Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད་ཀའི་སྙན་ངག་ཉོབ་ཏོ།

Posted on 2011-03-292011-03-29 By ཡེ་ཤེས་ 18 Comments on དཔྱིད་ཀའི་སྙན་ངག་ཉོབ་ཏོ།

bird-at-spring
ཀླུ་སྨྱོན།
སྐེ་དཀྱོགས་ནས་ལྟ་ཐེངས་རེ་རེ་བཞིན།
སྒེའུ་ཁུང་ཕྱི་རོལ་གྱི་ལྗོན་པའི་རྩེ་ཡི་དཔྱིད་མགོའི་མེ་ཏོག་དེ་དག་ཇེ་མང་ནས་ཇེ་མང་རེད།
འདང་རེ་བརྒྱབ་ན་ལོས་ཡིན་ཏེ་ད་ནི་དཔྱིད་ཀ་བསླེབས་སོང་།
མི་རྣམས་དཔྱིད་དུག་གིས་བཟི་སྟེ་ཞོགས་པར་ལང་ན་མི་འདོད་ཅིང་།
ཁྱིམ་བདག་མ་ཚོས་བསྐོལ་པའི་ཞོགས་ཇ་ཡང་རེ་རེ་བཞིན་གྲང་མོ་ཆགས་འདུག
རྩོམ་ཡིག་གི་འཕྲོ་ཀློགས།

སྙན་ངག Tags:ཨཨཨ

Post navigation

Previous Post: ཕྱི་ལོ་ ༢༠༡༡ ལོའི་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད།
Next Post: ངའི་ལས་དབང་།

Comments (18) on “དཔྱིད་ཀའི་སྙན་ངག་ཉོབ་ཏོ།”

  1. གཅན་བཟོད་རྒྱམ། says:
    2011-03-29 at 5:35 am

    ང་རྒྱུགས་ཐེངས་གཅིག་གིས་བམ་ཀློག་ཅིག་བྱས་ཏེ་(ཕོ་ཡུགས་མོ་ཡུགས)
    (ཡུགས་ཕོ་ཡུགས་མོ།)
    (མགྱོགས་པོར་འཆི་བདག་བསླེབ)
    (འཆི་བདག་མགྱོགས་པོར་བསླེབ་རྒྱུར་སྒུག)
    དྲ་ཐོག་ཁ་བརྡར་བསྐྱར་དུ་ཉན་འདོད་ཡོད་པས་ངས་མཚམས་འདི་ནས་བཞག་པ་ཡིན།

    ཁྱོད་ཀྱིས་ཟིན་བྲིས་ལ་མཆན་བུ་རེ་འདེབས་རྒྱུ་ངོ་མ་དཀའ་མོ་ཞིག་རེད། གལ་སྲིད་ངེས་པར་དུ་མཇེ་མེད་ན་ནང་འཛུལ་བྱེད་མི་ཐུབ་པ་ཞིག་དགོས་ན་སྔར་མཇེ་ནང་དུ་བཅུག་ཟིན་པ་རང་དགར་ནང་དུ་ཉར་ཚེགས་བྱ་ཐུབ་པ་ཞིག་བཟོ་དགོས་པ་རེད། དེ་མིན་མཆན་བུ་འདེབས་ཐེངས་མཇེ་མེད་ན་ནང་དུ་མི་འགྲོ་བ་འདི་ངོ་མ་དཀའ་ལས་ཉིས་བརྩེགས་རེད་འདུག

  2. Tibetan girl says:
    2011-03-29 at 5:42 am

    དེང་སང་བོད་ཀྱི་རྩོམ་རིག་དང་རིག་གནས་ཀྱི་དཔྱད་བརྗོད་རྩོམ་ཡིག་གང་ཞིག་ནུབ་ཕྱོགས་ན་སྡོད་པའི་བོད་རིགས་ནས་སྤེལ་བཞིན་པ་དེ་ཧ་ཅང་དགའ་འོས་པའི་དོན་ཆེན་ཞིག་རེད། འདིས་བོད་ནང་དང་བཙན་བྱོལ་ནང་ཤུགས་རྐྱེན་ངེས་ཅན་ཞིག་ཡོང་རྒྱུདང་། ལྷག་པར་དུ་སེམས་ཁམས་དང་ལྟ་ཚུལ་ཐད་གུ་ཡངས་དང་སྣ་མང་གི་རང་བཞིན་ཅན་ཞིག་ཏུ་མ་ཟད། བརྩི་འཇོག་དང་བསམ་ཤེས་ཐོག་གླེང་མོལ་ཡོང་ཐུབ་པ་དང་། རང་ཉིད་ཀྱི་རྩོམ་འབྲིའི་ཁ་ཕྱོགས་དེ། གང་ཞིག་འགྲིག་དང་མི་འགྲིག་གི་ཐག་གཅོད་རང་བཞིན་གྱི་བཀའ་སློབ་དང་། བཀའ་བཀྱོན་ཙམ་མ་ཡིན་པར་སྔར་ལས་ཤེས་འདོད་དང་འཕེལ་རྒྱས་གཏོང་འདོད་ཀྱི་བསམ་ཚུལ་ཐོག རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་གི་སྤྲོ་སྣང་ཆེ་བའི་དགའ་ཤོག་ཅིག་གི་ཐོག་འཇོག་ཐུབ་ཡོད། དེ་བས་ཀྱང་ཁོང་ཚོ་ནི་དུས་རབས་དང་ཡུལ་གོམས་སོགས་ཀྱི་ཐད་ཤར་ནུབ་ལྟ་བུའི་བར་ཚད་རིང་པོ་ཤོར་བའི་རིག་གནས་ཀྱི་དཔལ་ཡོན་མ་འདྲ་བ་གཉིས་བར་འབྲེལ་མཐུད་ཀྱི་ས་མཚམས་གལ་ཆེན་ཞིག་ཏུ་འང་ཆགས་ཡོད།
    མཐའ་དོན་རྩོམ་པ་པོ་སྐུ་ཞབས་ཀླུ་དང་རྔ་བ་རྒྱལ་ཁམས་པ་སོགས་ལ་དགའ་བསུ་དང་་་་་་་་་་་་་་་་་་་་་་་་་་་་་་་་་་

  3. yeshe says:
    2011-03-29 at 5:53 am

    འདིར་ཕེབས་ནས་དགོངས་ཚུལ་གསུངས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ། གཅན་བཟོད་ཁྱོས་ཞི་མོ་འདྲ་མིན་ལ་སྤྱོད་པ་འདྲ་མིན་བྱེད་ཐུབ་ས་ནས་ངའི་ཟིན་བྲིས་ཆུང་ཆུང་དེའི་ནང་དུ་འཛུལ་རྒྱུ་ཁག་པོ་འདུག་ཅེས་སྡུག་སྐད་མ་རྒྱག ཤུ་རེ་བྱོས་དང་ཉི་མ་གཅིག་ཅིག་འགྲིག་འགྲོ་གི་རེད།

  4. yeshe says:
    2011-03-29 at 6:10 am

    ད་དུང་བཟོད་རྒྱམ་གྱིས་དོ་སྣང་སྤྲད་པའི་ཚིག་སྦྱོར་དག་ལ་ཡང་བཟོ་བཅོས་བྱས་པ་ཡིན། ཐུགས་རྗེ་ཆེ། འདི་ལྟར་ཟིན་བྲིས་པ་དག་གིས་གཅིག་གིས་གཅིག་ལ་སེམས་ཁུར་བྱས་པ་ཡིན་ན། དྲ་ཐོག་རྩོམ་རིག་འདི་ཡང་ཇེ་ལེགས་དང་ཁྱད་ཆོས་ཅན་དུ་འགྱུར་བར་གདོན་མི་ཟ།

  5. ཀརྡོ་རབ་འབྱམས་པ་ says:
    2011-03-29 at 7:06 am

    དཔྱིད་ཉིན་རིང་པོ་ སླེབས་ན། ངས་ཁྱོད་རང་གི རྔན་པ་འདི། ཁྱོད་རང་ལ་སྤྲད་གོ་ཨ། ཞེས་པའི་སྒྲུང་དེ་ཡང་དྲན་བྱུང་།

  6. ཀིརྟི་སྐྱབས། says:
    2011-03-29 at 7:41 am

    ཨོམ་སོ་སྟི།
    ཀླུ་སྨྱོན་ཉོབ་ཏོས་སྙན་ངག་ཉོབ་ཏོ་བྲིས།།
    ཀློག་མཁན་ཉོབ་ཏོས་ཉོབ་སྣང་ངང་དུ་བཀླགས།།
    དོན་དག་ཉོབ་ཏོས་སེམས་པ་ཉོབ་ཏོ་བཟོས།།
    ད་ནི་ཉོབ་ཏོའི་རིགས་ལ་ཡ་མི་བྱེད།།

    ཨ་ལ་ཀུ་རེ་ཀླུ་སྨྱོན་རིན་པོ་ཆེ།།
    ཁྱེད་ཀྱི་སྙན་ངག་སྙན་པའི་ཚད་དུའདུག།
    སུ་ཡིས་མྱངས་ན་བྲོ་བོ་རེ་རེ་འདུག།
    ལོས་ཡོད་ལོས་ཡོད་ཀླུ་ཡིས་བརྩམས་པས་སོ།།

    འདི་ཕྱིའི་སྐྱབས་གནས་སྡོབ་སྡོབ་རིན་པོ་ཆེ།།
    རིག་མ་མང་པོར་འཛགས་ཀི་ཡོད་ཚོད་གདའ།།
    སྙན་ངག་མང་ཕྱོགས་ནང་གི་ཆགས་སྐད་དེ།།
    ཆགས་པའི་ཆེད་དུ་ཆགས་ཚིག་ཕྱུངས་པ་འདྲ།།

    སྙན་མེའི་ཆགས་གཏམ་དགོས་པ་ཅན་ཡིན་ཟེར།།
    ཚངས་དབྱངས་རྒྱ་མཚོས་དགའ་གྲོགས་དྲན་ནས་ངུས།།
    དགེ་ཆོས་འཆལ་པོས་ཉམས་མྱོང་ཡིག་ཐོག་ཕབས།།
    སྡོབ་སྡོབ་སྤྲུལ་སྐུའི་སྙན་ངག་ཅི་ཞིག་ཡིན།།

    ཨ་ཅང་ཀུ་རེ་ཡིན་ནོ་རིན་པོ་ཆེ།།
    སྤྲུལ་སྐུ་ཁྱེད་ཉིད་སྐུ་ཚེ་བརྟན་པ་དང་།།
    མཁན་མཉམ་བུད་མེད་ལག་ཏུ་རག་པ་དང་།།
    སྙན་ངག་ཁུ་བ་ཡུན་དུ་བཞུར་པར་ཞོག།།
    སརྦ་མང་ག་ལམ།།

  7. ཉམ་ཆུང་། says:
    2011-03-29 at 12:48 pm

    སྐེ་དཀྱོགས་ནས་ལྟ་ཐེངས་རེ་རེ་བཞིན།སྒེའུ་ཁུང་ཕྱི་རོལ་གྱི་ལྗོན་པའི་རྩེ་ཡི་དཔྱིད་མགོའི་མེ་ཏོག་དེ་དག་ཇེ་མང་ནས་ཇེ་མང་རེད།འདང་རེ་བརྒྱབ་ན་ལོས་ཡིན་ཏེ་ད་ནི་དཔྱིད་ཀ་བསླེབས་སོང་།
    མི་རྣམས་དཔྱིད་དུག་གིས་བཟི་སྟེ་ཞོགས་པར་ལང་ན་མི་འདོད་ཅིང་།ཁྱིམ་བདག་མ་ཚོས་བསྐོལ་པའི་ཞོགས་ཇ་ཡང་རེ་རེ་བཞིན་གྲང་མོ་ཆགས་འདུག ད་ནི་བདག་གི་བྱིས་པ་ཚོ་སྟེ། གྲོང་ཚོ་འདིའི་རྒན་རྒོན་དག་ཀྱང་རེ་རེ་བཞིན་དུར་སར་གཤར་སོང་ལ།ཤུལ་དུ་ལུས་པའི་ཡུགས་ཕོ་ཡུགས་མོ་དག་གིས་ཀྱང་འཆི་བདག་མགྱོགས་པོར་བསླེབ་རྒྱུར་བསྒུགས་བསྡད་འདུག
    སྙན་ངག་ཅིག་བྲིས་མ་ཐག་པའི་ཚོར་བ་དེ་ནི།བུ་མོ་ཞིག་གིས་ཐེངས་དང་པོར་འདོད་པའི་བདེ་བ་མྱངས་པ་དང་འདྲ་བར་སེམས་གཏིང་ཞིག་ན་ཅི་ཞིག་གིས་ཚིམས་བསྡད་ཡོད་པ་ལྟ་བུ་དང་།རྩ་ལམ་ཞིག་ཏུ་གང་ཞིག་གིས་ཁེངས་བསྡད་ཡོད་པ་འདྲ་ཞིག་འདུག
    འཇར་པན་གྱི་གློག་བརྙན་ཡིད་སྐྱོ་བ་ཞིག་ལ་བལྟས་མ་ཐག་པའི་ཁོ་བོ། མིག་ཆུ་འབྱིད་བཞིན་ཤོད་དུ་བབས་ཏེ་འོ་ཇ་ཚ་བོ་ཞིག་ཁྱེར་ནས་ཕྱིར་ཉལ་ཁང་དུ་ཡོང་དུས། ཡང་སྐྱར་འུ་གཉིས་ཀྱི་དྲ་ཐོག་ཁ་བརྡ་སྒྲ་བླངས་པ་དེར་ཉན་འདོད་ཅིག་སྐྱེས་ཤིང་། ཕྱི་རོལ་ནས་ཆར་ཐིགས་འགའ་སྒེའུ་ཁུང་གི་ངོས་སུ་ལྷུང་ཡོང་བར་བལྟས་ནས།
    ད་ནི་དཔྱིད་ཀའི་ཆར་བ་ཞིག་འབབ་རྒྱུ་ཡིན་པའི་ཚོར་སྣང་ཞིག་ཀྱང་སྐྱེས་ཡོང་།
    གང་ལྟར་གློག་བརྙན་དེའི་བར་བཅུག་རོལ་དབྱངས་དེ་ད་དུང་གྲག་བཞིན་འདུག
    གང་ལྟར་སེམས་ཁོང་དུ་ཟུག་པའི་སྐྱོ་གར་ཞིག་ད་དུང་མིག་མདུན་དུ་འཁྲབ་བཞིན་འདུག
    ཕངས་པ་ལ། དཔྱིད་ཀའི་ཉི་མ་ཞིག་དེ་ལྟར་མཇུག་རྫོགས་གྲབ་འདུག གལ་སྲིད་ཉི་འོད་དྲོ་ཞིང་རླུང་བུ་འཇམ་པོར་ལྡང་ཚེ། ཐག་ཉེ་ས་རུ་ཡོད་པའི་རྒྱ་མཚོའི་ཁ་རུ་སོང་ནས་ཉི་མར་ལྡེ་བའམ་ཡང་ན་ལྕགས་རྟ་ལ་ཞོན་ནས་གྲོང་གསེབ་གྱི་ལྷིང་འཇགས་རེ་འཚོལ་དུ་འགྲོ་རྒྱུ་ལས། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཆེས་མཛེས་པའི་དཔྱིད་ཀ་དེ་ཤར་ན་ཡང་། བདག་ལ་ཐུན་མོང་མ་ཡིན་པའི་འཆར་གཞི་གང་ཡང་མེད་པ་དང་། གལ་སྲིད་སྟབས་རེ་འགྲིགས་ནས་སྒོར་མོ་རེ་གསོག་ཐུབ་སོང་ཚེ། སྟོན་མཇུག་ཅིག་ལ་ཐག་རིང་ཞིག་ཏུ་སོང་ནས། རང་གིས་དུས་རྟག་ཏུ་སྙིང་ནས་དྲན་པའི་དྲིན་ཆེན་ཕ་མ་གཉིས་དང་། དགོད་སྒྲ་སྙན་མོ་ཞིག་གིས་སེམས་པ་དབང་མེད་དུ་འཕྲོགས་པའི་དྲ་ངོས་མཛའ་མོར་ཐེངས་གཅིག་ཐུག་ན་འདོད།

    མཆན། གལ་སྲིད་འདི་ལྟར་བསྒྲིགས་པ་ཡིན་ན། བོད་ཡིག་འཛིན་རིམ་བཅུ་བར་སླེབས་ཙམ་གྱི་ངའི་བུ་མོས་ད་རེས་་སྤྱོང་ཚན་ཡག་པོ་བྲིས་སོང་ཨང་སྙམ་པར་བྱེད་པའི་རྩོམ་ཡིག་ཅིག་དང་འདྲ་པོ་འདྲ་པོ་འདུག

  8. ཀརྡོ་རབ་འབྱམས་པ་ says:
    2011-03-29 at 1:19 pm

    ཉམ་ཆུང་གིས་བྲིས་པའི་མཆན་བུ། རང་གི་བུ་མོ་འཛིན་གྲྭ་བཅུ་པར་སླེབས་དུས་བོད་ཡིག་ཤེས་ཚད་ཀྱི་གཏམ་བརྒྱུད་འདི་། ཧམ་པ་ཆེ་སེ་བྱུང་། འདི་ལ་བོད་ཀྱི་གནའ་བོའི་གཏམ་དཔེ་ལ། སྐྱག་རྫུན་གཡག་ཙམ་བཤད་ན། བདེན་པ་ཤིག་ཙམ་ཐོབ། ཅེས་པ་དེ་ཡང་དྲན་གསོ་ཅིག་བླངས་བྱུང་། ཧ་ཧ། ཕྱེད་རྩེད་མོ་ཡིན་ན་ཡང་་་

  9. ཆུ་བ་འཕྲིན་བཟང says:
    2011-03-29 at 3:09 pm

    དཔྱིད་ཀྱི་འབྲུག་སྒྲ་ལྷང་ལྷུང་གྲགས་ཀྱང།།
    ཐོས་འཛིན་རྣ་བ་གཏོད་ཁོམ་མི་འདུག།།
    གཞིས་ལས་སྤུན་ཟླའི་ཚེ་སྲོག་ཤོར་བའི།།
    མི་སྙན་གསར་འགྱུར་རྒྱུན་ཆད་མེད་གི།།
    ཁམ་བུའི་མེ་ཏོག་འཛུམས་ཀྱི་བཞད་ཡང།།
    གཟུགས་འཛིན་དབང་པོའི་རོལ་ཁོམ་མི་འདུག།།
    སྤུན་ཟླའི་ལུས་སྲོག་མེ་རུ་སྒྲོན་པའི།།
    མེ་ལྕེ་དམར་པོ་མིག་ལ་རྒྱུ་བྱུང།།
    ཤོད་དངུལ་ལྗང་ལོ་ལག་ཏུ་རེག་ཀྱང།།
    ཡུལ་སྐོར་སྤྲོ་འཁྱམས་འགྲོ་ཐམས་མི་འདུག།།
    ཡི་ཤུལ་སྤུན་ཟླ་ཞགས་རོའི་ཁྲོད་ནས།།
    བགྲེས་སྐོམ་གདུང་བའི་མནར་བ་དྲན་ན།།
    སྙན་ངག་འབྲི་བཞིན་མཛེས་མ་འགུག་པའི།།
    ཀླུ་སྨྱོན་བྨ་མ་ཁོམ་སོས་བལྟས་ན།།
    མ་གྱུར་སེམས་ཅན་ཐུགས་གིས་དོར་ཏེ།།
    ལྷ་དབང་འཚིངས་བ་གཙིགས་སུ་བརྟེན་ནམ།།།

  10. ཀླུ་སྨྱོན། says:
    2011-03-29 at 3:24 pm

    འཛིན་གྲྭ་བཅུ་བའི་བུ་མོ་ཞིག་གིས་ཀྱང་གོ་ཐུབ་ཅིང་འབྲི་ཐུབ་པའི་སྙན་ངག་ཅིག་བྲིས་ཡོད་ཚེ་ཁོ་བོས་འདོད་པ་ཤིན་ཏུ་ཚིམ་པ་ཡིན་ཏེ། ཁོ་བོ་ནི་གོ་དཀའ་བ་སྙན་ངག་གི་སྐྱོན་ཆ་དང་གོ་སླ་བ་སྙན་ངག་གི་ཡོན་ཏན་ཡིན་པའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཞིང་། ནམ་ཞིག་སློབ་གྲྭར་གཏན་ནས་འགྲོ་མ་མྱོང་བའི་ནོར་རྫི་ལུག་རྫི་དག་གི་ཁ་ན་ཡང་ཁོ་བོའི་སྙན་ངག་རྒྱུ་བའི་དུས་ཚོད་ཅིག་ཤར་བ་ཡིན་ན། དེ་དུས་ཁོ་བོའི་ཚེ་གང་གི་འདོད་པ་ཡོངས་སུ་རྫོགས་པ་ཡིན་པས། དྲ་གྲོགས་ཉམ་ཆུང་ལགས་ཀྱི་གཏམ་དེ་ལས་སྙན་པ་ཞིག་མ་བྱུང་བས་ཁོང་ལ་ཐུགས་རྗེ་ཆེ་ཞུ། དེ་མིན་གོ་སླ་བའི་སྙན་ངག་འབྲི་མཁན་གྲགས་ཅན་དོན་གྲུབ་རྒྱལ་གྱིས། ཨ་ཁུ་འབྲོང་གི་རུས་པ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །ཅེས་པ་ལྟར་ཡག་ཡག་མཛེས་མཛེས་ཀྱི་བསྟོད་ཚིག་དག་རྣ་བར་སྙན་པོ་ད་འདུག་སྟེ་དེས་བདག་གི་འདོད་པ་དེ་ཙམ་མི་ཁེང་ངོ་། །

  11. བསྟན་འཇམ། says:
    2011-03-29 at 3:34 pm

    མངར་ལ་སྒྱུར་བའི་སྐད་ཆའི་ཉིང་ཁུ་བཙགས་དུས
    སྙན་ངག་གིས་བཙོ་སྦྱངས་བྱས་པའི་འཇིག་རྟེན་འདི
    མཐོང་ཐེངས་རེར དྲན་ཐེངས་རེ
    ད་བཟོད་ཉོབ་སྣང་སྟེར་ཞིང་སུན་པོ་བྱུང

    དུང་གཏམ་མེད་པའི་ཁོང་དགོད་གཅིག་བུའི་སར
    ངའི་གོམ་པ་དལ་ཞིང་ཡི་ག་ཆད

  12. yeshe says:
    2011-03-29 at 3:42 pm

    ཨ་རོ་བཟོད་རྒྱམ། སོང་ནས་ངའི་ཟིན་བྲིས་སུ་ལྟོས་དང་། མཛེས་མ་ཚེ་སྐྱིད་དང་གསར་བུ་གསལ་ལེ་སོགས་ཀྱིས་མཆན་བཏབ་འདུག ཁྱོས་ཀྱང་ཚོད་ལྟ་རེ་བྱོས་དང་མཆན་འདེབ་མི་ཐུབ་པའི་དཀའ་ངལ་མི་འདུག གཙོ་བོ་ཁྱོད་འདི་མྱི་ཉོབ་ཏོ་ཞིག་ཡིན་པས་རེད། ལས་ངན་པོ།

  13. yeshe says:
    2011-03-29 at 4:46 pm

    པེ་ཅིན་སློབ་ཆེན་གྱི་མཁས་དབང་ཧོས་ཧྲི་ཡིས་བཤད་ན། བདག་གི་རྩོམ་ཡིག་གི་དགེ་ མཚན་ནི་ཁ་གསལ་ཞིང་གོ་བདེ་བ་དེ་ཡིན། ཞན་ཆ་ནི་བརྗོད་བྱ་གཏིང་ཟབ་མེད་པ་དེ་ ཡིན། ངས་བསམ་ན་རྩོམ་ཡིག་འདི་གཞན་གྱིས་རྟོགས་སླ་བ་དེ་གཙོ་བོ་རེད་ཅེས་ཟེར།

  14. འདྲེ་འགོ་རྡོ་། says:
    2011-03-29 at 4:49 pm

    དཔྱིད་ཀའི་སྙན་ངག་ཉོབ་ཏོ་ཀློག་གི་གོ་སྐབས་བྱུང་སོང་། ད་དགུན་ཁའི་སྙན་ངག་འཁྱག་ཏོ་ནམ་ཐོན་ན་སྒུག་ཡོད།

  15. ཉམ་ཆུང་། says:
    2011-03-29 at 4:51 pm

    གཟུར་གནས་དཔྱོད་ལྡན་དག་ལ་ཞུ་བྱ་ནི། གོ་དཀའ་སླས་སྙན་ངག་ཡིན་མིན་ཤན་འབྱེད་ཀྱིན་འདུག་ཟེར་པ་ཞིག་མ་ཐོས་ལ། བྲིས་བྲིས་ལ་སྙན་ངག་གི་མིང་གིས་བཏགས་ན་ཁྱད་མཚར་ཞིག་མཐོང་གིན་འདུག་ཟེར་ཞུས་པ་ཙམ་ལགས། མཁྱེན་ཡངས་ཀླུ་སྨྱོན་མཆོག་གིས་མཛད་གནང་གི་སྙན་ངག་ཡིན་ཟེར་པ་སྐོར་ཞིག་ལྷུག་པར་བཏང་ན་སྔར་བས་ཉམས་བག་གིས་ཕྱུག་སྲིད་སྙམ་པ་ཙམ་ཀྱིས་གོང་གི་དཔེར་བརྗོད་དེ་ཕུལ་པ་ལགས། ཁྱེད་ཅག་བོད་ཀྱི་སྙན་ངག་པ་དག་བོད་ཀྱི་ཡི་གེ་འཛིན་སྐྱོང་སྤེལ་བར་ཐུགས་རྗེ་མི་དམན་པས་རྗེས་སུ་ཡི་རངས་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། གསར་ཤོག་དུས་དེབ་དྲྭ་རྒྱ་སོགས་ལ་སྤྱན་བཤེར་ཙམ་མཛོད་དང་། གལ་ཏེ་སྙན་ངག་དེ་དག་མེད་ན་ཤོག་ངོས་དྲ་ངོས་་ཕྱེད་ཀ་མེད་པ་འདྲ་པོ་ཞིག་ཆགས་འདུག
    དེ་བས་ལས་གཞན་དོན་གཉེར་པ་ཚོས་ཀྱང་སྙན་ངག་པ་ཚོ་ནང་བཞིན་ལས་ལ་འབད་ན་འབྲས་བུ་ག་ཚོད་བྱུང་དང་འབྱུང་མུས་སོ་ཞེས་ཀྱང་ཞུ་སྙིང་བྱུང་ངོ་། ཀླུ་སྨྱོན་སོགས་རྒྱལ་ལོ།།།།

  16. མིག says:
    2011-03-29 at 5:00 pm

    དཔྱིད་ཀའི་སྙན་ངག་ཉོབ་ཏོ་རེད་དང་། འབྲི་མཁན་ཉོབ་ཏོ་རེད། ཡང་ན་ཀློག་མཁན། ཉན་མཁན་སོགས།
    སྙན་ངག་འདིས་ཉོབ་སྣང་ཞྀག་མ་སྦྱིན་ལ། ཨ་ལགས་ཀྱི་སྙན་ངག་ཀློག་པ་དང་ཧོབ་ཏེ་མཛེས་མ་ཞིག་གི་སྣང་བ་འཁོར་གྱི།

  17. གཅན་བཟོད་རྒྱམ། says:
    2011-03-30 at 2:52 am

    ཡེ་ཤེས་ལགས། ངས་ཁྱེད་ཀྱི་ཟིན་བྲིས་སུ་མཆན་བུ་གཉིས་བྲིས་ཡོད། ཁ་བྱང་མོག་མོག་ཟ་ཁང་ཞེས་ཤར་འདུག བདེ་བོ་རང་བྱུང་མ་སོང་ཁ་ཟས་ཆེད་དུ་རང་མིང་ཐོག་ནས་གྷོ་གྷོལ་ཁ བྱང་གསར་པ་ཞིག་བཟོས་པ་ཡིན། ངས་ད་བར་དུ་ཟིན་བྲིས་ཤིག་མཆན་བུ་འབྲི་སླད་ཁ་བྱང་གསར་པ་བཟོས་པ་ཁྱོད་ཁོ་ན་ལས་གཞན་བྱུང་མ་མྱོང་། དེ་རིང་ནས་བཟུང་རང་མིང་ཤར་གི་རེད་སྙམ།
    ར་ས་ཕོ་ཉ་དང་ཚེ་རིང་སྐྱིད་གཉིས་ཀྱི་མཆན་བུ་དེ་མཐོང་སོང་། ངའི་མཆན་བུ་དེ་ཁོང་གཉིས་ཀྱི་བར་ཞིག་ན་མི་འདུག་གམ།
    ངས་ད་དུང་ཁྱོད་ལ་(ཡུགས་མོ་དག་ཆད་འདུག་ཅེས་པར་ཆད་སྐྱོན་བྱུང་འདུག་)ཅེས་བྲིས་ཡོད་པ་ལྟར་བཅོས་འདུག་ག
    མདང་དགོང་ད་ཁྱོད་གསོ་ནས་བསྡད་ཡོད་པ། ཚེ་སྐྱིད་ཁྱོད་གཉིས་ཀྱི་མཆན་བུ་འདེབས་རེས་བྱས་ཏེ་ ཧ་ཧ་ཧ་ཧ།
    ཨོ་རེད། བྲིས་བྲིས་ཙང་མ་སྙན་ངག་ཡིན་རྒྱུ་མ་རེད་ད། སྙན་ངག་གོ་སླ་མོ་འབྲི་བར་ངའང་དགའ། འོན་ཀྱང་ཧ་ཅང་གོ་དཀའ་ན་མི་མང་པོས་ཚོད་དཔག་ཙམ་ཡང་བྱེད་མི་ནུས་ན་སྐྱོན་དུ་འགྱུར་བར་སྙམ། ད་དེའི་སྐོར་ནས་མང་པོ་བཤད་མི་ཤེས།

  18. ཀརྡོ་རབ་འབྱམས་པ་ says:
    2011-03-30 at 5:04 am

    ཉམ་ཆུང་གི་ མཆན་བུ་ ༡༥པ་ལ་ དགའ་བསུ་དང་། ལེགས་སོ་ཡོད། འདྲ་རྒྱ་ འདིའི་ ནང་ལ་ ཀླུ་སྨྱོན་ བཀའ་དྲིན་ ཆེན་པོ་ རེད་སྙམས་སོ། ། བོད་ཀྱི་སྐད་ཡིག་རྒྱལ་ལོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (49)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme