སོང།
བཞག་དང་མི་བཞག་བཞག་སོང། ཞབས་འདྲེན་རྡ་སར་བཞག་སོང།
ཀླད་སྟོང་ལས་འགུལ་འདི་འདྲ། ནམ་ཡང་བྱེད་རྒྱུ་མ་བརྗེད།
གཡས་སྐོར་གཡོན་སྐོར་མེད་པར་དོན་དག་གི་ཤུན་པགས་བཤུས་ནས་བཤད་ན། ཨ་རིའི་དོན་གཅོད་འགྱུར་བ་བཏང་བ་དེས། སྤྱི་རྒྱུ་སྒེར་བདག་གི་ཐབས་བྱུས་དང་གསང་བ་ཞིག་མངོན་གསལ་ཆགས་བཅུག་ཡོད། དེ་ནས་རྗེས་མར་སྒེར་བདག་གི་ལམ་དུ་འཁྱེར་འགྲོ་ས་མེད་པ་བཟོ་ཐུབ་ཡོད། དེ་ཨ་རིའི་དོན་གཅོད་འཕོ་འགྱུར་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་རེད།
ངའི་བསམ་ཚུལ་བྱས་ན་།
ད་རེ་སྤྱི་འཐུས་མང་བོ་ཞིག་མི་དམངས་ཀྱི་ཚབ་བྱེད་ཐུབ་ཀྱི་མི་འདུག་དྲན།
ཁོ་ཚོ་མི་དམངས་ཀྱི་སྤྱི་ཐུས་མིན་པས་ཁོ་ཚོའི་གཙི་མཐོང་དེ་རང་བཞིན་གྱིས་བརླགས་ཚར་སོང་།
ཆོལ་ཁའི་སྤྱི་འཐུས་ནི་ཆོ་ཁའི་སྤྱི་འཐུས་རང་རེད། མི་དམངས་ཀྱི་སྤྱི་འཐུས་རེད་མི་འདུག
སྔོན་ཆད་མི་མང་བོ་ཞིག་གིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ལབ་མྱོང་། ད་ཆ་ཆོལ་ཁའི་སྤྱི་འཐུས་ཀྱང་མི་དགོས། ས་གནས་སྤྱི་འཐུས་སམ་ཡང་ན་ཚོགས་པ་འདྲ་མིན་ནས་སྤྱི་འཐུས་སླེབས་ན་བཟང་།
གང་ལྟར་བཙན་བྱོལ་ནང་དམངས་གཙོའི་དོོན་ཅི་ཡིན་ཤེས་མཁན་དཀོན་ཞིང་ལག་ལེན་དུ་བསྟར་མཁན་ནི་དེ་པས་དཀོན།
ད་དུང་བཙན་བྱོལ་མི་དམངས་དང་བཙན་བྱོལ་སྤྱི་འཐུས་ཚོར་དམངས་གཙོའི་གོ་བ་དང་དམངས་གཙོའི་འགྲོ་སྟངས་ཆགས་མི་འདུག
ད་ེརེ་གསལ་བོ་ཞིག་ཆགས་པ་ནི།
མ་འོངས་པར་དམིགས་པའི་སྒེར་བདག་ཅན་དག་གི་དམིགས་འབེན་གཏོར་ཐུབ་པ་དེ་རེད་སྙམ།
སྤྱི་དོན་སྒེར་དོན་དུ་བསྒྲུབ་པ་དང་གཞུང་རྒྱུ་སྒེར་བདག་ཅན་དུ་བསྒྱུར་འདོད་པ་དག་ལ་ལམ་ཁ་མེད་པ་གསལ་བོ་རེད།
གཞུང་དང་ཚོགས་པའི་མིང་ཐོག་ནས་རང་ཉིད་ཀྱི་མདུན་ལམ་བརྟན་པོ་བཟོ་མཁན་དག་ལ་མི་དམངས་ཀྱིས་ལམ་ཁ་མི་སྟེར་བ་དེ་རེད།
གཏམ་དཔེར།
མི་མང་གི་ཁ་ན་ཤེས་རབ་ཀྱི་སྤྱན་ཡོད་ཟེར་བ་དེ་ར་འཕྲོད་པ་རེད།
ཡ་རབས་བཟང་སྤྱོད་དང་དྲང་བདེན་ལ་ཁ་བྲལ་ན་བོད་མིའི་རྩ་དོན་རྩོད་ཕྱོགས་ཀྱི་ལངས་ཕྱོགས་དང་འགལ་བ་རེད། དེ་དང་བྲལ་ན་ང་ཚོར་རྒྱབ་སྐྱོར་ཡོང་མི་སྲིད། དེར་བརྟེན་བློ་སེང་ནི་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་འཚོལ་བའི་བཀག་རྡོ་ཆེན་པོ་ཞིག་ཏུ་འགྱུར་སྲིད། བློ་སེང་གི་ལུས་ན་རྒྱུ་བའི་ཁག་དང་ཤ་རུས་ཙམ་བོད་པ་ཡིན་པ་ལས་་་་ཀླད་པ་ན་བོད་སེམས་མེད་ལ་བོད་ཀྱི་རིག་གཞུང་ཤན་ཞུགས་དེ་བས་ཀྱང་མེད། ང་ཚོའི་སྣེ་ཁྲིད་ལ་ཁོང་བསྡད་པ་ཙམ་གྱིས་བོད་ཀྱི་བདེན་མཐའ་གསལ་བར་གནོད་རྒྱུ་རེད་་་་་
ཉེ་ཆར་རྡ་སར་ཕེབས་ནས་དྲང་གདེན་གྱི་ལམ་ནས་ཁྲམ་པ་བློ་སེང་བཀའ་ཤག་གིས་མ་འོང་པར་ཁྲིམས་མེད་ལུགས་མེད་བྱེད་མ་འཕོད་པ་བཟོས་སོང་བར་བཀའ་དྲིན་ཤིན་ཏུ་ནས་ཆེ་
ཁྲམ་པ་བློ་སེང་དང་ཁོ་པའི་ཕྱོགས་ཏོག་རྫུན་མ་ཧམ་ཆེན་དེ་ཚོར་གནས་སྐབས་འཇིགས་རྟེན་འདིར་སྡོད་རིང་བྱ་བ་ལམ་འགྲོ་མེད་པ་དང་དེ་ནས་འཆི་བའི་རྗེས་སུ་དམྱལ་བ་རྡོར་རྗེ་ཐིང་ནག་དུ་ལྷུང་རྒྱུར་ཐེ་ཚོམ་ཏི་འབྲུ་ཙམ་ཡང་མེད།
ལྷག་པར་དུ་ཚེ་དབང་རིག་འཛིན་ཟེ་བའི་སྐབས་འཚོལ་བ་སྒོ་དམར་བ་ཁོ་ངས་རྒྱུས་ཡོད་
ཁོ་པར་དང་པོ་དེར་དུས་ད་ལྟའི་བར་ཨ་རིའི་མི་ནི་སོ་ཀྲར་ནང་དུ་ལས་ཀ་ངོ་དྲག་པ་གཅིག་ཀྱང་མེད་ཁོ་པས་སྐབས་འཚོལ་གྱི་ཐོག་ནས་གཞོན་ནུའི་ཚོགས་གཙོ་བྱས་པ་རེད་གང་ཡིན་ཟེ་ན་ཁོ་པ་དང་པོ་ཨ་རིའི་ནང་སྡུག་ལས་བྱེད་འདོད་མེད་པར་གཏན་སྐབས་འཚོལ་ཐོག་ནས་ཁ་བདེ་པོ་བཤད་ནས་གཞོན་ན྄ིུ་ཚོགས་གཙོར་ཡིན་ཁུལ་གྱིས་རྒྱལ་བའི་དགོང་པ་བཀྲུག་ནས་ལོ་མང་རྡ་སར་སྡད་ནས་མཐའ་མ་དེར་གཞོན་ནུ་ཁག་གཉིས་སུ་གྱེར་བ་བཟོས་་་ད་ལྟ་སྤྱི་མཐུས་ནང་ལ་ཡོངས་ནས་བོད་མི་ཁ་གཏོར་གཏོང་མཁན་བློ་སེང་གི་ཕྱོགས་སུ་ལང་ནས་མུས་མཐུས་རྒྱལ་བའི་དགོང་པ་བཀྲུག་ ཁོ་པ་གནས་སྐབས་མི་ཡུལ་གདིའི་ཐོག
བྱ་བ་ལམ་འགྲོ་མེད་པ་དང་འཆི་བའི་རྗེས་སུ་དམྱལ་བ་རྡོ་རྗེ་ཐིང་ནག་ཏུ་སྐྱེ་བར་ངེས་སོ།
བཙན་བྱོལ་སྤྱི་ཚོགས་འདི་སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལ་རྟེན་ནས་མུ་མཐུད་དུ་གང་ལ་གང་འཚམས་ཡར་རྒྱས་འགྲོ་བསྡད་པ་དེ་ད་རེས་བློ་བཟང་སངས་རྒྱས་ཀྱིས་ཁ་ཕྱོགས་བསྒྱུར་སོང་། བཙན་བྱོལ་ནང་གི་མི་རབས་གསར་བའི་འགོ་ཁྲིད་ཐོག་མ་ཁོས་བཙན་བྱོལ་གྱི་་༼ ༡ ༽ཆིག་སྒྲིལ་གཏོར་སོང་། འདས་པའི་ལོ་ངོ་བདུན་ཡས་མས་སུ་སྔར་བཞིན་གཞན་གྱི་རོགས་སྐྱོར་ལ་རྟེན་པ་ལས་༼ ༢ ༽རང་ཁ་རང་གསོའི་ལམ་བུ་གང་ཡང་ད་དུང་མིག་ལམ་དུ་མ་མངོན། བྱང་ཨ་རིའི་རོགས་དངུལ་གྱི་ལས་དོན་སྐོར་ཡོངས་རྫོགས་བྱང་ཨ་རིའི་དོན་གཅོད་ལགས་ལ་རྩིས་མ་སྤྲད་པར་ཁོའི་གྲོགས་པོ་སྐལ་རྡོ་དང་ཁོ་གཉིས་ཀས་ལྐོག་ལྐོག་སུད་སུད་ཀྱིས་འཇུས་བསྡད་པ་དེ་་༼ ༣ ༽གསར་བཏོད་ཡིན་པ་འདྲ།
མྱི་ཟེར་བའི་མྱི་གཞི་མེད་ནི་དེ་ལ་སྐད་ཆ་འགའ་བཤད་ན་འདོད།
ད་རེས་གྲོ་ཚོགས་ཕྱི་ནང་གང་ས་ནས། མདོ་སྨད་ཆོལ་ཁས་གྱོང་བཟས་བཞག་པ་གང་ཡང་མི་འདུག། གྱོང་ཡོད་ན། བོད་རིགས་སྤྱི་བའི་གྱོང་རེད།
ད་རེས་གང་བྱེད་ཐུབ་པ་རེད་ཟེར་ན།
སྲིད་སྐྱོང་བློ་བཟང་གི་མ་འོངས་རྐུན་ཁུག་གི་ཁ་ལ་སྤྱི་རྒྱུ་ལྐོག་བཟས་མི་ཐོབ་པའི་གཟེར་གཅིག་བརྡབས་ཐུབ་མེད་འགྲོ་བསམ་བསམ་ཞིག་བྱུང་བ་རེད། དེ་ཡག་པོ་མ་རེད་དམ།
རྒྱུ་མཚན་དེས། མདོ་སྨད་སྤྱི་འཐུས་རེ་གཉིས་ཀྱིས་སྤྱི་དོན་ལ་ཁ་བཙན་དང་སྣ་སྡུག་མང་པོ་མྱང་ཡོད་ཤག་རེད་བསམ།
མདོ་སྨད་པའི་མི་གྲངས་ནི་བཙན་བྱོལ་སྤྱི་ཚོགས་ལ་བཀུག་ན། བརྒྱ་ཆ་བཅུ་ཟུན་ཙམ་རེད། བྱས་ཙང་དོན་མདོག་ཡོད་ཚད་ཆོལ་ཁའི་ངོ་བོ་ལ་གཡོག་ན། རྒྱལ་ཁ་དེ་སུ་ལ་ཐོབ་ཀྱི་ཡོད་པ་སྲིད་སྐྱོང་སང་གེ་དང་ཁོའི་ཨབ་ཕྲུག་ཚོ་ལ་གསལ་གསལ་པ་རེད།
ནག་ཉེས་འདི་ད་ལྟ་བར་དུ། ཨ་མདོ་བའི་མགོ་ལ་མི་འདོད་བཞིན་དུ་གཡོག་པ་རེད། བྱས་ཙང་སྲིད་སྐྱོང་ཅན་པོས་འོས་གྲངས་སྤེལ་ཐུབ་པས་མ་ཚད་རྒྱལ་ཁ་བྱུང་བ་རེད།
ད་རེ་གྲོས་ཚོགས་ནས་ཨ་མདོ་བ་ཡིན་ཚད་ཀྱིས་ཆོལ་ཁ་རྩོད་ཀྱི་མེད་པའི་བདེན་པ་ར་སྤྲོད་བྱས་བ་རེད། ཡིན་ན་ཡང་སྲིད་སྐྱོང་དང་ཁོའི་ཨ་ཕོ་ཚོས་གཅིག་རྗེས་གཉིས་སྐྱོར་གྱིས། འདི་ཆོལ་ཁ་ཡིན་རབས་ཡིན་ཚུལ་ལ་ཨུ་ཚུགས་བསྐྱལ་བ་དེ་ཡིས། ཁོང་ཚོས་སྔར་ལྟར་མ་འོངས་བ་ལ་ཡང་རྒྱལ་ཁ་གཉིས་པ་ཞིག་སྔ་མའི་ཉམས་མྱུང་ལ་གཞི་བཅོལ་ནས་མདུན་དུ་སྤོ་བཞིན་པ་གསལ་པོར་ཆགས་པ་རེད། རྒྱུ་མཚན་དེའི་རྐྱན་གྱིས། མདོ་སྨད་བོད་རིགས་ལ་བཙན་གྱིས་གཡོག་པའི་ཆོལ་ཞྭ་རྒྱུ་འབྲས་མེད་པ་དེ་ད་རེ་ཕུད་ཐུབ་པ་བྱུང་རེད། དེ་ཡག་པོ་མ་རེད་དམ།
དེ་རེ་གསལ་པོ་ཞིག་ག་རེ་ཆགས་སོང་ཟེར་ན།
མདོ་སྨད་བོད་རིགས་ནི་བོད་རིགས་སྤྱིའི་ལ་རྒྱལ་འཛིན་ཐུབ་མཁན་ཞིག་དང་དེའི་དོན་དུ་མི་གྲངས་མང་ཉུང་དང་གོ་སའི་ཆེ་ཆུང་གང་ལ་མ་བལྟས་པར་བཤད་ཕོད་པ་ཞིག་ཡིན་པ་གསལ་སོང་།
བར་ཁམས་བོད་རིགས་ནི་རྒྱུ་ཐོབ་ནོར་ཐོབ་ལ་ཡོད་ཚད་དཔུང་སྒྲིག་བྱེད་ཕོད་པའི་ངལ་རྒྱལ་ཅན་དང་གཡོ་ཁྲམ་ལ་མཁས་བ་ཞིག་ཡིན་པ་ཡང་གསལ་སོང་།
སྟོད་དབུས་བོད་རིགས་ནི་རང་ལ་བཤད་རྒྱུ་བྱ་རྒྱུ་ཉུང་ན་བཟང་ཟེར་བའི་སྒམ་ཆུང་ལས་ཕྱི་ལ་དོན་ཙམ་དང་ཡུབ་ཙམ་གྱིས་བོད་སྤྱི་དོན་ལ་དཀོན་མཆོག་གིས་མཁྱེན་ཟེར་ནས་འདུག་མཁན་ཞིག་ཡིན་པ་ཡང་གསལ་སོང་།
ད་མཁྱེན་ལྡན་ཚོས་ལྟོས་དང་། ད་ལྟ་དགྱ་བོད་འཐབ་རྩོད་ལ་དགོས་པའི་བོད་རིགས་དྲང་མོ། མཁྱེན་དཔྱོད་ཅན། རྒྱུ་འབྲས་ཅན། བློ་ཁག་ཅན། ཤ་ཚ་ཅན་དེ་སུ་ཅན་པོ་རེད་འདུག། ཤེས་པར་བྱོས་ན། ལོས་རྒྱུས་དཀར་པོ་ལ་ཆགས་པ། རང་སོ་སོ་ཡང་དཀར་པོ་ལ་ཆགས་པ་རེད་དོ། བདེན་པའི་རྒྱབ་ལ་ཡོད་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུ། སྐད་ཆ་འདི་རང་དང་མཉམ་པའི་རིགས་ལ་ཞུས་པ་ཡིན་ན། གོང་མ་དཔོན་པོ་ཚོས་རྣ་བའི་ཟུར་ལ་མ་བཞག་ན་ཡང་བློ་ཕམ་མེད་དོ།
ངའི་མཆན་ལ་གདོང་གཏད་ནས་བཤད་མཁན་རེ་གཉིས་བྱུང་བས་དེ་ལ་ལན་ཉུང་ངུ་བཤད་འདོད། སྤྱིར་བཏང་རྙོག་གླེང་འདིའི་ཐད་དུ་སྐད་ཆ་བཤད་འདོད་ལ་ནས་མི་འདུག གོང་གི་མཆན་དེ་གཉིས་མི་གཞན་མས་བྲིས་པ་བཤུས་ནས་འདིར་བཀོད་ཡིན།
མ་བཤད་ཐུ་མེད་དུ་ཁ་བརྡ་དྲ་བས་ཟླ་ངོ་གཉིས་ལྷག་ཅིག་ཏུ་བློ་སེང་ཕྱོགས་གཏོགས་ལ་སྐྱོན་་བརྗོད་ཤ་སྟག་སྤེལ་བསྡད་སོང་། ཞེ་བུ་ལྐོག་ཟ་རུལ་སུངས་ཀྱི་བྱས་ཉེས་ཤིག་མེད་དམ་སྙམ་ནས་ཐེ་ཚོམ་སྐྱེས་སོང་།
ཡིན་ནའང་སྤྱི་འཐུས་གྲོས་རར་བཀའ་སྤྱི་གཉིས་ཀྱི་གསལ་བཤད་བདེན་དཔང་དང་བཅས་གནང་སོང་བས་དོགས་པ་ཐེ་ཚོམ་ཀུན་འཇའ་བཞིན་ཡལ་སོང་། སྐུ་ངོ་སྤེན་པ་ཚེ་རིང་དོན་གཅོད་འཕོ་འགྱུར་དེ་ཡར་བསྐོས་པ་བཞིན་མར་ཕབ་པ་ཡིན་པར་ལོང་བས་མ་བལྟས་རྒྱལ་ཁམས་ཀྱི་དཔེ་རེད། གཟུར་གནས་ཀུན་གྱིས་མཁྱེན་བཞིན་པ་རེད། གལ་སྲིད་མར་གང་འདོད་དུ་ཕབ་པའི་དབང་ཆ་བཀའ་ཤག་ལ་ཡོད་ན། ཡར་གང་འདོད་བསྐོས་པའི་དབང་ཆ་ཅི་ལ་མེད་དེ་ཡོད་ལོས་དགོས། དབང་ཆ་དེ་བཀའ་ཤག་ལ་ཡོད་ན་སྐུ་ངོ་སྤེན་ཚེ་ཨ་དོན་ལ་མི་བསྐོས་པ་སུས་ཀྱང་ཤེས་སླ།
འདིའི་ཐད་ནས་སྲིད་སྐྱོང་གིས་༧ གོང་ས་མཆོག་གི་མཚན་སྲུང་སྐྱོབས་བྱེད་སྟངས་དང་རང་ཉིད་བློས་བཏང་བྱེད་སྟངས་ལ་སྐབས་རེར་ཁོ་ལ་ཤ་ཡང་ཚ་ཡོང་གིན་འདུག་ལ། སྐབས་རེར་འགན་ཁུར་གྱི་ཁོག་རྒྱ་ལ་ཡིད་སྨོན་ཡང་ཤོར་ཡོང་གིན། སྐུ་ངོ་སྤེན་ཚེ་ལ་ནག་ཉེས་ཤིག་ཡོད་པ་ངོས་འཛིན་ལ་ནས་བྱེད་ཀྱི་མེད། ཡིན་ནའང་༧ གོང་ས་མཆོག་གིས་རང་ཆས་སུ་ཡོད་པའི་སྐུ་དབང་བེད་སྤྱོད་གནང་ནས་ལས་གནས་བརྗེ་བོ་གནང་བ་དེ་ལ་ཁྲིམས་ལུགས་གང་ཐད་ནས་ནོར་འཛོལ་ཞིག་ཏུ་ངོས་འཛིན་གྱི་མེད། འདིའི་ཐད་ནས་སུ་ལའང་ལས་ལེན་དེད་པའི་གནས་དོན་ཞིག་མ་མཐོང་། འདིའི་ཐད་ནས་ཆོལ་ཁའི་འཐེན་ཁྱེར་གྱི་གནས་དོན་ཞིག་ཡོད་པ་ལ་ནས་མ་མཐོང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་ནང་ཁུལ་གྱི་ཚིག་མཚོན་མཚམས་བཞག་ན་ལེགས་པར་སེམས། ལྷག་པར་དུ་བོད་ཡིག་བཀོལ་སྤྱོད་ཆེ་ཤོས་བྱེད་སའི་དྲ་བ་འདིས་གཞི་མེད་སྒྲོ་བསྐུར་གྱི་རིགས་མ་བཀོད་ན་བཟང་བ་སེམས།
སྲིད་སྐྱོང་སློབ་སངས་ཀྱིས་དོན་གཅོད་ཕོ་འགྱུར་གཏོང་སྟངས་ནི་ཐོག་མར་ཡར་ཇི་ལྟར་བསྐོས་པ་བཞིན་མར་གནས་འབྱུང་བཏང་པ་ཡིན་ཚུལ་བཤད་པ་དེ་བདེན་པ་མ་རེད། ཁོ་བས་དེ་ལྟར་བཤད་དོན་མི་མང་གིས་༸གོང་ས་མཆོག་དང་སློབ་སངས་གཉིས་ནས་དོན་གཅོད་གནས་འབྱུང་བཏང་པར་འདོད་དེ་ཉོག་གླེང་རིགས་མི་འབྱུང་ཆེད་ཡིན་པ་གསལ་པོ་རེད། དེ་མིན། སྒེར་དོན་ལ་ཐུག་དུས་མཛའ་མོའི་སྙིང་གཏམ་ཚུན་ས་བསྒྲགས་གནམ་བསྒྲགས་བྱེད་པར་ངོ་ཚ་མེད་ན། དོན་དངོས་ཀྱི་གནད་དོན་བདེན་པ་ར་སྤྲོད་བྱེད་པར་འཛེམས་ཟོན་བྱ་དགོས་དོན་ཅི་ལ་ཡོད། གལ་ཏེ་དངོས་གནས་སློབ་སངས་གིས་བཤད་པ་བདེན་ན། དོན་གཅོད་གནས་འབྱུང་གི་བྱེད་ལས་འདིས་བཙན་བྱོལ་སྤྱི་ཚོགས་ནང་དེ་སྔ་བྱུང་མ་མྱོང་པའི་བརྡབ་གསིག་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྐབས་འདིར་དགའ་ལྡན་ཕོ་བྲང་གི་དངོས་ནས་ཀྱང་༸གོང་ས་མཆོག་དང་སློབ་སངས་གཉིས་མོས་ཀྱིས་དོན་གཅོད་འཕོ་འགྱུར་བཏང་པའི་སྐོར་གསལ་བཤད་ཏན་ཏན་བྱེད་ངེས་རེད། འདི་ནི་སློབ་སངས་ཀྱི་སྐད་ཆར་གཞི་རྩ་མེད་པའི་ར་སྤྲོད་གཅིག་རེད། ཁ་སང་གྲོས་ཚོགས་སྐབས་སུའང་སློབ་སངས་ལ་དྲི་བ་འདི་གསལ་པོ་དྲིས་སོང་མོད། ཁོ་བ་སྔར་བཞིན་དྲི་བ་འདིར་གཡོལ་སོང་། ངས་འདི་ནས་སློབ་སངས་ཀྱི་རྒྱབ་སྐྱོར་བ་ས་ལྡིང་གནམ་ལྡིང་བྱེད་མཁན་དག་དང་། དམིགས་བསལ་གྱིས་གྲོས་ཚོགས་ར་བའི་ནང་གི་དགེ་བཤེས་དང་ལྷ་རམས་པའི་མིང་འཁུར་ཡོད་མཁན་གྱི་བཙུན་གཟུགས་དག་ལ་དྲི་བ་ཞིག་འདྲི། གལ་ཏེ་ཉོག་གླེང་འདིའི་ནག་ཉེས་སློབ་སངས་ལ་མེད་པའི་རྒྱུ་མཚན་ཡང་དག་པ་ཞིག་ཁྱོད་ཚོར་དངོས་གནས་ཡོད་པ་ཡིན་ན། བདེན་པའི་རྒྱབ་ལངས་པ་དག་གིས་དགོས་འདུན་གཙོ་བོ་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་སུ་ཞིག་དཀར་པོ་དང་གང་ཞིག་ཁྲམ་པ་རེད་གསལ་པོ་བཟོ་མི་ཕོད་དོན་ཅི། དམངས་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ཏུ་དམངས་ཀྱི་མངོན་འདོད་རྩ་འཛིན་གྱིས་ལག་བསྟར་བྱེད་རྒྱུ་ནི་དམངས་གཙོའི་ཡོངས་ཁྱབ་རིན་ཐང་གི་དགོངས་གཞི་བླ་ན་མེད་པ་དེ་ཡིན་ན། དབང་འཛིན་པའི་སྒེར་གཅོད་ཀྱི་བྱེད་ལས་མཐའ་དག་ནི་དམངས་གཙོའི་རིན་ཐང་དང་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པ་སྨྲོས་ཅི་དགོས། ད་དུང་གནད་དོན་གཞན་ཞིག་ལ། ཁ་སང་གྲོས་ཚོགས་གྲོལ་ཏེ་སྤྱི་འཐུས་ཚང་མ་རང་གནས་སུ་ལོག་རྗེས་སློབ་སངས་ཀྱིས་ཡང་བསྐྱར་བཀའ་བློན་ཚོ་དང་ལྷན་དང་བདེན་པའི་རྒྱབ་ལངས་པ་ཚོར་ཆབ་སྲིད་ནག་པོ་ཞིག་འཁྲབ་རྩིས་བྱས་ཀྱང་ལམ་ལྷོང་བྱུང་ཐུབ་མེད། དེ་ཡང་། ཁོས་བདེ་ྲསྲུང་ལས་བྱེད་གཉིས་བཏང་སྟེ་བདེན་པའི་རྒྱབ་ལངས་པ་ཚོར་ཁྱོད་ཚོའི་མི་བཅུ་ནས་བཅོ་ལྔ་ཙམ་བཀའ་ཤག་ལ་ཐུག་འཕྲད་དུ་ཡོང་ཆོག་ལབ་སོང་། ཡིན་ཡང་། གསར་འགོད་པ་དང་། པར་ཆས། ཁ་པར་རིགས་རྩ་བ་ནས་འཁྱེར་མི་ཆོག་ཚུལ་ནན་བཤད་བྱས་འདུག ང་ཚོས་དངོས་གནས་རྗེས་མར་སྤྱི་ཚོགས་སུ་བརྡབ་གསིག་མི་ཡོང་ཆེད་བཀའ་ཤག་དང་ང་ཚོའི་བར་ལ་བཀའ་མོལ་ཅི་བྱུང་མང་ཚོགས་ལ་གསལ་སྟོན་ཆེད་བརྙན་ལེན་པ་གཅིག་ཡོང་ཆོག་པའི་ཆ་རྐྱེན་བཏོན་ཀྱང་ཁོས་རྩ་བ་ནས་ཁས་ལེན་བྱས་མ་སོང་། གཞུག་ནས་ང་ཚོས་དངོས་ནས་གལ་ཏེ་བཀའ་ཤག་གིས་ཆེས་གསང་བ་དང་གྲག་མེད་གོ་མེད་དུ་ཐུག་འཕྲད་བྱེད་ཟེར་བ་ནི་འཁྲབ་སྟོན་ནག་པོ་ཞིག་ལས་མང་ཚོགས་ཁྲོད་གནད་དོན་གསལ་པོ་བཟོ་ཆེད་མིན་པར་དངོས་འཛིན་གྱིས། གལ་ཏེ་འདི་ལྟར་བདེན་དཔང་ཅི་ཡང་མེད་པར་ནག་ཁུང་དུ་ཐུག་འཕྲད་ཅིག་བྱས་ན་ནི། ད་ལྟའི་དཀའ་ཉོག་འདི་སེལ་བ་ཕར་ཞོག ད་དུང་སྤྱི་ཚོགས་ནང་དཀའ་ཉོག་འཕར་མ་ཞིག་བསྣན་པ་ཙམ་ལས་དགོས་ཕན་གང་ཡང་མེད་པར་བརྟེན་ཐུག་པར་སོང་མེད། མདོར་དྲིལ་ན། སློབ་སངས་འདི་གསང་བ་དང་ནག་ཁུང་དུ་མཛད་པ་སྐྱོང་རྒྱུར་མཉེས་པོ་ཞེ་དྲག་ཅིག་ཡོད་པ་འདིས་ཀྱང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་སྤོབས་པ་མཐོན་པོའི་སྒོ་ནས་ང་ཚོའི་སྒྲིག་འཛུགས་འདི་ཕྱི་གསལ་ནང་གསལ་ཡིན་ཞེས་གསུངས་དང་གསུང་བཞིན་པའི་བཀའ་སློབ་འདི་དག་གི་ལྡོག་ཕྱོགས་སུ་བསྐྱོད་ཀྱིན་པ་ནི་ཧ་ཅང་གསལ་པོ་རེད།
བོད་མིའི་སྒྲིག་འཛུགས་དེ་མི་རིགས་ཤིག་གི་ངོ་བོ་མཚོན་ཐུབ་གཞུང་ཞིག་ཡིན་དགོས་པ་ལས་བློ་སེང་ཁྱིམ་རྒྱུད་ཀྱི་ལས་ཁུངས་མ་རེད། བློ་སེང་གིས་གང་དྲན་དྲན་བྱེད་སྟངས་ལ་བལྟས་ན་སྒེར་གྱི་ལས་ཁུངས་ཤིག་སྟངས་འཛིན་བྱེད་སྟངས་དང་མཚུངས་པས་སྒེར་གཅོད་ཟེར་དོན་ཡང་དེ་རེད། བློ་སེང་གིས་བྱེད་སྟངས་དེ་ཁྲིམས་དང་འགྲིག་གཞི་དང་མི་མཐུན་པ་མ་ཟད་ཡ་རབས་བཟང་སྤྱོད་དང་འགལ། འཕྲལ་ཕུགས་ཀུན་ཏུ་བོད་མི་རིགས་བསྟན་པ་ཆབ་སྲིད་དང་བཅས་པར་གནོད་པའི་རྒྱུ་འབའ་ཞིག་ལས་མ་གྲུབ་པས་འཕྲལ་མ་ཉིད་དུ་ཁོང་གིས་རྩ་དགོངས་ཞུ་དགོས། དེ་ལྟར་མ་བྱུང་བར་དུ་རིམ་གྲོ་འདི་འདོན་རྒྱུ་ཡིན།
སྨོན་ལམ་ལོག་པའི་བོད་ཀྱི་བསྟན་སྲིད་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་བློ་སེང་ཁྱོས། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་བརྩད་ནས་གཅོད་གྱུར་ཅིག །
ད་མང་པོ་བཤད་པས་ཕན་མི་ཐོགས། ངོ་རྒོལ་བ་ཚོས་ཁོང་ཚོར་བདེན་པ་ཡོད་ལབ་ཀྱང་། བདེན་པ་ཡོད་པའི་ཁུངས་ལུང་ཚིག་གཅིག་མི་འདུག
བཀའ་ཤག་གསལ་བཤད་དོན་ཚན་བཅུ་དེ་མ་བཤད་ཁག་མེད་བྱུང་དེ་༧ གོང་ས་མཆོག་གི་མཚན་རྙོག་གླེང་དེའི་ཐད་དུ་བསྲེ་མི་འདོད་པས་རེད། གལ་སྲིད་གོང་རིམ་ནས་དོན་གཅོད་འཕོ་འགྱུར་ཐད་དུ་བཀའ་ཕབ་མེད་ན། འོག་ནས་དེ་འདྲ་ཐག་གཅོད་བྱེད་མི་ཕོད་པ་ལྐུགས་པ་དང་ར་གཟི་མིན་ན་ཚང་མས་ཧ་གོ་དོན་གསལ་རེད། ཚོགས་ཆུང་བཙུགས་དགོས་ཟེར་བ་ཁ་ཙམ་ལས་ཁྲིམས་དང་སྒྲིག་གཞི་གང་ཐད་ནས་ཆ་རྐྱེན་འཛོམས་མེད་པ་ཡོངས་གྲགས་ཆགས་སོང་བ། གལ་སྲིད་ངོ་རྒོལ་བ་ཚོས་བཤད་པ་ལྟར་སྤྱི་འཐུས་མི་སུ་ཡང་མེད་པ་ཞིག་ཚོགས་ཆུང་བཙུགས་པའི་དབང་དུ་བཏང་ན་་དེ་གྲོས་ཚོགས་ར་བའི་ནང་ནས་ཐག་བཅད་པ་དེ་ཁྲིམས་དང་ལུགས་སྲོལ་གཉིས་ཀ་དང་འགལ་ཡོད་པ་གསལ་སྟོན་བྱས་སོང་བ། དེ་འདྲ་བཙུགས་པ་ཁོང་ཚོ་ལ་ཇུས་ཏོག་དང་འོས་བབ་མེད་པ་བཤད་སོང་བ། ད་དུང་ཁྲི་ཟུར་དང་ཁྲིམས་ཟུར་དེ་ཚོ་ལ་ཞུས་ན་མི་ཉན་པར་ཚང་མས་ཧ་གོ་དོན་གསལ་ཡིན་བཞིན་ལབ་ཡག་མི་རག་ནས་རྙོག་གླེང་བྱས་བསྡད་པ་ལས་བབ་ས་མི་འདུག་བ། བཀའ་ཤག་གི་ཐུགས་ཡང་དགོངས་བཞེད་ཀྱིས་ངོ་རྒོལ་བ་ཚོར་ཐུགས་པ་ཞལ་བཞེས་བྱས་ཀྱང་། ཁོང་ཚོ་ལ་བརྙན་ལེན་འཕྲུལ་ཆས་དགོས་མདོག་བཤད་པ་དེ་རེད། དེ་བདེ་འཇགས་འགན་སུས་ཁུར་ཐུབ་ཀྱི་རེད། ད་དུང་ཁོང་ཚོ་ཆགས་གཞི་ལ་གང་ཟག་སྒེར་མིང་ཤས་ནག་པོ་བཟོ་ཐབས་དེ་རེད། དཔེར་ན་སྲིད་སྐྱོང་ལམ་བཀག་སྟེ་རྣམ་འགྱུར་སྡུག་ཅག་ཨེ་སྟོན་བལྟས་ཏེ་ཁ་ཤས་ཀྱིས་བརྙན་བླངས་པ་དེ་དྲ་ལམ་དུ་བཀྲམ་པ་དང་། བཀའ་དྲུང་ཁོང་ཚོར་ཐུགས་སྐབས་མི་ཡོངས་རྫོགས་ཀྱིས་ཁོང་གི་མགོ་ལུས་མེད་པ་བརྙན་བླངས་ཏེ་་་ལུས་པོའི་རྣམ་འགྱུར་ཚུན་ཆད་ནས་་་སྨད་ར་ཁོ་ན་བྱེད་པ་དེ་ཚོས་་ངོ་རྒོལ་བ་དག་གིས་བསམ་ངན་སྦྱོར་རྩུབ་དེ་དག་སློང་དུ་བུད་པ་རེད། བཀའ་ཤག་གིས་བརྙན་ལེན་དང་བཅས་མ་ཐུག་པ་ཡག་འདུག་མ་གཏོགས་་ཁ་ཉིན་དྲ་ལམ་ནས་མི་ཞིག་གིས་༧ གོང་ས་མཆོག་མདུན་དུ་སྲིད་སྐྱོང་ལ་ངོ་རྒོལ་བཟོས་ཏེ་དེ་བརྙན་བླངས་ཏེ་སྤེལ་དགོས་རེད་ཟེར་བ་ལྟར། ཁོང་ཚོས་ཁ་ཤས་ཀྱིས་ལག་འཆང་བ་དང་ཁ་ཤས་རང་ཤི་རྒྱལ་རྩིས་བྱེད་ཁུལ་སོགས་བྱས་ཏེ་དེ་བརྙན་བླངས་ཏེ་སྤྱི་ཚོགས་ནང་ལ་བཀྲམ་བསམ་པ་ལས་གཞན་དག་གནས་ལུགས་གང་ཡང་བཤད་ཡ་མེད་པ་མིག་མཐོང་ལག་ཟིན་རེད། ཁྱེད་ཚོས་སྐུ་ངོ་དོན་ཟུར་ནག་པོ་བཟོ་ཐུབ་སོང་། དེ་ལས་གཞན་པའི་འབྲས་བུ་སྣེ་གཅིག་མི་འདུག
ཞི་རྒོལ་བ་ཚོས་བཀའ་ཤག་དང་ཐུག་འཕྲད་སྐབས་བརྙན་ལེན་དགོས་པའི་ཆ་རྐྱེན་དོན་པ་དེར་རྒྱབ་སྐྱོར་ཡོད། ལྐོག་ནས་ཐུག་འཕྲད་བྱས་ཚེ་ཁོང་ཚོས་བརྒྱུད་ལམ་འདྲ་མིན་སྣ་ཚོགས་བེད་སྤྱད་ནས་ཞི་རྒོལ་བ་རྣམས་ལ་མ་ཉེས་ཁག་གཡོག་བཟོ་པའི་ཉེན་ཁ་ཤིན་ཏུ་ཆེ་སྟེ། བློ་སེང་སྐྱག་རྫུན་དང་ཧམ་པ་བཤད་རྒྱུར་ངོ་ཚ་དང་འཛེམ་མདོག་སྤུ་ཙམ་མེད་པ་མ་ཟད། ལས་རོགས་རྣམས་ནི་བློ་སེང་གིས་ཁོང་ཚོར་རྐུབ་བཀྱག་སྤྲད་པའི་བཀའ་དྲིན་བཟོ་ཆེད་བློ་སེང་གི་རྐུབ་ལ་འདྲེན་སྡུར་བྱས་ནས་རྒྱུགས་བཞིན་པ་གྲོས་ཚོགས་ནས་མཐོང་སོང་དེ་རེད། ཞི་རྒོལ་བ་རྣམས་ཀྱིས་བློ་སེང་ཝ་མོ་དང་ཁོང་གི་ཨབ་ཕྲུག་གླེན་རྒན་རྣམས་ལ་དུས་ནམ་ཡང་གཟབ་དགོས།
ངོ་མ་བཤད་ན་བརྙན་ལེན་མི་ཆོག་ཟེར་བའི་བཀའ་ཕྱག་གི་གསུང་བསྐུར་འདིས་ཡོད་ཚད་མཇུག་བསྡུ་བརྒྱབ་སོང་ལ་ཡོད་ཚད་གསལ་བོ་བཟོ་སོང་དེར་བརྟེན་ལས་འགུལ་བ་འཕྲིན་སྐལ་གཙོ་བས་མི་མང་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
པར་འདི་
བློ་སེང་དང་སྤེན་ཚེ་སུ་ཡིན་ཡང་བོད་མི་ཞིག་ཡིན། དཀའ་ངལ་འདི་བོད་མིའི་དཀའ་ངལ་ཡིན་པས་བཀའ་ཤག་གི་འགོ་འཁྲིད་དེ་སེལ་ཐབས་བྱེད་དགོས་པ་ལས་འགན་ཡིན། དེ་མིན་བོད་མིའི་དགྲ་བོ་རྒྱ་དམར་གྱིས་གཙོས་ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་གིས་གཟིར་བའི་མི་ཐ་ཤལ་རྣམས་ཀྱི་ལག་ཆར་འགྱུར་ངེས་ཡིན།
མང་གཙོའི་འགྲོ་སྟངས་མ་ཤེས་ཕྱིན་སྤྱི་ཚོགས་ལ་སྐད་ཆ་འདྲ་མིན་གྱི་རྙོག་དྲ་ཡོང་རྒྱུ་ཆོས་ཉིད་ཡིན།
ང་ཚོ་བོད་མིའི་མང་གཙོའི་ཀ་བ་གསུམ་པོ་འདི་དོ་མཉམ་ཡང་ལྕི་མེད་པར་ཕེབས་དགོས་ན། རྒྱུ་མཚན་གྱི་ངོས་ནས་རྒྱབ་སྐྱོར་དང་རྒྱབ་འགལ་བྱེད་དགོས་པ་མང་གཙོའི་འགྲོ་སྟངས་ཡིན། ཆོལ་ཁ་དང་ཆོས་ལུགས་ཀྱིས་བསམ་དུག་གིས་ཟིན་ནས་མང་གཙོའི་ཁེ་ཕན་ལེན་མཁན་རྣམས་ཧ་ཅང་ཐབས་སྐྱོ་བོ་ཡིན་ལ་བོད་མི་ཡིན་པའི་གོ་མི་ཆོད་པ་ཡིན།
སྐབས་འདིའི་བཀའ་ཤག་དང་ངོ་རྒོལ་བ་ཚང་མ་བོད་མི་ཡིན་པས། བཀའ་ཤག་གིས་སྣེ་འཁྲིད་དེ་ཁོང་ཚོའི་དཀའ་ངལ་རྣམས་སེལ་ཐབས་དགོས་པ་ལས་འགན་དང་པོ་དེ་ཡིན། ཁོང་ཚོ་ངོ་རྒོལ་བ་མི་རེ་གཉིས་ཙམ་ཡིན་ཞེས་སྣང་ཆུང་དུ་འཇོག་མི་རུང་བ་དེ་མང་གཙོའི་གནད་འགག་ཅིག་ཡིན། ངོ་རྒོལ་བ་མི་གཅིག་ཡོད་ཀྱང་དེའི་ངོ་རྒོལ་བྱེད་དོན་རྣམས་བཀའ་ཤག་ནས་སེལ་ཐབས་གནང་དགོས་པ་ལས་འགན་ཡིན་པ་མཁྱེན་དགོས། ལར་ནས་མི་གྲངས་འདི་ཡིས་བོད་མི་མང་མཚོན་མི་ཐུབ་ཅེས་པའི་རྒོལ་ལན་སློག་པ་ནི་ཆེས་ཐབས་རྡུག་དང་སོ་སོའི་ལས་འགན་ངོ་ཤེས་མི་ཐུབ་པ་ཡིན།
ང་ཚོ་བོད་མི་སུ་ཡིན་ཡང་ངོ་རྒོལ་བྱེད་རྒྱུ་དེ་དགའ་སྤྲོ་ལྡན་པའི་བྱ་གཞག་ཅིག་མིན་པ་ཤེས་ཀྱང་གང་ཟག་མང་པོ་དེ་དག་གིས་ངོ་རྒོལ་བྱས་པ་དེ་ཡིས་བཀའ་ཤག་གིས་རྗེས་ཕྱིན་ཕྱག་ལས་གནང་ཕྱོགས་ལ་དྭོགས་ཟོན་བྱེད་དགོས་པ་ཞིག་བཟོས་པ་རེད། དེ་ནི་མང་གཙོའི་ཁྱད་ཆོས་ཤིག་ཡིན། མི་མང་དང་སྤྱི་འཐུས་ནས་བཀའ་ཤག་ལ་བཏང་འཛིན་མ་བྱས་ན་མང་གཙོ་ལྗིད་མཉམ་ལྡན་པ་ཞིག་ཡོང་མི་ཐུབ།
ད་རེས་མི་རེ་འགས་སྲིད་སྐྱོང་ལ་ངོ་རྒོལ་བྱས་པ་དེ་ཡིས་བོད་མིའི་མང་གཙོའི་ཆུ་ཚད་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་པ་སྟོན་གྱི་ཡོད། འོན་ཀྱང་བཀའ་ཤག་དང་སྤྱི་འཐུས་རེ་འགའ་ལ་མང་གཙོའི་ཆུ་ཚད་ཇི་ཙམ་ལྡན་མིན་ཡང་མཐོང་ཆོས་སུ་བྱུང་བ་རེད།
གླེང་རྙོག་མང་པོ་ཞིག་གསལ་པོ་ཆག་བྱུང། ས་ཡ་གཅིག་དང་ཕྱེད་ཀ་རྐོག་ཟོས་བྱས་པ་རེད་ཟེར་བ། གྲོས་ཚོག་དབུ་སྐོར་བཏང་བ་རེད་ཟེར་བ། ཨ་རིའི་དོན་གཅོད་སྐལ་རྡོར་མིང་ཐོག་ལ་ཡོད་པ་རེད་ཟེར་བ། དབང་ཆ་བེད་སྤྱོད་ལོག་པར་བཏང་བ་རེད་ཟེར་བ། བཀའ་ཤག་གི་ཕྱག་ལས་ཡུལ་ཁྲིགས་དང་འགལ་བ་རེད་ཟེར་བ་ལྟ་བུ་ཚང་མ་གསལ་པོ་ཆག་བྱུང། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གནས་དབྱུང་བཏང་བ་དེ་ཡང་གང་འཚམ་གསལ་པོ་ཆག་བྱུང། དམ་ཆོས་ཉི་མས་ཟེར་ན་དགའ་ལྡན་ཕོ་བྲང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཐུབ་བསྟན་ཐོག་མེད་ཀྱི་བློ་ཕམ་དང་བཅས་བཤད་དོན་སྐལ་ལྡན་བློ་གྲོས་ནས་7 གོང་ས་མཆོག་ལ་སྐུ་ངོས་་སྤེན་ཚེའི་ཆང་རག་འཐུང་གི་འདུག་ཞུས་འདུག་པས་གང་རེ་བྱས་ནས་ཞུས་པ་རེད་ཟེར་གྱི་འདུག སྐལ་ལྡན་བློ་གྲོས་ནས་7 གོས་ས་མཆོག་དབུ་སྐོར་མ་ཞུས་པ་ཕོ་རབ་ཀྱི་ལས་རེད། བོད་ཀྱི་སྲིད་ཞུ་ལས་བྱེད་ནང་ནས་བོད་གཅོད་ཟུར་པ་སྐལ་རྡོལ་ལགས་ཀྱི་ལྷག་བསམ་དང་འཇོན་ཐང་གང་སྤྱིའི་ཐད་ནས་དཔེ་མཚོན་དུ་འཇོག་འོས་པ་ཞིག་རེད་འདུག སྤེན་པ་ཚེ་རིང་གིས་སྐལ་རྡོལ་ནས་ས་ཡ་གསུམ་ཟུར་ཞུ་བྱས་་འདུག་གསུང་པ་དེ་ཁ་སང་ས་ཡ་གསུམ་རང་གཞུང་ལ་ཡག་འདུག དམ་ཆོས་ཉི་མས་ཟེར་ན། ལོ་སྔོམ་མ་་རེ་ཀྲེལ་གསར་ཁང་ལ་འབྲེལ་བ་བྱེད་མཁན་གཙོ་བོ་སྐལ་རྡོར་རེད། དེ་འདྲ་ཡིན་དུས། བུ་ཕའི་བསྟོད་མི་དགོས་དགྲ་བསྟོད་ཟེ་བ་བཞིན་གསལ་པོ་ཆག་བྱུང།
དྲ་གྲོགས་སྤྱང་ཤོག་ལགས་་་་་གསལ་པོ་ཆག་བྱུང་?ཟེར་ན་གསལ་བོར་མེད་པའི་དོན་ཡིན་ནམ? དེ་མིན་བོད་སྐད་ཀྱི་འགྲོས་ན་ད་སྔ་ཡན་ལ་ཚིག་འགྲོས་འདི་འདྲ་ཞིག་མཐོང་མ་མྱོང་དྲིས་པ་ཡིན
དྲ་གྲོགས་ཁ་ཕྱོགས་མེད་པ་ལགས། དགོངས་ཚུལ་གསུང་པ་བཀའ་དྲིན་ཆེ། ཡིག་ནོར་ཤོར་འདུག གསལ་པོར་ཆགས་པ་།